ArchiveAboutContact

Category: World News

World News

ཀོང་གོ་ལུ་ ཤིང་གྲུ་ཅིག་ མེ་གིས་འཚིགས་ཏེ་ མགོ་མཇུག་ལོག་འགྱོ་མིའི་ནང་ ལམ་འགྲུལཔ་ ༡༤༨ ལྷགཔ་ཅིག་ལུ་ཤི་རྐྱེན།

རོའི་ཊརཛ། སྤྱི་ཟླ་ ༤ པའི་ཚེས་ ༡༨ ལུ་ ཀོང་གོ་རྒྱལ་ཁབ་ནང་ ཤིང་གྲུ་ཅིག་ མེ་གིས་འཚིགས་ཏེ་ གཙང་ཆུའི་ནང་ མགོ་མཇུག་ལོག་སྟེ་ ཡར་སོངཔ་ལས་ མི་གྲངས་ ༡༤༨ ལྷགཔ་ཅིག་ལུ་ ཤི་རྐྱེན་བྱུང་ནུག།དེ་བསྒང་ ཤིང་གྲུ་དེ་ནང་ ཨམ་སྲུ་དང་ ཨ་ལུ་ཚུ་བརྩིས་ཏེ་ འགྲུལ་པ་ ༥༠༠ དེ་ཅིག་ སྡོད་ཡོདཔ་ད་ ཀོང་གོའི་གྲུ་ཚུ་ལུ་ དེ་བཟུམ་མའི་ གནོད་སྐྱོན་བྱུང་མི་དེ་ མང་ཤོས་ཅིག་ར་ ཤིང་གྲུ་རྙིངམ་ཚུ་ ལག་ལེན་འཐབ་སྟེ་ གཡུས་ཚན་ཚུ་གི་བར་ན་ གཙང་ཆུའི་གུ་ལས་ སྐྱེལ་འདྲེན་འབད་ནི་དེ་གིས་ཨིན་པས།ཤིང་གྲུ་ཐུག་རྐྱེན་བྱུང་སའི་ གཙང་ཆུ་དེ་ནང་ལས་ ད་ལྟོའི་བར་ན་ཡང་ བྱང་སྟོར་ཤོར་མི་ མི་བརྒྱ་ལས་བཅད་དེ་ འཚོལ་མ་ཐོབ་པར་ཡོདཔ་སྦེ་ དགོ་དཔོན་ཚུ་གིས་ སྙན་ཞུའི་ནང་བཀོད་ནུག།མི་གྲངས་ ༡༠༠ དེ་ཅིག་ སྲོག་སྐྱབས་འབད་དེ་ ས་གནས་ཀྱི་ ཁྲོམ་སྡེ་ཚོགས་ཁང་ནང་ བསྐྱལ་ཡོདཔ་མ་ཚད་ རྨ་སྐྱོན་བྱུང་མི་ཚུ་ཡང་ སྨན་ཁང་ཚུ་ནང་ བསྐྱལ་ཡོདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

