ArchiveAboutContact

Category: World News

World News

འཛམ་གླིང་ནུབ་ཕྱོགས་ཀྱི་ རྒྱལ་ཁབ་ཚུ་གིས་ འགྲོ་བ་མིའི་ཐོབ་དབང་ ལོག་སྤྱོད་ཀྱི་སྐོར་ལས་ རྒྱ་ནག་ལུ་ཁ་ཉེས།

རོའི་ཊརཛ། སྤྱི་ཟླ་ ༡༠ པའི་ཚེས་ ༢༢ ལུ་ འཛམ་གླིང་སྤྱི་ཚོགས་ནང་ ཨཱཛ་ཊེ་ལི་ཡ་དང་ ཡུ་ཨེཛ་གིས་གཙོས་པའི་ རྒྱལ་ཁབ་གཞན་ ༡༣ གྱིས་ རྒྱ་ནག་གི་ས་གནས་ ཟིན་ཇི་ཡང་དང་ བོད་ལུ་ འགྲོ་བ་མིའི་ཐོབ་དབང་ ལོག་སྤྱོད་འབད་ཡོད་པའི་སྐོར་ལས་ རྒྱ་ནག་ལུ་ ཉེས་ཁ་བཀལ་ནུག།ཨིན་རུང་ རྒྱ་ནག་གིས་འབད་བ་ཅིན་ པེ་ལིཛ་ཊིན་གྱི་ ས་གནས་ག་ཟ་ལུ་ མི་སེར་ཚུ་ སྡུག་སྦྱོང་གཏང་མི་དེ་ རྒྱབ་ཁར་བསྐྱུར་ཏེ་ རྒྱ་ནག་ལུ་ དེ་བཟུམ་མའི་ ཁ་ཉེས་བཀལཝ་མས་ཟེར་ཨིན་པས།ནིའུ་ཡོག་ལུ་ཡོད་མི་ འཛམ་གླིང་སྤྱི་ཚོགས་དང་ ཇི་ནི་ཝ་ལུ་ཡོད་མི་ འཛམ་གླིང་སྤྱི་ཚོགས་ འགྲོ་བ་མིའི་ཐོབ་དབང་ལྷན་ཚོགས་ནང་ རྒྱ་ནག་གིས་ ཨུ་གུར་དང་ མུཛ་ལིམ་རིགས་བརྒྱུད་ལུ་ མ་ལེགསཔ་འབད་དོ་ཡོད་པའི་སྐོར་ལས་ དུས་རྒྱུན་གྱི་ གནད་དོན་ཅིག་སྦེ་ ཐོནམ་འཐོན་སར་ཡོདཔ་ཨིན་པས།འཛམ་གླིང་སྤྱི་ཚོགས་ནང་ ཨཱཛ་ཊེ་ལི་ཡའི་གཞུང་ཚབ་ ལར་སེན་གྱིས་ འཛམ་གླིང་སྤྱི་ཚོགས་ འགྲོ་བ་མིའི་ཐོབ་དབང་ཚོགས་ཆུང་ལུ་ རྒྱ་ནག་གིས་ ཁས་བླངས་འབད་ཡོདཔ་བཞིན་དུ་ རྒྱལ་སྤྱི་འགྲོ་བ་མིའི་ཐོབ་དབང་གི་ འགན་ཁུར་ཚུ་ ངེས་པར་དུ་འབག་ནི་ཡོདཔ་ བཟོ་དགོཔ་མ་ཚད་ འཛམ་གླིང་སྤྱི་ཚོགས་ཀྱིས་ གྲོས་དོན་བཀོད་མི་ གནད་དོན་ཚུ་ཡང་ འགྲུབ་དགོཔ་སྦེ་བཤད་ནུག།དེ་བཟུམ་སྦེ་ རྒྱ་ནག་གི་ ས་གནས་ཟིན་ཇི་ཡང་དང་ […]

World News

ཤར་ལྷོ་ཨེ་ཤི་ཡའི་ ལུང་ཕྱོགས་ནང་ ས་འོག་གྱུར་རྡོའི་ ཐོན་ཁུངས་ལུ་ མང་སུ་བརྟེན་དགོ་ནི།

