ArchiveAboutContact

Category: World News

World News

བྱང་ཀོ་རི་ཡ་གིས་ མགྱོགས་ཤུགས་ཅན་གྱི་ ཐག་རིང་མི་ཛ་ཡེལ་བརྟག་དཔྱད།

སི་ཨེན་ཨེན། སྤྱི་ཟླ་ ༡༠ པའི་ཚེས་ ༣༡ ལུ་ བྱང་ཀོ་རི་ཡ་གིས་ གླིང་ཆེན་ཚུ་ནང་ ལྷོད་ཚུགས་མི་ མགྱོགས་ཤུགས་ཅན་གྱི་ ཐག་རིང་མི་ཛ་ཡེལ་ བརྟག་དཔྱད་འབད་ཡོདཔ་ད་ དེ་ཡང་ བྱང་ཀོ་རི་ཡའི་ མི་ཛ་ཡེལ་ཚུ་གི་གྲས་ལས་ ས་ཐག་རིང་སར་ འཕུར་ཚུགས་མི་ཨིན་པས།མི་ཛ་ཡེལ་ བརྟག་དཔྱད་དེ་ ཡུ་ཨེཛ་ལུ་ སྲིད་འཛིན་བཙག་འཐུ་འབད་ནི་གི་ ཉིན་གྲངས་དག་པ་ཅིག་གི་ཧེ་མར་ ལག་ལེན་འཐབ་ཡོད་ད་ དེ་གི་ཧེ་མར་ ལྷོ་ཀོ་རི་ཡའི་ གསང་ཞིབ་ལས་སྡེ་གིས་ བྱང་ཀོ་རི་ཡ་གིས་ དེ་བཟུམ་མའི་ མི་ཛ་ཡེལ་ཚུ་ ཡུ་ཨེཛ་གི་ བཙག་འཐུའི་དུས་ཚོད་ཁར་ བརྟག་དཔྱད་འབད་ནི་བཟུམ་ཅིག་ཡོད་པའི་ ཉེན་བརྡ་འབད་ནུག།མི་ཛ་ཡེལ་དེ་ བརྟག་དཔྱད་འབད་བའི་སྐབས་ལུ་ ཀི་ལོ་མི་ཊར་ ༡,༠༠༠ དེ་ཅིག་གི་ས་ཁར་ ལྷོད་ཚུགས་ཡོདཔ་ད་ རྒྱ་པཱན་གྱི་ དབང་འཛིན་ཚུ་གིས་འབད་བ་ཅིན་ མི་ཛ་ཡེལ་དེ་ གནམ་ཁར་སྐར་ཆ་ ༨༦ དེ་ཅིག་ འཕུར་བའི་ཤུལ་ལས་ ཨོ་ཀུ་ཤི་རི་མཚོ་གླིང་གི་ ནུབ་ཕྱོགས་ཁ་ཐུག་ལུ་ རྒྱ་མཚོའི་ནང་ བུད་ཡོདཔ་སྦེ་ཨིན་པས།བྱང་ཀོ་རི་ཡ་གིས་ དེ་བཟུམ་མའི་ མི་ཛ་ཡེལ་ བརྟག་དཔྱད་དེ་གིས་ འཛམ་གླིང་ནང་ དེང་དུས་དང་ ཡིད་ཆེས་རུང་བའི་ སྟོབས་ཤུགས་ཅན་གྱི་ […]

