ArchiveAboutContact

Category: World News

World News

པ་ཀིཛ་ཏཱན་གྱི་ བློན་ཆེན་བགྲེསཔ་ ཨིམ་རཱ་ཁཱན་གྱི་ རྒྱུ་དངོས་དང་ འོང་འབབ་ཚུ་ བརྟག་ཞིབ་འབད་ནི།

ཨིན་ཌི་ཡ་ཊུ་ཌེ།པ་ཀིཛ་ཏཱན་གྱི་བློན་ཆེན་ ཤེ་བཱཛ་ཤ་རིཕ་གི་ འགོ་ཁྲིད་ཐོག་ལུ་ གཞུང་གི་ཁ་ཐུག་ལས་ ཕྱིར་བཏོན་འབད་མི་ བློན་ཆེན་བགྲེསཔ་ ཨིམ་རཱ་ཁཱན་གྱི་ རྒྱུ་དངོས་དང་ འོང་འབབ་ཚུ་ བརྟག་ཞིབ་འབད་ནི་སྦེ་ གྲོས་ཐག་བཅད་ཡོདཔ་ཨིན་པས།དེ་མ་ཚད་ སྲིད་དོན་ཚོགས་པའི་ལས་བྱེདཔ་ ཏ་ཧིར་ཨིག་བཱལ་དང་ མོ་ཧཱ་མཱད་ནོ་མཱན་ཨཕ་ཟཱལ་ མོ་ཧཱ་མཱད་ཨར་ཤཱད་ མོ་ཧཱ་མཱད་ར་ཕིག་ ༤ གི་ མིང་ཐོར་ཡོད་མི་ དངུལ་ཁང་གི་ རྩིས་ཁྲ་ཚུ་ཡང་ བརྟག་ཞིབ་འབད་ནི་སྦེ་ གྲོས་ཐག་བཅད་ནུག།དེ་ཡང་ ལས་གཡོགཔ་ ༤ གི་ སྒེར་གྱི་རྩིས་ཁྲའི་ནང་ དངུལ་འབོར་ཆེ་ཏོག་ཏོ་སྦེ་ འོང་ནི་དེ་གིས་ཨིནམ་ད་ བརྟག་ཞིབ་དེ་ཡང་ དངུལ་ཁང་ལྟེ་བ་གིས་སྦེ་ འགོ་འདྲེན་འཐབ་ནི་ཨིན་པས་ཟེར་ བརྡ་བརྒྱུད་ཅིག་ནང་བཀོད་ནུག།མ་དངུལ་དེ་ཚུ་ སྤྱི་ལོ་ ༢༠༡༣ ལས་ ༢༠༢༢ ཀྱི་བར་ན་ ཕྱི་རྒྱལ་ལས་ལྷོད་མི་ གྲོགས་རམ་མ་དངུལ་ཚུ་ཨིན་པའི་ དོགས་པ་ཡོདཔ་ལས་ ཚན་རིག་བརྟག་དཔྱད་ཚུ་ཡང་ འགོ་འདྲེན་འཐབ་ནི་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

ཡུ་ཀེ་རེན་དང་ ར་ཤི་ཡའི་ དམག་འཁྲུག་དེ་ སྒྲིག་ཆ་བཟོ་དགོ་པ་ཅིན་ ར་ཤི་ཡའི་ དམག་མི་ཚུ་ ཕྱིར་བཏོན་འབད་དགོ་ནི།

