ArchiveAboutContact

Category: World News

World News

ཕི་ཇི་རྒྱལ་ཁབ་ཀྱི་ བློན་ཆེན་བགྲེསཔ་ལུ་བཙོན་ཁྲིམས།

ཨཱལ་ཇ་ཟི་ར། ཕེ་རེང་བའི་ནི་མ་ར་མ་དེ་ སྤྱི་ལོ་ ༢༠༢༢ ཚུན་ ལོ་ངོ་ ༡༥ དེ་ཅིག་གི་རིང་ལུ་ ཕི་ཇི་རྒྱལ་ཁབ་ཀྱི་ བློན་ཆེན་གྱི་ གོ་གནས་ཁར་ སྡོད་པའི་སྐབས་ལུ་ དབང་ཚད་ལོག་སྤྱོད་ཐོག་ལས་ གཙུག་ལག་སློབ་སྡེ་ཅིག་ནང་ ངན་ལྷད་ཞིབ་དཔྱད་མ་འབད་བར་ བཞག་དགོཔ་སྦེ་ བཀོད་རྒྱ་བཏང་ཡོད་པའི་ ཉེས་འཛུགས་ཐོག་ལུ་ ལོ་ངོ་ ༡ གི་ བཙོན་ཁྲིམས་བཀལ་ནུག།དེ་ཡང་ སྐྱེས་ལོ་ ༧༠ འབད་མི་ དམག་སྡེའི་སྤྱི་ཁྱབ་ བའི་ནི་མ་ར་མ་གིས་ སྤྱི་ལོ་ ༢༠༠༦ ལོར་ གཞུང་སྐྱོང་དབང་ཚད་ བཙན་ལེན་འབད་བའི་ཤུལ་ལས་ སྤྱི་ལོ་ ༢༠༡༤ དང་ ༢༠༡༨ ལུ་ དམངས་གཙོའི་རིང་ལུགས་ནང་ བློན་ཆེན་སྦེ་ བཙག་འཐུ་གྲུབ་ཡོདཔ་ཨིན་པས།ཨིན་རུང་ སྤྱི་ལོ་ ༢༠༢༢ ཀྱི་ བཙག་འཐུའི་ནང་ལས་ ད་རེས་ཀྱི་བློན་ཆེན་ སི་ཏེ་བེ་ནི་ར་བུ་ཀ་གིས་ འགོ་ཁྲིད་འོག་ལུ་ སྲིད་ཚོགས་མཉམ་བསྡོམས་ཐོག་ལས་ ཕམ་བཏང་ནུག།སྤྱི་ཟླ་ ༥ པའི་ཚེས་ ༩ ལུ་ བློན་ཆེན་བགྲེསཔ་དེ་ ལག་པར་ཨ་ལོང་བཏགས་ཏེ་ […]

