ArchiveAboutContact

Category: World News

World News

ནིའུ་ཡོག་ལུ་ གནམ་གྲུ་ཧེ་ལི་ཀོབ་ཊར་ཅིག་ལུ་ ཐུག་རྐྱེན་བྱུང་སྟེ་ མི་གྲངས་ ༦ ལུ་ཤི་རྐྱེན།

བི་བི་སི། ནིའུ་ཡོག་ལུ་ ལྟ་བཤལཔ་བཟའ་ཚང་ཅིག་འབག་སྟེ་ འཕུར་འགྲུལ་འབད་མི་ གནམ་གྲུ་ཧེ་ལི་ཀོབ་ཊར་ཅིག་ ཧུད་སཱོན་གཙང་ཆུའི་ནང་ བུད་སོངཔ་ལས་ ཨ་ལོ་ ༣ བརྩིས་ཏེ་ མི་གྲངས་ ༦ ལུ་ ཤི་རྐྱེན་བྱུང་ཡོདཔ་ཨིན་པས།དེ་ཡང་ སྤྱི་ཟླ་ ༤ པའི་ཚེས་ ༡༠ ལུ་ ནིའུ་ཡོག་ཁྲོམ་སྡེའི་ཁྲོམ་དཔོན་ ཨེ་རིག་ཨེ་ཌམ་གྱིས་ བཟའ་ཚང་ནང་མི་ ༥ པོ་དེ་ སི་པེན་ལས་ཨིནམ་ད་ མི་ངོམ་ ༦ པ་དེ་ གནམ་གྲུའི་དེད་དཔོན་ཨིནམ་སྦེ་ གནས་ཚུལ་བསྡུ་བཀོདཔ་ཚུ་ལུ་ གསལ་བཤད་འབད་ནུག།གནམ་གྲུ་དེ་ལུ་ ཐུག་རྐྱེན་བྱུང་མིའི་སྐོར་ལས་ ཞིབ་དཔྱད་འབད་བའི་བསྒང་ཡོདཔ་ད་ འབྲེལ་ཡོད་འགོ་དཔོན་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ གནམ་གྲུ་དེ་ ནིའུ་ཇར་སི་ རྒྱ་མཚོའི་མཐའ་མར་ འཕུར་འགྲུལ་གྱི་དོན་ལས་ ཇོརཇ་ཝ་ཤིང་ཊཱོན་ཟམ་པར་ བསྒྱིར་བའི་ཤུལ་ལུ་ ཚད་འཛིན་འབད་མ་ཚུགས་པར་ ཐུག་རྐྱེན་བྱུང་བྱུངམ་བཟུམ་ཅིག་འདུག་ཟེར་ཨིན་པས།གནམ་གྲུ་ཧེ་ལི་ཀོབ་ཊར་དེ་ ནིའུ་ཡོག་ཧེ་ལི་ཀོབ་ཊརཛ་གིས་ ལག་ལེན་འཐབ་དོ་ཡོདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

ཌོ་མི་ནི་ཀཱན་ རི་པབ་ལིག་ལུ་ ཁྱིམ་ཐོག་རམ་འགྱོ་མིའི་ནང་ མི་གྲངས་ ༢༢༡ ལུ་ཤི་རྐྱེན།

སི་ཨེན་ཨེན། སྤྱི་ཟླ་ ༤ པའི་ཚེས་ ༡༡ ལུ་ གནས་ཚུལ་དུས་མཐུན་ནང་ བཀོད་དོ་བཟུམ་འབད་བ་ཅིན་ ཌོ་མི་ནི་ཀཱན་ རི་པབ་ལིག་ལུ་ མིང་གཏམ་ཅན་གྱི་ ནུབ་མོའི་སྤྲོ་སྟོན་ཁང་གི་ ཁྱིམ་ཐོག་བརྡིབས་མིའི་ནང་ མི་གྲངས་ ༢༢༡ དེ་་ཅིག་ལུ་ ཤི་རྐྱེན་བྱུང་ནུག་ཟེར་ཨིན་པས།དེ་ཡང་ སྤྱི་ཟླ་ ༤ པའི་ཚེས་ ༨ ཀྱི་དྲོ་པར་ ཆུ་ཚོད་ ༡ དེ་ཅིག་ཁར་ ཁྱིམ་ཐོག་བརྡིབས་འགྱོ་མིའི་ནང་ མི་གྲངས་ ༣༠༠ དེ་ཅིག་ཡོད་མིའི་གྲས་ལས་ སྤྱི་ཟླ་ ༤ པའི་ཚེས་ ༩ ལུ་ མི་གྲངས་ ༡༨༤ ལུ་ ཤི་རྐྱེན་བྱུང་ཡོདཔ་སྦེ་ཨིན་རུང་ སྤྱི་ཟླ་ ༤ པའི་ཚེས་ ༡༡ ལུ་ མི་གྲངས་ ༢༢༡ ལུ་ ཡར་སེང་སོང་ནུག།སྲོག་སྐྱབས་འབད་མི་ཚུ་གིས་ ཁྱིམ་ཐོག་རམ་འགྱོ་མིའི་ནང་ལས་ རྨ་སྐྱོན་བྱུང་མི་ ༡༥༥ བརྩིས་ཏེ་ མི་གྲངས་བསྡོམས་ ༡༨༩ གསོན་པོ་སྦེ་ འཚོལ་ཐོབ་ཡོདཔ་ཨིན་པས།མ་གཞི་ […]

