ArchiveAboutContact
National News

འབྲུག་གི་སྤྱི་ཚོགས་བཞི་པའི་ རྒྱལ་ཡོངས་ཚོགས་ཐེངས་ ༣ པའི་ནང་ གསུང་གྲོས་གནང་ནི་གི་ གྲོས་གཞི་བཅུད་བསྡུས།

· 1 min read

མགོན་པོ་རྡོ་རྗེ།
སྤྱི་ཟླ་ ༥ པའི་ཚེས་ ༢༣ ལུ་ འགོ་འབྱེད་རྟེན་འབྲེལ་མཛད་མི་ སྤྱི་ཚོགས་བཞི་པའི་ རྒྱལ་ཡོངས་ཚོགས་ཐེངས་ ༣ པའི་ནང་ གཞུང་འབྲེལ་དཔྱད་ཡིག་ ༧ དང་ རྒྱལ་སྤྱིའི་གན་རྒྱ་ ༣ སྒེར་གྱི་འཐུས་མིའི་ དཔྱད་ཡིག་ ༡ ལུ་ གསུང་གྲོས་གནང་ནི་ཨིན་པའི་ཁར་ ཚོགས་ཆུང་གི་ སྙན་ཞུ་དང་ ས་གནས་གཞུང་གི་ཞུ་ཡིག་ དེ་ལས་ གྲོས་ཆོད་དང་ལེན་ སྙན་ཞུ་ཚུ་ལུ་ཡང་ གསུང་གྲོས་གནང་ནི་ཨིནམ་ད་ དེ་བཟུམ་སྦེ་ དྲི་བཀོད་ཚུ་ཡང་ འགོ་འདྲེན་འཐབ་ནི་གི་ ལས་རིམ་ཡོདཔ་ཨིན་པས།
དཔྱད་ཡིག་དང་ རྒྱལ་སྤྱིའི་གན་རྒྱ།
རྩིས་ལོ་ ༢༠༢༥-༢༠༢༦ གི་ ལོ་བསྟར་རྒྱལ་ཡོངས་འཆར་དངུལ་སྙན་ཞུ་དང་ དེ་གི་འཆར་དངུལ་དཔྱ་བགོའི་དཔྱད་ཡིག། རྩིས་ལོ་ ༢༠༤-༢༠༢༥ ལོའི་ ལྷན་ཐབས་འཆར་དངུལ་དཔྱ་བགོའི་དཔྱད་ཡིག། འབྲུག་གི་ནང་ཁྲལ་གྱི་དཔྱད་ཡིག་ ༢༠༢༥ ཅན་མ། འབྲུག་གི་ཅ་ཆས་དང་ ཞབས་ཏོག་ཁྲལ་གྱི་ (འཕྲི་སྣོན) དཔྱད་ཡིག་ ༢༠༢༥ ཅན་མ། འབྲུག་གི་འོང་འབབ་ཁྲལ་གྱི་དཔྱད་ཡིག་ ༢༠༢༥ ཅན་མ། འབྲུག་གི་སྒོ་ནོར་དཔྱད་ཡིག་ ༢༠༢༥ ཅན་མ། འབྲུག་གི་མཉམ་ལས་ཚོགས་སྡེ་དང་ སོ་ནམ་སྡེ་ཚན་གྱི་དཔྱད་ཡིག་ ༢༠༢༥ ཅན་མ་ཚུ་ལུ་ གྲོས་བསྡུར་གནང་ནི་དང་།
དེ་བཟུམ་སྦེ་ རྒྱལ་སྤྱིའི་གན་རྒྱ་ འབྲུག་རྒྱལ་ཁབ་དང་ མཐའ་ཡས་ལེན་ རྒྱལ་ཁབ་ ༢ ཀྱི་བར་ན་ ཚོང་སྒྱུར་དགོངས་ཡངས་ གན་རྒྱ་དང་། བིམཛ་ཊེག་ མཚོ་འགྲུལ་སྐྱེལ་འདྲེན་ མཉམ་འབྲེལ་གྱི་གན་རྒྱ། བིམཛ་ཊེག་ ཉེས་འགེལ་གྱི་ གནད་དོན་ནང་ ཕན་ཚུན་ཁྲིམས་ཀྱི་ གྲོགས་རམ་མཐུན་གྲོས། དེ་ལས་ སྒེར་གྱི་འཐུས་མིའི་དཔྱད་ཡིག་ འབྲུག་གི་གདམ་ཁ་ཅན་གྱི་ འཁོན་འདུམ་ (འཕྲི་སྣོན) དཔྱད་ཡིག་ ༢༠༢༤ ཅན་མ་ཚུ་ལུ་ཡང་ གསུང་གྲོས་གནང་ནི་ཨིན་པས།