ཨཱལ་ཇ་ཟི་ར། ཤར་ལྷོ་ཨེ་ཤི་ཡའི་ ལུང་ཕྱོགས་ནང་ གློག་མེའི་དགོས་མཁོ་ ཡར་སེང་འགྱོ་བའི་ དཀའ་ངལ་སེལ་ཐབས་ལུ་ ས་འོག་གྱུར་རྡོའི་ ཐོན་ཁུངས་ལུ་ མང་སུ་བརྟེན་དགོ་པའི་ གནས་སྟངས་ཤར་ནུག།ཡུ་ཀེ་ཨེམ་བར་སྡེ་ཚན་གྱི་ སྙན་ཞུ་ལྟར་དུ་འབད་བ་ཅིན་ ཤར་ལྷོ་ཨེ་ཤི་ཡ་ཚོགས་པའི་ རྒྱལ་ཁབ་ཚུ་ནང་ འདས་པའི་ལོ་ནང་ སྤྱིར་སྙོམས་ལུ་ གློག་མེའི་དགོས་མཁོ་ འགྲུབ་ནི་དང་འབྲེལ་ཏེ་ ས་འོག་གྱུར་རྡོའི་ ཐོན་ཁུངས་སྤྱོད་ཚད་ བརྒྱ་ཆ་ ༣.༦ གིས་ ཡར་སེང་སོང་ནུག་ཟེར་ཨིན་པས།སླར་བྱུང་ནུས་ཤུགས་ཀྱི་ ཐོན་ཚད་དེ་ སྤྱི་ལོ་ ༢༠༢༢ ལུ་ བརྒྱ་ཆ་ ༢༨ ལས་ འདས་པའི་ལོ་ནང་ བརྒྱ་ཆ་ ༢༦ ལུ་ མར་བབས་སོང་ཡོདཔ་ད་ དེ་བཟུམ་སྦེ་ བཙོག་རླུང་ཀཱར་བོན་གྱི་ ཐོན་ཚད་དེ་ཡང་ འདས་པའི་ལོ་ནང་ བརྒྱ་ཆ་ ༦.༦ ཡར་སེང་སོང་ཡོདཔ་ལས་ བཙོག་རླུང་ཀཱར་བཱོན་ ཊཱོན་ས་ཡ་ ༤༤ དེ་ཅིག་གིས་ མཁའ་དབྱིངས་ལུ་ ཧེང་བཀལ་གང་ཡོདཔ་སྦེ་བཀོད་ནུག།དེ་ཡང་ རྡོ་སོལ་ལུ་བརྟེན་ཏེ་ མཁའ་དབྱིངས་ལུ་ བཙོག་གྲིབ་མང་སུ་ ཕོག་བཅུག་མི་ རྒྱལ་ཁབ་ཚུ་ཡང་ ཝེཊ་ནཱམ་དང་ མ་ལེ་ཤི་ཡ་ […]

