ArchiveAboutContact

Category: World News

World News

རྒྱ་ནག་ལུ་ གཞུང་ལམ་ཆད་འགྱོ་བའི་ རྐྱེན་ངན་ནང་ མི་གྲངས་ ༣༦ ལུ་ཤི་རྐྱེན།

བི་བི་སི། སྤྱི་ཟླ་ ༥ པའི་ཚེས་ ༡ ལུ་ རྒྱ་ནག་གི་མངའ་སྡེ་ གུང་དོང་ཟེར་སར་ རི་ཞོལ་གཞུང་ལམ་གྱི་ ཆ་ཤས་ཅིག་ ཆད་ཡར་སོངཔ་ལས་ མི་གྲངས་ ༣༦ ལུ་ ཤི་རྐྱེན་བྱུང་ཡོདཔ་མ་ཚད་ གཞན་མི་ ༣༠ ལུ་ཡང་ རྨ་སྐྱོན་བྱུང་ཡོདཔ་ལས་ སྨན་ཁང་ནང་བསྐྱལ་ནུག།དེ་ཡང་ ད་རེས་ནངས་པར་ ཆརཔ་ཤུགས་སྦེ་ རྐྱབ་ནི་དེ་གིས་ མེ་ལོང་མགྱོགས་ལམ་དེ་ ཕིཊ་ ༥༨ དེ་ཅིག་ ཆད་ཡར་སོངཔ་ལས་ ས་ཁོངས་དེ་ནང་ གློ་བུར་ཉེན་འཚུབ་ཀྱི་ ལཱ་འབད་མི་ ༥༠༠ དེ་ཅིག་ བཏང་ཡི་ཟེར༌ཨིན༌པས།རྒྱ་ནག་ལུ་ ཡོངས་གྲགས་ཅན་ཅིག་ཨིན་མི་ གུང་དོང་མངའ་སྡེ་དེ་ནང་ འདས་པའི་བདུན་ཕྲག་ནང་ཡང་ ཆུ་རུད་ཐོན་ཏེ་ མི་ ༤ ལུ་ ཤི་རྐྱེན་བྱུང་ཡོདཔ་མ་ཚད་ གཞན་མི་ ༡༡༠,༠༠༠ དེ་ཅིག་ཡང་ སྤོ་བཤུད་འབད་གོཔ་ཐོན་ནུག།དེ་བསྒང་ ཆུ་རུད་དེ་གིས་ སྡོད་ཁྱིམ་ལེ་ཤ་ཅིག་ལུ་ གནོད་སྐྱོན་བྱུང་པའི་ཁར་ གནམ་གྲུ་ཚུ་ཡང་ ཆ་མེད་བཏང་དགོཔ་ ཐོན་ཡོདཔ་ལས་ ཡུ་ཨེཛ་ཌོ་ལར་ ས་ཡ་ ༡༩.༤ […]