ཚོགས་ཆུང་གི་སྙན་ཞུ།
དཔལ་འབྱོར་དང་ དངུལ་རྩིས་ཚོགས་ཆུང་གིས་ དཔལ་འབྱོལ་ལྷན་ཐབས་ལས་རིམ་གྱི་ བསྐྱར་ཞིབ་སྙན་ཞུ་དང་། སོ་ནམ་དང་ སྒོ་ནོར་གྱི་ ཟད་འགྲོ་བགོ་བཤའི་ ལམ་སྟོན་ལས་འགལ་བ་སྦེ་ དངུལ་རྩིས་ལྷན་ཁག་གིས་ ཡིག་ཚང་ཁྱབ་བསྒྲགས་བཏང་མི་དེ་གིས་ མི་སེར་ལུ་ བྱ་སྟབས་མ་བདེཝ་ ཐོན་ཡོད་པའི་ བསྐྱར་ཞིབ་སྙན་ཞུ་ཚུ་ལུ་ གསུང་གྲོས་གནང་ནི་ཨིན་པས།
ས་གནས་གཞུང་གི་ཞུ་ཡིག།
ས་གནས་གཞུང་ལས་འབྱོར་བའི་ ཞུ་ཡིག་ཚུ་གུ་ གསུང་གྲོས་གནང་ནི་ཨིན་མི་དེ་ཡང་ རྫོང་ཁག་ཡན་ལག་ཁྲོམ་ཚུ་ནང་ གོང་འཕེལ་འདྲ་མཉམ་དང་ མི་སྡེའི་འཚོ་བའི་གནས་སྟངས་ ཡར་དྲག་གཏང་ནིའི་དོན་ལས་ མི་རློབ་དང་འཁྲིལ་ཏེ་ སྒྲིང་ཁྱིམ་ཐོག་ཚད་ ༣ ལས་ ༥ ལུ་ ཡར་སེང་གནང་ནི་གི་སྐོར་ལས་དང་ གཞུང་ལས་ ས་ཁྲལ་ཚུ་ འདྲ་མཉམ་སྦེ་ བཀལ་ཡོད་རུང་ དངུལ་ཁང་ལས་ མི་སེར་ཚུ་ལུ་ འབྲུག་དངུལ་འབྲེལ་ཚོགས་པ་གིས་ བཟོ་ཡོད་མི་ ཚད་གཞི་ལུ་ གཞི་བཞག་སྟེ་ དངུལ་ཁང་རང་སོས་ ཚད་གཞི་མ་འདྲཝ་སྦེ་ བཟོ་ཡོད་མི་དེ་གིས་ མི་སེར་ལུ་ སྐྱིན་འགྲུལ་ཚུ་ འདྲ་མཉམ་སྦེ་ མ་ཐོབ་པའི་ གནད་དོན་ཚུ་དང་།
ཉེན་སྲུང་ཅན་གྱི་ ས་ཁོངས་ཚུ་ནང་སྡོད་མི་ མི་སེར་ཚུ་ལུ་ སེམས་ཤུགས་བསྐྱེད་བཅུག་ཐབས་ཀྱི་ དམིགས་བསལ་མཐུན་རྐྱེན་གྱི་ རྒྱབ་སྐྱོར་གནང་དགོཔ་དང་། རྒྱལ་ཁབ་ནང་འཁོད་ལུ་ ཆང་གི་ཆོག་ཐམ་དང་ ཆང་ཁང་ལག་ལེན་ཚུ་ ལྟ་རྟོག་འབད་དགོཔ། ས་ཁ་མཐོ་སར་ འགྲུལ་འཕྲིན་ཡོངས་འབྲེལ་ཞབས་ཏོག་གི་ བརྒྱུད་ལམ་ལེགས་ཤོམ་མེད་མི་དང་ རྒྱང་འཕྲིན་གྱི་ དཀའ་ངལ་སྐོར། གཞུང་སྐྱོང་ལེགས་ལྡན་ཚོགས་ཆུང་གིས་ གྲོང་གསེབ་གཡུས་སྒོ་ཚུ་ནང་ རང་ལུགས་ཀྱི་ སྡོད་ཁྱིམ་དང་ ནོར་ཁྱིམ་རྐྱབ་པའི་སྐབས་ལུ་ འབྲུག་གི་སྒྲིང་ཁྱིམ་ལམ་ལུགས་ ༢༠༢༣ ཅན་མ་དང་འཁྲིལ་ཏེ་ རྫོང་ཁག་ལས་ གནང་བ་ལེན་དགོ་མི་དེ་གིས་ མི་སེར་ལུ་ བྱ་སྟབས་མ་བདེཝ་ཡོད་པའི་ ཞུ་བ་ཚུ་གུ་ གསུང་གྲོས་གནང་ནི་ཨིན་པས།
གྲོས་ཆོད་དང་ལེན་སྙན་ཞུ།
གྲོས་ཆོད་དང་ལེན་གྱི་ སྙན་ཞུ་ཚུ་ཡང་ དངུལ་རྩིས་བློན་པོ་གིས་ འབྲུག་གི་སྤྱི་ཚོགས་ཀྱི་ འཐུས་མིའི་ཐོབ་ཐངས་ (འཕྲི་སྣོན) དཔྱད་ཡིག་དང་ དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་ (འཕྲི་སྣོན) དཔྱད་ཡིག་ ༢ ཀྱི་ སྙན་ཞུ་དང་ དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་ བཅའ་ཁྲིམས་ ༢༠༢༢ ཅན་མའི་ དོན་ཚན་ ༦༢ པ་དང་ ༦༣ པ་འདི་ གཞུང་གིས་ དང་ལེན་སྙན་ཞུ།
བློན་ཆེན་གྱིས་ ཞི་གཡོགཔ་ཚུ་གི་ དབྱེ་དཔྱད་བརྟག་ཞིབ་རིམ་ལུགས་འདི་ བསྐྱར་ཞིབ་འབད་དེ་ བཏོན་བཏང་ནི་གི་ དང་ལེན་སྙན་ཞུ་དང་། དངུལ་རྩིས་བློན་པོ་གིས་ འབྲུག་གི་ཁག་འབགཔ་དང་ བཀྲམ་སྤེལ་འབད་མི་ཚུ་ལུ་ མཁོ་སྒྲུབ་ཀྱི་ ལམ་ལུགས་དང་ སྒྲིག་གཞི་ ༢༠༢༣ དང་ ཚད་ལྡན་རིན་བསྡུར་ཡིག་ཆ་ ༢༠༢༣ ཅན་མ་ལུ་བརྟེན་ཏེ་ གདོང་ལན་འབྱུང་དོ་ཡོད་པའི་ དང་ལེན་སྙན་ཞུ།
ནུས་ཤུགས་དང་ རང་བཞིན་ཐོན་སྐྱེད་བློན་པོ་གིས་ མི་སེར་གྱི་ ས་ཆ་ཚུ་ནང་ཚུད་མི་ གློག་མེའི་ཀཝ་དང་ གློག་ཐག་ལུ་བརྟེན་ཏེ་ མི་སེར་ལུ་ བྱ་སྟབས་མ་བདེཝ་ཡོད་པའི་ དང་ལེན་སྙན་ཞུ་དང་། ཤེས་རིག་དང་ རིག་རྩལ་གོང་འཕེལ་བློན་པོ་གིས་ སྟག་རྩེ་རིག་གཞུང་སློབ་གྲྭ་དང་འབྲེལ་བའི་སྐོར་དང་ སློབ་རིམ་ ༡༢ པ་ མཐར་འཁྱོལ་ཞིནམ་ལས་ རྒྱལ་འཛིན་གཙུག་ལག་སློབ་སྡེ་གིས་ བརྒྱ་ཆ་ ༢༠ ལས་ ལེན་ནི་མེད་པའི་ དང་ལེན་སྙན་ཞུ།