World News

ཨིཛ་རེལ་གྱིས་ ལེ་བ་ནཱོན་གྱི་ས་གནས་ བཱལ་བེག་ལུ་གནོད་འཚུབ།

ཨཱལ་ཇ་ཟི་ར། སྤྱི་ཟླ་ ༡༠ པའི་ཚེས་ ༣༡ ལུ་ ཨིཛ་རེལ་གྱི་ དམག་མི་ཚུ་གིས་ ལེ་བ་ནཱོན་གྱི་ འབྱུང་རབས་ཅན་གྱི་ ས་གནས་བཱལ་བེག་ཟེར་སར་ མཁའ་ཐོག་ལས་ གནོད་འཚུབ་བཀལ་ཏེ་ ཨམ་སྲུ་ ༨ ཀྱིས་གཙོས་པའི་ མི་གྲངས་ ༡༩ དམར་བསད་འབད་ཡོདཔ་ཨིན་པས།དེ་བཟུམ་སྦེ་ པེ་ལིཛ་ཊིན་གྱི་ཁྲོམ་ཚོགས་ ག་ཟའི་བྱང་ཕྱོགས་ལུ་ཡང་ ཨིཛ་རེལ་གྱི་ དམག་མི་ཚུ་གིས་ གོ་མཚོན་སྟོབས་ཚུ་ ལག་ལེན་འཐབ་སྟེ་ ཇ་བ་ལི་ཡ་ སྐྱབས་བཅོལ་བའི་སྒར་ཚུ་གུ་ གནོད་འཚུབ་ཁ་སྐོང་བཀལ་ནུག།དེ་ཡང་ ག་ཟའི་བྱང་ཕྱོགས་ས་ཁོངས་དེ་ ཨིཛ་རེལ་གྱིས་ དབང་གནོན་འབད་དེ་ཡོདཔ་ད་ ས་ཁོངས་དེ་ནང་ མི་གྲངས་བརྒྱ་ཕྲག་ལས་བཅད་དེ་ དམར་བསད་འབད་ཡོདཔ་མ་ཚད་ སྟོང་ཕྲག་ལས་བཅད་མི་ཚུ་ལུ་ཡང་ བཟའ་ཆས་དང་ འཐུང་ཆུ་ སྨན་ཚུ་མ་ཐོབ་པའི་ དཀའ་ངལ་སྦོམ་སྦེ་ར་ བྱུང་སྟེ་ཡོདཔ་ཨིན་པས།ལེ་བ་ནཱོན་ལུ་ཡོད་མི་ འཛམ་གླིང་སྤྱི་ཚོགས་ཀྱི་ ཞི་བདེ་སྲུང་སྐྱོབ་དམག་སྡེ་ལུ་ཡང་ སྤྱི་ཟླ་ ༡༠ པའི་ནང་ གནོད་འཚུབ་ལན་ཐེངས་ ༣༠ བཀལ་ནི་གི་ དཔའ་བཅམ་མི་ལས་ ལན་ཐེངས་ ༢༠ དེ་ཅིག་ ཨིཛ་རེལ་གྱིས་ ཆེད་དུ་དམིགས་ཏེ་ གནོད་འཚུབ་བཀལ་ཐབས་འབད་ནུག་ཟེར་ […]