World News

ཨཱཛ་ཊེ་ལི་ཡ་ལུ་ ཕོ་མོ་དང་འབྲེལ་བའི་ རྩུབ་སྤྱོད་ཀྱི་སྐོར་ལས་ ངོ་རྒོལ་འགྲེམ་སྟོན།

རོའི་ཊརཛ། ད་རེས་ནངས་པ་ ཨཱཛ་ཊེ་ལི་ཡའི་མངའ་སྡེ་ ནིའུ་ས་འུཐ་ཝཱེལ་གྱི་ལྟེ་བ་ སིཌ་ནི་དང་ ཁྲོམ་ཚོགས་གཙོ་བོ་གཞན་ཚུ་ནང་ མི་སེར་སྟོང་ཕྲག་ལས་བཅད་མི་ཚུ་གིས་ ཨམ་སྲུ་ལུ་ རྩུབ་སྤྱོད་དང་འབྲེལ་བའི་ ངོ་རྒོལ་འགྲེམ་སྟོན་ཚུ་འབད་དོ་ཡོདཔ་ཨིན་པས།སྤྱི་ཟླ་ ༤ པའི་ཚེས་ ༢༧ ལུ་ དེ་གི་སྐོར་ལས་ ཨཱཛ་ཊེ་ལི་ཡའི་བློན་ཆེན་ ཨེན་ཐོ་ནི་ ཨཱལ་བ་ནིཛ་གིས་ ཨམ་སྲུ་ལུ་ རྩུབ་སྤྱོད་འབད་ནི་དེ་ ཁྱབ་ཆེ་བའི་ གནད་དོན་ཅིག་ཨིན་ཟེར་བཤད་ནུག།ངོ་རྒོལ་འགྲེམ་སྟོན་འབད་མི་ཚུ་གིས་ ཕོ་མོའི་ཁྱད་ཆོས་དང་འབྲེལ་བའི་ ཁྲིམས་ལུགས་ཚུ་ ག་ནི་བ་ སྒྲིང་སྒྲིང་བཟོ་དགོ་པའི་ མཁོ་འདོད་བཀོདཔ་ཨིན་པས།འགྲེམ་སྟོན་ཚུ་ཡང་ དུས་ཅི་ ཉིན་གྲངས་ ༤ རེའི་བར་ན་ ཨམ་སྲུ་རེ་ དམར་བསད་འབད་བའི་ གནད་ལུ་བརྟེན་ཏེ་ ཐོན་ཡོདཔ་ད་ མདང་ཞག་ཅིག་ཁར་ ངོ་རྒོལ་འགྲེམ་སྟོན་འབད་ནི་ འགོ་བཙུགས་པའི་ཤུལ་ལས་ སིཌ་ནིའི་ཁྲོམ་ཁར་ ཨམ་སྲུ་ ༥ གིས་གཙོས་པའི་ མི་གྲངས་ ༦ གྱི་གསོབ་སྟེ་ དམར་བསད་འབད་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

རྒྱ་གར་གྱི་ ཚོགས་ཁང་འོགམ་ ལོག་ས་བྷའི་དོན་ལུ་ བཙག་འཐུ་གོ་རིམ་ ༢ པ་མཇུག་སྡུད།

ཨེན་ཌི་ཊི་ཝི། སྤྱི་ཟླ་ ༤ པའི་ཚེས་ ༢༦ ལུ་ རྒྱ་གར་གྱི་བློན་ཆེན་ ན་རེན་ད་ར་ མོ་དི་གིས་ གསུངས་དོ་བཟུམ་འབད་བ་ཅིན་ ཚོགས་ཁང་འོགམ་ ལོག་ས་བྷའི་དོན་ལས་ བཙག་འཐུ་གོ་རིམ་ ༢ པ་དེ་ བི་ཇེ་པི་གིས་ འགོ་ཁྲིད་འོག་ལུ་ ཨེན་ཌི་ཨེ་ སྲིད་ཚོགས་ལུ་ ཐུན་མོང་མ་ཡིན་པའི་ རྒྱབ་སྐྱོར་ཡོདཔ་ལས་ གནམ་མེད་ས་མེད་ ལེགས་ཤོམ་སོང་ཡི་ཟེར་ཨིན་པས།བློན་ཆེན་མོ་དི་གིས་ མི་སྡེ་བརྡ་བརྒྱུད་ནང་ རྒྱ་གར་རྒྱལ་ཁབ་ མཐའ་དབུས་གེ་རའི་ནང་ ཚོགས་རྒྱན་བཙུགས་མི་ཚུ་ལུ་ བཀྲིན་ཆེ་ཟེར་ བཀོད་དེ་ཡོདཔ་ད་ ཚོགས་རྒྱན་བཙུགས་མི་ཚུ་གིས་ ཨེན་ཌི་ཨེ་ལུ་ རྒྱབ་སྐྱོར་སྦོམ་ཡོད་ནི་དེ་གིས་ ལྡོག་ཕྱོགས་སྲིད་ཚོགས་ཚུ་ སེམས་ཕམ་འོང་ཟེར་བཀོད་ནུག།དེ་མ་ཚད་ ཚོགས་རྒྱན་བཙུགས་མི་ཚུ་ལུ་ ཨེན་ཌི་ཨེའི་ གཞུང་སྐྱོང་ལེགས་ཤོམ་དེ་ དགོ་ནི་ཨིན་པའི་ རྟགས་མཚན་དང་ ན་གཞོན་དང་ ཨམ་སྲུ་ཚུ་གིས་ཡང་ ཨེན་ཌི་ཨེ་ལུ་ རྒྱབ་སྐྱོར་ཐོག་ལས་ དབང་ཚད་སྤྲོད་དོ་ཡོདཔ་སྦེ་ བཀོད་དེ་ཡོདཔ་ཨིན་པས།བློན་ཆེན་མོ་དི་གིས་ སྤྱི་ཟླ་ ༤ པའི་ཚེས་ ༡༩ ལུ་ བཙག་འཐུ་གོ་རིམ་དང་པའི་ཤུལ་ལུ་ཡང་ དེ་བཟུམ་མའི་ བསམ་བརྗོད་ཚུ་ བཀོད་དེ་ཡོདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