World News

ཨ་མི་རི་ཀའི་ སྲིད་འཛིན་འོགམ་ ཨམ་ཀ་མ་ལ་ ཧར་རིཛ་དང་ དྲི་བ་དྲིས་ལན།

བི་བི་སི། ཨ་མི་རི་ཀའི་ སྲིད་འཛིན་འོགམ་ ཨམ་ཀ་མ་ལ་ ཧར་རིཛ་དང་ མོ་གི་སྡེ་ཚན་གྱིས་ མོ་གི་བྱང་ཕྱད་ ཌོ་ནཱལ་ཊཱམ་གྱིས ཚོགས་རྒྱན་ཆ་མཉམ་ རྩིས་མ་རྐྱབ་པའི་ཧེ་མར་ སྲིད་འཛིན་བཙག་འཐུའི་ནང་ རྒྱལ་ཁ་ཐོབ་ཡོདཔ་སྦེ་ གསལ་བསྒྲགས་འབད་བ་ཅིན་ གྲ་སྒྲིག་ཡོདཔ་སྦེ་ ཨེན་བི་སི་ལུ་ བཤདཔ་ཨིན་པས། དེ་ཡང་ ཨམ་ཧར་རིཛ་དང་ ཧེ་ལི་ཇེག་སཱོན་ ༢ ཀྱི་བར་ན་ ཡུ་ཨེཛ་མཚོ་དམག་གི་ བལྟ་རྟོག་ཁང་ནང་སྦེ་ དྲི་བ་དྲིས་ལན་འབད་མི་དེ་ ཨེན་བི་སི་གིས་ སྒྲ་བཟུང་ཐོག་ལས་ སྤྱི་ཟླ་ ༡༠ པའི་ཚེས་ ༢༢ ཀྱི་ཕྱི་རོ་ རྒྱང་བསྒྲགས་འབད་ནུག། དམངས་གཙོ་ཚོགས་པའི་ ཡུ་ཨེཛ་གི་ སྲིད་འཛིན་འདེམས་ངོ་ ཨམ་ཧར་རིཛ་གིས་ སྲིད་འཛིན་ཇོ་བ་ཡེ་ཌེན་གྱིས་ བཙག་འཐུའི་འདེམས་ངོ་ནང་ལས་ མ་ཐོན་པའི་ཧེ་མར་ རྩོད་བསྡུར་ལེགས་ཤོམ་སྦེ་ འབད་མ་ཚུགསཔའི་སྐོར་ལས་ དྲི་བ་འབད་མི་ཚུ་ལུ་ ལན་རྐྱབ་ཡོདཔ་ཨིན་པས། དེ་མ་ཚད་ ཨམ་ཧར་རིཛ་གིས་ སྲིད་འཛིན་བགྲེསཔ་ ཌོ་ནཱལ་ཊཱམ་ལུ་ བཟོད་གསོལ་འབད་ནི་དང་ འདེམས་ངོ་འདི་ ཨམ་སྲུ་ཅིག་འབདཝ་ལས་ གལ་གནད་ཆེ་བའི་ བྱུང་རབས་ཅན་གྱི་ དྲི་བ་ཚུ་ཡང་ བཀོད་འདུག་པའི་གནས་ཚུལ།

World News

མ་ཡན་མར་གྱི་ དྲག་པོའི་སྲིད་གཞུང་ལུ་ ངོ་རྒོལ་འབད་མིའི་ནང་ མུཛ་ལིམ་ཚུ་གིས་གྲལ་གཏོགས།