World News

སྲིད་འཛིན་ཌོ་ནཱལ་ཊཱམ་གྱིས་ ཚོག་ཟོག་ནང་འདྲེན་གྱི་ ཁྲལ་ཡར་སེང་འབད་མི་གིས་ རྒྱ་ནག་ལུ་ཕན་གནོད།

ཨཱལ་ཇ་ཟི་ར། སྤྱི་ཟླ་ ༤ པའི་ཚེས་ ༩ ལུ་ ཡུ་ཨེཛ་གི་སྲིད་འཛིན་ ཌོ་ནཱལ་ཊཱམ་གྱིས་ ཕྱིའི་རྒྱལ་ཁབ་ཚུ་ལས་ ཚོང་ཟོག་ནང་འདྲེན་ལུ་ ཁྲལ་ཡར་སེང་འབད་མི་དེ་གིས་ རྒྱ་ནག་ལུ་ གནོད་པ་སྦོམ་ར་ བྱུང་ཡོདཔ་ད་ དེ་ཡང་ རྒྱ་ནག་གིས་ ཡུ་ཨེཛ་ལུ་ ཕྱིར་ཚོང་འཐབ་མི་ ཚོང་ཟོག་ཚུ་ལུ་ ཁྲལ་བརྒྱ་ཆ་ ༡༢༥ དེ་རེ་ བཀལ་ཡོདཔ་ཨིན་པས།ཡུ་ཨེཛ་གི་ཁ་ཐུག་ལས་ ཁྲལ་ཡར་སེང་གི་ གནོད་པའི་སྐོར་ལས་ ཚོང་འབྲེལ་མཉམ་རོགས་ གཞན་ཚུ་དང་གཅིག་ཁར་ འགྲིག་ཆའི་གྲོས་གླེང་ཚུ་འབད་ནི་ འགོ་བཙུགས་པའི་ གནས་སྐབས་ནང་ རྒྱ་ནག་གིས་ ཡུ་ཨེཛ་གི་ ཚོང་ཟོག་ནང་འདྲེན་ལུ་ཡང་ ཁྲལ་བརྒྱ་ཆ་ ༨༤ རེ་ལུ་ ཁྲལ་ཡར་སེང་འབད་ཡོདཔ་ལས་ འཛམ་གླིང་ནང་ དཔལ་འབྱོར་སྦོམ་ཤོས་ཨིན་མི་ རྒྱལ་ཁབ་ ༢ ཀྱི་བར་ན་ ཁྲལ་ཡར་སེང་གི་ བྱེལཝ་ཐོན་ཡོདཔ་སྦེ་བཀོད་ནུག།འདས་པའི་བདུན་ཕྲག་ནང་ ཡུ་ཨེཛ་གིས་ ནང་འདྲེན་ཁྲལ་ ཡར་སེང་གི་སྐོར་ལས་ གསལ་བསྒྲགས་འབད་བའི་ཤུལ་ལུ་ བགོ་བཤའ་ཚོང་སྒྱུར་གྱི་ གནས་གོང་ཚུ་ ལེ་ཤ་གིས་ ཉམས་འགྱོ་དོ་ཡོདཔ་ད་ ཁྲལ་ཡར་སེང་ལུ་བརྟེན་ཏེ་ རྒྱལ་སྤྱིའི་ཚོང་འབྲེལ་ནང་ཡང་ བྱེལཝ་སྦོམ་སྦེ་ར་ […]