ཡུ་ཀེ་རེན་གྱིས་ རྒྱ་ནག་གི་ ཚོང་སྡེ་ ༣ བཀག་དམ།

རོའི་ཊརཛ། རྒྱ་ནག་གིས་ ར་ཤི་ཡ་ལུ་ མཚོན་ཆ་བཀྲམ་སྤེལ་འབད་བའི་ ཉེས་འཛུགས་འབད་བའི་ཤུལ་ལས་ ཡུ་ཀེ་རེན་གྱིས་ སྤྱི་ཟླ་ ༤ པའི་ཚེས་ ༡༨ ལུ་ རྒྱ་ནག་གི་ ཚོང་སྡེ་ ༣ བཀག་དམ་འབད་ནུག།རྒྱ་ནག་གི་ ཕྱི་འབྲེལ་ལྷན་ཁག་ལས་ བཤད་དོ་བཟུམ་འབད་བ་ཅིན་ ཡུ་ཀེ་རེན་གྱི་སྲིད་འཛིན་ ཟེ་ལེནཛ་ཀི་གིས་ དེ་བཟུམ་མའི་ ཉེས་འཛུགས་བཀལ་མི་དེ་ བདེ་ཁུངས་མེདཔ་སྦེ་ ཆ་མེད་བཏང་ཡི་ཟེར་ཨིན་པས།ར་ཤི་ཡ་གིས་ ཡུ་ཀེ་རེན་ལུ་ ལོ་ངོ་ ༣ གྱི་རིང་ དམག་འཁྲུག་ལང་མིའི་ནང་ ར་ཤི་ཡ་དང་གཅིག་ཁར་ དཔལ་འབྱོར་གྱི་ མཐུན་ལམ་དམ་ཟབ་ཐོག་ལས་ རྒྱ་ནག་གིས་ བར་གནས་ཀྱི་ དཔར་རིས་ཅིག་ བཏོན་ནི་ལུ་ འབད་རྩོལ་བསྐྱེད་ཡོདཔ་མ་ཚད་ དམག་འཁྲུག་ནང་ འབྲེལ་གཏོགས་མེདཔ་སྦེ་ཡང་ གསལ་བཤད་འབད་ནུག།ཡུ་ཀེ་རེན་གྱིས་ བཀག་དམ་འབད་མི་ ཚོང་སྡེ་ཚུ་གི་ དུས་མཐུན་ཐོ་ཡིག་ཅིག་ གསར་བཏོན་འབད་མིའི་ནང་ ར་ཤི་ཡའི་ཚོང་སྡེ་ བེ་ཇིང་མཁའ་འགྲུལ་དང་ མཁའ་འགྲུལ་ཞིང་ཧུའི་འཕྲུལ་རིག་ཚོང་སྡེ་ རུའི་ཇིན་འཕྲུལ་ཆས་ཚོང་སྡེ་ དེ་ལས་ ཞོང་ཕུ་ཤེ་ཉིང་ ཀར་བོན་ཕའི་བཱར་ ཞི་ནིང་ཚོང་སྡེ་ཚུ་ག་ར་ རྒྱ་ནག་ལུ་ ཐོ་བཀོད་འབད་དེ་ཡོདཔ་སྦེ་ བཤད་ཡོདཔ་ཨིན་པས།ཡུ་ཀེ་རེན་ལུ་ ཚོང་སྡེ་དེ་ཚུ་གིས་ […]

World News

ཡུ་ཨེཛ་གིས་ ཏཱ་ཡེ་ཝཱན་ལུ་ རང་དབང་སྲུང་སྐྱོབ་ཀྱི་དོན་ལས་ འཕྲོ་མཐུད་དེ་ར་ གྲོགས་རམ་འབད་ནི།

