ArchiveAboutContact

Category: World News

World News

རྒྱ་གར་ལུ་ གཞུང་སྐྱོང་སྲིད་ཚོགས་བཙག་འཐུ།

ཨཱལ་ཇ་ཟི་ར། རྒྱལ་གར་ལུ་ གཞུང་སྐྱོང་སྲིད་ཚོགས་ བཙག་འཐུའི་དོན་ལས་ ཚོགས་རྒྱན་ཚུ་ གོ་རིམ་བཞིན་དུ་སྦེ་ བསྐྱུར་དོ་ཡོདཔ་ད་ དེ་ཡང་ གོ་རིམ་དང་པའི་ནང་ མི་སེར་ས་ཡ་ལས་བཅད་མི་ཚུ་གིས་ ཚོགས་རྒྱན་བསྐྱུར་ཡོདཔ་བཞིན་དུ་ ད་རེས་ཀྱི་ བཙག་འཐུའི་ནང་ལས་ཡང་ བློན་ཆེན་མོ་དི་དེ་ བཙག་འཐུ་གྲུབ་སྟེ་ གནས་ཡུན་ ༣ གྱི་རིང་ལུ་ གཞུང་སྐྱོང་ནི་གི་ རེ་བ་ཡོདཔ་ཨིན་པས།བཙག་འཐུ་དེ་ནང་ བློན་ཆེན་མོ་དིའི་སྲིད་ཚོགས་ བྷ་ར་ཏི་ཡ་ ཇ་ན་ཏ་པར་ཊི་ལུ་ སྲིད་ཚོགས་ཁལ་ལྷགཔ་ཅིག་ གཅིག་སྒྲིལ་ཐོག་ལས་ དམངས་གཙོའི་རིང་ལུགས་ཀྱི་ གཙུག་སྡེ་ཉེན་སྲུང་འབད་དགོ་པའི་ བརྗོད་དོན་ཐོག་ལུ་ དོ་འགྲན་འབད་དོ་ཡོདཔ་ཨིན་པས།དེ་སྦེ་ ཚོགས་རྒྱན་བསྐྱུར་ནི་ འགོ་མ་བཙུགས་པའི་ཧེ་མར་ བློན་ཆེན་མོ་དི་གིས་ མི་སེར་ཚུ་ལུ་ རང་སོའི་ཚོགས་རྒྱན་གྱི་ དབང་ཆ་ལག་ལེན་འཐབ་སྟེ་ མི་སེར་ཡོངས་ཀྱིས་ ཚོགས་རྒྱན་བཙུགས་དགོ་པའི་ ནན་སྐུལ་འབད་ཡོདཔ་ད་ བྷ་ར་ཏི་ཡ་ ཇ་ན་ཏ་པར་ཊི་ལུ་ དོ་འགྲན་འབད་མི་གཙོ་བོ་ ཨིན་ཌི་ཡན་ ནེ་ཤ་ནཱལ་ ཀོང་གེ་རེཛ་གི་ ཁ་ཐུག་ལས་ཡང་ ཞེ་སྡང་དང་ དྲང་བདེན་མེད་པའི་ གནད་དོན་ཚུ་ མཇུག་བསྡུ་གཏང་ཐབས་ལུ་ ཚོགས་རྒྱན་བསྐྱུར་དགོ་པའི་ བརྗོད་དོན་ཅིག་ཡང་ ཁྱབ་སྤེལ་འབད་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