ཨཱལ་ཇ་ཟི་ར། མ་ཡན་མར་གྱི་ དྲག་པོའི་སྲིད་གཞུང་ལུ་ ངོ་རྒོལ་འབད་མི་ ནང་པ་སངས་རྒྱས་པ་དང་ ཡེ་ཤུའི་ཆོས་ལུགས་ཀྱི་ དྲག་དམག་སྡེ་ཚན་ནང་ ད་རེས་ མུཛ་ལིམ་ཆོས་ལུགས་ཀྱི་ ལྟ་བ་འཛིན་མི་ཚུ་གིས་ཡང་ གྲལ་གཏོགས་འབད་ནི་ འགོ་བཙུགས་ནུག།དེ་ཡང་ སྤྱི་ལོ་ ༢༠༢༡ ལུ་ དམངས་གཙོའི་སྲིད་གཞུང་དེ་ དྲག་པོའི་དམག་སྡེ་གིས་ བཙན་དབང་འབད་ཞིནམ་ལས་ཚུར་ ངོ་རྒོལ་འབད་མི་ ཞི་བའི་མི་སྡེ་ནང་ལས་ མང་ཆེ་ཤོས་ཅིག་ ནང་པ་སངས་རྒྱས་པའི་ ལྟ་བ་འཛིན་མི་ ཀ་རེན་ནེ་ཤ་ནཱལ་ ཡུ་ནི་ཡཱན་ཟེར་མི་ དམག་སྡེའི་ནང་ ཡེ་ཤུའི་ལྟ་བ་འཛིན་མི་ཚུ་ཡང་ཡོདཔ་ཨིན་པས།མུཛ་ལིམ་གྱི་ དམག་མི་ ༡༣༠ འབད་མི་ ངོ་རྒོལ་སྡེ་ཚན་ མུཛ་ལིམ་ཀམ་པ་ནི་ཟེར་མི་དེ་ ཀ་རེན་ནེ་ཤ་ནཱལ་ ཡུ་ནི་ཡཱན་གྱི་འོག་ལུ་ སྡེ་ཚན་ཆུང་ཀུ་ཅིག་ཨིནམ་ད་ སྡེ་ཚན་དེ་ནང་ལས་ མོ་ཧ་མེད་ ཨི་ཤར་གྱིས་ རྒྱལ་ཁབ་དེ་ དྲག་པོའི་སྲིད་གཞུང་འོག་ལུ་ར་ ལུས་སོ་པ་ཅིན་ མི་སེར་ཚུ་ཡང་ བརྡབ་གསིག་གི་ངང་ལུ་ར་ ལུས་འོང་ཟེར་བཤད་ནུག།དེ་འབདཝ་ལས་ མི་ཡཱན་མར་གྱི་ དྲག་པོའི་སྲིད་གཞུང་ལུ་ ངོ་རྒོལ་འབད་མི་ཚུ་གིས་ རྒྱལ་ཁབ་ནང་ ལོག་སྟེ་ར་ དམངས་གཙོའི་རིང་ལུགས་ཀྱི་ དགོས་མཁོ་བཀོདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

བྱང་ཀོ་རི་ཡ་གིས་ ར་ཤི་ཡའི་ རྒྱབ་སྐྱོར་ལུ་ དམག་མི་ ༡,༥༠༠ བཏང་ཡོདཔ།

སི་ཨེན་ཨེན། སྤྱི་ཟླ་ ༡༠ པའི་ཚེས་ ༡༨ ལུ་ ལྷོ་ཀོ་རི་ཡའི་ གསང་ཞིབ་ལས་སྡེ་གིས་ བཤད་དོ་བཟུམ་འབད་བ་ཅིན་ བྱང་ཀོ་རི་ཡ་གིས་ དམག་མི་ ༡,༥༠༠ དེ་ཅིག་ ར་ཤི་ཡ་ལུ་ དམག་རྒྱབ་སྦེ་ སྦྱོང་བརྡར་འབད་བར་ བཏང་ནུག་ཟེར་ཨིན་པས།དམག་མི་དེ་ཚུ་ཡང་ ར་ཤི་ཡའི་ གྲུ་ཟིང་ ༧ གྱི་ནང་སྦེ་ ར་ཤི་ཡ་ལུ་ དམག་སྦྱོང་གི་དོན་ལས་ བཏང་ཡོདཔ་སྦེ་ཨིནམ་ད་ དམག་མི་དེ་ཚུ་ ར་ཤི་ཡ་ལུ་ མ་བཏང་པའི་ཧེ་མར་ བྱང་ཀོ་རི་ཡའི་ སྲིད་འཛིན་ཀིམ་ཇོང་ཨཱན་ ཁོ་ར་གིས་ར་ ཞིབ་དཔྱད་འབད་ཡི་ཟེར་ཨིན་པས།ཡུ་ཀེ་རེན་གྱི་ སྲིད་འཛིན་ཛེ་ལེནཛ་ཀི་གིས་ ར་ཤི་ཡ་དང་ བྱང་ཀོ་རི་ཡའི་བར་ན་ མཐུན་ལམ་གོང་འཕེལ་བཏང་མི་ལུ་བརྟེན་ཏེ་ བྱང་ཀོ་རི་ཡའི་ དམག་མི་ཚུ་ ར་ཤི་ཡ་དང་ ཡུ་ཀེ་རེན་གྱི་ ཕྱད་མདའི་ནང་ གྲལ་གཏོགས་འབདཝ་མས་ཟེར་ཨིན་པས།གསང་ཞིབ་སྙན་ཞུ་དང་འཁྲིལ་བ་ཅིན་ བྱང་ཀོ་རི་ཡ་གིས་ འཕྲུལ་རིག་ལས་བྱེདཔ་ཚུ་དང་སྦྲགས་ཏེ་ དམག་མི་ ༡༠,༠༠༠ དེ་ཅིག་ གཏང་ནི་སྦེ་ གྲ་སྒྲིག་འབད་དོ་ཡོདཔ་སྦེ་ ཧ་གོ་ཡོདཔ་ལས་ ཡུ་ཨེཛ་དང་གཅིག་ཁར་ཡང་ བློ་སླབ་ཡོདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