རོའི་ཊརཛ། སྤྱི་ཟླ་ ༤ པའི་ཚེས་ ༡༨ ལུ་ ཡུ་ཨེཛ་གིས་ ཏཱ་ཡེ་ཝཱན་རྒྱལ་ཁབ་ རང་དབང་སྲུང་སྐྱོབ་ཀྱི་དོན་ལས་ འཕྲོ་མཐུད་དེ་ར་ གྲོགས་རམ་འབད་ནི་ཨིན་པའི་སྐོ་ལས་ གསལ་བཤད་འབད་ནུག།དེ་ཡང་ ཏཱ་ཡེ་ཝཱན་ མཚོ་གླིང་རྒྱལ་ཁབ་དེ་ བཙན་དབང་གི་ ཉེན་ཁ་མེད་པར་ ཞི་བདེའི་ངང་ལུ་ གནས་དགོཔ་དེ་ གལ་ཆེ་བའི་སྐོ་ལས་ ཏཱ་ཡེ་ཝཱན་ལུ་ གཟིགས་སྐོར་གནང་པར་བྱོན་མི་ ཡུ་ཨེཛ་སྤྱི་ཚོགས་ཀྱི་ འཐུས་མི་ཅིག་གིས་ ཏཱ་ཡེ་ཝཱན་གྱི་སྲིད་འཛིན་ ལའི་ཅིང་ཏེ་མཆོག་ལུ་ ཞུ་ཡོདཔ་ཨིན་པས།རྒྱ་ནག་གིས་ ཐོབ་བརྗོད་བཀོད་མི་ ཏཱ་ཡེ་ཝཱན་དང་ ཡུ་ཨེཛ་རྒྱལ་ཁབ་ ༢ ཀྱི་བར་ན་ གཞུང་འབྲེལ་གྱི་ མཐུན་ལམ་མེད་རུང་ ཡུ་ཨེཛ་ཨེ་དེ་ ཏཱ་ཡེ་ཝཱན་ལུ་ རྒྱལ་སྤྱིའི་རྒྱབ་སྐྱོར་དང་ མཚོན་ཆ་བཀྲམ་སྤེལ་འབད་མི་ གལ་ཅན་ཅིག་ཨིནམ་སྦེ་བཀོད་ནུག།ཡུ་ཨེཛ་ཨེ་ རི་པབ་བི་ལི་ཀཱན་གྱི་ སྤྱི་ཚོགས་འཐུས་མི་ པི་ཊི་རི་ཀེཊཛ་གིས་ ཡུ་ཨེཛ་རྒྱལ་ཁབ་ནང་ བདག་སྐྱོང་ཚུ་ འགྱུར་བཅོས་འགྱོ་རུང་ ཏཱ་ཡེ་ཝཱན་ལུ་ སྲིད་དོན་ཚོགས་པ་ ༢ ཆ་རགིས་ རྒྱབ་སྐྱོར་དེ་ འཕྲོ་མཐུད་དེ་ར་ཡོད་ཟེར་ཨིན་པས།ཡུ་ཨེཛ་ཨེ་གིས་ ཨིན་ཌོ་པེ་སི་ཕིག་ནང་ ཞི་བདེ་དང་ བརྟན་ཏོག་ཏོ་བཟོ་ནི་ལུ་ ཁས་བླངས་འབདཝ་བཞིན་དུ་ ཏཱ་ཡེ་ཝཱན་ […]

World News

ཡུ་ཨེཛ་གིས་ ཡེ་མེན་ལུ་ ས་སྣུམ་བཀྲམ་སྤེལ་གྱི་ ས་ཁོངས་ཅིག་ནང་ གནོད་འཚུབ་བཀལཝ་ད་ མི་གྲངས་ ༥༨ དེ་ཅིག་ལུ་ ཤི་རྐྱེན་དང་ ༡༢༦ དེ་ཅིག་ལུ་ རྨ་སྐྱོན་བྱུང་ཡོདཔ།