ཧའེ་ཏི་ལུ་ དབང་བཙོང་སྡེ་ཚན་ཚུ་གིས་ གནོདཔ་བཀལ་ཏེ་ མི་ལེ་ཤ་ཅིག་དམར་བསད།

རོའི་ཊརཛ། སྤྱི་ཟླ་ ༤ པའི་ཚེས་ ༡༩ ལུ་ འཛམ་གླིང་སྤྱི་ཚོགས་ཀྱིས་ གསལ་སྟོན་འབད་མི་ སྙན་ཞུ་དང་འཁྲིལ་བ་ཅིན་ ཧའེ་ཏི་ལུ་ སྤྱི་ཟླ་ ༡ པ་ལས་ སྤྱི་ཟླ་ ༣ པའི་བར་ན་ དབང་བཙོང་སྡེ་ཚན་ཚུ་གིས་ གནོདཔ་བཀལ་བའི་ བྲེལ་ཟིང་ནང་ མི་གྲངས་ ༢,༥༠༠ ལྷགཔ་ཅིག་ལུ་ ཤི་རྐྱེན་བྱུང་ནུག་ཟེར་ཨིན་པས།དེཡང་ མང་ཤོས་ར་ ཧའེ་ཏིའི་རྒྱལ་ས་ པོཊ་ཨའོ་པི་རིནཛ་ལུ་ གནོདཔ་བཀལ་ཏེ་ མི་གྲངས་ ༤༣༨ དེ་ཅིག་ བཙན་ཁྲིད་འབད་ཡོདཔ་མ་ཚད་ ཁྲིམས་སྲུང་འགག་སྡེའི་ སྒྲིང་ཁྱིམ་ ༢༢ དེ་ཅིག་ཡང་ འཕྲོག་བཅོམ་འབད་དེ་ མེར་བཏང་ཡོདཔ་སྦེ་བཀོད་ནུག།དེ་སྦེ་ ཤི་རྐྱེན་བྱུང་མི་ ལ་ལོ་ཅིག་ དབང་བཙོང་སྡེ་ཚན་གྱི་ གྲས་ཁར་མིན་མི་དང་ ལ་ལོ་ཅིག་ དབང་པོ་སྐྱོན་ཅན་ཚུ་ཨིན་པའི་ཁར་ བྲེལ་ཟིང་དེ་ཚུའི་ནང་ ཁྲིམས་སྲུང་འགག་པ་ ༡༩ ལུ་ཡང་ ཤི་རྐྱེན་བྱུང་ཡོདཔ་ཨིན་པས།འཛམ་གླིང་སྤྱི་ཚོགས་ཀྱིས་ ཧའེ་ཏི་ལུ་ འཆར་གཞི་ལེགས་ཤོམ་ཡོད་མི་ སྲུང་སྐྱོབ་རིམ་ལུགས་ གཞི་བཙུགས་དང་ འགྲུལ་ལམ་ཚུ་ ཉེན་སྲུང་དང་ལྡནམ་སྦེ་བཟོ་སྟེ་ གོ་མཚོན་ནག་ཚོང་ཚུ་ […]

World News

ཡུ་ཨེཛ་གིས་ བྱང་ཀོ་རི་ཡ་དང་ འབྲེལ་བ་བཀག་དམ་ཚུ་ བལྟ་རྟོག་གི་ ཐབས་ལམ་གསརཔ་འཚོལ་ཞིབ།

