ArchiveAboutContact

Category: World News

World News

རྒྱ་གར་བྱང་ཤར་ལུ་ བཟོ་བསྐྲུན་འབད་བའི་བསྒང་ཡོད་མི་ ཟམ་རམ་ཡར་སོངཔ་ལས་ མི་གྲངས་ ༡༧ ལུ་ཤི་རྐྱེན།

སི་ཨེན་ཨེན། སྤྱི་ཟླ་ ༨ པའི་ཚེས་ ༢༢ ལུ་ རྒྱ་གར་གྱི་ བྱང་ཤར་མངའ་སྡེ་ མི་ཟོ་རཱམ་གྱི་ཁྲོམ་ སའི་རང་ཟེར་སར་ ཟམ་ཅིག་རམ་སོང་ཡོདཔ་ལས་ གྲངས་ ༡༧ དེ་ཅིག་ལུ་ ཤི་རྐྱེན་བྱུང་ནུག།དེ་ཡང་ གཙོ་འཛིན་བློན་པོ་གིས་ མི་སྡེ་བརྡ་བརྒྱུད་ ཊུའི་ཊར་ནང་ ཟམ་རམ་འགྱོ་མིའི་སྐོར་ལས་ བརྙན་ཐུང་ཅིག་དང་བཅསཔ་སྦེ་ བཤད་དོ་བཟུམ་འབད་བ་ཅིན་ ཟམ་དེ་ ཐལཝ་དང་ དུ་པ་གིས་གང་བའི་ ས་སྒོ་ནང་ ས་ཁར་འབུད་དེ་ཡོདཔ་ལས་ དེ་བཟུམ་མའི་ རྐྱེན་ངན་དེ་ སེམས་གདིང་ལས་ར་ སྐྱོ་བ་ལངས་པའི་ གཞི་ཅིག་ལུ་ གྱུར་ཡོདཔ་ལས་ ཚེ་འདས་ཚུ་གི་ བཟའ་ཚང་ཚུ་ལུ་ སེམས་གསོ་ཡོད་ལུགས་ཚུ་ཡང་ ཡིག་ཐོག་ལུ་ བཀོད་དེ་ཡོདཔ་ཨིན་པས།གནད་དོན་དེ་ལུ་ བློན་ཆེན་ན་རེན་ད་ར་ མོ་དི་གིས་ ཤི་རྐྱེན་བྱུང་མི་ཚུ་གི་ ཐད་ཀར་གྱི་ ཉེ་ཚན་ཚུ་ལུ་ ཌོ་ལར་ ༢,༥༠༠ རེ་དང་ རྨ་སྐྱོན་བྱུང་མི་ཚུ་ལུ་ ཌོ་ལར་ ༦༠༠ རེ་ གནང་ནི་ཨིནམ་སྦེ་ བརྡ་བརྒྱུད་ནང་བཀོད་ནུག།རྐྱེན་ངན་དེ་ཡང་ རྒྱ་གར་གྱིས་ སྐྱེལ་འདྲེན་ལམ་ལུགས་ ཡར་སེང་འབད་ཐབས་ལུ་ གཞི་རྟེན་མཁོ་ཆས་ཚུ་ […]

World News

མཐའ་ཡས་ལེན་གྱི་ བློན་ཆེན་བགྲེསཔ་ ཐག་སིན་དེ་ རྒྱལ་ཁབ་སྤངས་ཏེ་ འགྱོ་བའི་ཤུལ་ལས་ རྒྱལ་ཁབ་ནང་ ལོག་ལྷོད་ཡོདཔ།