World News

ག་ཟ་ཁྲོམ་ཁར་ བཟའ་ཆས་ཀྱིས་ མ་ལང་པའི་དཀའ་ངལ།

ཨཱལ་ཇ་ཟི་ར། སྤྱི་ཟླ་ ༥ པའི་ཚེས་ ༨ ལུ་ པེ་ལིཛ་ཊིན་གྱི་ཁྲོམ་ ལྷོ་ཕྱོགས་ག་ཟ་ལུ་ཡོད་མི་ ར་ཕ་ཨིན་ཌོ་ནེ་ཤི་ཡཱན་ ཡན་ལག་སྨན་ཁང་ནང་ ཨིཛ་རེལ་གྱིས་ གནོད་འཚུབ་བཀལ་མི་ ནདཔ་ཚབས་ཆེན་ཚུ་ སྨན་བཅོས་འབད་དོ་ཡོདཔ་ཨིན་པས།ཨིན་རུང་ སྨན་ཁང་དེ་ནང་ སྨན་བཅོས་ཀྱི་ མཁོ་ཆས་ཚུ་ ཉིན་གྲངས་ ༣ གྱི་རིང་ལུ་མ་གཏོགས་ མི་ལང་ནི་བཟུམ་ཅིག་འདུག་ཟེར་ འཛམ་གླིང་གསོ་བའི་ལས་ཚོགས་ཀྱིས་ གསལ་བཤད་ཡོདཔ་ད་ དེ་ཡང་ ཨིཛ་རེལ་གྱིས་ གོ་མཚོན་སྟོབས་ཚུ་དང་སྦྲགས་ཏེ་ ས་ཐོག་དམག་སྡེ་ཚུ་ བཏང་ཞིནམ་ལས་ པེ་ལིཛ་ཊིན་གྱི་ཁྲོམ་ རཱ་ཕ་ཟེར་སར་ ཨི་ཇིབ་བརྒྱུད་དེ་ མཁོ་ཆས་སྐྱེལ་འདྲེན་འབད་མི་ འཛུལ་སྒོ་དེ་ཡང་ བཙན་བཟུང་འབད་ནུག།འཛམ་གླིང་སྤྱི་ཚོགས་ གསོ་བའི་ལས་སྡེའི་ ཡོངས་ཁྱབ་མདོ་ཆེན་གྱིས་ ས་གནས་དེ་ཁར་ མཁོ་ཆས་ཚུ་ སྐྱེལ་འདྲེན་འབད་ནི་སྦེ་ཡོད་རུང་ འཛུལ་སྒོ་བཀག་བཞག་པའི་ཁར་ ཨིཛ་རེལ་གྱི་ དབང་འཛིན་ཚུ་གིས་ གྲོགས་རམ་ཚུ་ཡང་ ཚད་འཛིན་འབདཝ་མས་ཟེར་ཨིན་པས།ཨིཛ་རེལ་གྱིས་ རཱ་ཕ་ཁྲོམ་ཁར་ ཧ་མཱཛ་དམག་མི་ སྟོང་ཕྲག་སྦེ་ཡོདཔ་ལས་ ས་གནས་དེ་ཁར་ དྲག་པོའི་སྒོ་ལས་ གནོད་འཚུབ་བཀལ་ནི་ཨིན་པའི་ ཉེན་བརྡ་ཡང་འབད་ནུག།དེ་འབདཝ་ད་ ས་གནས་གཞན་ཁར་ ཕྱད་མདའ་ལས་ཟུར་ཐབས་ལུ་ ཨིཛ་རེལ་གྱིས་ རཱ་ཕ་ལུ་སོང་ཟེར་བའི་ […]

World News

ར་ཤི་ཡའི་སྲིད་འཛིན་ ཝཱལ་ཌི་མིར་ པུ་ཊིན་དེ་ སྲིད་འཛིན་སྦེ་ ཡང་བསྐྱར་བཙག་འཐུ།

བི་བི་སི། སྤྱི་ཟླ་ ༥ པའི་ཚེས་ ༧ ལུ་ ར་ཤི་ཡའི་སྲིད་འཛིན་ ཝཱལ་ཌི་མིར་ པུ་ཊིན་དེ་ ལོ་ངོ་ ༦ རེ་འབད་མི་ སྲིད་འཛིན་གྱི་ གནས་ཡུན་ཐེངས་ ༥ པའི་དོན་ལུ་ ལོག་སྟེ་ར་ བཙག་འཐུ་གྲུབ་ནུག།སྲིད་འཛིན་པུ་ཊིན་གྱིས་ བློན་པོ་དང་ ཆེ་མཐོའི་འགོ་དཔོན་ཚུ་ལུ་ ང་བཅས་ཆ་ཁྱབ་ག་ར་ གཅིག་སྒྲིལ་ཅན་གྱི་ བསྔགས་བསྟོད་རུང་བའི་ མི་ཙང་ཙང་ཨིནམ་ལས་ ང་བཅས་ཀྱིས་ ཐོགས་ཆག་ཡོངས་རྫོགས་བསལ་ཏེ་ འཆར་གཞི་ཚུ་ འགྲུབ་ནི་ཡོདཔ་ བཟོ་ཐོག་ལས་ རྒྱལ་ཁ་འཐོབ་ཚུགསཔ་འབད་དགོ་ཟེར་ གསུངས་ཡོདཔ་ཨིན་པས།ཨིན་རུང་ སྲིད་འཛིན་པུ་ཊིན་དེ་ སྤྱི་ལོ་ ༢༠༠ སྤྱི་ཟླ་ ༥ པའི་ནང་ སྲིད་འཛིན་གྱི་ གོ་གནས་དང་པ་ བཞེས་པའི་དུས་ཚོད་དང་ ད་རེས་ཀྱི་ དུས་ཚོད་མ་འདྲཝ་ཡོདཔ་ད་ དེ་བསྒང་འབད་བ་ཅིན་ ཁོ་གིས་ རྒྱལ་ཁབ་ཀྱི་ དམངས་གཙོའི་རིང་ལུགས་དེ་ ཉམས་སྲུང་ཐོག་ལས་ གོང་འཕེལ་བཏང་ནི་ཨིན་པའི་ ཁས་བླངས་འབད་ནུག།ད་རེས་ ལོ་ངོ་ ༢༤ གི་ཤུལ་ལུ་ ར་ཤི་ཡའི་ དབུ་ཁྲིད་དེ་གིས་ ཡུ་ཀེ་རེན་དང་གཅིག་ཁར་ […]