World News

ཡུ་ཀེ་རེན་གྱིས་ ར་ཤི་ཡའི་ དམག་མིའི་གྲས་ཁར་ རྒྱ་ནག་གི་ དམག་མི་ ༡༥༥ དེ་ཅིག་ཡོདཔ་སྦེ་ བརྡ་ཟུན་ཡོདཔ།

རོའི་ཊརཛ། སྤྱི་ཟླ་ ༤ པའི་ཚེས་ ༩ ལུ་ ཡུ་ཀེ་རེན་གྱི་སྲིད་འཛིན་ ཝོ་ལོ་ཌི་མིར་ ཛེ་ལེནཛ་ཀི་གིས་ གསུངས་དོ་བཟུམ་འབད་བ་ཅིན་ ཡུ་ཀེ་རེན་གྱི་ གསང་ཞིབ་བརྡ་དོན་དང་འཁྲིལཝ་ད་ ར་ཤི་ཡའི་ དམག་མིའི་གྲངས་སུ་ རྒྱ་ནག་གི་ དམག་མི་ཉུང་ཤོས་ར་ ༡༥༥ དེ་ཅིག་ཡོདཔ་སྦེ་ བདའ་ཟུན་ཡི་ཟེར་ཨིན་པས།དེ་ཡང་ ར་ཤི་ཡའི་ དམག་མི་ཚུ་གིས་ མདུན་བསྐྱོད་འབད་ས་ ཤར་ཕྱོགས་ཡུ་ཀེ་རེན་གྱི་ ས་ཁོངས་ནང་ལས་ རྒྱ་ནག་གི་ མི་ངོམ་ ༢ འཛིན་བཟུང་འབད་བའི་ཤུལ་ལུ་ སྲིད་འཛིན་ཛེ་ལེནཛ་ཀི་གིས་ གནས་ཚུལ་བསྡུ་བཀོདཔ་ཚུ་ལུ་ གསལ་བཤད་གནང་ནུག།སྲིད་འཛིན་ཛེ་ལེནཛ་ཀི་གིས་ བཤད་མིའི་ནང་ ར་ཤི་ཡ་གིས་ མི་སྡེ་བརྡ་བརྒྱུད་ཚུ་ ལག་ལེན་འཐབ་སྟེ་ རྒྱ་ནག་གི་ མི་སེར་ཚུ་ ར་ཤི་ཡའི་ དམག་མིའི་གྲངས་སུ་ བཙུགས་དོ་ཡོདཔ་སྦེ་ཨིནམ་ད་ གནད་དོན་དེ་གི་སྐོར་ལས་ རྒྱ་ནག་གི་ འགོ་དཔོན་ཚུ་གིས་ཡང་ མ་ཤེསཔ་མིན་འདུག་ཟེར་ཨིན་པས།ཡུ་ཀེ་རེན་གྱི་ སྲུང་སྐྱོབ་ཞབས་ཏོག་གི་ཁ་ཐུག་ལས་ རྒྱ་ནག་གི་ དམག་མི་ཚུ་ ར་ཤི་ཡའི་ དམག་སྡེ་རུ་ཁག་ ག་ཅི་གི་ནང་ཡོདཔ་ཨིན་ན་ མིང་དང་ སྐྱེས་ཚེས་ཚུ་དང་སྦྲགས་ཏེ་ བསྡུ་ལེན་འབད་དེ་ཡོདཔ་མ་ཚད་ རྒྱ་ནག་གི་ དམག་མི་ཚུ་ལུ་ […]

World News

ཨིཛ་རེལ་གྱིས་ ག་ཟ་ལུ་ སྡོད་གནས་སྒྲིང་ཁྱིམ་ཅིག་གུ་ གནོད་འཚུབ་བཀའཝ་ལས་ མི་གྲངས་ ༢༩ ལུ་ཤི་རྐྱེན།