ཨཱལ་ཇ་ཟི་ར། སྤྱི་ཟླ་ ༤ པའི་ཚེས་ ༡༧ ལུ་ ཡུ་ཨེཛ་གིས་ བྱང་ཀོ་རི་ཡའི་ རྡུལ་ཕྲན་ནུས་ཤུགས་ཀྱི་ ལས་རིམ་ཚུ་ལུ་ བཀག་དམ་འབད་ཡོད་པའི་ གནད་དོན་ཚུ་ བལྟ་རྟོག་འབད་ནི་གི་ ཐབས་ལམ་གསརཔ་ འཚོལ་ཞིབ་འབདཝ་ཨིན་པས།དེ་ཡང་ འཛམ་གླིང་སྤྱི་ཚོགས་ནང་ ཡུ་ཨེཛ་གཞུང་ཚབ་གིས་ བཤད་དོ་བཟུམ་འབད་བ་ཅིན་ དེ་བཟུམ་མའི་ ཐབས་ལམ་ཚུ་ འཛམ་གླིང་སྤྱི་ཚོགས་ཀྱི་ ཕྱི་ནང་གཉིས་ཆའི་ནང་ འཚོལ་ཞིབ་འབད་དོ་ཟེར་ཨིནམ་ད་ འདས་པའི་ཟླཝ་ནང་ཡང་ འཛམ་གླིང་སྤྱི་ཚོགས་ སྲུང་སྐྱོབ་ཚོགས་སྡེ་ལས་ བྱང་ཀོ་རི་ཡ་གིས་ རྒྱལ་སྤྱིའི་བཀག་དམ་ཚུ་ལུ་ ཆ་གནས་བཞག་མ་བཞག་ བལྟ་རྟོག་འབད་མི་ སྡེ་ཚན་གྱི་ དུས་ཡུན་ཡར་སེང་གི་ གྲོས་ཆོད་བཏོནམ་ད་ གྲོས་ཆོད་དེ་ ར་ཤི་ཡ་གིས་ རང་དབང་ཐག་བཅད་ ལག་ལེན་འཐབ་སྟེ་ བཀག་ཆ་འབད་ནུག།ད་རེས་ ཡུ་ཨེཛ་གི་ཁ་ཐུག་ལས་ བལྟ་རྟོག་གི་ ཐབས་ལམ་གསརཔ་དེ་ཡང་ ལྷོ་ཀོ་རི་ཡ་དང་ རྒྱ་པཱན་ དེ་ལས་ གཞན་ཡང་ མནོ་བསམ་གཅིག་མཚུངས་བཏང་མི་ རྒྱལ་ཁབ་ཚུ་གིས་ གྲལ་གཏོགས་ཐོག་ལས་ འཚོལ་ཞིབ་འབད་ནི་ཨིན་ཟེར་ འཛམ་གླིང་སྤྱི་ཚོགས་ནང་ ཡུ་ཨེཛ་གཞུང་ཚབ་ཀྱིས་ བཤད་ཡོདཔ་ཨིན་པས།ར་ཤི་ཡ་གིས་ རང་རྐྱང་ཐག་བཅད་རང་དབང་ ལག་ལེན་འཐབ་ནི་དེ་གིས་ རྡུལ་ཕྲན་ནུས་ཤུགས་དང་ […]

World News

ཡུ་ཨེཛ་གིས་ པེ་ལིཛ་ཊིན་དེ་ འཛམ་གླིང་སྤྱི་ཚོགས་ནང་ འཐུས་མི་སྦེ་ འཛུལ་ཞུགས་འབད་ནི་ལུ་བཀག་ཆ།

རོའི་ཊརཛ། སྤྱི་ཟླ་ ༤ པའི་ཚེས་ ༡༨ ལུ་ པེ་ལིཛ་ཊིན་དེ་ འཛམ་གླིང་སྤྱི་ཚོགས་ནང་ ཁྱད་ཚད་ཡོངས་རྫོགས་ཚང་པའི་ འཐུས་མི་སྦེ་ འཛུལ་ཞུགས་འབད་ནིའི་དོན་ལུ་ གྲོས་ཆོད་ཟིན་བྲིས་གུ་ འཛམ་གླིང་སྤྱི་ཚོགས་ སྲུང་སྐྱོབ་ཚོགས་སྡེའི་ནང་ ཚོགས་རྒྱན་བསྐྱུརཝ་ད་ ཡུ་ཨེཛ་གིས་ རང་རྐྱང་ཐག་བཅད་དབང་ཚད་ ལག་ལེན་འཐབ་སྟེ་ བཀག་ཆ་འབད་ནུག།གྲོས་ཆོད་ཟིན་བྲིས་དེ་ འཐུས་མི་རྒྱལ་ཁབ་ ༡༩༣ ཡོད་མི་ འཛམ་གླིང་སྤྱི་ཚོགས་ཀྱི་ ཡོངས་ཁྱབ་ཞལ་འཛོམས་ནང་ བཙུགས་ཡོདཔ་ད་ གྲོས་ཆོད་ཟིན་བྲིས་དེ་ནང་ པེ་ལིཛ་ཊིན་ རྒྱལ་ཁབ་དེ་ འཐུས་མི་སྦེ་ བཙུགས་དགོ་ཟེར་ བཀོད་དེ་ཡོདཔ་ཨིན་པས།དེ་སྦེ་ ཚོགས་རྒྱན་བསྐྱུར་བའི་སྐབས་ལུ་ བི་རི་ཊེན་དང་ སུ་ཡིད་ཛར་ལེན་གྱིས་ གྲལ་གཏོགས་འབད་ནི་ལས་ འཛེམས་ཡོདཔ་ད་ རྒྱལ་ཁབ་ ༡༢ ཀྱིས་ པེ་ལིཛ་ཊིན་དེ་ འཐུས་མི་སྦེ་ བཙུགས་དགོ་པའི་ ཚོགས་རྒྱན་བསྐྱུར་ནུག།པེ་ལིཛ་ཊིན་གྱི་སྲིད་འཛིན་ མེ་མཱུད་ཨ་བཱཛ་གིས་ ཡུ་ཨེཛ་ལུ་ གནད་དོན་དེ་ དྲང་བདེན་མེད་པའི་ཁར་ ལམ་ལུགས་དང་མ་འཁྲིལ་བའི་ ཁ་ཉེས་ཡང་ བཀལ་ཡོད་རུང་ ཨིཛ་རེལ་གྱི་ ཕྱི་འབྲེལ་བློན་པོའི་ ཁ་ཐུག་ལས་ ཡུ་ཨེཛ་གིས་ རང་རྐྱང་ཐག་བཅད་དབང་ཚད་ […]