བི་བི་སི།སྤྱི་ཟླ་ ༥ པའི་ཚེས་ ༧ ལུ་ ཡུ་ཀེ་རེན་གྱི་སྲིད་འཛིན་ ཟེ་ལེནཛ་ཀི་གིས་ ཡུ་ཀེ་རེན་དང་ ར་ཤི་ཡའི་བར་ན་ ཞི་བདེའི་སྒྲིག་ཆ་དེ་ གཙོ་བོ་ར་ ར་ཤི་ཡའི་ དམག་མི་ཚུ་ ཡུ་ཀེ་རེན་ རྒྱལ་ཁབ་ནང་ལས་ རྒྱབ་བཤུད་རྐྱབ་མི་རྐྱབ་ཀྱི་ གནས་སྟངས་ལུ་ རག་ལས་འོང་ཟེར་གསུངས་ནུག།ར་ཤི་ཡ་གིས་ ཡུ་ཀེ་རེན་གྱི་ཁྲོམ་སྡེ་ མ་རིའུ་པཱོལ་དེ་ ཧྲིལ་བུ་སྦེ་ར་ བཙན་དབང་འབད་ནི་ལུ་ བརྩོན་ཤུགས་བསྐྱེད་དོ་ཡོདཔ་ལས་ དེ་སྦེ་ བཙན་དབང་འབད་དགོ་པའི་ དགོས་པ་ཅིག་མིན་འདུག་ཟེར་ཨིན་པས།དེ་ལས་ ར་ཤི་ཡ་དང་ ཡུ་ཀེརེན་བར་ནའི་ དམག་འཁྲུག་དེ་ ཞི་དགོ་པ་ཅིན་ སྤྱི་ཟླ་ ༢ པའི་ཚེས་ ༢༣ གྱི་ གནས་སྟངས་གུ་ ལོག་ལྷོད་ཚུགས་པའི་ ཐབས་ཤེས་སྟོན་དགོཔ་སྦེ་ཡང་གསུངསནུག།ར་ཤི་ཡ་གིས་ ཡུ་ཀེ་རེན་གྱི་ཁྲོམ་སྡེ་ མ་རིའུ་པཱོལ་དེ་ བཙན་དབང་འབད་ཚུགས་པ་ཅིན་ གྲུབ་འབྲས་སྦོམཤོས་ཅིག་ འོང་ནི་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

འཛམ་གླིང་རྒྱལ་སྤྱི་དང་ ནད་ཡམས་ཀོ་ཝིཌ་-༡༩ མཐོ་ཤོས་ཐོབ་མི་ རྒྱལ་ཁབ་ ༥ གི་གནས་སྟངས།

ཝཱལ་ཌོ་མེ་ཊར།སྤྱི་ཟླ་ ༥ པའི་ཚེས་ ༧ གྱི་ ཉིན་མའི་ཆུ་ཚོད་ ༡༠.༣༠ ཚུན་ལུ་ འཛམ་གླིང་རྒྱལ་ཁབ་ཚུ་ནང་ མི་ངོམ་ཡོངས་བསྡོམས་ ༥༡༦,༥༨༤,༥༤༢ དེ་ཅིག་ལུ་ ནད་ཡམས་ཀོ་ཝིཌ་-༡༩ ཐོབ་ཡོད་མིའི་གྲས་ལས་ མི་གྲངས་བསྡོམས་ ༤༧༡,༢༡༤,༤༧༣ དེ་ཅིག་ དྲག་ཡོད་རུང་ ༦,༢༧༤,༧༤༢ དེ་ཅིག་ལུ་ ཤི་རྐྱེན་བྱུང་ཡོདཔ་ད་ ནདཔ་བསྡོམས་ ༣༩,༠༩༥,༣༢༧ དེ་ཅིག་ཡོདཔ་ཨིན་པས།དེ་ཡང་ འཛམ་གླིང་ནང་ ནད་ཡམས་མཐོ་ཤོས་ཐོབ་མི་ རྒྱལ་ཁབ་ ༥ གི་གྲས་ལས་ ཨ་མི་རི་ཀ་ལུ་ ནད་ཡམས་ཐོབ་མི་ ༨༣,༥༣༤,༠༦༠ དེ་ཅིག་ལས་ ༨༠,༩༡༠,༥༠༩ དེ་ཅིག་ དྲག་ཡོད་རུང་ ནདཔ་ཡོངས་བསྡོམས་ ༡,༥༩༩,༡༦༥ དེ་ཅིག་ཡོདཔ་ད་ མི་ངོམ་ ༡,༠༢༤,༣༨༦ དེ་ཅིག་ལུ་ ཤི་རྐྱེན་བྱུང་ནུག།དེ་ལས་ ནད་ཡམས་ཐོབ་མི་ མཐོ་ཤོས་ཨང་ ༢ པ་ རྒྱ་གར་ལུ་ ནད་ཡམས་ཐོབ་མི་ ༤༣,༠༩༨,༧༤༣ དེ་ཅིག་ལས་ མི་ངོམ་ ༤༢,༥༥༤,༤༡༦ དེ་ཅིག་ དྲག་ཡོདཔ་ད་ […]

gyalchi
World News

ར་ཤི་ཡའི་ དམག་དཔུང་ཚུ་ ཕྱིར་བཏོན་མ་འབད་ཚུན་ ཡུ་ཀེ་རེན་གྱིས་ དམག་འཛིང་མཚམས་འཇོག་མི་འབད་ནི།