བི་བི་སི། སྤྱི་ཟླ་ ༤ པའི་ཚེས་ ༡༠ ལུ་ པེ་ལིཛ་ཊིན་གྱི་ ཁྲོམ་ཚོགས་ག་ཟ་ལུ་ཡོད་མི་ སྨན་ཁང་ཅིག་གི་ནང་ལས་ བཤད་དོ་བཟུམ་འབད་བ་ཅིན་ ཤར་ཕྱོགས་ག་ཟ་ལུ་ སྡོད་གནས་སྒྲིང་ཁྱིམ་ཅིག་གུ་ ཨིཛ་རེལ་གྱིས་ མཁའ་དམག་ཐོག་ལས་ གནོད་འཚུབ་བཀལ་མིའི་ནང་ ཨ་ལོ་ཚུ་བརྩིས་ཏེ་ པེ་ལིཛ་ཊིན་གྱི་ མི་སེར་ ༢༩ དེ་ཅིག་ལུ་ ཤི་རྐྱེན་བྱུང་ཡི་ཟེར་ཨིན་པས།ཧ་མཱཛ་གིས་ འཛིན་སྐྱོང་འབད་མི་ ཞི་བའི་སྲུང་སྐྱོབ་ལས་སྡེ་གིས་ སྤྱི་ཟླ་ ༤ པའི་ཚེས་ ༩ གི་དྲོ་པར་ ཨིཛ་རེལ་གྱི་ མཁའ་དམག་གནམ་གྲུ་ཚུ་ ག་ཟ་ལུ་ཡོད་མི་ མུཛ་ལིམ་གྱི་ ལྷ་ཁང་གུ་ལས་འཕུར་ཏེ་ ལྷ་ཁང་དེ་གི་ ཉེ་འདབས་ཀྱི་ ས་ཁོངས་ལུ་ དམིགས་ཚད་བསྐྱེད་སར་ མཐོང་ཡོདཔ་སྦེ་བཀོད་ནུག།གནད་དོན་དེ་གི་སྐོར་ལས་ ཨིཛ་རེལ་གྱི་ དམག་སྡེ་གིས་འབད་བ་ཅིན་ ས་ཁོངས་དེ་ནང་ གནོད་འཚུབ་བཀལ་ནི་གི་ འཆར་གཞི་བརྩམས་ཏེ་ ལག་ལེན་འཐབ་ནི་གི་ འགན་ཁུར་འབག་མི་ ཧ་མཱཛ་དབང་བཙོང་དམག་སྡེའི་ ཆེ་མཐོའི་འགོ་དཔོན་ཅིག་ལུ་ གནོད་འཚུབ་བཀལ་ཡི་ཟེར་ཨིན་པས།དེ་བསྒང་ ཨིཛ་རེལ་གྱི་ཁ་ཐུག་ལས་ ཞི་བའི་མི་སེར་ཚུ་ལུ་ གནོད་པ་མར་ཕབ་ཀྱི་དོན་ལས་ ཐབས་ལམ་ཚུ་ ལག་ལེན་འཐབ་ཡོདཔ་མ་ཚད་ ཚ་གཏད་འཁྲུལ་མེད་ཀྱི་ མཚོན་ཆ་ཚུ་ཡང་ […]

