
ཐིམ་ཕུ་བཀྲ་ཤིས་ཆོས་རྫོང་ནང་ ལོ་བསྟར་དཔལ་ལྡན་ལྷ་མོའི་སྒྲུབ་ཆེན།
གནམ་ལོ་ཤིངསྦྲུལ་ཟླཝ་ ༧ པའི་ཚེས་ ༢༤ སྤྱི་ཟླ་ ༩ པའི་ཚེས་ ༡༥ ལུ་ ཕྱི་རོའི་ཆུ་ཚོད་ཕྱེད་དང་ ༡༠ ལས་ འགོ་བཙུགས་ཏེ་ ཉིན་གྲངས་ ༡༥ གི་རིང་ལུ་ བཀྲིས་ཆོས་རྫོང་གི་ འདུ་ཁང་ཆེན་མོའི་ནང་སྦེ་ ལོ་བསྟར་གནང་སྲོལ་ཡོད་མི་ དཔལ་ལྡན་ལྷ་མོའི་ སྒྲུབ་ཆེན་འདི་ གཞུང་གྲྭ་ཚང་གི་ ཚོགས་ཀྱི་སློབ་དཔོན་མཆོག་ དབུ་བཞུགས་ཐོག་ལུ་ གཞུང་སྦུག་གྲལཔ་ དགེ་སློང་ཞལ་གྲངས་ ༣༠༠ དེ་ཅིག་གིས་ གནངམ་ཨིན་པས།དེ་ཡང་ རྒྱལ་ཁབ་ནང་ ག་ནི་བ་ བྱིན་རླབས་ཆེ་བའི་ ལྷ་དབང་སྒྲུབ་མཆོད་འདི་ དཔལ་ལྡན་འབྲུག་པའི་ ཆོས་ཀྱི་རྒྱལ་པོ་ ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་གི་སྲས་ འཇམ་དཔལ་རྡོ་རྗེའི་སྤྲུལ་སྐུ་ རྒྱལ་སྲས་ཀུན་དགའ་རྒྱལ་མཚན་ནམ་ རྒྱལ་སྲས་གྷ་ཎ་པ་ཏི་མཆོག་གིས་ རབ་བྱུང་ ༡༢ པའི་ གནམ་ལོ་ལྕགས་སྟག་ཟླཝ་ ༨ པའི་ནང་དང་ སྤྱི་ལོ་ ༡༧༡༠ ལུ་ གཞི་བཙུགས་གནང་ནུག།དེ་སྦེ་ གཞི་བཙུགས་གནང་དགོ་པའི་ རྒྱུ་མཚན་ཡང་ རྒྱལ་སྲས་རིན་པོ་ཆེ་མཆོག་ གདན་ས་ལྕགས་རི་ལུ་ དཔལ་ལྡན་ལྷ་མོའི་ བསྙེན་སྒྲུབ་གནང་སྟེ་ […]