World News

ཏཱ་ཡེ་ཝཱན་ལུ་ རླུང་འཚུབ་ཀྱིས་ གནམ་གྲུ་དང་ མཚོ་གྲུ་ཚུ་ལུ་གནོད་སྐྱོན།

བི་བི་སི། སྤྱི་ཟླ་ ༡༠ པའི་ཚེས་ ༣༡ ལུ་ ཉིན་མའི་ཆུ་ཚོད་ ༡.༤༠ དེ་ཅིག་ཁར་ ཏཱ་ཡེ་ཝཱན་གྱི་ ཤར་ཕྱོགས་མཚོ་འགྲམ་བདའ་སྟེ་ རླུང་འཚུབ་ཀོང་རེ་ཟེར་མི་ འཕུ་ཡོདཔ་ལས་ གནམ་གྲུ་དང་ མཚོ་གྲུ་བརྒྱ་ལས་བཅད་དེ་ འཕུར་འགྲུལ་འབད་ནི་ཚུ་ མཚམས་འཇོག་འབད་དགོཔ་ཐོན་ནུག།དེ་བཟུམ་སྦེ་ སློབ་གྲྭ་ཚུ་དང་ ལཱ་གི་ས་ཁོངས་ཚུ་ཡང་ སྒོ་བསྡམས་དགོཔ་ བྱུང་པའི་ཁར་ ཚོང་ཁང་ཚུ་ཡང་ རླུང་འཚུབ་ཀྱིས་ ཅ་ཆས་ཚུ་ འཕྱགས་བདའ་ཡོདཔ་ལས་ སྟོངམ་ཐོན་ཏེ་ཡོདཔ་ད་ མ་གཞི་ རླུང་འཚུབ་ཀྱི་སྐོར་ལས་ སྔ་གོང་གི་ ཉེན་བརྡ་ཚུ་ཡང་ འབད་ཡོདཔ་ཨིན་པས།རྒྱ་མཚོའི་ཚན་རིག་མཁས་མཆོག་ཚུ་གིས་ དུས་ཅི་ སྤྱི་ཟླ་ ༧ པ་ལས་ཚུར་ རྒྱལ་སྤྱིའི་གནས་རིམ་ནང་ རྒྱ་མཚོའི་དྲོད་ཚད་དེ་ རྒྱ་ཆེ་ཏོག་ཏོ་སྦེ་ར་ ཡར་སེང་སོང་ཡོདཔ་ལས་ ཆར་རླུང་ཚབས་ཆེན་འཐོན་ནི་ལུ་ ཤན་ཞུགས་ཡོདཔ་སྦེ་བཤད་ནུག།ཏཱ་ཡེ་ཝཱན་ལུ་ དེ་བཟུམ་མའི་ ཆར་རླུང་གི་ རྐྱེན་ངན་དེ་ སྤྱི་ལོ་ ༢༠༠༩ ལུ་ཡང་ ཐོན་ཡོདཔ་ད་ དེ་བསྒང་ ཆུ་རུད་དང་ ས་རུད་ཚུ་ལུ་བརྟེན་ཏེ་ མི་གྲངས་ ༩༠༠ དེ་ཅིག་ལུ་ ཤི་རྐྱེན་བྱུང་ནུག་ཟེར་ […]

World News

ར་ཤི་ཡ་དང་གཅིག་ཁར་ ཕྱད་མདའའི་དོན་ལུ་ ཡུ་ཀེ་རེན་གྱིས་ དམག་གསར་ཁ་སྐོང་བཙུགས་ནི།

བི་བི་སི། སྤྱི་ཟླ་ ༡༠ པའི་ཚེས་ ༣༠ ལུ་ ར་ཤི་ཡའི་ དམག་མི་ཚུ་གིས་ ཡུ་ཀེ་རེན་གྱི་ ཤར་ཕྱོགས་ཁ་ཐུག་ལུ་ མདུན་བསྐྱོད་མང་སུ་འབད་དོ་ཡོད་པའི་ དུས་སྐབས་ནང་ ཡུ་ཀེ་རེན་གྱིས་ དམག་གསར་ཁ་སྐོང་ ༡༦༠,༠༠༠ དེ་ཅིག་ བཙུགས་ནི་གི་ འཆར་གཞི་ཡོདཔ་ཨིན་པས།དེ་ཡང་ ཡུ་ཀེ་རེན་གྱིས་ ར་ཤི་ཡའི་ ལུང་ཕྱོགས་ཀཱརཛ་ཟེར་སར་ བཙན་འཛུལ་གྱི་ ཁས་ལེན་དང་འབྲེལ་ཏེ་ དམག་མི་ཁ་སྐོང་ཚུ་ བཙུགས་ནི་ཨིནམ་ད་ དེ་སྦེ་ དམག་མི་ཁ་སྐོང་བཙུགས་དགོ་པའི་ གནད་དོན་གཞན་ཡང་ བར་སྐབས་ཅིག་ཁར་ བྱང་ཀོ་རི་ཡའི་ དམག་མི་དག་པ་ཅིག་ ར་ཤི་ཡའི་ དམག་རྒྱབ་སྦེ་ འཛུལ་དོ་ཡོད་མི་དང་བསྟུན༌ཏེ༌ཨིན༌པས།པེན་ཊ་གཱོན་གྱི་ ཚོད་རྩིས་དང་འཁྲིལཝ་ད་ ར་ཤི་ཡའི་ ཤར་ཕྱོགས་ལུ་ བྱང་ཀོ་རི་ཡའི་ དམག་མི་ ༡༠,༠༠༠ དེ་ཅིག་གིས༌ སྦྱང་བད་འབད་དོ་ཡོདཔ་སྦེ་ཨིན༌པས།ཡུ་ཨེཛ་གིས་ བཤད་དོ༌བཟུམ༌འབད༌བ༌ཅིན་ བྱང་ཀོ་རི་ཡའི་ དམག་མི་དག་པ་ཅིག་ ཀཱ༌རིཛ་ལུང་ཕྱོགས་ནང་ བཏང་ཡོདཔ་མ༌ཚད་ ད་རུང་ཡང་ དམག་མི་སྟོང་ཕྲག་ལས་བཅད་དེ་ ལུང་ཕྱོགས་དེ་ཁར་ བཏང་པའི་བསྒང་འདུག་ཟེར་ཨིནམ༌ད༌ ལྷོ་ཀོ་རི་ཡ་གིས་ བྱང་ཀོ་རི་ཡའི༌ དམག་མི་ཚུ་ ར་ཤི་ཡའི་ […]