World News

རྒྱ་ནག་གིས་ ཟླ་བའི་ལོགས་ལས་ དཔེ་ཚད་ཚུ་ བསྡུ་ལེན་འབད་ཐབས་ལུ་འཕྲུལ་སྐར།

རོའི་ཊརཛ། སྤྱི་ཟླ་ ༥ པའི་ཚེས་ ༣ གྱི་ཕྱི་རོ་ ཆུ་ཚོད་ ༥.༢༧ དེ་ཅིག་ཁར་ རྒྱ་ནག་གིས་ ཝེན་ཅང་མཁའ་དབྱིངས་འཕྲུལ་སྐར་ལྟེ་བ་ལས་ ཟླཝ་ ༢ ཀྱི་རིང་ལུ་ ཟླ་བའི་ལོགས་ལས་ དཔེ་ཚད་ཚུ་ བསྡུ་ལེན་འབད་ཐབས་ལུ་ འབྱུང་རབས་ཅན་གྱི་ ལོང་མར་ཅི་-༥ ཟེར་མི་ མི་མེད་འཕྲུལ་སྐར་བཏང་ཡོདཔ་ད་ འཛམ་གླིང་ནང་ལས་ དེ་བཟུམ་མའི་ ཐབས་ལམ་སྒྲིག་མི་དེ་ རྒྱལ་ཁབ་དང་པ་ཨིན་པས།དེ་ཡང་ འཕྲུལ་སྐར་དེ་ ཟླ་བའི་ལྷོ་ཕྱོགས་ འཛམ་གླིང་དང་ གདོང་སྐོར་རྩ་ལས་ར་ མ་ཕོག་མིའི་ལོགས་ལུ་ཆགས་ཏེ་ དཔེ་ཚད་ཚུ་ བསྡུ་ལེན་འབད་ནི་ཨིན་པས་ཟེར་བཀོད་ནུག།ཕ་རཱནཛ་གི་ ཞིབ་འཚོལ་པ་ པི་ཡ་རི་ཡུབཛ་ མེཛ་ལིན་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ རྒྱ་ནག་གིས་ དེ་བཟུམ་མའི་ བློ་སྤོབས་ཆེ་བའི་ ལས་རིམ་བརྩམ་མི་དེ་ ག་དེ་སྦེ་ བརྩམས་ཡོདཔ་ཨིན་ནའི་སྐོར་ལས་ ཤེས་རྟོགས་མ་བྱུང་ཟེར་ཨིན་པས།སྤྱི་ལོ་ ༢༠༡༨ ལུ་ཡང་ རྒྱ་ནག་གི་ མི་མེད་འཕྲུལ་སྐར་དང་པ་དེ་ ཟླ་བའི་ལོགས་ལུ་ ཆགས་ཡོདཔ་ད་ དེ་སྦེ་ འཛམ་གླིང་ནང་ལས་ མཐོང་མ་ཚུགས་མི་ ཟླ་བའི་ལོགས་ལས་ དཔེ་ཚད་བསྡུ་ལེན་འབད་མི་དེ་ འདས་པའི་ལོ་ངོ་ […]