བི་རི་ཊེན་གྱི་རྒྱལཔོ་ མི་དབང་ཅར་ལིཛ་མཆོག་གིས་ནད་གཞི་ཀེན་སར་ བཞེས་པའི་ཤུལ་ལས་ མི་དམངས་ཀྱི་ཕྱག་འགན་ བསྐྱར་ལོག་བཞེས་ནི།

རོའི་ཊརཛ། སྤྱི་ཟླ་ ༤ པའི་ཚེས་ ༢༦ ལུ་ བ་ཀིང་ཧམ་ཕོ་བྲང་ལས་ བི་རི་ཊེན་གྱི་རྒྱལཔོ་ མི་དབང་ཅརལིཛ་མཆོག་ལུ་ ནད་གཞི་ཀེན་སར་ཡོད་པའི་ ངོས་འཛིན་བྱུང་པའི་ཤུལ་ལས་ སྨན་བཅོས་ཀྱི་ གྲུབ་འབྲས་ཚུ་ ལེགས་ཤོམ་སྦེ་ ཐོན་པ་ལུ་བརྟེན་ཏེ་ བདུན་ཕྲག་ཤུལ་མའི་ནང་ལས་ མི་དམངས་ཀྱི་ ཕྱག་འགན་ཚུ་ བསྐྱར་ལོག་བཞེས་ནི་ཨིན་པའི་ གསལ་བསྒྲགས་འབད་ནུག།དེ་ཡང་ མདང་ཞག་ སྤྱི་ཟླ་ ༢ པའི་ནང་ དགུང་ལོ་ ༧༥ བཞེས་མི་ མི་དབང་རྒྱལ་པོ་མཆོག་ལུ་ ནད་གཞི་ཀེན་སར་ཡོད་པའི་ ངོས་འཛིན་བྱུང་པའི་ཤུལ་ལས་ སྨན་བཅོས་ཚུ་ཕུལ་ནི་ འགོ་བཙུགསཔ་དང་འབྲེལ་ཏེ་ གཞུང་འབྲེལ་ཕྱག་འགན་ཚུ་ཡང་ འཕྲོ་མཐུད་དེ་ར་ གནང་བཞིན་དུ་ཨིན་རུང་ སྐུ་ངལ་གནང་ཐབས་ལུ་ མི་མང་དང་འབྲེལ་བ་འཐབ་ནི་དེ་ ཕར་ཕུད་རྐྱབ་ཡོདཔ་ཨིན་པས།མི་དབང་མཆོག་གིས་ ད་རེས་ མི་མང་འགན་ཁུར་ དག་པ་ཅིག་ ལོག་སྟེ་ར་ བཞེས་ཚུགས་ནི་ཨིན་མི་དེ་ཡང་ སྨན་བཅོས་སྡེ་ཚན་དང་ མཁས་མཆོག་ཚུ་ལུ་བརྟེན་ཏེ་ཨིནམ་ལས་ ཁོང་ལུ་ མི་དབང་ཞབས་ལས་ བཀའ་དྲིན་དགའ་ཚོར་ཡོད་ལུགས་ཚུ་ གསུངས་གནང་ནུག།མི་དབང་མཆོག་ལུ་ སྨན་བཅོས་དེ་ ནམ་ཚུན་ཚོད་ ཕུལ་དགོཔ་ཨིན་ན་ ཏན་ཏན་མེད་རུང་ ད་ཚུན་གྱི་ སྨན་བཅོས་ཀྱི་ […]