World News

སི་པེན་རྒྱལ་ཁབ་ཀྱི་ ཤར་ཕྱོགས་ ས་ཁོངས་ཝེ་ལེན་ཤི་ཡ་ལུ་ གློ་བུར་གྱི་ ཆུ་རུད་ལུ་བརྟེན་ཏེ་ མི་གྲངས་ ༥༡ ལུ་ཤི་རྐྱེན།

རོའི་ཊརཛ། སྤྱི་ཟླ་ ༡༠ པའི་ཚེས་ ༢༩ ལུ་ སི་པེན་རྒྱལ་ཁབ་ཀྱི་ ཤར་ཕྱོགས་ས་ཁོངས་ ཝེ་ལེན་ཤི་ཡ་ཟེར་སར་ ཆར་ཤུགས་ལུ་བརྟེན་ཏེ་ འཁོར་ལམ་དང་ ཁྲོམ་དེ་ཚུ་ ཆུ་འོག་ལུ་ཚུད་དེ་ མི་གྲངས་ ༥༡ དེ་ཅིག་ལུ་ ཤི་རྐྱེན་བྱུང་ནུག།མི་སྡེ་བརྡ་བརྒྱུད་ཚུ་གི་ བརྙན་ཐུང་ཚུ་ནང་ གསལ་བཀོད་འབད་བའི་ནང་གསལ་ མི་སེར་ལེ་ཤ་ཅིག་ ཆུ་རུད་ལས་ བྱོག་མ་ཐལ་བའི་ མཐོང་སྣང་དང་ ལ་ལོ་ཅིག་ ཆུ་རུད་ཀྱིས་ འཕྱགས་མི་བདའ་ནིའི་ ཐབས་ཤེས་ལུ་ ཤིང་གུ་འཛེགས་ཏེ་ཡོད་སར་ མཐོངམ་ཨིན་པས།གནད་དོན་དེ་གི་སྐོར་ལས་ ཝེ་ལེན་ཤི་ཡའི་ ལུང་ཕྱོགས་འགོ་ཁྲིདཔ་ ལོཛ་མེ་ཛཱོན་གྱིས་ གནས་ཚུལ་ཞལ་འཛོམས་ཅིག་ནང་ རྒྱུན་ལམ་ཚུ་ མེདཔ་ཐལ་བའི་རྐྱེན་གྱིས་ འགྱོ་ས་མེད་པའི་ ས་ཁོངས་ཚུ་ནང་ མི་ལེ་ཤ་ཅིག་ ལུས་ཏེ་ཡོད་པའི་སྐོར་ལས་ གསལ་བཤད་འབད་ནུག།ཁོ་གིས་འབད་བ་ཅིན་ ས་གནས་ག་རའི་ནང་ གློ་བུར་གྱི་ ཞབས་ཏོག་ཚུ་ ལྷོད་མ་ཚུགས་མི་དེ་ འཛུལ་ཞུགས་ཀྱི་ གོ་སྐབས་རྩ་ལས་ར་ མེད་ནི་དེ་གིས་ཨིནམ་མ་གཏོགས་ གྲ་སྒྲིག་མེདཔ་མིན་ཟེར་ཨིན་པས།གློ་བུར་གྱི་ ཞབས་ཏོག་བྱིན་མི་ཚུ་གིས་ མི་སེར་ཚུ་ལུ་ ལམ་འགྲུལ་འབད་ནི་ལས་ འཛེམས་དགོ་པའི་ བསྐུལ་མ་དང་ གཞུང་འབྲེལ་འབྱུང་ཁུངས་ཚུ་ལས་ དུས་མཐུན་གྱི་ […]