World News

བ་ར་ཟིལ་ལུ་ གློག་མེའི་ཆུ་མཛོད་ རྦད་ཡར་སོངཔ་ལས་ མི་གྲངས་ ༣༠ ལྷགཔ་ཅིག་ལུ་ཤི་རྐྱེན།

བི་བི་སི། སྤྱི་ཟླ་ ༥ པའི་ཚེས་ ༣ ལུ་ བ་ར་ཟིལ་རྒྱལ་ཁབ་ཀྱི་ ལྷོ་ཕྱོགས་ཁ་ཐུག་ལུ་ ཆརཔ་ཤུགས་སྦེ་རྐྱབ་སྟེ་ གློག་མེའི་ཆུ་མཛོད་ཅིག་ རྦད་ཡར་སོངཔ་ལས་ མི་གྲངས་ ༣༠ ལྷགཔ་ཅིག་ལུ་ ཤི་རྐྱེན་བྱུང་ཡོདན་པས།དེ་ལས་ རི་ཡོ་གེ་རེན་ཌེ་ ཌོ་སུལ་ཟེར་ས་ལས་ མི་གྲངས་ ༦༠ དེ་ཅིག་ འཚོལ་མ་ཐོབ་པར་ཡོདཔ་ད་ མི་གྲངས་ ༡༥,༠༠༠ དེ་ཅིག་ རང་སོའི་སྡོད་ཁྱིམ་ལས་ཟུར་ཏེ་ ས་གནས་གཞན་ཁར་ སྤོ་དགོཔ་བྱུང་པའི་ཁར་ མི་གྲངས་ ༥༠༠,༠༠༠ དེ་ཅིག་ལུ་ཡང་ གློག་མེ་དང་ གཙང་སྦྲ་དང་ལྡན་པའི་ འཐུང་ཆུ་ཚུ་མེད་པའི་ དཀའ་ངལ་ཐོན་ནུག།དེ་ཡང་ ཆརཔ་ཤུགས་སྦེ་ རྐྱབ་ནི་དེ་གིས་ ཧེ་མ་ལས་ ཆུ་འཁྱིལ་ཏེ་ཡོད་པའི་གུ་ གློག་མེའི་ཆུ་མཛོད་ཡང་ རྦད་འགྱོཝ་ལས་ མི་ཊར་ ༢ དེ་ཅིག་གི་རྩིས་ ཆུ་ཧེང་སྐལ་འཁྱིལ་ཡོདཔ་ཨིན་པས།བ་ར་ཟིལ་གྱི་སྲིད་འཛིན་ ལུའི་ཨི་ན་སི་ཡོ་ ལུ་ལ་ཌ་ སིལ་ཝ་གིས་ དཀའ་ངལ་བྱུང་སའི་ ས་ཁོངས་དེ་ནང་ གཟིགས་སྐོར་གནང་པའི་ཤུལ་ལས་དབུས་གཞུང་ལས་ ཆ་རོགས་ཚུ་འབད་ནི་ཨིན་པའི་ ཁས་བླངས་ཡང་འབད་ཡོདཔ་ཨིན་པས།མ་གཞི་ ཧེ་མ་འབད་བ་ཅིན་ མངའ་སྡེ་དེ་གི་ གཙོ་འཛིན་གྱིས་ […]