ནང་སྲིད་བློན་པོ་གིས་ བྱ་ངན་མར་ཕབ་འབད་དེ་ ཉེན་སྲུང་ཅན་གྱི་ མི་སྡེ་ཅིག་སྦེ་ བཟོ་ཐབས་ཀྱི་ དང་ལེན་སྙན་ཞུ་དང་། གཞུང་སྐྱོང་ལེགས་ལྡན་ཚོགས་ཆུང་གིས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་ ༢༠༢༣-༢༠༢༤ ཅན་མའི་ བསྐྱར་ཞིབ་སྙན་ཞུ་གུ་ དང་ལེན་སྙན་ཞུ། དངུལ་རྩིས་བློན་པོ་གིས་ གཞུང་གིས་ འབྲུག་གི་རྒྱུ་དངོས་ཁྲལ་གྱི་ བཅའ་ཁྲིམས་ ༢༠༢༣ ཅན་མའི་ དོན་ཚན་ ༩ པ་དང་ ༢༠ པ་ འཕྲི་སྣོན་དང་ ཆུ་ཞིང་དང་ སྐམ་ཞིང་གི་ གནས་གོང་ཚད་གཞི་ཚུ་ དག་བཅོས་འབད་དགོ་པའི་ དང་ལེན་སྙན་ཞུ་ཚུ་ལུ་ཡང་ གསུང་གྲོས་གནང་ནི་གི་ ལས་རིམ་ཡོདཔ་ཨིན་པས།
སྤྱི་ཚོགས་ལྷན་བཞུགས།
སྤྱི་ཚོགས་ལྷན་བཞུགས་ནང་ འབྲུག་གི་གཉེན་འབྲེལ་ (འཕྲི་སྣོན) དཔྱད་ཡིག་ ༢༠༢༤ ཅན་མ་དང་། འབྲུག་གི་རྒྱལ་ཡོངས་ཚོགས་འདུའི་ (འཕྲི་སྣོན) དཔྱད་ཡིག་ ༢༠༢༤ ཅན་མ། རྩིས་ལོ་ ༢༠༢༣-༢༠༢༤ གི་ རྩིས་ཞིབ་བསྐྱར་ཞིབ་སྙན་ཞུ་དང་ རྩིས་ལོ་ ༢༠༡༠-༢༠༢༣ གྱི་ རྩིས་ཞིབ་བསྐྱར་ཞིབ་སྙན་ཞུ། དེ་ལས་ བློན་ཆེན་གྱིས་ གཞུང་གི་ཁྲིམས་བཟོ་དང་ ལོ་བསྟར་འཆར་གཞིའི་གུ་ གཞུང་གི་གཙོ་རིམ་དང་བཅས་པའི་ རྒྱལ་ཁབ་ཀྱི་ གནས་སྟངས་སྐོར་ལས་ ལོ་བསྟར་སྙན་ཞུ་ཚུ་ ཕུལ་ནི་ཨིན་པས།
དྲི་བཀོད་ལས་རིམ།
དྲི་བཀོད་ལས་རིམ་འདི་ རྒྱལ་ཡོངས་ཚོགས་འདུའི་ བྱ་སྒོའི་ལམ་ལུགས་དང་འཁྲིལ་ཏེ་ བདུན་ཕྲག་ཨ་རྟག་ར་ རེས་གཟའ་ལྷག་པ་དང་ སྤེན་པ་ ༢ ལུ་ འགོ་འདྲེན་འཐབ་ནི་ཨིནམ་མ་ཚད་ བྱ་སྒོ་ལས་རིམ་ནང་གསེས་ གྲོས་དོན་གྱི་ ལས་རིམ་ཚུ་ཡང་ འགོ་འདྲེན་འཐབ་ནི་ཨིན་པའི་གནས་ཚུལ།