World News

ལྷོ་ཀོ་རི་ཡའི་ རྒྱལ་ཁབ་ནང་ སྲིད་འཛིན་གྱི་བཙག་འཐུ་འགོ་འདྲེན་འཐབ་ནི།

བི་བི་སི། སྤྱི་ཟླ་ ༤ པའི་ཚེས་ ༨ ལུ་ ལྷོ་ཀོ་རི་ཡའི་ སྲིད་འཛིན་ངོ་ཚབ་ཀྱིས་ སྤྱི་ཟླ་ ༦ པའི་ཚེས་ ༣ ལུ་ སྲིད་འཛིན་གྱི་ བཙག་འཐུ་འགོ་འདྲེན་འཐབ་ནི་ཨིན་པའི་སྐོར་ལས་ གསལ་བསྒྲགས་གནང་ཡོདཔ་ཨིན་པས།དེ་ཡང་ ན་ཧིང་ སྤྱི་ཟླ་ ༡༢ པའི་ནང་ ཧེ་མའི་སྲིད་འཛིན་ ཡཱུན་སུག་ཡོལ་གྱིས་ དམག་སྡེའི་ཁྲིམས་ལུགས་ གཞི་བཙུགས་འབད་ནི་ཨིན་པའི་ གསལ་བསྒྲགས་འབད་བའི་ ཉེས་འཛུགས་ཐོག་ལུ་ སྤྱི་ཚོགས་ཀྱིས་ སྲིད་འཛིན་ལས་ གནས་དབྱུང་འབད་ནུག།དེ་བཟུམ་སྦེ་ རྩ་ཁྲིམས་ཅན་གྱི་ ཁྲིམས་འདུན་ལས་ཡང་ ཉེས་འཛུགས་དེ་ལུ་ ཆ་འཇོག་ཐོག་ལས་ སྤྱི་ཟླ་ ༤ པའི་ཚེས་ ༤ ལུ་ སྲིད་འཛིན་གྱི་ གོ་གནས་ལས་ ཕྱིར་བཏོན་འབད་བའི་ཁར་ ཉིན་གྲངས་ ༦༠ གི་ ནང་འཁོད་ལུ་ སྲིད་འཛིན་གྱི་ བཙག་འཐུ་འགོ་འདྲེན་འཐབ་དགོ་པའི་ བཀའ་རྒྱ་ཡང་ གནང་ཡོདཔ་ཨིན་པས།རྒྱལ་ཁབ་དེ་ནང་ ཧེ་མའི་སྲིད་འཛིན་ ཡཱུན་སུག་ཡོལ་གྱིས་ དམག་སྡེའི་ཁྲིམས་ལུགས་ གཞི་བཙུགས་འབད་ནི་ཨིན་པའི་ གསལ་བསྒྲགས་འབད་བའི་ཤུལ་ལས་ སྲིད་དོན་ཏན་ཏན་མེདཔ་ཐལ་ཏེ་ […]

World News

ཡུ་ཀེ་རེན་གྱིས་ ར་ཤི་ཡའི་ ནུས་ཤུགས་མཐུན་རྐྱེན་ཚུ་ལུ་ གནོད་འཚུབ་བཀལ་ཡོདཔ།

རོའི་ཊརཛ། སྤྱི་ཟླ་ ༤ པའི་ཚེས་ ༥ ལུ་ ར་ཤི་ཡ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཡུ་ཀེ་རེན་གྱིས་ ར་ཤི་ཡའི་ ནུས་ཤུགས་མཐུན་རྐྱེན་ཚུ་ལུ་ གནོད་འཚུབ་བཀལ་ནི་དེ་ ཡར་སེང་སོང་ཡོདཔ་བཞིན་དུ་ འདས་པའི་ཆུ་ཚོད་ ༢༤ གི་ ནང་འཁོད་ལུ་ར་ གནོད་འཚུབ་ལན་ཐེངས་ ༡༤ བཀལ་ཡི་ཟེར་ཨིན་པས།དེ་ཡང་ ར་ཤི་ཡའི་ ལུང་ཕྱོགས་ཀྱི་ ནུས་ཤུགས་མཐུན་རྐྱེན་ཚུ་ལུ་ མི་མེད་པའི་ མཁའ་དམག་གནམ་གྲུ་ཌཱོན་དང་ གོ་མཚོན་སྟོབས་དེ་ཚུ་ ལག་ལེན་འཐབ་སྟེ་ གནོད་འཚུབ་བཀལ་ཡོདཔ་སྦེ་བཤད་ནུག།མ་གཞི་ ར་ཤི་ཡ་དང་ ཡུ་ཀེ་རེན་ ༢ ཀྱིས་ འདས་པའི་ཟླཝ་ནང་ ཡུ་ཨེཛ་གིས་ ཕན་ཚུན་གྱི་ ནུས་ཤུགས་མཐུན་རྐྱེན་ཚུ་ ཉིན་གྲངས་ ༣༠ གི་རིང་ལུ་ བཀག་ཆ་འབད་དགོ་པའི་ གྲོས་འཆར་བཀོད་མི་ལུ་ ཆ་འཇོག་འབད་ཡོད་རུང་ རྒྱལ་ཁབ་གཉིས་ཆ་རའི ཁ་ཐུག་ལས་ ཆ་གནས་མ་བཞགཔ་ཨིན་པས།དེ་མ་ཚད་ སྤྱི་ཟླ་ ༤ པའི་ཚེས་ ༤ ལུ་ཡང་ ར་ཤི་ཡ་གིས་ ཡུ་ཀེ་རེན་གྱི་ ཀི་རི་ཝི་རི་ ཁྲོམ་ཚོགས་ལུ་ གནོད་འཚུབ་བཀལཝ་ལས་ […]