བི་བི་སི། སྤྱི་ཟླ་ ༤ པའི་ཚེས་ ༡༨ ལུ་ ཡུ་ཨེཛ་དམག་སྡེ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཡུ་ཨེཛ་གི་ དམག་མི་ཚུ་གིས་ ཡེ་མེན་ལུ་ འཕྲལ་ཁམས་ཅིག་ཁར་ ཧའུ་ཐི་ངོ་ལོགཔ་ཚུ་དང་གཅིག་ཁར་ དམག་རྐྱབ་པའི་སྐབས་ལུ་ ས་སྣུམ་བཀྲམ་སྤེལ་གྱི་ ས་ཁོངས་ཅིག་ མེདཔ་བཏང་ཡི་ཟེར་ཨིན་པས།དེ་ཡང་ རཛ་ཨི་སའི་ རེཌ་སི་ཟེར་མི་ རྒྱ་མཚོའི་གྲུ་ཚུགས་ཁ་ཐུག་ལུ་ གནོད་འཚུབ་བཀལ་དགོ་པའི་ དམིགས་ཡུལ་གཙོ་བོ་ར་ ཨི་རཱན་གྱིས་ རྒྱབ་སྐྱོར་འབད་མི་ ལས་འགུལ་གྱི་ མཁོ་ཆས་དང་ མ་དངུལ་ཚུ་ བཀག་ཆ་འབད་ཐབས་ལུ་ཨིནམ་སྦེ་བཤད་ནུག།ཧུ་ཐི་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ སྤྱི་ཟླ་ ༤ པའི་ཚེས་ ༡༧ ལུ་ ཡུ་ཨེཛ་གི་ དམག་སྡེ་གིས་ གནོད་འཚུབ་བཀལ་མིའི་ནང་ མི་གྲངས་ ༥༨ དེ་ཅིག་ལུ་ ཤི་རྐྱེན་དང་ ༡༢༦ དེ་ཅིག་ལུ་ རྨ་སྐྱོན་བྱུང་ཡི་ཟེར་ཨིན་པས།ཡུ་ཨེཛ་གི་ དམག་མི་ཚུ་གིས་ ཟླཝ་ ༡ གི་ཧེ་མར་ ཧའུ་ཐི་ཚུ་དང་གཅིག་ཁར་ དམག་རྐྱབ་ནིའི་ལཱ་ཚུ་ ཡར་སེང་འབད་བའི་ཤུལ་ལས་ གནོད་འཚུབ་བཀལ་ཡོདཔ་ད་ ཨིན་རུང་ ཡུ་ཨེཛ་གི་ འགོ་དཔོན་ཚུ་གིས་ […]

World News

སོ་མ་ལི་ཡ་དང་ ཡུ་ཨེཛ་ ༢ མཉམ་འབྲེལ་གྱིས་ མཁའ་དམག་ཐོག་ལས་ གཡིབ་དམག་ ༡༢ དམར་བསད།

རོའི་ཊརཛ། སྤྱི་ཟླ་ ༤ པའི་ཚེས་ ༡༧ ལུ་ སོ་མ་ལི་ཡ་དང་ ཡུ་ཨེཛ་ ༢ མཉམ་འབྲེལ་གྱིས་ སོ་མ་ལི་ཡའི་ དབུས་ཕྱོགས་ལུ་ མཁའ་དམག་ཐོག་ལས་ གནོད་འཚུབ་བཀལ་ཏེ་ ཨཱལ་ཤ་བབ་ཟེར་མི་ གཡིབ་དམག་ ༡༢ དམར་བསད་འབད་ཡོདཔ་མ་ཚད་ ཨཱལ་ཀ་ཡེ་ཌ་ གཡིབ་དམག་གི་ གོ་མཚོན་འབད་མི་ གྲུ་ཆེན་ཅིག་ཡང་ གཏོར་བཏང་ནུག།དེ་ཡང་ སོ་མ་ལི་ཡའི་རྒྱལ་ས་ མོ་ག་ཌི་ཤུ་ལས་ བྱང་ཁ་ཐུག་ལུ་ ཀི་ལོ་མི་ཊར་ ༢༤༥ དེ་ཅིག་གི་ས་ཁར་ ཨིཛ་ལམ་གྱི་ ཐབས་བྱུས་ཅན་གྱི་ ཨ་ཌན་ཡ་བཱལ་ཁྲོམ་ཁར་ དམག་འཁྲུག་ལང་སྟེ་ ཆུ་ཚོད་དག་པ་ཅིག་གི་ཤུལ་ལས་ མཁའ་དམག་ཐོག་ལས་ ཧང་བཅོམ་འབད་ཡོདཔ་ཨིན་པས།ཨཱལ་ཤ་བཱབ་ཀྱིས་ སྤྱི་ལོ་ ༢༠༠༧ ལས་ ངོ་རྒོལ་འབད་ནི་ འགོ་བཙུགས་ཡོདཔ་ད་ དེ་ཡང་ ཨིཛ་ལཱ་མིག་གི་ ཁྲིམས་ལུགས་གཞི་བཙུགས་ཀྱི་དོན་ལས་ དབང་ཚད་ཚུ་ འཕྱོག་ནིའི་དོན་ལུ་ བརྩོན་ཤུགས་བསྐྱེད་དོ་ཡོད་པའི་ཁར་ འདས་པའི་ཟླཝ་ལས་ ངོ་རྒོལ་འབད་ནི་ཡང་ འགོ་བཙུགས་ནུག།སྤྱི་ཟླ་ ༤ པའི་ཚེས་ ༡༦ གི་ཕྱི་རོ་ ཨ་ཌན་ཡ་བཱལ་ […]