ཡུ་ཨེཛ་གི་ སྲིད་འཛིན་བཙག་འཐུའི་ གནས་སྟངས་དུས་མཐུན།

བི་བི་སི། སྤྱི་ཟླ་ ༡༡ པའི་ཚེས་ ༥ ལུ་ འགོ་འདྲེན་འཐབ་ནི་ཨིན་མི་ ཡུ་ཨེཛ་གི་ སྲིད་འཛིན་བཙུག་འཐུ་དེ་ རྒྱལ་ཡོངས་གནས་རིམ་ནང་ རྒྱབ་སྐྱོར་གྲངས་རྩིས་དང་འཁྲིལ་བ་ཅིན་ ཨམ་ཀ་མ་ལ་ ཧ་རིཛ་དང་ ཌོ་ནཱལ་ཊཱམ་གྱིས་ བསྐུལ་བསྒྲགས་འགོ་བཙུགསཔ་ད་ ཨམ་ཀ་མ་ལ་ལུ་ རྒྱབ་སྐྱོར་མང་སུ་ཡོད་མི་དེ་ ད་རེས་ཡང་ འགྱུར་བ་སྦོམ་ ག་ནི་ཡང་ མེད་མི་དེ་ཡང་ ཨམ་ཀ་མ་ལ་ལུ་ རྒྱབ་སྐྱོར་བརྒྱ་ཆ་ ༤༩ དང་ ཊཱམ་ལུ་ རྒྱབ་སྐྱོར་བརྒྱ་ཆ་ ༤༦ སྦེ་ར་ གནས་ཏེ་ཡོདཔ་ཨིན་པས།ཨམ་ཀ་མ་ལ་གིས་ བསྐུལ་བསྒྲགས་འགོ་བཙུགས་ཏེ་ བདུན་ཕྲག་དག་པ་ཅིག་ནང་ རྒྱབ་སྐྱོར་ཡར་སེང་ཐོན་མི་དེ་ སྤྱི་ཟླ་ ༩ པའི་ནང་ འདེམས་ངོ་ ༢ ཀྱི་བར་ན་ རྩོད་འགྲན་འབད་བའི་ཤུལ་ལས་ འགྱུར་བ་ག་ནི་ཡང་ ཐོན་མ་ཚུགས་པར་ཡོདཔ་ཨིན་པས།རྒྱལ་ཡོངས་ཀྱི་ སྤྱིར་བཏང་རྒྱབ་སྐྱོར་དེ་ ག་དེ་སྦེ་ཨིན་རུང་ མཐར་ཐུག་ལུ་ ཀོ་ལེཇ་སིཛ་ཊམ་ཟེར་ མངའ་སྡེ་རང་སོའི་ མི་རློབས་དང་བསྟུན་ཏེ་ ཚོགས་རྒྱན་བསྡོམས་ ༥༣༨ ཆེད་དུ་བཀོད་དེ་ བྱིན་སྲོལ་ཡོད་མི་དེ་ནང་ ཚོགས་རྒྱན་ཉུང་ཤོས་ ༢༧༠ མ་འཐོབ་པ་ཅིན་ […]