World News

མ་ལེ་ཤི་ཡའི་ བློན་ཆེན་བགྲེསཔ་ལུ་ ཁོ་རའི་བུཚ་ཚུ་གིས་ གྲལ་གཏོགས་ཡོད་མི་ སྲིད་འབྲེལ་ངན་ལྷད།

ཨཱལ་ཇ་ཟི་ར། སྤྱི་ཟླ་ ༤ པའི་ཚེས་ ༢༥ ལུ་ མ་ལེ་ཤི་ཡའི་ བློན་ཆེན་བགྲེསཔ་ མ་ཧཱ་ཐིར་ མོ་ཧ་མེད་དེ་ ཁོ་རའི་བུཚ་ཚུ་གིས་ སྲིད་འབྲེལ་ངན་ལྷད་འབད་མི་ལུ་ ཞིབ་དཔྱད་འབད་དོ་ཡོདཔ་ཨིན་པས།དེ་ཡང་ བར་སྐབས་ཅིག་ཁར་ སྐྱེས་ལོ་ ༩༨ འབད་མི་ མ་ཧ་ཐིར་དང་ འབྲེལ་བ་དམ་ཟབ་ཡོད་པའི་ སྲིད་འབྲེལ་གྱི་མི་ངོམ་ཚུ་ སྲིད་འབྲེལ་ངན་ལྷད་དང་འབྲེལ་བའི་ ཞིབ་དཔྱད་ཚུ་ ཡར་སེང་གི་སྐོ་ལས་ ལག་ལེན་འཐབ་དོ་ཡོདཔ་ད་ མ་ཧཱ་ཐིར་དེ་ ཡུན་རིང་གི་བར་ན་ ད་རེས་ཀྱི་བློན་ཆེན་ ཨཱན་ཝར་ཨི་བར་ཧིམ་གྱི་ བྱང་ཕྱད་སྦེ་སྡོད་ནུག།ཨིན་རུང་ ཨཱན་ཝར་གྱིས་འབད་བ་ཅིན་ ཞིབ་དཔྱད་དེ་ ཆེ་མཐོའི་ངན་ལྷད་སྐོར་ལས་ གཞུང་གི་བརྩོན་ཤུགས་ཅིག་ཨིནམ་མ་གཏོགས་ སྲིད་དོན་དང་འབྲེལ་བ་ མེད་ཟེར་ ཨིན་པས།མདང་ཞག་ སྤྱི་ཟླ་ ༡ པའི་ནང་ མ་ལེ་ཤི་ཡའི་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ མ་ཧཱ་ཐིར་གྱི་བུ་ མིར་ཛཱན་དང་ མོག་ཛ་ནི་ ༢ ལུ་ ཁོང་རའི་རྒྱུ་དངོས་ཚུ་ གསལ་སྟོན་འབད་དགོ་པའི་ བརྡ་དོན་སྤྲོད་ཡོདཔ་ད་ དེ་ཡང་ ཕྱིའི་རྒྱལ་ཁབ་ཚུ་དང་ མ་དངུལ་དང་ ཚོང་འབྲེལ་གྱི་ ཐོ་ཡིག་ཚུ་ ཞིབ་དཔྱད་འབད་ནི་དང་བསྟུན་ཏེ་ཨིན་པས།མ་ལེ་ཤི་ཡའི་ […]