ཨཱལ་ཇ་ཟི་ར།ཡུ་ཀེ་རེན་གྱི་སྲིད་འཛིན་ ཝོ་ལོ་ཌེ་མིར་ ཟེ་ལེནཛ་ཀེ་གིས་འབད་བ་ཅིན་ ར་ཤི་ཡ་གིས་ དབང་སྟེ་ཡོད་མི་ ས་ཁོངས་ནང་ ཁོང་གི་དམག་དཔུང་ཚུ་ འཕྲོ་མཐུད་དེ་ར་ སྡོད་ནི་ལུ་ ཡུ་ཀེ་རེན་གྱི་ ཁ་ཐུག་ལས་ ངོས་ལན་འབད་ཐབས་མེད་ཟེར་ཨིན་མས།དེ་ཡང་ འགོ་རིམ་དང་པའི་ འཐབ་འཛིང་ནང་ ར་ཤི་ཡ་གིས་ བཟང་བཅོམ་འབད་མི་དེ་ ཡུ་ཀེ་རེན་ དམག་སྡེ་གིས་ བཀག་ཆ་འབད་དེ་ཡོད་ལུགས་དང་ འགོ་རིམ་ ༢ པའི་ནང་ ར་ཤི་ཡའི་ དམག་དཔུང་ཚུ་ ཡུ་ཀེ་རེན་གྱི་ ས་ཁོངས་ནང་ལས་ ཕྱིར་བཏོན་འབད་ནི་ འགོ་རིམ་ ༣ པའི་ནང་ ཡུ་ཀེ་རེན་གྱི་ མངའ་ཁོངས་དེ་ གཅིག་འགྱུར་ཐོག་ལས་ ཉམས་གསོ་འབད་ནི་ལུ་ དང་ལེན་འབད་ནི་ཨིན་ཟེར་བཤད་ནུག།དེ་མ་ཚད་ ར་ཤི་ཡའི དམག་དཔུང་ཚུ་ ད་ལྟོའི་ས་ཁོངས་དེ་ནང་ འཕྲོ་མཐུད་དེ་ར་ སྡོད་ནི་ཨིན་པ་ཅིན་ དམག་འཛིང་མཚམས་འཇོག་གི་ སྒྲིག་ཆ་འབད་ནི་དེ་ ངོས་ལེན་འབད་མི་ཚུགས་ཟེར་ཨིན་པས།ག་དེ་སྦེ་ཨིན་རུང་ ཡུ་ཀེ་རེན་གྱིས་ དམག་འཁྲུག་དེ་ མཇུག་བསྡུ་ཐབས་ལུ་ ར་ཤི་ཡའི་སྲིད་འཛིན་ པུ༌ཊིན༌དང་ ངོ་འཛོམས་ཐོག་ལས་ བདེ་སྒྲིག་འབད་ནི་ལུ་ གཙོ་བོར་བཏོནམ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

འབྲུག་གི་ས་མཚམས་དང་ མཐུད་འབྲེལ་ཡོད་མི་ རྒྱ་གར་གྱི་ མངའ་སྡེ་ ༣ གྱི་ནང་ ནད་ཡམས་ཀྱི་གནས་སྟངས།

སྤྱི་ཟླ་ ༤ པའི་ཚེས་ ༣༠ གི་ ཉིན་མའི་ཆུ་ཚོད་ ༡.༣༠ ཚུན་ལུ་ ང་ བཅས་རའི་ འབྲུག་རྒྱལ་ཁབ་དང་ ས་ མཚམས་མཐུད་འབྲེལ་ཡོད་མི་ རྒྱ་ གར་རྒྱལ་ཁབ་ཀྱི་ མངའ་སྡེ་ ༣ གྱི་ ནང་ ནད་ཡམས་ཀོ་ཝིཌ་-༡༩ གི་ དུས་མཐུན་གནས་སྟངས་ཚུ་ གཤམ་ འཁོད་ལྟར་དུ་ཨིན་པས། དེ་ཡང་ འབྲུག་གི་ཁྱིམ་མཚེས་ རྒྱ་གར་གྱི་མངའ་སྡེ་ ནུབ་བེང་གཱལ་ལུ་ ནད་ཡམས་ཐོབ་མི་བསྡོམས་ མི་ གྲངས་ ༢,༠༡༨,༢༠༥ དེ་ཅིག་ལས་ མི་གྲངས་ ༡,༩༩༦,༦༦༩ དེ་ཅིག་ དྲག་ཡོད་རུང་ མི་གྲངས་ ༢༡,༢༠༡ དེ་ཅིག་ལུ་ ཤི་རྐྱེན་བྱུང་ཡོདཔ་ད་ ད་ལྟོ་ ནདཔ་ ༣༣༥ དེ་ཅིག་ཡོདཔ་སྦེ་བཀོད་ ནུག། འབྲུག་གི་ས་མཚམས་དང་ མཐུད་འབྲེལ་ཡོད་མི་ རྒྱ་གར་གྱི་ མངའ་སྡེ་ ༣ གྱི་ནང་ ནད་ཡམས་ཀྱི་གནས་སྟངས། དེ་བཟུམ་སྦེ་ རྒྱ་གར་ཨ་སམ་ […]