World News

བང་ལ་དེཤ་གི་ བློན་ཆེན་བགྲེསཔ་ ཨམ་ཧ་སི་ན་དེ་ འཛིན་བཟུང་འབད་དགོ་པའི་བཀའ་རྒྱ།

བི་བི་སི། སྤྱི་ཟླ་ ༡༠ པའི་ཚེས་ ༡༧ ལུ་ བང་ལ་དེཤ་གི་ ཁྲིམས་འདུན་ཅིག་ལས་ སྐྱེས་ལོ་ ༧༧ འབད་མི་ བློན་ཆེན་བགྲེསཔ་ ཨམ་ཤེག་ཧ་སི་ན་དང་ བློན་པོ་ཚུ་གིས་གཙོས་པའི་ མི་གྲངས་ ༤༥ དེ་ཅིག་ འཛིན་བཟུང་འབད་དགོ་པའི་ བཀའ་རྒྱ་གནང་ཡོདཔ་ད་ ཨམ་ཧ་སི་ན་དེ་ དུས་ཅི་ མི་མང་གིས་ ངོ་རྒོལ་འབད་དེ་ བློན་ཆེན་གྱི་ གོ་གནས་ལས་ ཕྱིར་དབྱུངས་འབད་ཡོདཔ་ཨིན་པས།ལོ་ངོ་ ༢༠ ལྷག་པའི་རིང་ལུ་ བང་ལ་དེཤ་གི་ དབུ་ཁྲིད་འབད་མི་ ཨམ་ཧ་སི་ན་གིས་ འགྲོ་བ་མིའི་རྒྱབ་འགལ་ལུ་ ཉེས་འགེལ་འབད་བའི་ ཉེས་འཛུགས་ཐོག་ལུ་ བང་ལ་དེཤ་རྒྱལ་སྤྱི་ཉེས་འགེལ་ཁྲིམས་ཞིབ་ཚོགས་པའི་ནང་ བཅར་དགོཔ་སྦེ་བཀོད་ནུག།བང་ལ་དེཤ་གི་ གནས་སྐབས་ཀྱི་ གསོ་བ་ལྷན་ཁག་ནང་ལས་ བཤད་དོ་བཟུམ་འབད་བ་ཅིན་ དུས་ཅི་ སྤྱི་ཟླ་ ༨ པའི་ནང་ སློབ་ཕྲུག་ཚུ་གིས་ འགོ་ཁྲིད་འབད་དེ་ ངོ་རྒོལ་འགྲེམ་སྟོན་འབདཝ་ད་ མི་གྲངས་ ༡,༠༠༠ ལྷགཔ་ཅིག་ལུ་ ཤི་རྐྱེན་བྱུང་ཡི་ཟེར་་ཨིན་པས།དེ་ཡང་ སྤྱི་ལོ་ ༡༩༧༡ ལུ་ རྒྱལ་ཁབ་དེ་ རང་དབང་ཐོབ་པའི་ཤུལ་ལས་ […]