བི་བི་སི། མཐའ་ཡས་ལེན་གྱི་ བློན་ཆེན་བགྲེསཔ་ ཐག་སིན་ཤི་ན་ཝ་ཏ་ར་དེ་ རྒྱལ་ཁབ་གཞན་ཁར་ ལོ་ངོ་ ༡༥ དེ་ཅིག་ སྡོད་པའི་ཤུལ་ལས་ ད་རེས་ རྒྱལ་ཁབ་ཀྱི་ ཤུལ་མའི་དབུ་ཁྲིད་ གཏན་འཁེལ་གྱི་ ཚོགས་རྒྱན་བཙུགས་ནི་སྦེ་ཡོད་པའི་ དུས་ཡུན་ཆུ་ཚོད་དག་པ་ཅིག་ཧེ་མ་ མཐའ་ཡས་ལེན་ལུ་ ལོག་ལྷོད་ཡོདཔ་ཨིན་པས། ཧེ་མར་ མཐའ་ཡས་ལེན་ལུ་ མཐར་འཁྱོལ་ཅན་སྦེ་ བཙག་འཐུ་གྲུབ་པའི་འགོ་ཁྲིདཔ་ ཐག་སིན་ཤི་ན་ཝ་ཏ་ར་ལུ་ མི་དབང་སྐུ་འཁོར་ལུ་ མོས་མི་ཚུ་གིས་ འཇིགས་སྣང་ཐོག་ལས་ དབང་ཤུགས་ལུ་ ཉམས་ཆག་འབྱུང་བཅུག་ནི་གི་དོན་ལས་ ཁྲིམས་འདུན་ལུ་ གནོད་ཉེན་ཅན་གྱི་ རྩོད་བཤེར་ཚུ་ཡང་བཙུགས་ནུག། ཨིན་རུང་ སྲིད་དོན་ལུ་ དང་འདོད་སྦོམ་ཡོད་མི་ ཡོངས་གྲགས་ཅན་གྱི་ བརྒྱུད་འཕྲིན་ཚོང་ལས་པ་དེ་ རྒྱལ་ཁབ་ནང་ ལོག་ལྷོད་ཡོདཔ་ད་ དེ་ཡང་ གཙོ་བོ་ར་ སྤྱི་ལོ་ ༢༠༡༤ ལོར་ ཁོ་ལུ་ བཙོན་ཁྲིམས་ཕོག་སྟེ་ཡོདཔ་ལས་ བཙོན་ཁང་ནང་ སྡོད་མ་དགོཔ་ བཟོ་ཐབས་ལུ་ ཁོ་གི་སྲིད་ཚོགས་ཀྱི་ གཞུང་མེདཔ་བཟོ་མི་ཚུ་དང་གཅིག་ཁར་ གསང་བའི་སྒྲིག་ཆ་ བཟོ་ཐོག་ལས་ ལོག་འོང་ཡོད་པའི་ དོགས་པ་ཡོདཔ་ཨིན་པས། ཐག་སིན་ལུ་ ཁྲིམས་འགལ་གྱི་ […]