World News

མེག་སི་ཀོ་ལུ་ ཨཱཛ་ཊེ་ལི་ཡའི་ བལྟ་བཤལཔ་ ༢ དང་ ཡུ་ཨེཛ་གི་ བལྟ་བཤལཔ་ ༡ བྱང་སྟོར།

རོའི་ཊརཛ། སྤྱི་ཟླ་ ༥ པའི་ཚེས་ ༢ ལུ་ རྒྱལ་སྤྱིའི་གནས་ཚུལ་ནང་ བཀོད་དོ་བཟུམ་འབད་བ་ཅིན་ མེག་སི་ཀོ་ལུ་ ག་ནི་བ་ཡང་ ཉེན་ཁ་ཆེ་བའི་མཚོ་འགྲམ་ བ་ཇ་ཀ་ལི་ཕོར་ནི་ཡ་ཟེར་སར་ རླབས་རྩེད་འབད་མི་ ཨཱཛ་ཊེ་ལི་ཡ་ལས་ བལྟ་བཤལ་པ་ ༢ དང་ ཡུ་ཨེཛ་ལས་ ༡ འབདཝ་ད་ བལྟ་བཤལཔ་ ༣ བྱང་སྟོར་ཤོར་ནུག་ཟེར་ཨིན་པས།དེ་སྦེ་ བྱང་སྟོར་ཤོར་མི་ ༣ ཡང་ ཨཱཛ་ཊེ་ལི་ཡ་ལས་ ཀ་ལམ་དང་ ཇེག་རོ་བིན་སཱན་ཟེར་མི་ སྤུན་མཆེད་ ༢ དང་ ཡུ་ཨེཛ་ལས་ ཇེག་ཀར་ཊར་རཱོད་ཟེར་མི་ཚུ་ཨིནམ་སྦེ་བཀོད་ནུག།ཁོང་ ༣ བྱང་སྟོར་ཤོར་ཡོད་པའི་སྐོར་ལས་ སྤྱི་ཟླ་ ༤ པའི་ཚེས་ ༢༩ ལུ་ བ་ཇ་ཀ་ལི་ཕོར་ནི་ཡའི་ རྩོད་བཤེར་ཡིག་ཚང་ནང་ སྙན་ཞུ་འབད་ཡོདཔ་ད་ དེ་བསྒང་ ཁོང་ ༣ ཡུ་ཨེཛ་གི་ ལྷོ་ཕྱོགས་ཁ་ཐུག་ལུ་ ཆུ་ཚོད་ཕྱེད་དང་ ༢ དེ་ཅིག་འགོར་མི་ མེག་སི་ཀོའི་ ས་མཚམས་ཁར་ རླབས་རྩེད་ཀྱི་དོན་ལུ་ […]

World News

ཨིན་ཌོ་ནེ་ཤི་ཡ་ལུ་ མེ་རི་ཐོན་པའི་རྐྱེན་གྱིས་ གནམ་གྲུ་ཚུ་ འཕུར་མ་ཚུགས་པའི་ཁར་ མི་སེར་ཚུ་ཡང༌ ས་གནས་གཞན་ཁར་སྤོ་བཤུད།