World News

ཨཱཛ་ཊེ་ལི་ཡ་གིས་ མི་ཛ་ཡེལ་བཟོ་བསྐྲུན་ ཡར་དྲགས་གཏང་སྟེ་ སྲུང་སྐྱོབ་མཉམ་རོགས་ཚུ་ལུ་ ཕྱིར་ཚོང་འཐབནི།

རོའི་ཊརཛ། རྒྱ་ནག་གིས་ ལྷོ་པེ་སི་ཕིག་ལུ་ མི་ཛ་ཡེལ་ ཨའི་སི་བི་ཨེམ་ཟེར་མི་ཚུ་ བརྟག་དཔྱད་འབདཝ་ལས་ ཨཱཛ་ཊེ་ལི་ཡ་གིས་ཡང་ མི་ཛ་ཡེལ་མཚོན་ཆ་ཚུ་ མང་སུ་བཟོ་བསྐྲུན་འབད་དེ་ སྲུང་སྐྱོབ་མཉམ་རོགས་ཚུ་ལུ་ ཕྱིར་ཚོང་འཐབ་ནི་ཨིན་པས།དེ་ཡང་ སྤྱི་ཟླ་ ༡༠ པའི་ཚེས་ ༣༠ ལུ་ ཨཱཛ་ཊེ་ལི་ཡའི་ སྲུང་སྐྱོབ་བཟོ་གྲྭ་བློན་པོ་ པེཊ་ཀཱོན་རོའི་གིས་ པེ་སི་ཕིག་ལུང་ཕྱོགས་དེ་ ཡུན་བརྟན་གྱི་དོན་ལུ་ ཁོང་གི་ཁ་ཐུག་ལས་ མི་ཛ་ཡེལ་ཐོག་གི་ སྲུང་སྐྱོབ་དང་ ཐག་རིང་གནོད་འཚུབ་ཀྱི་ ལྕོགས་གྲུབ་ཚུ་ ཡར་སེང་འབད་དེ་ སྲུང་སྐྱོབ་མཉམ་རོགས་ ཡུ་ཨེཛ་དང་ རྒྱ་པཱན་ དེ་ལས་ ལྷོ་ཀོ་རི་ཡ་ཚུ་དང་གཅིག་ཁར་ མཉམ་འབྲེལ་འཐབ་ནི་ཨིནམ་སྦེ་ གསལ་བཤད་འབད་ནུག།མདང་ཞག་ སྤྱི་ཟླ་ ༩ པའི་ནང་ རྒྱ་ནག་གིས་ གླིང་ཆེན་ཚུ་ནང་ ལྷོད་ཚུགས་མི་ མགྱོགས་ཤུགས་ཅན་གྱི་ མི་ཛ་ཡེལ་ཚུ་ བརྟག་དཔྱད་འབདཝ་ད་ གོ་མཚོན་དེ་ཚུ་ ཀི་ལོ་མི་ཊར་ ༡༡,༠༠༠ དེ་ཅིག་གི་ས་ཁར་ ཨཱཛ་ཊེ་ལི་ཡའི་ བྱང་ཤར་ཕྱོགས་ཀྱི་ པེ་སི་ཕིག་ རྒྱ་མཚོའི་ནང་ ལྷོད་ཡོདཔ་ཨིན་པས།དེ་འབདཝ་ལས་ ཨཱཛ་ཊེ་ལི་ཡ་དང་ ཀུག་ཨའི་ཨའི་ལེན་ ཕི་ཇི་ […]