World News

རྒྱ་གར་གྱི་ གློག་བརྙན་འཁྲབ་རྩེདཔ་དང་ བཀོད་ཁྱབ་མདོ་ཆེན་བགྲེསཔ་ མ་ནོཇ་ཀུ་མར་གྱོངས་ཡོདཔ།

བི་བི་སི། སྤྱི་ཟླ་ ༤ པའི་ཚེས་ ༤ ལུ་ རྒྱ་གར་གྱི་ དངུལ་འབྲེལ་ལྟེ་བ་ མུམ་བཱའི་ལུ་ ཡོངས་གྲགས་ཅན་ཅིག་ཨིན་མི་ རྒྱ་གར་གྱི་ གློག་བརྙན་འཁྲབ་རྩེདཔ་དང་ བཀོད་ཁྱབ་མདོ་ཆེན་བགྲེསཔ་ མ་ནོཇ་ཀུ་མར་དེ་ སྐྱེས་ལོ་ ༨༧ གྱི་ཐོག་ལུ་ གྱོངས་སོངཔ་ཨིན་པས།དེ་ཡང་ ལོ་ཚད་དང་འབྲེལ་བའི་ གསོ་བའི་གནད་དོན་ལུ་བརྟེན་ཏེ་ ཤི་རྐྱེན་བྱུང་ཡོདཔ་སྦེ་ ཀོ་ཀི་ལ་བེན་ དྷི་རུ་བཱའི་ ཨམ་བ་ནི་ སྨན་ཁང་གི་ཌོག་ཊར་ སཱན་ཏོཤ་ཤེ་ཊི་གིས་ བཤད་ཡོདཔ་མ་ཚད་ ཁོ་རའི་བུ་ ཀུ་ནཱལ་གོ་སྭ་མི་གིས་ཡང་ གསོ་བའི་གནད་དོན་ཚུ་ དུས་ཡུན་རིངམོ་སྦེ་ར་ ལག་ལེན་འཐབ་སྟེ་ སྡོད་ཡོདཔ་སྦེ་བཤད་ནུག།མ་ནོཇ་ཀུ་མར་གྱིས་ སྤྱི་ལོ་ ༡༩༦༠ རེ་གྲངས་དང་ ༡༩༧༠ དོན་གྲངས་ལུ་ ཤ་ཞེན་ཅན་གྱི་ གློག་བརྙན་ཚུ་ནང་ ཡོངས་གྲགས་སྦོམ་སྦེ་ར་ ཐོན་ཡོདཔ་ཨིན་པས།ཁོ་ལུ་ དགའ་མི་དང་ སྲིད་དོན་པ་ཚུ་གིས་ མི་སྡེ་བརྡ་བརྒྱུད་ཐོག་ལས་ མྱ་ངན་འབད་བའི་ཁར་ རྒྱ་གར་གྱི་བློན་ཆེན་ ན་རེན་ད་ར་ མོ་དི་གིས་ཡང་ ཁོ་ལུ་ རྒྱ་གར་གྱི་ གློག་བརྙན་ནང་ དཔྱེ་སྟོན་བཏུབ་པའི་ མི་ངོམ་ཅིག་ཨིནམ་སྦེ་ གསུངསམ་ཨིན་པས་ཟེར་ […]