ཨཱལ་ཇ་ཟི་ར། སྤྱི་ཟླ་ ༥ པའི་ཚེས་ ༡ ལུ་ ཨིན་ཌོ་ནེ་ཤི་ཡའི་ གངས་རི་རུ་ཨང་ཟེར་ས་ལས་ མེ་རི་ཐོན་པ་ལུ་བརྟེན་ཏེ་ གནམ་གྲུ་ཚུ་ འཕུར་འགྲུལ་འབད་མ་ཚུགས་པའི་ཁར་ མི་སེར་ཚུ་ཡང་ སྟོང་ཕྲག་ལས་བཅད་དེ་ ས་གནས་གཞན་ཁར་ སྤོ་བཤུད་འབད་དགོཔ་ཐོན་ནུག།དེ་ཡང་ མེ་རི་དེ་ཁ་ལས་ ཐལཝ་ཚ་ཏོམ་ ཐོན་མི་དེགིས་ ཀི་ལོ་མི་ཊར་ ༥ དེ་ཅིག་གི་རྩིས་ གནམ་ཁར་འཕར་ཡོདཔ་མ་ཚད་ མེ་རི་དེ་ལུ་བརྟེན་པའི་ རག་རོ་ཚུ་ཡང་ རྒྱ་མཚོའི་ནང་ བུད་ཞིནམ༌ལས་ ཆུ་དང་སྦྲགས་ཏེ་ རླུང་འཚུབ་ལངས་ནི་གི་ ཉེན་ཁ་ཡང་ཡོདཔ་ཨིན་པས།ཨིན་ཌོ་ནེ་ཤི་ཡའི་ རྐྱེན་ངན་འཛིན་སྐྱོང་ལས་སྡེའི་ བརྙན་ཐུང་ཚུ་ནང་བལྟཝ་ད་ རུ་ཨང་གངས་རི་ལས་ཐོན་མི་ མེ་རིའི་དོང་ནང་ལས་ ལྕགས་ཞུན་དམརཔོ་དང་ རྡོ་ཕོང་ཚུ་ གནམ་ཁར་འཕར་བའི་ གློག་འཁྱུག་ཚུ་ཡང་ མཐོང་དོ་ཡོདཔ་སྦེ་བཀོད་ནུག།ལས་སྡེ་དེ་གིས་ རུ་ཨང་མཚོ་གླིང་ནང་སྡོད་མི་ མི་གྲངས་ ༨༤༣ ཡོད་མི་ཚུ་ ཀི་ལོ་མི་ཊར་ ༡༠༠ དེ་ཅིག་གི་ ས་ཁར་ཡོད་མི་ མ་ན་དོ་ལུ་ སྤོ་བཤུད་འབད་ཡི་ཟེར་ཨིནམ་ད་ རུ་ཨང་མཚོ་གླིང་གི་ ཉེ་འདབས་ལུ་ཡོད་མི་ ཏ་གུ་ལཱན་དང་ མཚོ་གླིང་ལས་ཡང་ མི་གྲངས་ ༡༢,༠༠༠ དེ་ཅིག་ […]

World News

མི་སྡེ་བརྡ་བརྒྱུད་ ཝཱཛ་ཨེབ་བརྒྱུད་དེ་ མ་དངུལ་ཨར་རྐུན།

བི་བི་སི། སྤྱི་ཟླ་ ༤ པའི་ཚེས་ ༣༠ ལུ་ སི་པེན་རྒྱལ་ཁབ་ནང་ མི་སྡེ་བརྡ་བརྒྱུད་ ཝཱཛ་ཨེབ་ལག་ལེན་འཐབ་མི་ཚུ་ལས་ ཉེ་ཚན་ཨིན་ལུགས་བཟོ་སྟེ་ ཡུ་རོ་ས་ཡ་ལེ་ཤ་ཅིག་ ཨར་རྐུན་འབད་མི་ ༡༠༠ ལྷགཔ་ཅིག་ འཛིན་བཟུང་འབད་ནུག།སི་པེན་རྒྱལ་ཁབ་ཀྱི་ ཁྲིམས་སྲུང་འགག་སྡེ་གིས་ བཤད་དོ་བཟུམ་འབད་བ་ཅིན་ མ་དངུལ་ཨར་རྐུན་འབད་མི་ཚུ་གིས་ མ་དངུལ་ཨར་རྐུན་ཤོར་མི་ ཉམས་རྒུད་པ་ཚུ་ལས་ ཡུ་རོ་ ༨༠༠ ལས་ ཡུ་རོ་ ༥༥,༠༠༠ གི་བར་ན་ གཡོ་སྒྱུའི་སྒོ་ལས་ རྩིས་ཐོ་སྤོ་སོར་འབད་ནུག་ཟེར་ཨིན་པས།ད་ཚུན་གྱི་བར་ན་ ཨཱལ་ཀེན་ཊེ་མངའ་སྡེ་ལས་ར་ ཉམས་རྒུདཔ་ ༢༣༨ དེ་ཅིག་ ངོས་འཛིན་འབད་ཡོདཔ་ད་ ཉེས་དོགས་པ་ཚུ་ཡང་ མངའ་སྡེ་ཨཱལ་ཀེན་ཊེ་དང་ བར་སེ་ལོ་ན་ གི་རོ་ན་ མ་ཌིཌ་ མ་ལ་ག་ དེ་ལས་ བེ་ལེན་ཤི་ཡ་ཚུ་གི་ནང་ལས་ འཛིན་བཟུང་འབད་ནུག།དེ་བཟུམ་མའི་ གཡོ་སྒྱུ་འཇམ་ཤོས་དེ་ར་ མགུ་སྐོར་རྐྱབ་མི་ཚུ་གིས་ འགྲུལ་འཕྲིན་ཨང་གྲངས་གསརཔ་ཅིག་ལེན་ཏེ་ ཉམས་རྒུད་པའི་ ཉེ་ཚན་ཨིནམ་སྦེ་ རྫུན་མ་བཟོ་ཐོག་ལས་ གློ་བུར་དུ་ མ་དངུལ་དགོས་མཁོ་ཡོད་་ལུགས་ཚུ་བཤད་དེ་ ལེན་ནུག་ཟེར་ཨིན་པས།དེ་ཡང་ ཁོང་གིས་ འགྲུལ་འཕྲིན་མེདཔ་ཐལ་ཡོད་ལུགས་དང་ ཡང་ཅིན་ བྱང་སྟོར་ཤོར་ཡོད་ལུགས་ཚུ་བཤད་དེ་ […]

