ArchiveAboutContact

Month: May 2025

National News

འབྲུག་གི་སྤྱི་ཚོགས་བཞི་པའི་ རྒྱལ་ཡོངས་ཚོགས་ཐེངས་ ༣ པའི་ནང་ གསུང་གྲོས་གནང་ནི་གི་ གྲོས་གཞི་བཅུད་བསྡུས།

མགོན་པོ་རྡོ་རྗེ། སྤྱི་ཟླ་ ༥ པའི་ཚེས་ ༢༣ ལུ་ འགོ་འབྱེད་རྟེན་འབྲེལ་མཛད་མི་ སྤྱི་ཚོགས་བཞི་པའི་ རྒྱལ་ཡོངས་ཚོགས་ཐེངས་ ༣ པའི་ནང་ གཞུང་འབྲེལ་དཔྱད་ཡིག་ ༧ དང་ རྒྱལ་སྤྱིའི་གན་རྒྱ་ ༣ སྒེར་གྱི་འཐུས་མིའི་ དཔྱད་ཡིག་ ༡ ལུ་ གསུང་གྲོས་གནང་ནི་ཨིན་པའི་ཁར་ ཚོགས་ཆུང་གི་ སྙན་ཞུ་དང་ ས་གནས་གཞུང་གི་ཞུ་ཡིག་ དེ་ལས་ གྲོས་ཆོད་དང་ལེན་ སྙན་ཞུ་ཚུ་ལུ་ཡང་ གསུང་གྲོས་གནང་ནི་ཨིནམ་ད་ དེ་བཟུམ་སྦེ་ དྲི་བཀོད་ཚུ་ཡང་ འགོ་འདྲེན་འཐབ་ནི་གི་ ལས་རིམ་ཡོདཔ་ཨིན་པས།དཔྱད་ཡིག་དང་ རྒྱལ་སྤྱིའི་གན་རྒྱ།རྩིས་ལོ་ ༢༠༢༥-༢༠༢༦ གི་ ལོ་བསྟར་རྒྱལ་ཡོངས་འཆར་དངུལ་སྙན་ཞུ་དང་ དེ་གི་འཆར་དངུལ་དཔྱ་བགོའི་དཔྱད་ཡིག། རྩིས་ལོ་ ༢༠༤-༢༠༢༥ ལོའི་ ལྷན་ཐབས་འཆར་དངུལ་དཔྱ་བགོའི་དཔྱད་ཡིག། འབྲུག་གི་ནང་ཁྲལ་གྱི་དཔྱད་ཡིག་ ༢༠༢༥ ཅན་མ། འབྲུག་གི་ཅ་ཆས་དང་ ཞབས་ཏོག་ཁྲལ་གྱི་ (འཕྲི་སྣོན) དཔྱད་ཡིག་ ༢༠༢༥ ཅན་མ། འབྲུག་གི་འོང་འབབ་ཁྲལ་གྱི་དཔྱད་ཡིག་ ༢༠༢༥ ཅན་མ། འབྲུག་གི་སྒོ་ནོར་དཔྱད་ཡིག་ ༢༠༢༥ […]

Special News

མི་དབང་མཆོག་གིས་ སྤྱི་ཚོགས་བཞི་པའི་ ཚོགས་ཐེངས་ ༣ པ་ འགོ་འབྱེད་མཛད་སྒོའི་ནང་དབུ་བཞུགས།