World News

ལྷོ་ཀོ་རི་ཡའི་སྲིད་འཛིན་ ཡུན་སུག་ཡོལ་དེ་ སྲིད་འཛིན་གྱི་ གོ་གནས་ལས་ཕྱིར་དབྱུང་།

བི་བི་སི། སྤྱི་ཟླ་ ༤ པའི་ཚེས་ ༤ ལུ་ ལྷོ་ཀོ་རི་ཡའི་སྲིད་འཛིན་ ཡུན་སུག་ཡོལ་དེ་ རྩ་ཁྲིམས་ཅན་གྱི་ ཁྲིམས་འདུན་གྱིས་ སྲིད་འཛིན་གྱི་ གོ་གནས་ལས་ ཕྱིར་བཏོན་འབད་ནུག།དེ་སྦེ་ ཕྱིར་བཏོན་གྱི་ འཁྲུན་ཆོད་ནང་ བཀོད་དོ་བཟུམ་འབད་བ་ཅིན་ རྒྱལ་ཁབ་ཀྱི་ རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལ་ཏེ་ ཉིན་གྲངས་ ༦༠ གི་ ནང་འཁོད་ལུ་ སྲིད་འཛིན་བཙག་འཐུ་འབད་དགོ་ཟེར་ཨིན་པས།དེ་འབདཝ་ལས་ སྲིད་འཛིན་གསརཔ་ བཙག་འཐུ་འབད་མ་ཚར་གྱི་རིང་ལུ་ བློད་ཆེན་ཧཱན་ཌག་སུ་གིས་ སྲིད་འཛིན་ངོ་ཚབ་སྦེ་ ཕྱག་ཞུ་དགོཔ་སྦེ་ཨིནམ་ད་ སྲིད་འཛིན་ཡུན་དེ་ ན་ཧིང་ སྤྱི་ཟླ་ ༡༢ པའི་ནང་ སྤྱི་ཚོགས་ནང་ལས་ ཕྱིར་དབྱུང་འབད་ནུག།སྐྱེས་ལོ་ ༦༤ འབད་མི་ སྲིད་འཛིན་བགྲེསཔ་ ཡུན་སུག་ཡོལ་དེ་ སྤྱི་ཟླ་ ༡ པའི་ཚེས་ ༡༥ ལུ་ འཛིན་བཟུང་འབད་མི་དེ་ ཁྲིམས་འདུན་ལས་ སྤྱི་ཟླ་ ༣ པའི་ནང་ ལོག་བཏང་ཡོད་རུང་ རྒྱལ་ཁབ་ནང་ དམག་སྡེའི་ཁྲིམས་ལུགས་ གཞི་བཙུགས་ཀྱི་ གསལ་བསྒྲགས་འབད་བའི་ […]

World News

ཡུ་ཨེཛ་གིས་ ནང་འདྲེན་ཁྲལ་ ཡར་སེང་འབད་མི་ལུ་བརྟེན་ཏེ་ རྒྱ་གར་གྱི་ བཟོ་བཏོན་ལུ་ ཁེ་ཕན་འབྱུང་སྲིད་ནི།

བི་བི་སི། ཡུ་ཨེཛ་གི་སྲིད་འཛིན་ ཌོ་ནཱལ་ཊཱམ་གྱིས་ ནང་འདྲེན་ཁྲལ་ཚད་ཚུ་ ཡར་སེང་འབད་མི་དེ་གིས་ རྒྱལ་སྤྱིའི་གནས་རིམ་ནང་ གནོད་པ་བྱུངམ་ཨིན་རུང་ རྒྱལ་ཁབ་ལ་ལོ་ཅིག་ནང་ ཁེ་ཕན་གྱི་ གོ་སྐབས་ཐོབ་ཨིན་པས།དེ་ཡང་ སྤྱི་ཟླ་ ༤ པའི་ཚེས་ ༩ ལས་ ཡུ་ཨེཛ་གིས་ རྒྱ་གར་གྱི་ ཅ་ཆས་ཚུ་ལུ་ ནང་འདྲེན་ཁྲལ་ བརྒྱ་ཆ་ ༢༧ རེ་ བཀལ་ནི་སྦེ་ཡོདཔ་ད་ ནང་འདྲེན་ཁྲལ་དེ་ ཡར་སེང་གི་ཧེ་མ་ སྤྱིར་སྙོམས་ཁྲལ་ཚད་དེ་ བརྒྱ་ཆ་ ༣.༣ རེ་ཡོད་མི་ལས་ རྒྱ་གར་གྱི་ ཅ་ཆས་ལུ་ བརྒྱ་ཆ་ ༡༧ རེ་ བཀལ་སྲོལ་ཡོདཔ་ཨིན་པས།ཨིན་རུང་ ཡུ་ཨེཛ་གིས་ རྒྱ་ནག་ལུ་ ཁྲལ་ཚད་བརྒྱ་ཆ་ ༥༤ དང་ ཝེཊ་ནཱམ་ལུ་ བརྒྱ་ཆ་ ༤༦ དེ་ལས་ མཐའ་ཡས་ལེན་ལུ་ བརྒྱ་ཆ་ ༣༦ དང་ བང་ལ་དེཤ་ལུ་ བརྒྱ་ཆ་ ༣༧ རེ་ བཀལ་ནི་སྦེ་ཡོདཔ་ལས་ རྒྱ་གར་གྱི་ཅ་ཆས་ལུ་ བཀལ་ནི་སྦེ་ཡོད་མི་ […]

Online now: 3 Today: 1702 Total visitors: 17138