World News

རྒྱ་གར་དང་ རྒྱ་ནག་ ༢ ཀྱི་ ས་མཚམས་ཁར་ཡོད་མི་ མི་སེར་ལ་ནོར་ལུ་བརྟེན་མི་ཚུ་གི་ འཚོ་སྐྱོང་ལུ་དཀའ་ངལ།

སི་ཨེན་ཨེན། རྒྱ་གར་གྱི་ བྱང་ཕྱོགས་གངས་རི་ ཧི་མ་ལ་ཡའི་ མཐའ་འཁོབ་ཀྱི་ ས་གནས་ནང་ འཚོ་བ་ལ་ནོར་ལུ་བརྟེན་སྡོད་མི་ མི་སེར་ཚུ་ལུ་ ད་རེས་ནངས་པར་ གནམ་གཤིས་གནས་སྟངས་ཀྱི་ འགྱུར་བ་དང་ ས་མཚམས་ཁར་ རྒྱ་གར་དང་ རྒྱ་ནག་ ༢ མ་འགྲིགས་པའི་ གནད་ལུ་བརྟེན་ཏེ་ དཀའ་ངལ་དང་ ཉེན་ཁ་ཚུ་ བྱུང་དོ་ཡོདཔ་ཨིན་པས།དེ་ཡང་ འཛམ་གླིང་ནང་ ལུང་ཕྱོགས་ས་ཁ་མཐོ་ཤོས་ཨིན་མི་ ལ་དྭགས་ཀྱི་ འབྱོགཔ་ཚུ་གིས་ སྔར་ཁྱུན་ལམ་སྲོལ་ལུ་གནས་ཏེ་ གངས་རི་གིས་ མཐའ་བསྐོར་ཏེ་ ནང་པའི་ཆོས་ལུགས་ཀྱི་ ལྷ་ཁང་དགོན་སྡེ་ཚུ་ཡོད་པའི་ རྩ་ཐང་ཚུ་ནང་ ལ་ནོར་ཚུ་ འཚོ་སྐྱོང་འཐབ་སྟེ་ སྡོདཔ་ཨིན་པས།རྩོད་རྙོག་ཅན་གྱི་ ལུང་ཕྱོགས་དེ་ནང་ མི་སེར་ཚུ་གིས་ གཡག་ལུག་ར་ ༣ ལུ་ འཚོ་བ་བརྟེན་ཏེ་ སྡོད་དོ་ཡོདཔ་ད་ སྤྱི་ལོ་ ༢༠༢༠ ལུ་ རྒྱ་གར་དང་ རྒྱ་ནག་གི་ དམག་མི་ཚུ་གི་བར་ན་ ཟིང་འཁྲུག་ལང་ཞིནམ་ལས་ཚུར་ རྒྱ་གར་གྱི་ དམག་མི་ཚུ་གིས་ ལ་དྭགས་ཀྱི་ སྒོ་ནོར་སེམས་ཅན་ཚུ་ སྔོན་གོང་གི་ རྩ་འབྲོག་ཚུ་ནང་ ག་མནོཝ་སྦེ་ བཏང་ནི་མེདཔ་བཟོ་ནུག།དེ་སྦེ་ […]