World News

སྤྱི་ལོ་ ༢༠༢༤ ལོར་ བི་རི་ཊེན་གྱི་ ཚོང་ལཱའི་ནང་ ཨམ་སྲུའི་འགོ་ཁྲིདཔ་མར་འབབ།

རོའི་ཊརཛ། སྤྱི་ཟླ་ ༡༠ པའི་ཚེས་ ༡༧ ལུ་ བརྟག་ཞིབ་སྙན་ཞུ་ཅིག་ནང་ བཀོད་དོ་བཟུམ་འབད་བ་ཅིན་ བི་རི་ཊེན་ལུ་ སྤྱི་ལོ་ ༢༠༢༤ ལོར་ ལས་འཛིན་ཚུ་ནང་ བཀོད་ཁྱབ་ཀྱི་ ལཱ་འགན་འབག་མི་ ཨམ་སྲུའི་ཚད་གཞི་དེ་ མར་བབས་སོང་ནུག་ཟེར་ཨིན་པས།དེ་ཡང་ ད་ཚུན་ ལོ་ངོ་ ༨ ཀྱི་ ནང་འཁོད་ལུ་ འགོ་དང་པ་ ཐོན་ཡོདཔ་ད་ གྲོས་སྟོན་ལས་སྡེ་ཅིག་གིས་ དེ་བཟུམ་མའི་ གནས་སྟངས་དེ་ བསྐྱར་གསོ་འབད་ནི་ལུ་ ད་ལས་ཕར་ མི་རབས་ ༥ དེ་ཅིག་ འགོར་འོང་ཟེར་བཤད་ནུག།བརྟག་ཞིབ་ལས་སྡེ་ པ་ཡེབ་ལེན་གྱིས་ ལས་འཛིན་ཚུ་ནང་ ཆེ་མཐོའི་འགོ་ཁྲིདཔ་གི་ གནས་རིམ་ནང་ ཕོ་མོ་འདྲ་མཉམ་གྱི་ ཁྱད་ཆོས་ཚུ་ བརྟག་ཞིབ་འབད་དོ་ཡོདཔ་ད་ བི་རི་ཊེན་ལུ་ ཐོ་བཀོད་གྲུབ་པའི་ ཚོང་སྡེ་སྦོམ་ཤོས་ ༣༥༠ གི་ནང་ འགོ་ཁྲིདཔ་ཨམ་སྲུ་ བརྒྱ་ཆ་ ༣༣ ཡོད་མི་ལས་ སྤྱི་ལོ་ ༢༠༢༤ ལུ་ བརྒྱ་ཆ་ ༣༢ གུ་ […]

World News

ཨཱཛ་ཊེ་ལི་ཡའི་ བྱང་ཕྱོགས་མངའ་སྡེའི་ནང་ སྐྱེས་ལོ་ ༡༠ ཡན་ཆད་ལུ་ བཙོན་ཁྲིམས་བཀལ་ཆོག་ནི།

བི་བི་སི། ཊེ་ལི་ཡའི་ བྱང་ཕྱོགས་མངའ་སྡེའི་གཞུང་གིས་ ཉེས་འགེལ་གྱི་ འགན་ཁུར་འཁྲི་བའི་ ལོ་ཚད་མར་ཕབ་ཐོག་ལས་ མགྱོགས་པ་ར་ སྐྱེས་ལོ་ ༡༠ འབད་མི་ ཨ་ལོ་ཚུ་ལུ་ཡང་ བཙོན་ཁྲིམས་བཀལ་ནི་ འགོ་བཙུགས་ནི་ཨིན་པས།མ་གཞི་ ཨཱཛ་ཊེ་ལི་ཡ་ མངའ་སྡེའི་གཞུང་ཚུ་ལུ་ བཙོན་ཁྲིམས་བཀལ་ཆོག་པའི་ ལོ་ཚད་དེ་ འཛམ་གླིང་སྤྱི་ཚོགས་ཀྱི་ བསླབ་བྱ་དང་འཁྲིལ་ཏེ་ སྐྱེས་ལོ་ ༡༠ ལས་ ༡༤ ལུ ཡར་སེང་འབད་དགོཔ་སྦེ་ ནན་སྐུལ་འབདཝ་ལས་ ན་ཧིང་ བྱང་ཕྱོགས་མངའ་སྡེ་གིས་ ལོ་ཚད་དེ་ སྐྱེས་ལོ་ ༡༢ ལུ་ ཡར་སེང་འབད་ནུག།ཨིན་རུང་ མདང་ཞག་ སྤྱི་ཟླ་ ༩ པའི་ནང་ བཙག་འཐུ་གྲུབ་མི་ ཀཱན་ཊི་ལི་བ་རཱལ་ སྲིད་ཚོགས་ཀྱིས་ ཉེས་འགེལ་གྱི་ ལོ་ཚད་དེ་ ཡང་བསྐྱར་མར་ཕབ་འབད་དགོཔ་སྦེ་ བཤདཔ་ཨིན་པས།དེ་ཡང་ ཉེས་འགེལ་དང་འབྲེལ་ཏེ་ བཙོན་ཁྲིམས་བཀལ་ཆོག་པའི་ ལོ་ཚད་དེ་ སྐྱེས་ལོ་ ༡༠ ལུ་ མར་ཕབ་འབད་དགོཔ་དེ་ མཐར་ཐུག་ལུ་ ཨ་ལོ་ཚུ་གི་ ཉེན་སྐྱོབ་ལུ་ཨིན་རུང་ དྲུང་འཚོ་དང་ […]