World News

ནེ་དར་ལེནཛ་དང་ ཌེན་མཱག་རྒྱལ་ཁབ་ ༢ ཀྱིས་ ཡུ་ཀེ་རེན་ལུ་ མཁའ་དམག་གནམ་གྲུ་བྱིན་ནི།

ཨེ་བི་སི། སྤྱི་ཟླ་ ༨ པའི་ཚེས་ ༡༩ ལུ་ ཡུ་ཨེཛ་གིས་ ནེ་དར་ལེནཛ་དང་ ཌེན་མཱག་གིས་ མཁའ་དམག་གནམ་གྲུ་ ཨེཕ་-༡༦ ཟེར་མི་ཚུ་ ཡུ་ཀེ་རེན་ལུ་ བྱིན་ཆོག་པའི་ གནང་བ་བྱིན་ནུག།དེ་འབདཝ་ད་ མཁའ་དམག་གནམ་གྲུ་དེ་ཚུ་ ལག་ལེན་འཐབ་མི་ མཁའ་དམག་སྡེ་ཚན་ལུ་ སྦྱོང་བརྡར་བྱིན་ནི་དེ་ ལོ་ངོ་ ༥ ཚུན་ འགོར་ནི་ཨིནམ་ལས་ འཕྲལ་ཐོག་ལུ་ ཡུ་ཀེ་རེན་དང་ ར་ཤི་ཡའི་ ཕྱད་མདའ་ལུ་ ཁྱད་པར་ཅིག་ བཟོ་མི་ཚུགསཔ་འོང་ཟེར་ཨིན་པས།དེ་མ་ཚད་ གནམ་གྲུ་ཨེཕ་-༡༦ ཟེར་མི་ཚུ་ ཡུ་ཀེ་རེན་ལུ་ ནམ་བསྐྱལ་ནི་ཨིན་པའི་སྐོར་ལས་ ཁ་གསལ་ཅིག་མེདཔ་ད་ ཡུ་ཀེ་རེན་གྱི་ གནམ་གྲུའི་དེད་དཔོན་ཚུ་ལུ་ དམའ་ཤོས་ར་ ཟླཝ་ ༦ རེའི་ སྦྱོང་བརྡར་ཚུ་ བྱིན་ནི་ཨིནམ་སྦེ་བཀོད་ནུག།ཡུ་ཨེཛ་གིས་ ད་རེས་ གནམ་གྲུ་ཨེཕ་-༡༦ ཟེར་མི་ཚུ་ ཡུ་ཀེ་རེན་ལུ་ བྱིན་ནི་སྦེ་ ཐག་བཅད་མི་དེ་ཡང་ ཡུ་ཀེ་རེན་གྱི་ གནམ་གྲུའི་དེད་དཔོན་ཚུ་གི་ སྦྱོང་བརྡར་མཇུག་བསྡུ་ནི་དང་གཅིག་ཁར་ གནམ་གྲུ་ཚུ་ རྩིས་སྤྲོད་འབད་ནི་ཡོདཔ་ ངེས་གཏན་བཟོ་ཐབས་ལུ་ཨིནམ་སྦེ་ བཤད་ཡོད་པའི་སྐོར་ལས་ […]

World News

ཡུ་ཀེ་རེན་གྱི་ དམག་འཛིང་གནམ་གྲུ་ཆུང་བ་ཌྲཱོན་གིས་ མོཛ་ཀོའི་སྒྲིང་ཁྱིམ་ལུ་གནོད་སྐྱོན།

ཨཱལ་ཇ་ཟི་ར། སྤྱི་ཟླ་ ༨ པའི་ཚེས་ ༡༨ ལུ་ དེད་དཔོན་མེད་པའི་ ཡུ་ཀེ་རེན་གྱི་ དམག་འཛིང་གནམ་གྲུ་ཆུང་བ་ཌཱོན་ཅིག་ ར་ཤི་ཡའི་ སྲུང་སྐྱོབ་དམག་མི་ཚུ་གིས་ ཕབ་བཏངམ་ད་ མོཛ་ཀོ་ཁྲོམ་གྱི་ སྒྲིང་ཁྱིམ་ཅིག་གུ་ བུད་སོངཔ་ཨིན་པས།མོཛ་ཀོའི་ཁྲོམ་དཔོན་ སེར་གེ་སོ་བི་ཡ་ནིན་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ དམག་འཛིང་གནམ་གྲུ་ཆུང་བ་དེ་ སྤྱི་ཟླ་ ༨ པའི་ཚེས་ ༡༨ ཀྱི་དྲོ་པར་ ཕབ་བཏང་བའི་སྐབས་ལུ་ གནམ་གྲུ་ཆུང་བ་དེ་གི་ ཆག་རོ་ཚུ་ ཁྲོམ་སྡེའི་འགྲེམ་སྟོན་ཁང་ཚན་ཚུ་གི་ཐོག་ཁར་ བུད་སོང་ནུག་ཟེར་ཨིན་པས།ར་ཤི་ཡའི་ སྲུང་སྐྱོབ་ལྷན་ཁག་གིས་ ཡུ་ཀེ་རེན་གྱི་ གནམ་གྲུ་ཆུང་བ་དེ་ དྲོ་པའི་ཆུ་ཚོད་ ༤ དེ་ཅིག་ཁར་ མོཛ་ཀོ་དང་ ས་ཁོངས་དེ་ནང་གི་ རྒྱུ་དངོས་པོ་ཚུ་ལུ་དམིགས་ཏེ་ བཏང་ཡོདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

བྱང་ཀོ་རི་ཡ་གིས་ ཡུ་ཨེཛ་དང་ ལྷོ་ཀོ་རི་ཡ་ རྒྱ་པཱན་རྒྱལ་ཁབ་ཚུ་གི་ དབུ་ཁྲིད་ཞལ་འཛོམས་ཀྱི་ཧེ་མར་ མི་ཛ་ཡེལ་བརྟག་དཔྱད།