World News

ཡུ་ཨེཛ་གིས་ ཏ་ཡེ་ཝཱན་ལུ་ ཌོ་ལར་ཐེར་འབུམ་ ༢ ཀྱི་ གོ་མཚོན་ཚོང་སྒྱུར་ལུ་གནང་བ།

རོའི་ཊརཛ། ཡུ་ཨེཛ་གིས་ ཏ་ཡེ་ཝཱན་ལུ་ ཌོ་ལར་ཐེར་འབུམ་ ༢ གནས་མི་ གོ་མཚོན་ཚུ་ ཚོང་སྒྱུར་འཐབ་ཆོག་པའི་ གནང་བ་གྲོལ་ཡོདཔ་ད་ གོ་མཚོན་ཚུ་ཡང་ དེང་དུས་དང་བསྟུན་པའི་ མཁའ་དབྱིངས་དམག་འཐབ་ཀྱི་ མི་ཛ་ཡེལ་ཚུ་ ཡུ་ཀེ་རེན་ལུ་ བརྟག་དཔྱད་ལག་ལེན་གྲུབ་མི་ཚུ་ཨིན་པས།དེ་ཡང་ ཡུ་ཨེཛ་དང་ ཏ་ཡེ་ཝཱན་གྱི་བར་ན་ དོན་གཅོད་ཀྱི་ འབྲེལ་བ་མེད་རུང་ ཧེ་མ་ལས་ཡོད་མི་ གོ་དོན་དང་འཁྲིལ་ཏེ་ ཡུ་ཨེཛ་ལུ་ ཏ་ཡེ་ཝཱན་གྱི་ སྲུང་སྐྱོབ་འགན་ཁུར་འཁྲི་ཡོདཔ་ད་ བར་སྐབས་ཅིག་ཁར་ རྒྱ་ནག་གིས་ ཏ་ཡེ་ཝཱན་གྱི་ མཐའ་སྐོར་ལུ་ དམག་སྦྱོང་ཚུ་ འགོ་འདྲེན་འཐབ་སྟེ་ ཏ་ཡེ་ཝཱན་དེ་ རྒྱ་ནག་གི་མངའ་འོག་ལུ་ འཛུལ་དགོ་པའི་ ཨེབ་ཤུགས་རྐྱབ་དོ་ཡོདཔ་ཨིན་པས།པེན་ཊ་གཱོན་ལས་ སྲུང་སྐྱོབ་མཉམ་འབྲེལ་ལས་སྡེ་གིས་ མི་ཛ་ཡེལ་རིམ་ལུགས་ཀྱི་དོན་ལུ་ ཌོ་ལར་ཐེར་འབུམ་ ༡.༡༦ དང་ འོད་རླབས་རིམ་ལུགས་ཀྱི་དོན་ལུ་ ཌོ་ལར་ས་ཡ་ ༨༢༨ སྦེ་ རྩིས་བཀོད་འབད་ཡོདཔ་སྦེ་བཤད་ནུག།མི་ཛ་ཡེལ་ རིམ་ལུགས་ཀྱི་གྲས་ཁར་ ས་ཁ་ལས་ གནམ་ཁར་གཏང་ནི་གི་ མི་ཛ་ཡེལ་དང་ མཁའ་དབྱིངས་སྲུང་སྐྱོབ་ཀྱི་ འབྲིང་རིམ་མི་ཛ་ཡེལ་ཚུ་ ད་རེས་ཀྱི་ ཚོང་སྒྱུར་ནང་ ཚུད་དེ་ཡོདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