མགོན་པོ་རྡོ་རྗེ། ཤིང་སྦྲུལ་ཟླཝ་ ༣ པའི་ཚེས་ ༢༦ སྤྱི་ཟླ་ ༥ པའི་ཚེས་ ༢༣ ལུ་ གཟའ་སྐར་འཕྲོན་སྦྱོར་ཚུ་ ག་ནི་བ་ ཕུན་སུམ་ཚོགས་པའི་ཉིན་མར་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ སྤྱི་ཚོགས་བཞི་པའི་ རྒྱལ་ཡོངས་ཚོགས་ཐེངས་ ༣ པ་ འགོ་བཙུགས་གནང་པའི་ འགོ་འབྱེད་རྟེན་འབྲེལ་མཛད་སྒོའི་ནང་ དབུ་བཞུགས་མཛད་གནང་ཡི།དེ་ཡང་ མི་དབང་མངའ་ཞབས་མཆོག་ སྒོ་ར་ཁ་ལས་ མི་རྗེ་བློན་ཆེན་དང་ རྒྱལ་ཡོངས་ཚོགས་འདུའི་ཚོགས་དཔོན་ རྒྱལ་ཡོངས་ཚོགས་སྡེའི་ཁྲི་འཛིན་ ལྡོག་ཕྱོགས་འགོ་ཁྲིདཔ་ དེ་ལས་ བློན་པོ་ལྷན་རྒྱས་ཚུ་གིས་ རང་ལུགས་ཆིབས་གྲལ་ཐོག་ལུ་ གདན་འདྲེན་ཞུ་སྟེ་ ཚོགས་ཁང་ཆེན་མོའི་ ཕྱི་ཁར་ཕེབས་ད་ རྒྱལ་ཡོངས་ཚོགས་འདུ་དང་ རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་ཚུ་གིས་ ཕེབས་བསུ་ཞུ་ཡོདཔ་ཨིན་པས།འགོ་འབྱེད་རྟེན་འབྲེལ་དེ་ནང་ མི་དབང་སྐུ་འཁོར་ལྷན་རྒྱས་ཚུ་དང་ བློན་པོ་བགྲེསཔ་ཚུ་གིས་གཙོས་པའི་ གཞུང་གི་དཔོན་ཁག་ཚུ་དང་ འཛམ་གླིང་རྒྱལ་སྤྱིའི་ དོན་གཅོད་སྐུ་ཚབ་ཚུ་གིས་ གྲལ་གཏོགས་མཛད་ཡོདཔ་མ་ཚད་ ས་གནས་གཞུང་གི་ འགོ་ཁྲིདཔ་ཚུ་དང་ རྫོང་ཁག་ ༢༠ གི་ སྲོལ་འཛིན་འགོ་དཔོན་ཚུ་ དེ་ལས་ སློབ་གྲྭ་ཁག་གི་ སློབ་དཔོན་དང་ སློབ་ཕྲུག་གིས་ཡང་ གྲལ་གཏོགས་འབད་ནུག།དེ་བསྒང་ རྒྱལ་ཡོངས་ཚོགས་འདུ་ཆེན་མོའི་ […]

National News

འབྲུག་གི་རྒྱལ་ཡོངས་ཚོགས་སྡེའི་ ཚོགས་ཐེངས་ ༣༥ པའི་ གྲོས་གཞི་བཅུད་བསྡུས།

ཤིང་སྦྲུལ་ཟླཝ་ ༣ པའི་ཚེས་ ༢༦ སྤྱི་ཟླ་ ༥ པའི་ཚེས་ ༢༣ ལུ་ གཟའ་སྐར་འཕྲོན་སྦྱོར་ཚུ་ ཕུན་སུམ་ཚོགས་པའི་ཉིན་མར་ འབྲུག་གི་རྒྱལ་ཡོངས་ཚོགས་སྡེའི་ ཚོགས་ཐེངས་ ༣༥ པ་འདི་ བཞུགས་གྲལ་ཕུན་སུམ་ཚོགས་པ་དང་བཅས་པའི་སྒོ་ལས་ འགོ་འབྱེད་རྟེན་འབྲེལ་ མཛད་གནང་ཡི།དེ་བསྒང་ ཚོགས་ཐེངས་དེ་ནང་ སྲིད་བྱུས་བསྐྱར་ཞིབ་སྙན་ཞུ་དང་ བཅའ་ཁྲིམས་འཕྲི་སྣོན་ཚུ་ལུ་ གསུང་གྲོས་གནང་ཐོག་ལས་ ཆ་འཇོག་མཛད་གནང་ནི་ཨིན་པའི་ཁར་ ཚོགས་ཐེངས་ ༣༤ པའི་ གྲོས་ཆོད་དང་ལེན་སྙན་ཞུ་དང་། འབྲུག་རྒྱལ་ཁབ་ནང་ ལྟ་བཤལ་གནས་སྟངས་གུ་ བསྐྱར་ཞིབ་སྙན་ཞུ། གྲོང་གསེབ་ཚེ་སྲོག་ཉེན་བཅོལ་ལས་འཆར་གུ་ བསྐྱར་ཞིབ་སྙན་ཞུ། ནགས་ཚལ་ལས་སྡེ་གིས་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་ལུ་ ཕན་འདེབས་ཀྱི་ བསྐྱར་ཞིབ་སྙན་ཞུ་ཚུ་གུ་ གསུང་གྲོས་གནང་ནི་ཨིན་པས།དེ་མ་ཚད་ འབྲུག་གི་ཉེས་འགལ་ཁྲིམས་དེབ་ (འཕྲི་སྣོན) དཔྱད་ཡིག་ ༢༠༢༥ ཅན་མའི་ གནས་སྐབས་སྙན་ཞུ་དང་། ན་གཞོན་དང་ སྨྱོ་རྫས་ལོག་སྤྱོད་ཀྱི་ བསྐྱར་ཞིབ་སྙན་ཞུ། འབྲུག་གི་ནང་ཁྲལ་ ཁྲལ་གྱི་དཔྱད་ཡིག་ ༢༠༢༥ ཅན་མ། འབྲུག་གི་ཅ་ཆས་དང་ ཞབས་ཏོག་ཁྲལ་གྱི་ (འཕྲི་སྣོན་) དཔྱད་ཡིག་ ༢༠༢༥ […]