Comments are closed.

Related

National News

འབྲུག་དང་ རྒྱ་གར་བྱང་ཤར་གྱི་བར་ན་ ཚོང་འབྲེལ་དང་ མཐུད་སྦྲེལ་བཙན་ཐབས་ཀྱི་ གོ་བསྡུར་ཞལ་འཛོམས།

པདྨ་དབང་འདུས། འབྲུག་ལུ་ རྒྱ་གར་གཞུང་ཚབ་ཡིག་ཚང་དང་ འབྲུག་དང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཞིབ་འཇུག་ལྟེ་བ་ ཨེ་ཤི་ཡ་ མཉམ་བསྡོམས་བཅས་ཀྱིས་ ཐིམ་ཕུ་ལུ་སྦེ་ “རྒྱ་འབྲུག་གི་མཐུན་འབྲེལ་: ཚོང་འབྲེལ་དང་ མཐུད་སྦྲེལ་ ཤེས་རིག་ བལྟ་བཤལ་ གསོ་བ་ མཉམ་འབྲེལ་གྱི་མཐོང་ཚུལ་”ཟེར་བའི་ གོ་བསྡུར་ཞལ་འཛོམས་ཅིག་ ཉིནམ་ ༡ གི་རིང་ལུ་ འགོ་འདྲེན་འཐབ་ནུག། གོ་བསྡུར་ཞལ་འཛོམས་དེ་ནང་ ཚོང་འབྲེལ་བཙན་ཐབས་དང་ ལུང་ཕྱོགས་མཐུད་སྦྲེལ་ཡར་དྲག་གཏང་ནི་ ཤེས་རིག་དང་ བལྟ་བཤལ་ གསོ་བ་དང་ འཕྲུལ་རིག་ཚུ་ནང་ མཉམ་འབྲེལ་རྒྱ་སྐྱེད་ཚུ་གི་སྐོར་ལས་ གྲོས་གླེང་ཚུ་འབད་ཡོད་པའི་ནང་གསལ་ དམིགས་བསལ་གྱིས་ འབྲུག་དང་ རྒྱ་གར་བྱང་ཤར་དང་ འབྲུག་གི་བར་ན་ དངོས་གཟུགས་ཅན་གྱི་ མཐུད་སྦྲེལ་དང་ ཚོང་འབྲེལ་ལུ་ལྷན་ཐབས་ དེ་ལས་ ས་མཚམས་ཀྱི་བར་ན་ མཉམ་འབྲེལ་ཚུ་གི་སྒོ་ལས་ དཔལ་འབྱོར་གྱི་འབྲེལ་བ་ གཏིང་གཟབ་བཟོ་ནི་གི་ གོ་སྐབས་ཚུ་ལུ་ གཙོ་བོར་བཟུང་ཡོདཔ་ཨིན་པས། དེ་བསྒང་ ནུབ་བེང་གཱལ་གྱི་ ཚོང་དང་བཟོ་གྲྭ་ཚོགས་སྡེའི་ གཙོ་འཛིན་བགྲེསཔ་ ཨམ་བ་རིཤ་ དཱཛ་གུབ་ཏ་གིས་ འབྲུག་དང་ རྒྱ་གར་གྱི་བར་ན་ ཚོང་འབྲེལ་གྱི་ གོ་སྐབས་དེ་ ཧྲིལ་བུར་སྦེ་ གོང་འཕེལ་མ་འགྱོ་བར་ཡོདཔ་ལས་ […]

gyalchi
National News

འགྲུལ་འཕྲིན་སྤྱོད་གླ་ བརྒྱ་ཆ་ ༥༠ མར་ཕབ་ཀྱི་སྐོར་ལས་ རྒྱབ་སྣོན་གྲོས་དོན་ཅིག་ ལྷན་རྒྱས་གཞུང་ཚོགས་ལུ་ཕུལ་ནི།

པདྨ་དབང་འདུས། སྤྱི་ཟླ་ ༡༠ པའི་ཚེས་ ༩ ལུ་ གནས་ཚུལ་ཞལ་འཛོམས་ཐེངས་ ༣༢ པ་ ཚོགས་པའི་སྐབས་ལུ་ བཟོ་གྲྭ་ཚོང་འབྲེལ་དང་ ལཱ་གཡོག་ལྷན་ཁག་གི་བློན་པོ་ རྣམ་རྒྱལ་རྡོ་རྗེ་གིས་ གསུངས་དོ་བཟུམ་འབད་བ་ཅིན་ གཞུང་གི་བཀའ་རྒྱ་ལྟར་དུ་ འགྲུལ་འཕྲིན་སྤྱོད་གླ་ བརྒྱ་ཆ་ ༥༠ མར་ཕབ་ཀྱི་དོན་ལུ་ ལྷན་ཁག་གི་ཁ་ཐུག་ལས་ འབྲུག་བརྡ་དོན་བརྒྱུད་འབྲེལ་དང་ བརྡ་བརྒྱུད་དབང་འཛིན་ལུ་ དུས་ཅི་ སྤྱི་ཟླ་ ༥ པའི་ནང་ བཀོད་རྒྱ་གནང་ཡི་ཟེར་ཨིན་པས། དེ་མ་ཚད་ འགྲུལ་འཕྲིན་ཞབས་ཏོག་གི་ སྤྱོད་གླ་ཚུ་དང་འབྲེལ་ཏེ་ འཕྲུལ་རིག་དང་ དངུལ་འབྲེལ་གནད་དོན་ཚུ་ཡང་ ཡོངས་རྫོགས་སྦེ་ར་ བསྐྱར་ཞིབ་འབད་དགོ་པའི་ བཀོད་རྒྱ་ཡང་གནང་ནུག། བློན་པོ་གིས་འབད་བ་ཅིན་ བསྐྱར་ཞིབ་དེ་ནང་ ཞབས་ཏོག་གི་ སྤུས་ཚད་དང་ ཉེས་སྤྱོད་འབད་མི་ཚུ་གིས་ སྤྱོད་གླ་བཏབ་ཚུགས་པའི་ཚད་གཞི་ དེ་ལས་ མ་རྩ་གཞི་བཙུགས་ཀྱི་ དགོས་མཁོ་དང་ འགྲུལ་འཕྲིན་ལས་སྡེ་ཚུ་གི་ ཡུན་བརྟན་ཚུ་ཡང་ ཚུད་དེ་ཡོད་ཟེར་ཨིན་པས། གནད་དོན་དེ་གི་སྐོར་ལས་ མཐའ་བཅད་སྙན་ཞུ་དང་ རྒྱབ་སྣོན་གྲོས་འཆར་ཚུ་ སྤྱི་ལོ་ ༢༠༢༦ སྤྱི་ཟླ་ ༡༠ པའི་ཚེས་ […]

