
སི་རི་ཡའི་ རྒྱལ་ཁབ་ཀྱི་ མཚོ་འགྲམ་གྱི་ཁྲོམ་ ལ་ཊ་ཀི་ཡ་ལུ་ ཨིཛ་རེལ་གྱིས་ གནོད་འཚུབ་བཀལ་ཡོདཔ།
ཨཱལ་ཇ་ཟི་ར། སྤྱི་ཟླ་ ༡༠ པའི་ཚེས་ ༡༧ ལུ་ སི་རི་ཡའི་ མེ་ཌི་ཊེ་རི་ནི་ཡཱན་ མཚོ་འགྲམ་ཀྱི་ཁྲོམ་ ལ་ཊ་ཀི་ཡ་ཟེར་སར་ ཨིཛ་རེལ་གྱིས་ གནོད་འཚུབ་བཀལ་བའི་སྐབས་ལུ་ མེ་རྐྱེན་ཚུ་ བྱུང་ཡོདཔ་ལས་ ཞི་བའི་མི་སེར་ ༢ དེ་ཅིག་ལུ་ ཤི་རྐྱེན་བྱུང་ནུག།.ཡུ་ཀེ་ལུ་ཡོད་མི་ སི་རི་ཡའི་ འགྲོ་བ་མིའི་དབང་ཆ་ བལྟ་རྟོག་ལས་སྡེ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཨིཛ་རེལ་གྱིས་ ལ་ཊ་ཀི་ཡ་ ཁྲོམ་ནང་ཡོད་མི་ གོ་མཚོན་གྱི་ མཛོད་ཁང་ཅིག་ལུ་ དམིགས་གཏད་བསྐྱེད་དེ་ གནོད་འཚུབ་བཀལ་ཡོདཔ་སྦེ་ཨིན་རུང་ ཨིཛ་རེལ་གྱི་ དམག་སྡེའི་ཧོངས་ལས་ ག་ནི་ཡང་ སླབ་མ་བཏུབ་ཨིན་པས།ཨིཛ་རེལ་གྱིས་ ན་ཧིང་ སྤྱི་ཟླ་ ༡༠ པ་ལས་ཚུར་ སི་རི་ཡ་ལུ་ གནམ་ཁ་ལས་ གནོད་འཚུབ་ལན་ཐེངས་ ༢༢༠ ལྷགཔ་ཅིག་ བཀལ་མིའི་ནང་ལས་ གནོད་འཚུབ་ཚབས་ཆེན་དེ་ར་ མདང་ཞག་ སྤྱི་ཟླ་ ༤ པའི་ནང་ མཁའ་དམག་གནམ་གྲུའི་ཐོག་ལས་ སི་རི་ཡའི་ རྒྱལ་ས་ལུ་ཡོད་མི་ ཨི་རཱན་གྱི་ གཞུང་ཚབ་ཡིག་ཚང་གི་ སྒྲིང་ཁྱིམ་གུ་ གནོད་འཚུབ་བཀལ་མི་དེ་ཨིནམ་ད་ […]