World News

ཨཱཛ་ཊེ་ལི་ཡའི་ རྒྱལ་ཁབ་ནང་ ཉ་རིགས་ཝཱེལ་ཟེར་མི་ ༢༦ ལུ་ཤི་རྐྱེན།

ཨཱལ་ཇ་ཟི་ར།ཨཱཛ་ཊེ་ལི་ཡའི་ ནུབ་ཕྱོགས་ལུ་ རྒྱ་མཚོའི་མཐའ་མར་ ཉ་རིགས་ཝཱེལ་ ༡༦༠ དེ་ཅིག་ ཐོགས་ལུས་མི་ཚུ་གི་གྲས་ལས་ ལ་ལོ་ཅིག་ སྲོག་སྐྱབ་འབད་ཡོད་རུང་ ༢༦ ལུ་ ཤི་རྐྱེན་བྱུང་ཡོདཔ་ཨིན་པས།དེ་ཡང་ སྤྱི་ཟླ་ ༤ པའི་ཚེས་ ༢༥ ལུ་ ཉ་རིགས་ཝཱེལ་ཚུ་ ཨཱཛ་ཊེ་ལི་ཡའི་ ནུབ་ཕྱོགས་མངའ་སྡེ་ པཱརཐ་གི་མཚོ་འགྲམ་ ཇོ་གར་ཕེ་བཱེ་ཟེར་སར་ མི་ཊར་ ༥༠༠ དེ་ཅིག་འབད་མི་ ཆུ་གཏིང་མེད་པའི་ རྒྱ་མཚོའི་ནང་ ཐོགས་ལུས་ཡོདཔ་ལས་ རི་དྭགས་ཉམས་སྲུང་སྡེ་ཚན་དང་ ས་གནས་ཀྱི་དབང་འཛིན་ དེ་ལས་ ཁས་བླངས་པ་ཚུ་གིས་ ཉ་དེ་ཚུ་ རྒྱ་མཚོའི་ནང་ བསྐྱལ་ཐབས་འབད་ནུག།དེ་སྦེ་ ཤི་རྐྱེན་བྱུང་མི་ཉ་ཚུ་ མཚོ་འགྲམ་ལས་ གཞན་ཁར་མ་བསྐྱལ་བའི་ཧེ་མར་ ནད་བརྟག་ཚུ་འབད་དེ་ ཝཱེལ་ ༡༠༠ ལྷགཔ་ཅིག་ མཚོ་འགྲམ་ལས་ རྒྱ་མཚོ་གཏིང་ཡོད་སར་ བསྐྱལ་ཡོད་རུང་ ལོག་འོང་སྲིད་ནི་མས་ཟེར་ཨིན་པས།དེ་ཡང་ དུས་ཡུན་ཆུ་ཚོད་དག་པ་རེའི་ནང་ ཝཱེལ་དེ་ཚུ་ ག་ཏེ་ར་ཡོདཔ་ཨིན་ནའི་སྐོར་ལས་ བལྟ་རྟོག་འབད་མི་ མཚོ་གྲུ་དང་ གནམ་གྲུ་ཚུ་ཡང་ བཙུགས་ཏེ་ཡོདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

ཡུ་ཨེཛ་གི་ རྒྱལ་ཁམས་དྲུང་ཆེན་ བི་ལིང་ཀེན་གྱིས་ རྒྱ་ནག་གི་ དོན་གཅོདཔ་མཐོ་ཤོས་ ཝང་ཡི་དང་གཅིག་ཁར་གསུང་གྲོས།