World News

ཁྲིམས༌སྲུག༌འགག༌སྡེ༌གིས༌ནིའུ་ཡོག་ལུ་ པེ་ལིཛ་ཊིན་གྱི་ རྒྱབ་སྐྱོར་ལུ་ ངོ་རྒོལ་འགྲེམ་སྟོན་འབད་མི་ཚུ་འཛིན་བཟུང་།

རོའི་ཊརཛ། སྤྱི་ཟླ་ ༤ པའི་ཚེས་ ༣༠ ལུ་ ཀོ་ལམ་བི་ཡ་ གཙུག་ལག་སློབ་སྡེའི་ནང་ལས་ ཁྲིམས་སྲུང་འགག༌པ་ཚུ་གིས་ པེ་ལིཛ་ཊིན་གྱི་ རྒྱབ་སྐྱོར་ལུ་ ངོ་རྒོལ་འགྲེམ་སྟོན་འབད་མི་ཚུ་ འཛིན་བཟུང་འབད་ནུག།དེ་ཡང་ ངོ་རྒོལ་འགྲེམ་སྟོན་འབད་མི་ཚུ་གིས་ གཙུག་ལག་སློབ་སྡེའི་ སྒྲིང་ཁྱིམ་ཅིག་ བཙན་བཟུང་འབད་དེ་ སྡོད་ཡོདཔ་ལས་ ངོ་རྒོལ་འགྲེམ་སྟོན་གྱི་ སྒར་བཟུམ་ཅིག་ལུ་ གྱུར་ཡོདཔ་ཨིན་པས།ཁྲིམས་སྲུང་འགག༌སྡེ༌གིས་ ངོ་རྒོལ་འགྲེམ་སྟོན་འབད་མི་ཚུ་ འཛིན་བཟུང་འབད་བའི་ཤུལ་ལས༌ གཙུག་ལག་སློབ་སྡེའི༌གཙོ་འཛིན་ མི་ནུཤ་ཤ་ཕིག་གིས་ ཁྲིམས་སྲུང་འགག༌པ་ཚུ་ གཙུག་ལག་སློབ་སྡེའི་ སློབ་ཕྲུག་ཚུ་ལུ་ མཐར་འཁྱོལ་ལག་ཁྱེར་ཚུ་ མ་སྤྲོད་ཚུན་འབདཝ་ད་ སྤྱི་ཟླ་ ༥ པའི་ཚེས་ ༡༧ ཚུན་ གཙུག་ལག་སློབ་སྡེའི་ནང་ར་ སྡོད་དགོ་པའི་ བརྡ་སྐུལ་ཡི་གུ་ སྤྲོད་ཡོདཔ༌ད༌ དེ་ཡང་ སློབ་སྡེའི་ནང་ སྒྲིག་འཛིན་དང་ ངོ་རྒོལ་འགྲེམ་སྟོན་གྱི་ སྒར་བཅག་ནི་ལས་ བཀག་ཐབས་ལུ་ཨིན་ཟེར་ བཀོད་དེ་ཡོདཔ་ཨིན་པས།ཁྲིམས་སྲུང༌འགག༌སྡེ་གིས་ བཤད༌དོ༌བཟུམ༌འབད༌བ༌ཅིན༌ དུས་ཡུན་ཆུ་ཚོད་ ༣ གྱི་ ནང་འཁོད་ལུ༌ ངོ་རྒོལ་འགྲེམ་སྟོན་འབད་མི་ཚུ་ འཛིན་བཟུང་འབད་དེ་ གཙུག་ལག་སློབ་སྡེའི་ ས་ཁོངས་དེ་ནང་ […]