World News

མ་ཡཱན་མར་གྱི་ དབུ་ཁྲིད་བགྲེསཔ་ ཨམ་སཱུ་ཀི་དེ་ བཙོན་ཁང་ནང་ལས་ ཁྱིམ་བཙོན་ནང་སྤོ་བཤུད།

རོའི་ཊརཛ། སྤྱི་ཟླ་ ༤ པའི་ཚེས་ ༡༧ ལུ་ མ་ཡཱན་མར་གྱི་ དབུ་ཁྲིད་བགྲེསཔ་ ཨམ་ཨང་སཱན་སཱུ་ཀི་དེ་ བཙོན་ཁང་ནང་ལས་ ཁྱིམ་བཙོན་ནང་ སྤོ་བཤུད་འབད་ཡོདཔ་སྦེ་ དྲག་པོའི་སྲིད་གཞུང་གི་ མགྲིན་ཚབ་ཅིག་གིས་ བཤད་ཡོདཔ་ཨིན་པས།དེ་ཡང་ དམག་སྤྱི་ཟའོ་མིན་ཊུན་གྱིས་ ད་རེས་ དྲོད་ཤུགས་ཆེ་བའི་ གནམ་གཤིས་གནས་སྟངས་ནང་ དམིགས་བསལ་གྱིས་ ལོ་ན་རྒས་མི་ བཙོན་པ་ཚུ་ལུ་ དོན་ཧིང་གི་ ནད་གཞི་ལས་ སྔོན་འགོག་འབད་ཐབས་ལུ་ བརྩོན་ཤུགས་བསྐྱེད་དོ་ཟེར་ཨིན་རུང་ ཨམ་སཱུ་ཀི་དེ་ ཁྱིམ་བཙོན་གྱི་དོན་ལས་ ས་གནས་ག་ཏེ་ལུ་ སྤོ་བཤུད་འབད་ཡོདཔ་ཨིན་ནའི་སྐོར་ལས་ བཤད་མ་བཏུབ་ཨིན་པས།ཧེ་མ་ཡང་ ལོ་ངོ་ ༡༥ གི་རིང་ལུ་ ཨམ་སཱུ་ཀི་དེ་ དྲག་པོའི་སྲིད་གཞུང་གིས་ ཡང་གཱོན་ལུ་ཡོད་མི་ ཨིན་ཡ་མཚོ་ཟེར་སར་ ཁྱིམ་རྙིངམ་ཅིག་ནང་ བཞག་ཡོདཔ་ད་ དེ་བསྒང་ ཁྱིམ་དེ་གི་ སྒོ་ར་ཁ་ལས་ ཨམ་སཱུ་ཀི་གིས་ མོ་ལུ་རྒྱབ་སྐྱོར་འབད་མི་ཚུ་ལུ་ གསལ་བཤད་ཚུ་ཡང་ འབད་ཚུགས་ནུག།སྐྱེས་ལོ་ ༧༨ འབད་མི་ ཨམ་སཱུ་ཀི་དེ་ སྤྱི་ལོ་ ༢༠༢༡ ལུ་ བཙག་འཐུ་ལས་གྲུབ་པའི་ མོ་གི་གཞུང་དེ་ […]

World News

པ་ཀིཛ་ཏཱན་དང་ ཨཕ་གྷ་ནིཛ་ཏཱན་ལུ་ གློག་ཀེམ་དང་སྦྲགས་ཏེ་ ཆརཔ་ཤུགས་སྦེ་ རྐྱབ་ནི་དེ་གིས་ མི་གྲངས་བརྒྱ་ཕྲག་ལས་བཅད་མི་ཚུ་ལུ་ཤི་རྐྱེན།