World News

ཨིཛ་རེལ་གྱིས་ ག་ཟ་ལུ་ གནོད་འཚུབ་བཀལ་མིའི་ནང་ མི་གྲངས་ ༡༠ ལུ་ཤི་རྐྱེན།

བི་བི་སི།སྤྱི་ཟླ་ ༥ པའི་ཚེས་ ༢༤ ལུ་ ཨིཛ་རེལ་གྱིས་ མཁའ་དམག་ཐོག་ལས་ ག་ཟའི་ཁྲོམ་སྡེ་ ཁཱན་ཡུ་ནིཛ་གི་ སྡོད་ཁྱིམ་ཅིག་ལུ་ གནོད་འཚུབ་བཀལ་མིའི་ནང་ ཌོག་ཊར་ཨམ་སྲུ་ ༡ དང་ ཨ་ལོ་ ༩ ལུ་ ཤི་རྐྱེན་བྱུང་ནུག།དེ་བསྒང་ མོ་གི་རྨགཔ་དང་ ཨ་ལོ་ ༡ ལུ་ རྨ་སྐྱོན་བྱུང་ཡོད་རུང་ མ་ཤི་བར་ལུས་མི་ སྐྱེས་ལོ་ ༡༡ འབད་མི་ ཨ་ལོ་དེ་ལུ་ བི་རི་ཊིཤ་གི་ གཤག་བཅོས་མཁས་མཆོག་ཅིག་གིས་ གཤག་བཅོས་འབད་ཡི་ཟེར་ཨིན་པས།ཧཱ་མཱཛ་གིས་ འགོ་འདྲེན་འཐབ་མི་ གསོ་བའི་ལྷན་ཁག་ལས་ མདོ་ཆེན་གྱིས་ བརྙན་ཐུང་རྗེ་སོར་འབད་མི་ཅིག་ནང་ མེ་གིས་འཚོགས་མི་ ཁང་ཤུལ་ནང་ལས་ ཨ་ལུ་ཆུང་ཀུའི་ཕུངམོ་ཚུ་ འཐུ་དོ་ཡོད་པའི་ གསལ་སྟོན་འབད་ནུག།ཨིཛ་རེལ་གྱི་ སྲུང་སྐྱོབ་དམག་སྡེ་གིས་ འདས་པའི་ཆུ་ཚོད་ ༢༤ གི་ ནང་འཁོད་ལུ་ མི་གྲངས་ ༡༠༠ དེ་ཅིག་ དམར་བསད་འབད་ནི་གི་ དམིགས་གཏད་སྐྱེད་མི་ལས་ མི་གྲངས་ ༧༤ དེ་ཅིག་ དམར་བསད་འབད་ཡོདཔ་སྦེ་ བཤདཔ་ཨིན་པས་ཟེར་ […]

World News

ར་ཤི་ཡ་གིས་ ཡུ་ཀེ་རེན་ལུ་ མི་ཛ་ཡེལ་དང་ ཌཱོན་གྱི་ཐོག་ལས་ གནོད་འཚུབ་བཀལ་མིའི་ནང་ མི་གྲངས་ ༡༤ ལུ་རྨ་སྐྱོན།