ཨེན་ཌི་ཊི་ཝི། སྤྱི་ཟླ་ ༨ པའི་ཚེས་ ༡༨ ལུ་ ལྷོ་ཀོ་རི་ཡའི་ གསང་ཞིབ་ལས་སྡེ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཡུ་ཨེཛ་དང་ རྒྱ་པཱན་ ལྷོ་ཀོ་རི་ཡ་ རྒྱལ་ཁབ་ ༣ གྱི་ དབུ་ཁྲིད་ཞལ་འཛོམས་དང་ དུས་མཉམ་ཐོག་ལུ་ བྱང་ཀོ་རི་ཡ་གིས་ མགྱོགས་ཤུགས་ཅན་གྱི་ མི་ཛ་ཡེལ་ བརྟག་དཔྱད་འབད་ནི་ལུ་ གྲ་སྒྲིག་འབད་དོ་ཡོད་པའི་ ཡིད་ཆེས་ཡོད་ཟེར་ཨིན་པས།དེ་ཡང་ རྒྱལ་ཁབ་ ༣ གྱི་བར་ན་ གསུང་གྲོས་གནངམ་ད་ བྱང་ཀོ་རི་ཡ་ལུ་ མཚོན་ཆའི་ལས་རིམ་སྐོར་གྱི་ གསུང་གྲོས་ལུ་ དྲག་ཐོག་རྒྱབ་འགལ་གྱི་ འགྲེམ་སྟོན་འབད་ཐབས་ལུ་ འོང་ནི་ཨིན་པའི་ དོགས་པ་ཡོད་ཟེར་ཨིན་པས།དེ་མིན་རུང་ སྤྱི་ཟླ་ ༨ པའི་ཚེས་ ༢༡ ལུ་ འགོ་བཙུགས་ནི་ཨིན་མི་ ཡུ་ཨེཛ་དང་ ལྷོ་ཀོ་རི་ཡ་ ༢ མཉམ་འབྲེལ་ཐོག་ལས་ ཟླ་ངོ་ ༡ གི་རིང་ལུ་ དྲག་པོའི་དམག་སྦྱོང་ཚུ་ ལག་ལེན་འཐབ་ནི་སྦེ་ཡོད་མིའི་ རྒྱབ་འགལ་ལུ་ཡང་ འོང་སྲིད་ནི་ཨིནམ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

ར་ཤི་ཡ་གིས་ ཡུ་ཨེཛ་གི་ མི་ཁུངས་ཅིག་ བྱ་ལྟ་མི་ཨིན་པའི་ དོགས་ཟོན་ཐོག་ལུ་འཛིན་བཟུང་།

ཨེན་ཌི་ཊི་ཝི། སྤྱི་ཟླ་ ༨ པའི་ཚེས་ ༡༧ ལུ་ ར་ཤི་ཡའི་རྒྱལ་ས་ མོཛ་ཀོ་ཁྲིམས་ཁང་ཅིག་གིས་ ར་ཤི་ཡའི་མི་བརྒྱུད་ ཡུ་ཨེཛ་གི་མི་ཁུངས་ཨིན་མི་ ཇིན་སི་པེག་ཊར་ཟེར་མི་དེ་ བྱ་ལྟ་མི་ཨིན་པའི་ དོགས་ཟོན་ཐོག་ལུ་ འཛིན་བཟུང་འབད་ནུག།མ་གཞི་ ཁོ་གི་ཉེས་འཛུགས་ཚུ་གི་སྐོར་ལས་ གནས་ཚུལ་ཁ་གསལ་ཅིག་ ག་ནི་ཡང་མེད་རུང་ སི་པེག་ཊར་དེ་ སྤྱི་ལོ་ ༢༠༢༢ ལུ་ ར་ཤི་ཡའི་ སྲིད་འཛིན་འོགམ་གི་ ལས་རོགས་ལུ་ ནང་གསུག་བྱིན་ཡོད་པའི་ ཉེས་འཛུགས་ཐོག་ལུ་ ལོ་ངོ་ཕྱེད་དང་ ༣ གྱི་ བཙོན་ཁྲིམས་ཕོག་ཡོདཔ་ཨིན་པས།ཡུ་ཨེཛ་ལས་ མགྲིན་ཚབ་ཇཱོན་ཀིར་བི་གིས་ ཡུ་ཨེཛ་གི་ བདག་སྐྱོང་ཁ་ཐུག་ལས་ བརྡ་དོན་ཚུ་ བསྡུ་ལེན་འབད་བའི་བསྒང་ཡོདཔ་ལས་ ག་ནི་ཡང་ སླབ་ནི་མེདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