ཨཱལ་ཇ་ཟི་ར། པ་ཀིཛ་ཏཱན་དང་ ཨཕ་གྷ་ནིཛ་ཏཱན་གྱི་ རྒྱལ་ཁབ་ནང་ གློག་ཀེམ་དང་སྦྲགས་ཏེ་ ཆརཔ་ཤུགས་སྦེ་ རྐྱབ་ནི་དེ་གིས་ མི་གྲངས་བརྒྱ་ཕྲག་ལས་བཅད་མི་ཚུ་ལུ་ ཤི་རྐྱེན་བྱུང་ནུག། དེ་ཡང་ སྤྱི་ཟླ་ ༤ པའི་ཚེས་ ༡༦ ལུ་ དབང་འཛིན་འགོ་དཔོན་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ པ་ཀིཛ་ཏཱན་ལུ་ རླུང་འཚུབ་དང་ རླུང་ཆར་གྱིས་ མི་གྲངས་ ༥༠ དེ་ཅིག་ལུ་ ཤི་རྐྱེན་བྱུང་ཡོདཔ་མ་ཚད་ ཨཕ་གྷ་ནིཛ་ཏཱན་ལུ་ཡང་ དེ་བཟུམ་སྦེ་ མི་གྲངས་ ༥༠ དེ་ཅིག་ལུ་ ཤི་རྐྱེན་བྱུང་ནུག་ཟེར་ཨིན་པས། དེ་སྦེ་ ཤི་རྐྱེན་བྱུང་མི་ཚུ་གི་གྲས་ལས་ མང་ཤོས་ར་ པ་ཀིཛ་ཏཱན་གྱི་ ནུབ་བྱང་མངའ་སྡེ་ ཁེ་བར་པཱག་ཊུང་ཝ་ཟེར་སར་ འདྲེ་ཆར་ལུ་བརྟེན་པའི་ ཆུ་རུད་དང་ ས་རུད་ཐོན་ཏེ་ སྡོད་ཁྱིམ་རམ་འགྱོ་བའི་ཁར་ ནགས་ཤིང་ཚུ་ཡང་ ར་འབལ་བཏང་ནི་དེ་གིས་ བྱུང་ཡོདཔ་སྦེ་བཀོད་ནུག། དེ་ལས་ གཞན་ཡང་ ཆརཔ་དེ་གིས་ པཱན་ཇབ་མངའ་སྡེའི་ ནུབ་བྱང་ཁ་ཐུག་ལུ་ སྡོད་ཁྱིམ་ལེ་ཤ་ཅིག་ ཧྲམ་བཏང་ཡོདཔ་མ་ཚད་ མི་གྲངས་ ༢༡ དེ་ཅིག་ལུ་ཡང་ ཤི་རྐྱེན་བྱུང་ཡོདཔ་སྦེ་ མངའ་སྡེའི་རྐྱེན་ངན་འཛིན་སྐྱོང་དབང་འཛིན་ལས་ […]

World News

པ་ཀིཛ་ཏཱན་ལུ་ ཀྲོབ་མདའ་འབག་མི་ཚུ་གིས་ སྐྱེལ་འདྲེན་བཱཛ་ནང་ལས་ འགྲུལ་པ་ ༡༠ དམར་བསད།