World News

ལྷོ་ཀོ་རི་ཡའི་ ཁྲིམས་སྲུང་འགག་སྡེ་གིས་ སྲིད་འཛིན་བགྲེསཔ་གི་ ཡིག་ཚང་ཧང་བཅོམ།

ཨེན་ཌི་ཊི་ཝི། སྤྱི་ཟླ་ ༤ པའི་ཚེས་ ༡༦ ལུ་ ལྷོ་ཀོ་རི་ཡའི་ ཁྲིམས་སྲུང་འགག་སྡེ་གིས་ སྲིད་འཛིན་བགྲེསཔ་ ཡུན་སུག་ཡོལ་གྱི་ ཡིག་ཚང་དང་ ཁོ་གི་ཉེན་སྲུང་ཁ་གསལ་ཚུ་ལུ་ ཧང་བཅོམ་འབད་ཡོདཔ་ཨིན་པས།དེ་ཡང་ ན་ཧིང་ སྤྱི་ཟླ་ ༡༢ པའི་ནང་ སྲིད་འཛིན་བགྲེསཔ་ ཡུན་སུག་ཡོལ་གྱིས་ དམག་ཁྲིམས་གསལ་བསྒྲགས་འབད་བ་ལུ་བརྟེན་ཏེ་ སྤྱི་ཚོགས་ནང་ལས་ ཕྱིར་དབྱུང་འབད་ནུག།དེ་ལས་ སྤྱི་ཟླ་དང་པའི་ནང་ སྲིད་འཛིན་བགྲེསཔ་ ཡུན་སུག་ཡོལ་དེ་ ཁྲིམས་སྲུང་འགག་སྡེ་གིས་ འཛིན་བཟུང་འབད་ཡོདཔ་ད་ ལྷོ་ཀོ་རི་ཡའི་ རྒྱལ་ཁབ་ཀྱི་དབུ་ཁྲིད་ དེ་སྦེ་ འཛིན་བཟུང་འབད་མི་དེ་ འགོ་དང་པ་ཨིན་པས།དེ་ཚེ་ ཁྲིམས་སྲུང་འགག་སྡེ་གིས་ སྲིད་འཛིན་བགྲེསཔ་གི་ ཡིག་ཚང་དང་ སྡོད་ཁྱིམ་ཚུ་ནང་ འཚོལ་ཞིབ་དང་ གསང་བའི་འགྲུལ་འཕྲིན་སར་བཱར་ཚུ་ འཕྱོག་བཟུང་འབད་ཡོད་ཡོདཔ་མ་ཚད་ ཉེན་སྲུང་ཡིག་ཚང་དང་ ཉེན་སྲུང་འགོ་དཔོན་གྱི་ སྡོད་ཁྱིམ་ཚུ་གི་ནང་ཡང་ བཙན་འཛུལ་འབད་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

ཇར་མ་ནི་ལུ་ ཌོག་ཊར་ཅིག་གིས་ སྲོག་གཅོད་སྨན་རྫས་ཚུ་བྱིན་ཏེ་ ནདཔ་ ༡༥ དམར་བསད་འབད་ཡོད་པའི་ཉེས་འཛུགས