gyalchi
National News

འབྲུག་དང་ རྒྱ་གར་བྱང་ཤར་གྱི་བར་ན་ ཚོང་འབྲེལ་དང་ མཐུད་སྦྲེལ་བཙན་ཐབས་ཀྱི་ གོ་བསྡུར་ཞལ་འཛོམས།

པདྨ་དབང་འདུས། འབྲུག་ལུ་ རྒྱ་གར་གཞུང་ཚབ་ཡིག་ཚང་དང་ འབྲུག་དང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཞིབ་འཇུག་ལྟེ་བ་ ཨེ་ཤི་ཡ་ མཉམ་བསྡོམས་བཅས་ཀྱིས་ ཐིམ་ཕུ་ལུ་སྦེ་ “རྒྱ་འབྲུག་གི་མཐུན་འབྲེལ་: ཚོང་འབྲེལ་དང་ མཐུད་སྦྲེལ་ ཤེས་རིག་ བལྟ་བཤལ་ གསོ་བ་ མཉམ་འབྲེལ་གྱི་མཐོང་ཚུལ་”ཟེར་བའི་ གོ་བསྡུར་ཞལ་འཛོམས་ཅིག་ ཉིནམ་ ༡ གི་རིང་ལུ་ འགོ་འདྲེན་འཐབ་ནུག། གོ་བསྡུར་ཞལ་འཛོམས་དེ་ནང་ ཚོང་འབྲེལ་བཙན་ཐབས་དང་ ལུང་ཕྱོགས་མཐུད་སྦྲེལ་ཡར་དྲག་གཏང་ནི་ ཤེས་རིག་དང་ བལྟ་བཤལ་ གསོ་བ་དང་ འཕྲུལ་རིག་ཚུ་ནང་ མཉམ་འབྲེལ་རྒྱ་སྐྱེད་ཚུ་གི་སྐོར་ལས་ གྲོས་གླེང་ཚུ་འབད་ཡོད་པའི་ནང་གསལ་ དམིགས་བསལ་གྱིས་ འབྲུག་དང་ རྒྱ་གར་བྱང་ཤར་དང་ འབྲུག་གི་བར་ན་ དངོས་གཟུགས་ཅན་གྱི་ མཐུད་སྦྲེལ་དང་ ཚོང་འབྲེལ་ལུ་ལྷན་ཐབས་ དེ་ལས་ ས་མཚམས་ཀྱི་བར་ན་ མཉམ་འབྲེལ་ཚུ་གི་སྒོ་ལས་ དཔལ་འབྱོར་གྱི་འབྲེལ་བ་ གཏིང་གཟབ་བཟོ་ནི་གི་ གོ་སྐབས་ཚུ་ལུ་ གཙོ་བོར་བཟུང་ཡོདཔ་ཨིན་པས། དེ་བསྒང་ ནུབ་བེང་གཱལ་གྱི་ ཚོང་དང་བཟོ་གྲྭ་ཚོགས་སྡེའི་ གཙོ་འཛིན་བགྲེསཔ་ ཨམ་བ་རིཤ་ དཱཛ་གུབ་ཏ་གིས་ འབྲུག་དང་ རྒྱ་གར་གྱི་བར་ན་ ཚོང་འབྲེལ་གྱི་ གོ་སྐབས་དེ་ ཧྲིལ་བུར་སྦེ་ གོང་འཕེལ་མ་འགྱོ་བར་ཡོདཔ་ལས་ […]

gyalchi
Online now: 5 Today: 4323 Total visitors: 7000