ཨེ་བི་སི། སྤྱི་ཟླ་ ༤ པའི་ཚེས་ ༡༣ ལུ་ པ་ཀིཛ་ཏཱན་གྱི་ ཁྲིམས་སྲུང་འགོ་དཔོན་ཚུ་གིས་ བ་ལུ་ཀིཛ་ཏཱན་ མངའ་སྡེའི་ནང་ ཀྲོབ་མདའ་འབག་མི་ཚུ་གིས་ སྐྱེལ་འདྲེན་བཱཛ་ཅིག་གི་ནང་ལས་ འགྲུལ་པ་ཚུ་ འཛིན་བཟུང་འབད་དེ་ ཁྱིད་སོང་ཞིནམ་ལས་ འགྲུལ་པ་ ༨ དམར་བསད་འབད་ནུག་ཟེར་ བཤདཔ་ཨིན་པས།དེ་མ་ཚད་ བྱ་ངན་འབད་མི་ སྡེ་ཚན་དེ་གིས་ དེ་གི་ཧེ་མར་ཡང་ སྣུམ་འཁོར་ཆུང་བ་ཅིག་ དབང་བཙོང་ཐོག་ལས་བཀག་སྟེ་ མི་ ༢ དམར་བསད་འབད་བའི་ཁར་ གཞན་མི་ ༦ ལུ་ཡང་ རྨ་བཏོན་ཁྲག་བཏོན་འབད་ཡོདཔ་སྦེ་བཀོད་ནུག།པ་ཀིཛ་ཏཱན་གྱི་ ཁྲིམས་སྲུང་འགག་སྡེ་གིས་ བཤད་དོ་བཟུམ་འབད་བ་ཅིན་ བྱ་ངན་འབད་མི་ཚུ་གིས་ སྣུམ་འཁོར་བཱཛ་དེ་ བཀག་ཞིནམ་ལས་ འགྲུལ་པ་ཚུ་གི་ ངོ་སྤྲོད་ལག་ཁྱེར་ཚུ་ ཞིབ་དཔྱད་འབད་བའི་ཤུལ་ལས་ ཤར་ཕྱོགས་པཱན་ཇབ་ལས་ཨིན་མི་ཚུ་ འཛིན་བཟུང་འབད་ནུག་ཟེར་ཨིན་པས།དེ་སྦེ་ དམར་བསད་འབད་མི་ འགྲུལ་པ་ ༨ ཀྱི་ཕུངམོ་ཚུ་ གཞུང་ལམ་ལས་ ཀི་ལོ་མི་ཊར་ ༥ གི་ས་ཁར་ ཟམ་པ་ཅིག་གི་འོག་ལས་ ཐོབ་ཡོདཔ་ད་ སྣུམ་འཁོར་བཱཛ་དེ་ མངའ་སྡེའི་ཁྲོམ་ ཀུ་ཡེ་ཊ་ཟེར་ས་ལས་ ཨི་རཱན་གྱི་ […]

Uncategorized

ར་ཤི་ཡའི་ཁྲོམ་ཚོགས་ ཨོ་རེན་བཱག་ལུ་ ཆུ་འཁྱིལ་ཏེ་ གནོད་སྐྱོན་བྱུང་ཡོདཔ།

རོའི་ཊརཛ། སྤྱི་ཟླ་ ༤ པའི་ཚེས་ ༡༣ ལུ་ ར་ཤི་ཡའི་ཁྲོམ་ཚོགས་ ཨོ་རེན་བཱག་ཟེར་སར་ གངས་བདའ་སྟེ་ཁཝ་ཚུ་ སྔོན་ཆད་མ་བྱུང་བའི་ ཚད་གཞི་ཁར་ མགྱོགས་དྲགས་སྦེ་ བཞུ་ནི་དེ་གིས་ གཙང་ཆུའི་ཆུ་གཞོང་ཚུ་ ཆུ་གིས་གང་སྟེ་ ཁྲོམ་ཚོགས་ནང་ ཆུ་འཁྱིལ་དོ་ཡོདཔ་ལས་ འགོ་དཔོན་ཚུ་གིས་ ཁྲོམ་ཚོགས་དེ་ནང་ སྡོད་མི་ཚུ་ ས་གནས་གཞན་ཁར་ དེ་འཕྲལ་ལས་ སྤོ་འགྱོ་དགོ་པའི་ བརྡ་སྐུལ་འབདཝ་ཨིན་པས།དེ་བཟུམ་སྦེ་ ར་ཤི་ཡའི་ལུང་ཕྱོགས་ ཀུར་གཱན་ལུ་ཡང་ དྲོད་ཤུགས་ལུ་བརྟེན་ཏེ་ ཁཝ་དང་ ཁྱེགས་ཚུ་བཞུཝ་ལས་ གཙང་ཆུའི་མཐོ་ཚད་ཚུ་ ཡར་སེང་འགྱོ་དོ་ཡོདཔ་མ་ཚད་ ཁྱིམ་མཚེས་རྒྱལ་ཁབ་ ཀ་ཟ་ཀིཛ་ཏཱན་ལུ་ཡང་ ཆུ་འཁྱིལ་ནི་དེ་གིས་ མི་གྲངས་ ༡༠༠,༠༠༠ དེ་ཅིག་ ས་གནས་གཞན་ཁར་ སྤོ་དགོཔ་བྱུང་ནུག།གློ་བུར་གྱི་ ལཱ་འབད་མི་ཚུ་གིས་ གཙང་ཆུ་ཡུ་རཱལ་གྱི་ མཐོ་ཚད་དེ་ ཉེན་ཁ་ཡོད་པའི་ མཐོ་ཚད་ལས་ མི་ཊར་ ༢ ལྷགཔ་ཅིག་ ཡར་སེང་སོང་ཡོདཔ་ལས་ ཁྲོམ་ཚོགས་ནང་ ཆུ་འཁྱིལ་ཏེ་ སྒྲིང་ཁྱིམ་ཚུ་གི་ སྒོ་ཅུང་དང་ ཤིང་ཆའི་མཛོད་ཁང་ཚུ་ལུ་ ཤུགས་སྦེ་ར་ཕོག་ནི་དེ་གིས་ རོ་ཁྱི་ཚུ་ཡང་ […]