བི་བི་སི། ཇར་མ་ནི་ལུ་ ཌོག་ཊར་ཅིག་གིས་ སྲོག་གཅོད་སྨན་རྫས་ཚུ་ ལག་ལེན་འཐབ་སྟེ་ ནདཔ་ ༡༥ དམར་བསད་འབད་ཡོད་པའི་ ཉེས་འཛུགས་བཀལ་ཐོག་ལུ་ ཁྲིམས་སྲུང་འགག་སྡེའི་ དོ་དམ་འོག་ལུ་ བཞག་ཡོདཔ་ཨིན་པས།དེ་ཡང་ བཱར་ལིན་གྱི་ ཁྲིམས་རྩོད་པ་ཚུ་གིས་ སྐྱེས་ལོ་ ༤༠ ལང་མི་ དོགས་པ་ཅན་ ཌོག་ཊར་ཕོ་སྐྱེས་དེ་གིས་ ཁོ་རའི་སྐྱོན་བསུབ་ཀྱི་དོན་ལས་ ཉམས་རྒུདཔ་ལ་ལོ་ཅིག་གི་ སྡོད་ཁྱིམ་ཚུ་གི་ ཁང་མིག་ནང་ཡང་ མེར་སྤར་ཡོད་པའི་ ཉེས་འཛུགས་བཀལ་ནུག།ཌོག་ཊར་དེ་གིས་ སྤྱི་ལོ་ ༢༠༢༡ སྤྱི་ཟླ་ ༩ པ་ལས་ སྤྱི་ལོ་ ༢༠༢༤ སྤྱི་ཟླ་ ༧ པ་ཚུན་ལུ་ ཨམ་སྲུ་ ༡༢ དང་ ཕོ་སྐྱེས་ ༣ བསད་ཡོད་པའི་ ཉེས་འཛུགས་བཀལ་ཡོད་རུང་ ཁྲིམས་རྩོདཔ་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ དེ་བ་ལྷགཔ་སྦེ་ བསད་ཡོད་པའི་ དོགས་པ་ཡོད་ཟེར་ཨིན་པས།ཇར་མ་ནི་ལུ་ སྒེར་གྱི་ཁྲིམས་ལུགས་ དམ་དྲགས་ཡོད་མི་ལུ་བརྟེན་ མིང་མ་བཀོད་མི་ དྲུང་འཚོ་དེ་གིས་ ཉེས་འཛུགས་བཀལ་མི་ལུ་ ད་ཚུན་གྱི་བར་ན་ ངོས་ལེན་འབད་མ་བཏུབ་པའི་སྐོར་ལས་ ཁྲིམས་རྩོད་པ་ཚུ་གིས་ […]

World News

པཱ་ཀིཛ་ཏཱན་ལུ་ ངོ་རྒོལ་གཡིབ་དམག་སྡེ་ཚན་གྱིས་ རྫས་བམ་འགས་བཅུག་མིའི་ནང་ ཁྲིམས་སྲུང་འགག་པ་ ༣ ལུ་ཤི་རྐྱེན།