gyalchi
World News

འཛམ་གླིང་རྒྱལ་སྤྱི་དང་ ནད་ཡམས་ཀོ་ཝིཌ་-༡༩ མཐོ་ཤོས་ཐོབ་མི་ རྒྱལ་ཁབ་ ༥ གི་གནས་སྟངས།

ཝཱལ་ཌོ་མེ་ཊར།སྤྱི་ཟླ་ ༤ པའི་ཚེས་ ༡༦ གི་ ཉི་མྱུར་ཆུ་ཚོད་ ༢.༣༠ ཚུན་ལུ་ འཛམ་གླིང་རྒྱལ་ཁབ་ཚུ་ནང་ མི་ངོམ་ཡོངས་བསྡོམས་ ༥༠༣,༨༧༣,༡༦༩ དེ་ཅིག་ལུ་ ནད་ཡམས་ཀོ་ཝིཌ་-༡༩ ཐོབ་ཡོད་མིའི་གྲས་ལས་ མི་གྲངས་བསྡོམས་ ༤༥༤,༣༩༢,༢༤༢ དེ་ཅིག་ དྲག་ཡོད་རུང་ ༦,༢༢༠,༧༠༤ དེ་ཅིག་ལུ་ ཤི་རྐྱེན་བྱུང་ཡོདཔ་ད་ ནདཔ་བསྡོམས་ ༤༣,༢༦༠,༢༢༣ དེ་ཅིག་ཡོདཔ་ཨིན་པས།དེ་ཡང་ འཛམ་གླིང་ནང་ ནད་ཡམས་མཐོ་ཤོས་ཐོབ་མི་ རྒྱལ་ཁབ་ ༥ གི་གྲས་ལས་ ཨ་མི་རི་ཀ་ལུ་ ནད་ཡམས་ཐོབ་མི་ ༨༢,༢༩༥,༧༦༨ དེ་ཅིག་ལས་ ༨༠,༡༩༢,༣༧༤ དེ་ཅིག་ དྲག་ཡོད་རུང་ ནདཔ་ཡོངས་བསྡོམས་ ༡,༡༥༡,༠༣༧ དེ་ཅིག་ཡོདཔ་ད་ མི་ངོམ་ ༡,༠༡༤,༣༥༧ དེ་ཅིག་ལུ་ ཤི་རྐྱེན་བྱུང་ནུག།དེ་ལས་ ནད་ཡམས་ཐོབ་མི་ མཐོ་ཤོས་ཨང་ ༢ པ་ རྒྱ་གར་ལུ་ ནད་ཡམས་ཐོབ་མི་ ༤༣,༠༤༠,༩༤༧ དེ་ཅིག་ལས་ མི་ངོམ་ ༤༢,༥༠༧,༨༣༤ དེ་ཅིག་ དྲག་ཡོདཔ་ད་ […]

gyalchi
World News

འབྲུག་གི་ས་མཚམས་དང་ མཐུད་འབྲེལ་ཡོད་མི་ རྒྱ་གར་གྱི་ མངའ་སྡེ་ ༣ གྱི་ནང་ ནད་ཡམས་ཀྱི་གནས་སྟངས།