རོའི་ཊརཛ། སྤྱི་ཟླ་ ༤ པའི་ཚེས་ ༢༦ ལུ་ ཡུ་ཨེཛ་གི་ རྒྱལ་ཁམས་དྲུང་ཆེན་ ཨེན་ཊོ་ནི་ བི་ལིང་ཀེན་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ རྒྱ་ནག་གིས་ ར་ཤི་ཡ་ལུ་ དམག་གི་རྒྱབ་སྐྱོར་འབད་མི་ལུ་ ཚ་གྱང་ཡོད་ལུགས་དང་ གནད་དོན་དེ་ལུ་བརྟེན་ཏེ་ རྒྱ་ནག་དང་ ཡུ་ཨེཛ་གི་བར་ན་ འཕྲལ་ཁམས་ཅིག་ཁར་ མཐུན་ལམ་ལེགས་སྒྱུར་འབད་མི་ལུ་ ཐོ་ཕོག་ནི་བཟུམ་ཅིག་ཡོད་ཟེར་ཨིན་པས།དེ་ཡང་ བི་ལིང་ཀེན་གྱིས་ རྒྱ་ནག་གི་ དོན་གཅོདཔ་མཐོ་ཤོས་ ཝང་ཡི་དང་གཅིག་ཁར་ དུས་ཡུན་ཆུ་ཚོད་ཕྱེད་དང་ ༦ གི་རིང་ལུ་ གསུང་གྲོས་གནང་ཡོད་རུང་ རྒྱ་ནག་གི་ རིན་ཐང་ཆུང་བའི་ཅ་ཆས་ ཚོག་སྒྱུར་དང་འབྲེལ་བའི་ ཉོག་བཤད་ཚུ་གི་སྐོར་ལས་ ཉོག་སེལ་གྱི་ ཐབས་ལམ་ཚུ་ ག་ནི་ཡང་ བཏོན་མ་ཚུགས་ཟེར་ཨིན་པས།ཡུ་ཨེཛ་གཞུང་གི་མགྲིན་ཚབ་ མེ་ཐིའུ་མི་ལར་གྱིས་འབད་བ་ཅིན་ བི་ལིང་ཀེན་གྱིས་ ར་ཤི་ཡ་ལུ་ རྒྱ་ནག་གི་ རྒྱབ་སྐྱོར་སྐོར་ལས་དང་ གཞན་ཡང་ ཏ་ཡེ་ཝཱན་དང་ རྒྱ་ནག་ལྷོ་ཕྱོགས་ཀྱི་ རྒྱ་མཚོའི་རྩོད་རྙོགས་ཚུ་གི་སྐོར་ལས་ཡང་ ལོ་རྒྱུས་ཚུ་ སླབ་ཅི་ཟེར་ཨིན་པས།ར་ཤི་ཡ་དང་ རྒྱ་ནག་གི་བར་ན་ ཐོགས་ཆག་མེད་པའི་ མཉམ་འབྲེལ་གྱི་ ཁས་ལེན་གྲུབ་སྟེ་ཡོད་རུང་ ད་ཚུན་གྱི་བར་ན་ རྒྱ་ནག་གིས་ ར་ཤི་ཡ་ལུ་ […]