ཨེན་ཌི་ཊི་ཝི། པཱ་ཀིཛ་ཏཱན་ལུ་ ཨའི་ཨེཛ་ཨའི་ཨེཛ་ཟེར་མི་ ངོ་རྒོལ་གཡིབ་དམག་སྡེ་ཚན་གྱིས་ ཁྲིམས་སྲུང་འགག་པ་ཚུ་ལུ་ དམིགས་གཏད་བསྐྱེད་དེ་ རྫས་བམ་འགས་བཅུག་མིའི་ནང ཁྲིམས་སྲུང་འགག་པ་ ༣ ལུ་ ཤི་རྐྱེན་དང་ ལེ་ཤ་ཅིག་ལུ་ རྨ་སྐྱོན་བྱུང་ཡོདཔ་ཨིན་པས།དེ་ཡང་ སྤྱི་ཟླ་ ༤ པའི་ཚེས་ ༡༥ ལུ་ བཱ་ལོ་ཅིཛ་ཏཱན་མངའ་སྡེའི་ མཱཛ་ཏུང་ཁྲོམ་སྡེའི་ནང་ ཁྲིམས་སྲུང་འགག་པ་ ༤༠ འབག་སྟེ་ འགྲུལ་བསྐྱོད་འབད་མི་ སྣུམ་འཁོར་བཱཛ་དེ་ལུ་ དམིགས་གཏད་བསྐྱེད་དེ་ མོ་ཊར་ས་ཡེ་ཀཱལ་ཅིག་ བཀག་བཞག་ཐོག་ལས་ རྫས་བམ་འགས་བཅུག་ནུག།པཱ་ཀིཛ་ཏཱན་དང་ ཨཕ་གྷ་ནིཛ་ཏཱན་གྱི་ ཉེན་སྲུང་དམག་མི་ཚུ་ལུ་ ཇི་ཧ་དིཛ་སྡེ་ཚན་གྱི་ ལུང་ཕྱོགས་ཡན་ལག་ ཨའི་ཨེཛ་ཨའི་ཨེཛ་ གཡིབ་དམག་སྡེ་ཚན་གྱིས་ འཕྲལ་འཕྲལ་སྦེ་ར་ གནོདཔ་བཀལ་དོ་ཡོདཔ་སྦེ་ བཤདཔ་ཨིན་པས།སྤྱི་ལོ་ ༢༠༢༡ ལོར་ ཨཕ་གྷ་ནིཛ་ཏཱན་ལུ་ ཏཱ་ལི་བཱན་གྱིས་ དབང་ཚད་ལོག་ཐོབ་པའི་ཤུལ་ལས་ པཱ་ཀིཛ་ཏཱན་གྱི་ ས་མཚམས་ལུ་ཡོད་མི་ ལུང་ཕྱོགས་ཚུ་ནང་ དྲག་རྒོལ་ཚུ་ ཡར་སེང་འགྱོ་དོ་ཡོདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

ཌོ་མི་ནི་ཀཱན་ རི་པབ་ལིག་ལུ་ ཁྱིམ་ཐོག་རམ་འགྱོ་མིའི་ནང་ མི་གྲངས་ ༢༢༡ ལུ་ཤི་རྐྱེན།

སི་ཨེན་ཨེན། སྤྱི་ཟླ་ ༤ པའི་ཚེས་ ༡༡ ལུ་ གནས་ཚུལ་དུས་མཐུན་ནང་ བཀོད་དོ་བཟུམ་འབད་བ་ཅིན་ ཌོ་མི་ནི་ཀཱན་ རི་པབ་ལིག་ལུ་ མིང་གཏམ་ཅན་གྱི་ ནུབ་མོའི་སྤྲོ་སྟོན་ཁང་གི་ ཁྱིམ་ཐོག་བརྡིབས་མིའི་ནང་ མི་གྲངས་ ༢༢༡ དེ་་ཅིག་ལུ་ ཤི་རྐྱེན་བྱུང་ནུག་ཟེར་ཨིན་པས།དེ་ཡང་ སྤྱི་ཟླ་ ༤ པའི་ཚེས་ ༨ ཀྱི་དྲོ་པར་ ཆུ་ཚོད་ ༡ དེ་ཅིག་ཁར་ ཁྱིམ་ཐོག་བརྡིབས་འགྱོ་མིའི་ནང་ མི་གྲངས་ ༣༠༠ དེ་ཅིག་ཡོད་མིའི་གྲས་ལས་ སྤྱི་ཟླ་ ༤ པའི་ཚེས་ ༩ ལུ་ མི་གྲངས་ ༡༨༤ ལུ་ ཤི་རྐྱེན་བྱུང་ཡོདཔ་སྦེ་ཨིན་རུང་ སྤྱི་ཟླ་ ༤ པའི་ཚེས་ ༡༡ ལུ་ མི་གྲངས་ ༢༢༡ ལུ་ ཡར་སེང་སོང་ནུག།སྲོག་སྐྱབས་འབད་མི་ཚུ་གིས་ ཁྱིམ་ཐོག་རམ་འགྱོ་མིའི་ནང་ལས་ རྨ་སྐྱོན་བྱུང་མི་ ༡༥༥ བརྩིས་ཏེ་ མི་གྲངས་བསྡོམས་ ༡༨༩ གསོན་པོ་སྦེ་ འཚོལ་ཐོབ་ཡོདཔ་ཨིན་པས།མ་གཞི་ […]