ཨེན་ཌི་ཊི་ཝི།སྤྱི་ཟླ་ ༤ པའི་ཚེས་ ༡༦ གི ཉི་མྱུར་ཆུ་ཚོད་ ༣.༡༥ ཚུན་ལུ་ ང་བཅས་རའི་ འབྲུག་རྒྱལ་ཁབ་དང་ ས་མཚམས་མཐུད་འབྲེལ་ཡོད་མི་ རྒྱ་གར་རྒྱལ་ཁབ་ཀྱི་ མངའ་སྡེ་ ༣ གྱི་ནང་ ནད་ཡམས་ཀོ་ཝིཌ་-༡༩ གི་ དུས་མཐུན་གནས་སྟངས་ཚུ་ གཤམ་འཁོད་ལྟར་དུ་ཨིན་པས།དེ་ཡང་ འབྲུག་གི་ཁྱིམ་མཚེས་ རྒྱ་གར་གྱི་མངའ་སྡེ་ ནུབ་བེང་གཱལ་ལུ་ ནད་ཡམས་ཐོབ་མི་བསྡོམས་ མི་གྲངས་ ༢,༠༡༧,༧༦༥ དེ་ཅིག་ལས་ མི་གྲངས་ ༡,༩༩༦,༢༡༦ དེ་ཅིག་ དྲག་ཡོད་རུང་ མི་གྲངས་ ༢༡,༢༠༠ དེ་ཅིག་ལུ་ ཤི་རྐྱེན་བྱུང་ཡོདཔ་ད་ ད་ལྟོ་ ནདཔ་ ༣༤༩ དེ་ཅིག་ཡོདཔ་སྦེ་བཀོད་ནུག།དེ་བཟུམ་སྦེ་ རྒྱ་གར་ཨ་སམ་མངའ་སྡེའི་ནང་ ནད་ཡམས་ཀོ་ཝིཌ་ཐོབ་མི་ཡོངས་བསྡོམས་ མི་གྲངས་ ༧༢༤,༢༠༠ དེ་ཅིག་ལས་ མི་གྲངས་ ༦,༦༣༩ དེ་ཅིག་ལུ་ ཤི་རྐྱེན་བྱུང་ཡོདཔ་ད་ མི་གྲངས་ ༧༡༦,༢༡༠ དེ་ཅིག་ དྲག་ཡོདཔ་ལས་ སྨན་བཅོས་འབད་མི་ ནདཔ་བསྡོམས་ ༡,༣༥༡ དེ་ཅིག་ཡོདཔ་ཨིན་པས།དེ་ལས་ […]

gyalchi
World News

ར་ཤི་ཡ་གིས་ ཡུ་ཀེ་རེན་གྱི་ དམག་མི་ ༣,༠༠༠ དེ་ཅིག་དམར་བསད། 

ཨིན་ཌི་ཡ་ཊུ་ཌེ།སྤྱི་ཟླ་ ༤ པའི་ཚེས་ ༡༦ ལུ་ ཡུ་ཀེ་རེན་གྱི་སྲིད་འཛིན་ ཝོ་ལོ་ཌི་མིར་ ཟེ་ལེནཛ་ཀི་གིས་ བཤད་དོ་བཟུམ་འབད་བ་ཅིན་ ར་ཤི་ཡ་གིས་ ཡུ་ཀེ་རེན་ལུ་ དམག་རྐྱབ་ནི་ འགོ་བཙུགས་ཞིནམ་ལས་ཚུར་ ད་ཚུན་གྱི་བར་ན་ ཡུ་ཀེ་རེན་གྱི་ དམག་མི་ ༣,༠༠༠ དེ་ཅིག་ལུ་ ཤི་རྐྱེན་དང་ དམག་མི་ ༡༠,༠༠༠ ལྷགཔ་ཅིག་ལུ་ རྨ་སྐྱོན་བྱུང་ཡི་ཟེར་ཨིན་པས།དེ་མ་ཚད་ ཡུ་ཀེ་རེན་རྒྱལ་སའི་ ལུང་ཕྱོགས་ནང་ལས་ཡང་ ར་ཤི་ཡའི་ དམག་མི་ཚུ་ རྒྱབ་བཤུད་རྐྱབ་སྟེ་ འགྱོ་བའི་ཤུལ་ལུ་ ཞི་བའི་མི་སེར་ ༩༠༠ དེ་ཅིག་གི་ ཕུངམོ་ཐོབ་མི་ཚུ་ཡང་ ཀྲོབ་མདའ་རྐྱབ་སྟེ་ དམར་བསད་འབད་བའི་ རྨ་ཤུལ་ཡོད་ལུགས་ཚུ་ ཁྲིམས་སྲུང་འགག་སྡེ་གིས་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