World News

ཀེན་ཡའི་རྒྱལ་ས་ ནའི་རོ་བི་ལུ་ ཆུ་རུད་དང་ ས་རུད་ཚུ་གིས་གནོད་སྐྱོན།

ཨཱལ་ཇ་ཟི་ར། སྤྱི་ཟླ་ ༤ པའི་ཚེས་ ༢༥ ལུ་ ཀེན་ཡའི་རྒྱལ་ཁབ་ ཧ་ལམ་ཕྱེད་ཀ་དེ་ཅིག་ར་ ཆུ་རུད་ཀྱིས་ འཕྱགས་བདའ་ཡོདཔ་ལས་ མི་གྲངས་ ༣༢ དེ་ཅིག་ལུ་ ཤི་རྐྱེན་དང་ མི་ ༢ དེ་ཅིག་ བྱང་སྟོར་ཤོར་ཡོདཔ་མ་ཚད་ མི་གྲངས་ ༡༠༣,༥༠༠ དེ་ཅིག་ལུ་ཡང་ གནོད་སྐྱོན་བྱུང་ནུག།དེ་ཡང་ སྤྱི་ཟླ་ ༣ པའི་ ཟླ་ཕྱེད་དེ་ཅིག་ལས་ར་ ཆརཔ་རྐྱབ་ནི་ འགོ་བཙུགས་ཡོདཔ་ད་ འདས་པའི་བདུན་ཕྲག་ནང་ལས་ ཆུ་རུད་ཐོན་ནི་ འགོ་བཙུགས་ཡོདཔ་བཞིན་དུ་ ཆུ་རུད་དེ་གིས་ མང་ཤོས་ཅིག་ ཨམ་སྲུ་དང་ ཨ་ལོ་ཚུ་ཨིན་མི་ མི་གྲངས་ ༦༠,༠༠༠ དེ་ཅིག་ལུ་ གནོད་སྐྱོན་བྱུང་ཡོདཔ་མ་ཚད་ སྣུམ་འཁོར་ཚུ་དང་ མི་ལེ་ཤ་ཅིག་ཡང་ ཆུ་རུད་ནང་ཐོགས་ཏེ་ ལུས་ཡོད་པའི་སྐོར་ལས་ ནའི་རོ་བི་ མངའ་སྡེ་གཙོ་འཛིན་གྱིས་ བཤད་ཡོདཔ་ཨིན་པས།ད་རུང་ཡང་ སྤྱི་ཟླ་ ༥ པ་ཚུན་ རྒྱལ་ཁབ་ཀྱི་ ས་གནས་ཁག་སོ་སོའི་ནང་ ཆརཔ་སྦོམ་སྦེ་ར་ རྐྱབ་ནི་ཨིན་པའི་སྐོར་ལས་ ཀེན་ཡ་གནམ་གཤིས་ལས་ཁུངས་ཀྱིས་ ཉེན་བརྡ་འབད་ཡོདཔ་སྦེ་བཀོད་ནུག།དེ་འབདཝ་ལས་ […]

World News

མ་ལེ་ཤི་ཡའི་ མཚོ་དམག་གནམ་གྲུ་ ཧེ་ལི་ཀོབ་ཊར་ ༢ ཀྱི་བར་ན་ཐུག་རྐྱེན།

རོའི་ཊརཛ། སྤྱི་ཟླ་ ༤ པའི་ཚེས་ ༢༣ ལུ་ མ་ལེ་ཤི་ཡའི་ མཚོ་དམག་གནམ་གྲུ་ ཧེ་ལི་ཀོབ་ཊར་ ༢ རུ་སྒྲིག་འགྲེམ་སྟོན་གྱི་དོན་ལས་ མཐའ་སྦྱོང་འབདཝ་ད་ མཁའ་དབྱིངས་ལུ་ ཁ་ཐུག་རྐྱབ་སྟེ་ གནམ་གྲུའི་ལས་གཡོགཔ་ ༡༠ པོ་ག་ར་ལུ་ ཤི་རྐྱེན་བྱུང་ནུག།དེ་ཡང་ དྲོ་པའི་ཆུ་ཚོད་ ༩.༣༢ དེ་ཅིག་ཁར་ ནུབ་ཕྱོགས་མངའ་སྡེ་ པེ་རག་ཟེར་སར་ཡོད་མི་ ལུ་མཱཏ་མཚོ་དམག་གཞི་སྒར་ལུ་ བྱུང་ཡོདཔ་ད་ རྐྱེན་ངན་དེ་ནང་ ཤི་རྐྱེན་བྱུང་མིའི་ ཕུངམོ་དེ་ཚུ་ག་ར་ ངོས་འཛིན་གྱི་དོན་ལས་ ལུ་མཱཏ་མཚོ་དམག་གཞི་སྒར་གྱི་ དམག་སྡེའི་སྨན་ཁང་ནང་ བཏང་ཡི་ཟེར་ མཚོ་དམག་གིས་ བཤདཔ་ཨིན་པས།སྤྱི་ཟླ་ ༤ པའི་ཚེས་ ༢༧ ལུ་ རྒྱལ་འཛིན་མཚོ་དམག་དུས་སྟོན་ ཐེངས་ ༩༠ པ་ བརྩི་སྲུང་འབད་ནིའི་དོན་ལས་ མཚོ་གྲུ་དང་འབྲེལ་བའི་ ལག་ལེན་གནམ་གྲུ་ ཧེ་ལི་ཀོབ་ཊར་དང་ ཕེན་ནེ་དམག་སྡེའི་ གནམ་གྲུ་ཧེ་ལི་ཀོབ་ཊར་ ༢ མཐའ་སྦྱོང་འབད་བའི་སྐབས་ལུ་ ཐུག་རྐྱེན་བྱུང་ནུག།རྐྱེན་ངན་དེ་ནང་ ཤི་རྐྱེན་བྱུང་མི་ཚུ་ག་ར་ སྐྱེས་ལོ་ ༤༠ མན་ཆད་འབད་མི་ཚུ་ཨིན་པས་ཟེར་ […]