རྒྱ་གར་རྒྱལ་ཁབ་ རང་དབང་ཐོབ་པའི་ དུས་སྟོན་བརྩི་སྲུང་སྐབས་ལུ་ བློན་ཆེན་ན་ར་ད་ར་ མོ་དི་གིས་ མ་ནི་པུར་ལུ་ ཞི་བདེ་བསྐྱར་གསོའི་དོན་ལས་ བརྩོན་ཤུགས་གང་དྲག་བསྐྱེད་ནི།

བི་བི་སི། སྤྱི་ཟླ་ ༨ པའི་ཚེས་ ༡༥ ལུ་ རྒྱ་གར་རྒྱལ་ཁབ་ རང་དབང་ཐོབ་པའི་ དུས་སྟོན་ཐེངས་ ༧༧ པ་ བརྩི་སྲུང་སྐབས་ལུ་ བློན་ཆེན་མོ་དི་གིས་ རྒྱལ་ཡོངས་ལུ་ གསུང་བཤད་གནང་པའི་ནང་གསལ་ མ་ནི་པུར་མངའ་སྡེའི་ བྱེལཝ་འཇོམས་ཐབས་དང་ ཞི་བདེ་བསྐྱར་གསོའི་དོན་ལས་ བརྩོན་ཤུགས་ག་དེ་དྲག་དྲག་ བསྐྱེད་ནི་ཨིན་པའི་སྐོར་ལས་ བཀོད་ཡོདཔ་ཨིན་པས།དེ་ཡང་ རྒྱ་གར་གྱི་རྒྱལ་ས་ དིལླི་རེཌ་ཕཱོཊ་ལུ་སྦེ་ བློན་ཆེན་མོ་དི་གིས་ རྒྱལ་དར་འཕྱར་ཏེ་ རྒྱང་མཐོང་ནང་ དངོས་མཐོང་ཐོག་ལས་ རང་བཞིན་རྐྱེན་ངན་དང་ དཔལ་འབྱོར་ དེ་ལས་ རྒྱ་གར་གྱི་ མི་རློབས་ཡར་སེང་ཚུ་གི་སྐོར་ལས་ གསུངས་ཡོདཔ་མ་ཚད་ མ་ནི་པུར་ མངའ་སྡེ་དེ་ནང་ ཡུན་བརྟན་ཅན་གྱི་ བྱེལཝ་འཇོམས་ཐབས་དེ་ ཞི་བདེ་ལུ་ རག་ལས་འོང་ཟེར་ཨིན་པས།.དེ་ཡང་ འདས་པའི་བདུན་ཕྲག་དག་པ་ཅིག་ནང་ མི་ནི་པུར་ལུ་ གནོད་འཚེ་བྱུང་མིའི་ནང་ མི་སེར་དག་པ་ཅིག་ལུ་ ཤི་རྐྱེན་བྱུང་པའི་ཁར་ ཨའི་དང་ མོ་སྤུན་ཚུ་ཡང་ བློ་བཙོང་བཅུག་ཡོདཔ་སྦེ་གསུངས་ནུག།རྒྱ་གར་གྱི་ མངའ་སྡེ་མ་ནི་པུར་ལུ་ སྤྱི་ཟླ་ ༥ པའི་ནང་ལས་ མི་རིགས་མེ་ཏི་དང་ ཀུ་ཀིའི་བར་ན་ ནང་འཁྲུག་ལང་སྟེ་ མི་གྲངས་ […]