World News

ཡུ་རོབ་རྒྱལ་ཁབ་ཚོགས་པ་གིས་ ཕྱི་མི་ནང་བསྐྱོད་འབད་མི་ཚུ་ ལོག་གཏང་ནི་གི་ ཚད་གཞི་ཡར་སེང་།

བི་བི་སི། ཡུ་རོབ་རྒྱལ་ཁབ་ཚོགས་པའི་ ཚོགས་སྡེའི་གཙོ་འཛིན་ ཨམ་ཨུར་སུ་ལ་ ཝཱོན་ཌར་ལེ་ཡེན་གྱིས་ ཡུ་རོབ་རྒྱལ་ཁབ་ཚོགས་པའི་ དབུ་ཁྲིད་ཞལ་འཛོམས་ཀྱི་ཧེ་མ་ འཐུས་མི་རྒྱལ་ཁབ་ཀྱི་ དབུ་ཁྲིད་ཚུ་ལུ་བཏང་མི་ ཡི་གུའི་ནང་ ཕྱི་མི་ནང་བསྐྱོད་འབད་མི་ཚུ་ ཡུ་རོབ་རྒྱལ་ཁབ་ཚོགས་པའི་ ཁ་ཐུག་ལས་ ལོག་གཏང་ནི་གི་ ཚད་གཞི་ཡར་སེང་འབད་དགོ་པའི་སྐོར་ལས་ གྲོས་འཆར་གསརཔ་ཅིག་ བརྩམས་ཏེ་ཡོད་ཟེར་ཨིན་པས།མོ་གིས་ ཡུ་རོབ་རྒྱལ་ཁབ་ཚུ་ནང་ ཚུལ་མིན་གྱི་སྒོ་ལས་ ཕྱི་མི་ནང་བསྐྱོད་འབད་མི་ ལོག་གཏང་ནི་གི་ ཚད་གཞི་དེ་ ད་རེས་ བརྒྱ་ཆ་ ༢༠ དེ་ཅིག་ལས་མེདཔ་ད་ དེ་ཡང་ ལོག་འགྱོ་དགོ་པའི་ བཀའ་རྒྱ་ཐོབ་མི་ མང་ཤོས་ཅིག་གིས་ ལོག་འགྱོ་མ་བཏུབ་པར་ཡོད་ཟེར་བཀོད་ནུག།དེ་མ་ཚད་ འཐུས་མི་རྒྱལ་ཁབ་ཚུ་གིས་ རང་སོའི་རྒྱལ་ཁབ་ནང་ལས་ འཐོན་འགྱོ་དགོ་པའི་ གྲོས་ཆོད་བཏོན་ཏེ་ཡོད་མི་ ཕྱི་མི་ཚུ་ ངེས་པར་དུ་ འཐོན་འགྱོ་བཅུག་དགོཔ་ད་ དེ་བཟུམ་མའི་ ཕྱི་མི་ཚུ་གིས་ ཐབས་དང་ གནས་སྐབས་ཚུ་སྟོན་ཏེ་ ཡུ་རོབ་རྒྱལ་ཁབ་ཅིག་ལས་ ཡུ་རོབ་རྒྱལ་ཁབ་གཞན་ཅིག་ནང་ འགྱོ་མ་ཆོགཔ་སྦེ་ བཟོ་དགོ་ཟེར་ཨིན་པས།འདས་པའི་བདུན་ཕྲག་ནང་ བང་ལ་དེཤ་དང་ ཨི་ཇིབ་ལས་ མི་གྲངས་ ༡༦ སི་སི་ལིའི་ མཚོ་འགྲམ་ས་གནས་ ལམ་པེ་དུ་ས་ལས་ ཨཱལ་བེ་ནི་ཡའི་ མཚོ་འགྲམ་ལུ་ཡོད་མི་ […]

Online now: 8 Today: 504 Total visitors: 15940