བི་བི་སི། སྤྱི་ཟླ་ ༥ པའི་ཚེས་ ༢༤ ལུ་ ར་ཤི་ཡ་གིས་ ཡུ་ཀེ་རེན་གྱི་ རྒྱལ་ས་ཀི་ཡིབ་ལུ་ མི་ཛ་ཡེལ་དང་ དམག་མི་མེད་པའི་ མཁའ་དམག་གནམ་གྲུ་ཆུང་བ་ཌཱོ་ཚུ་ ལག་ལེན་འཐབ་ཐོག་ལས་ གནོད་འཚུབ་བཀལ་མིའི་ནང་ མི་ ༡༤ ལུ་ རྨ་སྐྱོན་བྱུང་ནུག།དེ་ཡང་ ར་ཤི་ཡ་གིས་ ཀི་ཡིབ་ལུ་ དམག་མི་མེད་པའི་ མཁའ་དམག་གནམ་གྲུ་ ཌཱོན་ ༢༥༠ དང་ མི་ཛ་ཡེལ་སྦོམ་ ༡༤ བཏང་ཐོག་ལས་ གནེོདཔ་བཀལ་མིའི་ནང་ སྡོད་ཁྱིམ་ཚུ་ལུ་ མེ་རྐྱེན་བྱུང་ཡི་ཟེར་ཨིན་པས།རྒྱལ་ཁབ་ ༢ ཀྱི་བར་ན་ དམག་འཁྲུག་ལང་ནི་ འགོ་བཙུགས་ཞིནམ་ལས་ཚུར་ ད་ཚུན་གྱི་རིང་ལུ་ ཀི་ཡིབ་ཁྲོམ་སྡེའི་ནང་ དེ་བཟུམ་མའི་ གནོད་འཚུབ་བཀལ་མི་དེ་ སྦོམ་ཤོས་ཅིག་ཨིན་ཟེར་ དམག་མི་ཚུ་གིས་ བཤད་ཡོདཔ་མ་ཚད་ དེ་བསྒང་ མི་ཛ་ཡེལ་ ༦ དང་ དམག་མི་མེད་པའི་ མཁའ་དམག་གནམ་གྲུ་ ཌཱོན་ ༢༤༥ ཡང་ ཕབ་བཏང་ཡོདཔ་སྦེ་བཤད་ནུག།རྐྱེན་ངན་དེ་ཡང་ ཊར་ཀི་ལུ་ རྒྱལ་ཁབ་ ༢ […]

National News

ལྡོག་ཕྱོགས་ཀྱིས་ སློབ་རིམ་ ༡༠ པ་ལས་ ༡༡ པའི་ནང་ འཛུལ་ཞུགས་ཀྱི་དོན་ལུ་ སྐུགས་ཀྱི་མཐོ་ཚད་མ་དགོཔ་སྦེ་ བཀོད་མི་ལུ་དོགས་སེལ།

པདྨ་དབང་འདུས། སློབ་རིམ་ ༡༠ པ་ལས་ ༡༡ པའི་ནང་ འཛུགས་ཞུགས་ཀྱི་དོན་ལུ་ གཞུང་ལས་ སྐུགས་ཚད་བརྒྱ་ཆ་ མཐོ་ཚད་ལུ་ བཀལ་ནི་ཨིན་པའི་སྐོར་ལས་ གྲོས་གླེང་ལེ་ཤ་ཅིག་ ཐོན་ཡོད་པའི་ནང་ལས་ ལྷག་པར་དུ་ ལྡོག་ཕྱོགས་ཀྱིས་ ཚ་གྱང་ཡོད་ལུགས་ བཤད་ཡོད་མི་ལུ་ གཞུང་གིས་ ཤེས་རིག་དང་ རིག་རྩལགོང་འཕེལ་ལྷན་ཁག་བརྒྱུད་དེ་ གྲོས་ཆོད་དེ་གི་ རྒྱབ་ཁུངས་ཚུ་ བཀོད་ཐོག་ལས་ ལན་གསལ་གནང་ནུག།དེ་ཡང་ ཤེས་རིག་དང་ རིག་རྩལགོང་འཕེལ་ལྷན་ཁག་ལས་ སྲིད་བྱུས་ཚུ་ མདུན་བསྐྱོད་ཀྱི་ འཆར་སྣང་ཐོག་ལུ་ བརྩམ་མ་གཏོགས་ རྒྱབ་བཤུད་འཐོན་པའི་ སྲིད་བྱུས་མེད་ཟེར་ཨིནམ་ད་ དེ་ཡང་ གཞུང་གི་ཚོར་སྣང་དང་བསྟུནམ་ད་ སློབ་གྲྭ་ལྟེ་བ་ཚུ་ཡང་ འབྲུག་གི་ན་གཞོན་ཚུ་གིས་ རྒྱལ་ཁབ་ཀྱི་ རེ་འདོད་ཆེ་བའི་ མདུན་ལམ་ནང་ ལྕོགས་གྲུབ་དྲག་ཤོས་ཀྱི་སྒོ་ལས་ གྲལ་གཏོགས་འབད་ནི་ཡོདཔ་ བཟོ་ཐབས་ལུ་ཨིན་ཟེར་ བཤདཔ་ཨིན་པས།དེ་གི་ནང་ལས་ཡང་ སྤྱི་ལོ་ ༢༠༣༤ འཐོནམ་ད་ རྒྱལ་ཁབ་འདི་ འབབ་ཁུངས་ཆེ་བའི་ གནས་ཚད་ཁར་ བཀལ་ནི་གི་ དམིགས་དོན་དང་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱི་ གཞི་སྒྱུར་ཅན་གྱི་ འཆར་སྣང་ཚུ་ཡང་ […]

Online now: 9 Today: 1158 Total visitors: 8378