ཀེ་ན་ཌ་ལུ་ ཕྱི་མི་ནང་བསྐྱོད་ཀྱི་ ཚད་གཞི་མར་ཕབ།

རོའི་ཊརཛ། ཀེ་ན་ཌ་གིས་ ལོ་ངོ་ལེ་ཤ་ཅིག་གི་ཤུལ་ལས་ ད་རེས་ འགོ་དང་པ་ ཕྱི་མི་ནང་བསྐྱོད་ཀྱི་ ཚདགཞི་མར་ཕབ་ཀྱི་ སྲིད་བྱུས་བརྩམས་མི་དེ་ ད་ལྟོའི་གཞུང་གིས་ གནས་ཡུན་འཕྲོ་མཐུད་ལུ་དམིགས་ཏེ་ འོང་ནི་མས་ཟེར་ཨིན་པས།དེ་ཡང་ གཏན་འཇགས་གནས་སྡོད་ཀྱི་དོན་ལས་ སྤྱི་ལོ་ ༢༠༢༥ ལུ་ ཕྱི་མི་ ༣༩༥,༠༠༠ དང་ སྤྱི་ལོ་ ༢༠༢༦ ལུ་ ༣༨༠,༠༠༠ སྤྱི་ལོ་ ༢༠༢༧ ལུ་ ༣༦༥,༠༠༠ ནང་བསྐྱོད་འབད་བཅུག་ནི་སྦེ་ཨིནམ་ད་ དུས་ཅི་ སྤྱི་ལོ་ ༢༠༢༤ ལུ་ ཕྱི་མི་ནང་བསྐྱོད་ ༤༨༥,༠༠༠ དེ་ཅིག་ཡོདཔ་ཨིན་པས།དེ་བཟུམ་སྦེ་ གནས་སྐབས་གནས་སྡོད་ཀྱི་དོན་ལུ་ མི་གྲངས་ ༣༠,༠༠༠ དེ་ཅིག་ མར་ཕབ་ཐོག་ལས་ སྤྱི་ལོ་ ༢༠༢༥ ལུ་ ཕྱི་མི་ ༣༠༠,༠༠༠ དེ་ཅིག་ ནང་བསྐྱོད་འབད་ཆོགཔ་སྦེ་ བཞག་ནི་ཨིན་པས།ཀེ་ན་ཌའི་ རྒྱལ་ཁབ་དེ་ ད་ཚུན་གྱི་བར་ན་ ཕྱི་མི་ནང་བསྐྱོད་དང་འབྲེལ་བའི་ མིང་གཏམ་ཅན་ཅིག་སྦེ་ གནས་ཡོད་རུང་ འཕྲལ་ཁམས་ཅིག་ཁར་ རྒྱལ་ཡོངས་རྩོད་འགྲན་ཚུ་ནང་ ཕྱི་མི་ནང་བསྐྱོད་དེ་ […]

World News

ཕི་ལི་པིན་ལུ་ ཊ་མི་ཟེར་མི་ ཆར་རླུང་ཚབས་ཆེན་ལུ་བརྟེན་ཏེ་ ས་རུད་དང་ཆུ་རུད།

སི་ཨེན་ཨེན། སྤྱི་ཟླ་ ༡༠ པའི་ཚེས་ ༢༤ ལུ་ ཕི་ལི་པིན་ རྒྱལ་ཁབ་ཀྱི་ བྱང་ཤར་ས་ཁོངས་ཚུ་ནང་ ཆར་རླུང་ཚབས་ཆེན་ལུ་བརྟེན་ཏེ་ ཉུང་ཤོས་ར་ མི་གྲངས་ ༢༤ དེ་ཅིག་ལུ་ ཤི་རྐྱེན་བྱུང་ཡོདཔ་མ་ཚད་ སྣུམ་འཁོར་ཚུ་ཡང་ ཆུ་གིས་ཕྱགས་བདའ་ནུག།དེ་བསྒང་ གཡུས་ཁའི་མི་སེར་ ལེ་ཤ་ཅིག་ར་ ག་ཏེ་ཡང་ འགྱོ་ས་མེད་པར་ ལ་ལོ་ཅིག་ རང་སོའི་ཁྱིམ་ཐོག་ཁར་ ཛེགས་ཏེ་ སྡོད་ཡོདཔ་ད་ ཆར་རླུང་དེ་ཡང་ གནམ་ནུབ་མོར་ ཐོན་ཡོདཔ་ཨིན་པས།གཞུང་གི་ཁ་ཐུག་ལས་ རྐྱེན་ངན་དེ་ལུ་ གདོང་ལན་གྱི་དོན་ལས་ མཁོ་ཆེ་བའི་ ཡིག་ཚང་ཚུ་མ་གཏོགས་ སྲོབ་གྲྭ་དང་ གཞུང་གི་ཡིག་ཚང་ག་ར་ སྒོ་བསྡམས་བཞག་ནུག།ཉིནམ་དེ་ཁར་ ཁྲོམ་དང་ གཡུས་ཚན་མང་ཤོས་ཅིག་ནང་ ཤིང་ཚུ་གྱེལ་ཏེ་ འཛུལ་ལམ་ཚུ་ བསུབ་ཡོད་པའི་ཁར་ ས་རུད་དང་ ཆུ་རུད་ཀྱིས་ཡང་ མེདཔ་བཏང་ཡོདཔ་ལས་ འབྲེལ་ཡོད་དབང་འཛིན་ཚུ་ ས་གནས་དེ་ཚུའི་ནང་ ལྷོད་མ་ཚུགས་པ་ལུ་བརྟེན་ཏེ་ ཤི་རྐྱེན་གྱི་གྱངས་ཁ་དེ་ ཡར་སེང་འགྱོ་ནི་བཟུམ་ཅིག་ཡོདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་ནས་ཚུལ།