World News

བྱང་ཨེཊ་ལེན་ཊིག་ ཆིངས་ཡིག་ཚོགས་པ་གིས་ ཡུ་ཀེ་རེན་ལུ་ སྲུང་སྐྱོབ་ཀྱི་གྲོགས་རམ།

བི་བི་སི། སྤྱི་ཟླ་ ༤ པའི་ཚེས་ ༢༠ ལུ་ བྱང་ཨེཊ་ལེན་ཊིག་ ཆིངས་ཡིག་ཚོགས་པའི་ དམག་སྡེའི་འགོ་འཛིན་ ཡེན་སི་ཊོལ་ཊེན་བར་གྱིས་ ཡུ་ཀེ་རེན་གྱིས་ ནན་སྐུལ་འབད་མི་དང་ ར་ཤི་ཡ་གིས་ གནོད་འཚུབ་ཚབས་ཆེན་ བཀལ་མི་དང་བསྟུན་ཏེ་ ཚོགས་པ་དེ་གིས་ ཡུ་ཀེ་རེན་ལུ་ དེང་དུས་ཀྱི་ མཁའ་དབྱིངས་སྲུང་སྐྱོབ་ཀྱི་ གྲོགས་རམ་ཁ་སྐོང་ བྱིན་ནི་ཨིན་པའི་སྐོར་ལས་ བཤད་ཡོདཔ་ཨིན་པས།ཡུ་ཀེརེན་གྱི་སྲིད་འཛིན་ ཝོ་ལོ་ཌི་མིར་ ཟེ་ལེནཛ་ཀི་གིས་ ཁོང་གི་ཁྲོམ་ཚོགས་ཚུ་ སྲུང་སྐྱོབ་འབད་ནིའི་དོན་ལས་ མཁའ་དབྱིངས་སྲུང་སྐྱོབ་ཀྱི་ རིམ་ལུགས་ཁ་སྐོང་དགོཔ་ཡོད་ལུགས་ བཤད་ཡོདཔ་ད་ སྤྱི་ཟླ་ ༤ པའི་ཚེས་ ༡༩ ལུ་ ར་ཤི་ཡ་གིས་ མི་ཛ་ཡེལ་ཚུ་ ལག་ལེན་འཐབ་སྟེ་ ཨ་ལོ་ ༢ ཀྱིས་གཙོས་པའི་ མི་གྲངས་ ༧ ལུ་ ཤི་རྐྱེན་བྱུང་ཡོདཔ་ཨིན་པས།བྱང་ཨེཊ་ལེན་ཊིག་ ཆིངས་ཡིག་ཚོགས་པ་དང་ ཡུ་ཀེ་རེན་ཟེར་མི་ ལྷན་ཚོགས་ཀྱི་བར་ན་ ཞལ་འཛོམས་ཅིག་ འཚོགས་པའི་ཤུལ་ལས་ ཚོགས་པ་དེ་གི་ འཐུས་མི་རྒྱལ་ཁབ་ཚུ་གི་ སྲུང་སྐྱོབ་བློན་པོ་ཚུ་གིས་ ཡུ་ཀེ་རེན་ལུ་ མཁའ་དབྱིངས་སྲུང་སྐྱོབ་རིམ་ལུགས་དང་ དྲག་དམག་གི་ […]

Online now: 2 Today: 1566 Total visitors: 14929