ར་ཤི་ཡའི་ ཁ་ཐུག་ལས་ ལྷོ་ཕྱོགས་ཡུ་ཀེ་རེན་ འཕྱོག་བཟུང་འབད་ནི་གི་འཆར་གཞི།

བི་བི་སི།ར་ཤི་ཡ་དམག་སྡེའི་ གུང་བློན་འོགམ་ རུཛ་ཏཱན་མིན་ནེ་ཀི་ཡེབ་ཀྱིས་ བཤད་དོ་བཟུམ་འབད་བ་ཅིན་ ར་ཤི་ཡའི་ ཁ་ཐུག་ལས་ ལྷོ་ཕྱོགས་ཡུ་ཀེ་རེན་གྱི་ ཁྲོམ་སྡེ་མཱོལ་ཌོ་ཝ་དེ་ འཕྱོག་བཟུང་ཐོག་ལས་ རྒྱལ་ཁབ་སོ་སོ་ཅིག་སྦེ་ བཟོ་ནི་གི་ དམིགས་ཡུལ་སྐྱེད་དོ་ཟེར་ཨིན་པས།དེ་ཡང་ ཤར་ཕྱོགས་ཌཱོན་བཱཛ་ཟེར་མི་ ལུང་ཕྱོགས་དེ་ཡང་ དབང་བཟུང་ཧྲིལ་བུར་འབད་དེ་ ལྷོ་ཕྱོགས་མཱོལ་ཌོ་ཝ་ ཁྲོམ་སྡེའི་གུ་ ཧེང་སྐལ་བསྐྱལ་ཞིནམ་ལས་ ལུང་ཕྱོགས་དེ་ནང་ རྒྱལ་ཁབ་སོ་སོ་སྦེ་ བཟོ་ནི་གི་ འཆར་གཞི་ཨིན་པས་ཟེར་བཀོད་ནུག།དེ་འབདཝ་ད་ གུང་བློན་འོགམ་ རུཛ་ཏཱན་མིན་ནེ་ཀི་ཡེབ་ཀྱི་ བསམ་འཆར་དེ་ལུ་ ར་ཤི་ཡའི་ གཞུང་གི་ཁ་ཐུག་ལས་ གནང་བ་བྱིན་མི་བྱིན་གྱི་སྐོར་ལས་ གསལ་ཏོག་ཏོ་ཅིག་ ག་ནི་ཡང་ བཀོད་དེ་མེདཔ་ལས་ ཐེ་ཚོམ་ཡོད་ཟེར་ཨིན་པས།ག་དེ་སྦེ་ཨིན་རུང་ གནད་དོན་དེ་ ངེས་བདེན་ཨིན་པ་ཅིན་ ར་ཤི་ཡའི་ གཞུང་གི་ཁ་ཐུག་ལས་ འཆར་གཞི་དེ་ལུ་ འོས་འབབ་ཡོད་མེད་ཀྱི་སྐོར་ལས་ བདུན་ཕྲག་ཤུལ་མ་ཚུ་ནང་ བལྟ་ནི་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

རྒྱ་གར་སེ་རམ་གཙུག་སྡེ་གིས་ ནད་ཡམས་ཀོ་ཝིཌ་-༡༩ གི་ སྨན་ཁབ་བཟོ་བསྐྲུན་མཚམས་འཇོག།

ཨེན་ཌི་ཊི་ཝི།འཛམ་གླིང་ནང་ སྨན་ཁབ་བཟོ་བསྐྲུན་དང་ བཀྲམ་སྤེལ་འབད་མི་ གཙོ་ཅན་ཅིག་ཨིན་མི་ རྒྱ་གར་སེ་རམ་གཙུག་སྡེ་གིས་ ནད་ཡམས་ཀོ་ཝིཌ་-༡༩ གི་ སྨན་ཁབ་བཟོ་བསྐྲུན་འབད་ནི་ མཚམས་འཇོག་འབད་ནུག།དེ་ཡང་ མཛོད་ཁང་ནང་ སྨན་ཁབ་ལྷག་ལུས་ ས་ཡ་ ༢༠༠ ཡོད་ནི་དེ་གིས་ཨིནམ་ད་ སེ་རམ་གཙུག་སྡེའི་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ སྨན་ཁབ་དེ་ཚུ་ དུས་ཚོད་ལས་ ཡོལ་འགྱོ་ནི་ཨིནམ་ལས་ དགོས་མཁོ་ཡོད་མི་ཚུ་ལུ་ རིན་མེད་སྟོང་མར་ ཞལ་འདེབས་སྦེ་ བྱིན་དོ་ཟེར་ཨིན་པས།སྨན་ཁབ་དེ་ ན་ཧིང་ སྤྱི་ཟླ་ ༡༢ པའི་ནང་ལས་ར་ བཟོ་བསྐྲུན་འབད་ནི་ མཚམས་འཇོག་འབད་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
Online now: 27 Today: 2646 Total visitors: 2646