World News

ར་ཤི་ཡ་གིས་ མི་ཛ་ཡེལ་ཚུ་བཏངམ་ལས་ ཡུ་ཀེ་རེན་གྱི་ མི་ལྔ་ལུ་ཤི་རྐྱེན།

རོའི་ཊརཛ། སྤྱི་ཟླ་ ༤ པའི་ཚེས་ ༣༠ ལུ་ ར་ཤི་ཡ་གིས་ མི་ཛ་ཡེལ་བཏངམ་ད་ ཡུ་ཀེ་རེན་གྱི་ཁྲོམ་ཚོགས་ ཨོ་དེ་སའི་ མཚོ་འགྲམ་ལུ་ཡོད་མི་ ཤེས་རིག་ཙུག་སྡེ་ཅིག་གུ་ཕོགཔ་ལས་ མི་གྲངས་ ༥ ཤི་རྐྱེན་དང་ ༣༢ ལུ་ རྨ་སྐྱོན་བྱུང་ནུག།ཨོ་དེ་ས་ ལུང་ཕྱོགས་གཙོ་འཛིན་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ རྨ་སྐྱོན་བྱུང་མིའི་གྲངས་སུ་ ཨ་ལོ་ཆུང་ཀུ་ ༢ དང་ མངལ་སྦྲུམ་ཅན་གྱི་ ཨམ་སྲུ་ ༡ ཡང་ཡོད་ཟེར་ཨིནམ་ད་ རྨ་སྐྱོན་བྱུང་མི་ཚུ་གི་གྲས་ལས་ ནདཔ་ ༨ གནས་སྟངས་འཚུབ་དྲགས་སྦེ་ཡོདཔ་ཨིན་པས།.ཁྲོམ་ཚོགས་ཨོ་དེ་སའི་ ཁྲོམ་དཔོན་ཧེ་ན་དི་ ཊུ་ཁ་ནོབ་ཀྱིས་ མི་དེ་ཚུ་ རྒྱ་མཚོའི་མཐའམ་བདའ་སྟེ་ ལམ་འགྲུལ་འབད་དེ་ སྡོད་པའི་བར་ན་ཡང་ ཀྲོབ་མདའ་ཚུ་རྐྱབ་སྟེ་ དམར་བསད་འབདཝ་མས་ཟེར་བཤད་ནུག།བར་སྐབས་ཅིག་ ར་ཤི་ཡ་གིས་ ཁྲོམ་ཚོགས་ཨོ་དེ་ས་དེ་ དམིགས་བསལ་མཚོ་འགྲམ་གྱི་ གཞི་རྟེན་མཁོ་ཆས་ཚུ་ཡོད་མི་ ས་ཁོངས་ཅིག་ཨིནམ་ལས་ མི་ཛ་ཡེལ་དང་ ཌྲཱོན་ཚུ་གི་ཐོག་ལས་ གནོད་འཚུབ་ཡང་བསྐྱར་དུ་ བཀལ་བའི་སྐོར་ལས་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

Online now: 9 Today: 1622 Total visitors: 14985