World News

རྒྱ་གར་དང་ ནེ་པཱལ་གྱི་ ས་གནས་ཚུ་ནང་ ཆརཔ་ཤུགས་སྦེ་ རྐྱབ་མི་ལུ་བརྟེན་ཏེ་ མི་གྲངས་ ༡༠༠ དེ་ཅིག་ལུ་ཤི་རྐྱེན།

རོའི་ཊརཛ། རྒྱ་གར་དང་ ནེ་པཱལ་གྱི་ ས་གནས་ཚུ་ནང་ ཆརཔ་ཤུགས་སྦེ་ རྐྱབ་མི་ལུ་བརྟེན་ཏེ་ མི་གྲངས་ ༡༠༠ དེ་ཅིག་ལུ་ ཤི་རྐྱེན་བྱུང་ནུག་ཟེར་ཨིནམ་ད་ དེ་སྦེ་ ཆརཔ་རྐྱབ་ནི་ཨིན་པའི་སྐོར་ལས་ རྒྱ་གར་གྱི་ གནམ་གཤིས་ལས་ཁུངས་ཀྱིས་ དུས་ཚོད་མིན་པའི་ ཆརཔ་མང་སུ་ཅིག་ རྐྱབ་ནི་ཨིན་པའི་ སྔོན་དཔག་ཐོག་ལས་ གསལ་བཤད་འབད་ནུག།རྒྱ་གར་གྱི་ གནམ་གཤིས་ལས་ཁུངས་ཀྱིས་ རྒྱལ་ཁབ་ནང་ ཉེན་ཁ་སྣ་ཚོགས་ཀྱི་ ཉེན་བརྡ་འབད་ཡོདཔ་ད་ དེ་ཡང་ ནུབ་ཕྱོགས་ཁ་ཐུག་ལུ་ ཚ་དྲོད་ཀྱི་ གནས་སྟངས་དང་ ཤར་ཕྱོགས་དང་ དབུས་ཕྱོགས་ཀྱི་ ལུང་ཕྱོགས་ཚུ་ནང་ ཆརཔ་རྐྱབ་ནི་ཨིན་པའི་ ཉེན་བརྡ་འབད་ཡོདཔ་ཨིན་པས།ཤར་ཕྱོགས་བི་ཧར་མངའ་སྡེའི་ནང་ སྤྱི་ཟླ་ ༤ པའི་ཚེས་ ༨ ལས་ ཆརཔ་དང་འབྲེལ་བའི་ བྱུང་རྐྱེན་ཚུ་ནང་ མི་གྲངས་ ༦༤ དེ་ཅིག་ལུ་ ཤི་རྐྱེན་བྱུང་ཡོདཔ་ད་ དེ་ཡང་ རྒྱ་གར་གྱི་ མི་རློབས་མང་ཤོས་ཡོད་མི་ ཨུ་ཏར་པར་དེཤ་མངའ་སྡེའི་ནང་ མི་གྲངས་ ༢༠ ལྷགཔ་ཅིག་ལུ་ ཤི་རྐྱེན་བྱུང་ནུག།དེ་མ་ཚད་ ཁྱིམ་ཚང་རྒྱལ་ཁབ་ ནེ་པཱལ་ལུ་ཡང་ གློག་ཀེམ་དང་ ཆརཔ་ཤུགས་སྦེ་ […]

Online now: 5 Today: 1750 Total visitors: 17186