World News

མ་ཡཱན་མར་གྱི་ ཁྲོམ་ཚོགས་ཅིག་ ངོ་རྒོལ་དམག་སྡེ་གིས་ དབང་ལེན་འབད་ཡོདཔ།

རོའི་ཊརཛ།སྤྱི་ཟླ་ ༤ པའི་ཚེས་ ༡༢ ལུ་ མ་ཡཱན་མར་གྱི་ ས་མཚམས་ཁར་ མི་རློབས་ ༢༠༠,༠༠༠ དེ་ཅིག་ཡོད་མི་ ཁྲོམ་ཚོགས་མི་ཡ་ཝ་དི་ལུ་ དྲག་པོའི་སྲིད་གཞུང་དང་ ངོ་རྒོལ་དམག་སྡེའི་བར་ན་ ཕྱད་མདའ་རྐྱབ་པའི་ཤུལ་ལས་ ངོ་རྒོལ་དམག་སྡེ་གིས་ དབང་ལེན་འབད་ནུག།དེ་ཡང་ ངོ་རྒོལ་དམག་སྡེ་གིས་ ཁྲོམ་ཚོགས་མི་ཡ་ཝ་དི་ དབང་ལེན་འབད་བའི་ཤུལ་ལས་ དྲག་པོའི་སྲིད་གཞུང་གི་ དམག་མི་ཚུ་གིས་ མཁའ་དམག་ཐོག་ལས་ གནོད་འཚུབ་མ་བཀལ་ག་མནོ་བའི་ འཇིགས་སྣང་ཐོག་ལུ་ སྡོད་དགོཔ་ཐོན་ཏེ་ཡོདཔ་ཨིན་པས།མཐའ་ཡས་ལེན་ ཕྱི་འབྲེལ་བློན་པོ་གིས་ མ་ཡཱན་མར་ལས་ སྐྱབས་བཅོལ་བ་གྲངས་མེད་ཅིག་ མཐའ་ཡས་ལེན་ལུ་ ལྷོད་ནི་བཟུམ་ཅིག་ཡོདཔ་ལས་ མཐའ་ཡས་ལེན་གཞུང་གིས་ གྲ་སྒྲིག་ཚུ་འབད་བའི་ཁར་ མ་ཡཱན་མར་གཞུང་གི་ དམག་སྡེ་ལུ་ཡང་ གནོད་འཚུབ་ཚུ་ མར་ཕབ་འབད་དགོ་པའི་ ནན་སྐུལ་འབད་ནུག།དེ་མ་ཚད་ མཐའ་ཡས་ལེན་གྱིས་ ཤར་ལྷོ་ཨེ་ཤི་ཡ་ རྒྱལ་ཁབ་ཚོགས་པའི་ འཐུས་མི་ཚུ་དང་གཅིག་ཁར་ མ་ཡཱན་མར་ལུ་ ཞི་བདེ་བསྐྱར་བཙུགས་ཀྱི་དོན་ལས་ ལཱ་ཚུ་འབད་དོ་ཡོདཔ་སྦེ་ཡང་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

Online now: 6 Today: 1512 Total visitors: 14875