World News

ར་ཤི་་ཡ་ལུ་ བཙོན་ཁྲིམས་ཕོག་མི་ཚུ་ དམག་མིའི་ནང་ འཛུལ་ཞུགས་ཀྱི་གདམ་ཁ།

བི་བི་སི། འཕྲལ་ཁམས་ཅིག་ཁར་ ཁྲིམས་རྩོདཔ་ཚུ་གིས་ ཉེས་འགེལ་གྱི་ བཙོན་ཁྲིམས་ཕོག་མི་ཚུ་ བཙོན་ཁྲིམས་ཀྱི་ཚབ་ལུ་ དམག་མིའི་ནང་ འཛུལ་ཞུགས་ཐོག་ལས་ ཕྱད་མདའ་རྐྱབ་པར་ འགྱོ་ནི་གི་ གདམ་ཁ་ཡོད་ལུགས་ཚུ་ བཤད་དགོཔ་སྦེ་བཟོ་ནུག།སྤྱི་ལོ་ ༢༠༢༤ སྤྱི་ཟླ་ ༣ པའི་ནང་ ཆ་འཇོག་གྲུབ་མི་ ཁྲིམས་ལུགས་དེ་ནང་ ཁྲིམས་སར་བཀལ་ནི་དང་ ཞིབ་དཔྱད་འབད་དགོ་པའི་ དུམ་ཁར་ལྷོད་མི་ གནོད་འགེལ་གྱི་ ལཱ་བྱ་འཐབ་མི་ཚུ་གིས་ཡང་ དམག་མིའི་ནང་ འཛུལ་བ་ཅིན་ ཁྲིམས་རྩོད་དང་ ཞིབ་དཔྱད་ཚུ་ ཕྱད་མདའ་མཇུག་བསྡུ་བའི་ཤུལ་ལུ་ ཆ་མེད་བཏང་ནི་སྦེ་ཡོདཔ་ཨིན་པས།ར་ཤི་ཡ་ལུ་ འཛིན་བཟུང་འབད་དེ་ཡོད་མི་ དོགས་པ་ཅན་ཚུ་ལུ་ ཁྲིམས་དོན་རྒྱབ་སྐྱོར་བྱིན་མི་ གཞུང་མིན་ལས་ཚོགས་ཅིག་གིས་ ར་ཤི་ཡའི་ ཁྲིམས་ལུགས་བསྟར་སྤྱོད་དེ་ མགོ་མཇུག་སློག་བཏང་ཡི་ཟེར་ཨིནམ་ད་ དེ་ཡང་ མི་ངོམ་ཅིག་གིས་ མི་གཞན་ཅིག་ བསད་ཡོད་པའི་སྐོར་ལས་ མིག་མཐོང་ལག་བཟུང་གི་ སྒྲུབ་བྱེད་ཡོད་རུང་ དམག་མིའི་ནང་ འཛུལ་བ་ཅིན་ ཉེས་ཁྲིམས་ཆ་མེད་ཨིནམ་སྦེ་བཤད་ནུག།དེ་ཡང་ མི་དེ་ཚུ་ དམག་མིའི་ནང་ བཏང་པའི་ཤུལ་ལས་ ཚེ་སྲོག་ལུ་ བར་ཆད་འབྱུང་རུང་ ག་གིས་ཡང་ སྣང་དག་མི་བསྐྱེད་ནི་ཨིན་པའི་ཁར་ སྤྱིར་བཏང་དཔལ་འབྱོར་ལུ་ཡང་ ཕན་གནོད་མེདཔ་སྦེ་ བརྩི་དོ་ཡོདཔ་ཨིན་པས།མ་གཞི་ […]

Online now: 9 Today: 555 Total visitors: 15991