World News

མཐའ་ཡས་ལེན་གྱི་ ཁྲིམས་བཟོའི་ཚོགས་ཁང་ལས་ བདུན་ཕྲག་ཤུལ་མའི་ནང་ བློན་ཆེན་བཙག་འཐུ།

རོའི་ཊརཛ། སྤྱི་ཟླ་ ༨ པའི་ཚེས་ ༡༦ ལུ་ མུབ་ཕོར་ཝཱཌ་ སྲིད་དོན་ཚོགས་པ་གིས་ གཞུང་སྐྱོང་བཙག་འཐུའི་ནང་ལས་ རྒྱལ་ཁ་ཐོབ་སྟེ་འབད་རུང་ ཁྲིམས་བཟོའི་ཚོགས་ཁང་ ལས་ བཀག་དམ་འབད་བའི་ཤུལ་ལུ་ ཁྲིམས་འདུན་ལས་ཡང་ བཀག་ཆ་དེ་ལུ་ ངོས་ལེན་གྲུབ་ཡོདཔ་ལས་ བདུན་ཕྲག་ཤུལ་མའི་ནང་ ཁྲིམས་བཟོའི་ཚོགས་ཁང་ལས་ བློན་ཆེན་བཙག་འཐུ་དེ་ འགོ་འདྲེན་འཐབ་ནི་ཨིན་པས།དེ་ཡང་ ཧེ་མ་ བཙག་འཐུའི་ནང་ལས་ རྒྱལ་ཁ་ཐོབ་མི་ མུབ་ཕོར་ཝཱཌ་ སྲིད་ཚོགས་ལུ་ རྒྱབ་སྐྱོར་ཡོད་མི་ མཉམ་བསྡོམས་སྲིད་ཚོགས་ཀྱིས་ ཁྲིམས་བཟོའི་ཚོགས་ཁང་ནང་ལས་ གཞུང་སྐྱོང་གཞི་བཙུགས་འབད་མ་སྟེར་བར་ བཀག་ཆ་འབད་དེ་ཡོད་པའི་སྐོར་ལས་ རྩ་ཁྲིམས་ཅན་གྱི་ ཁྲིམས་ཀྱི་འདུན་སར་ བཅར་བའི་སྐབས་ལུ་ མུབ་ཕོར་ཝཱཌ་ སྲིད་ཚོགས་ཀྱི་འགོ་ཁྲིདཔ་ པི་ཏ་ལིམ་ཇ་རོ་ཨེན་རིཏ་དེ་ ཉོག་བཤད་ཀྱི་གྲངས་སུ་མིན་འདུག་ཟེར་ ངོས་ལེན་མ་གྲུབ་ཨིན་པས།མཐའ་ཡས་ལེན་དེ་ སྤྱི་ཟླ་ ༣ པ་ལས་ཚུར་རང་ གནས་སྐབས་སྲིད་གཞུང་གི་འོག་ལུ་ཡོདཔ་ད་ གཞུང་སྐྱོང་བཙག་འཐུའི་ནང་ལས་ མུབ་ཕོར་ཝཱཌ་ སྲིད་ཚོགས་ཀྱིས་ རྒྱལ་ཁ་ཐོབ་ཡོད་རུང་ དམག་སྡེའི་ཁོངས་སུ་གཏོགས་མི་ ཁྲིམས་བཟོའི་ཁ་ཐུག་ལས་ བཀག་ཆ་འབད་དེ་ བཞག་པའི་ཤུལ་ལས་ འཕྲལ་ཁམས་ཀྱི་བདུན་ཕྲག་ཚུ་ནང་ ཤུལ་མའི་གཞུང་ གཞི་བཙུགས་ཀྱི་སྐོར་ལས་ གནས་སྟངས་ཟང་ཟིང་ཐལ་ཏེ་ཡོདཔ་ཨིན་པས།གཞུང་སྐྱོང་བཙག་འཐུའི་ནང་ མུབ་ཕོར་ཝཱཌ་ […]

World News

ལྷོ་ཀོ་རི་ཡའི་ མཁའ་དབྱིངས་འཕྲུལ་སྐར་ལས་སྡེ་ ཨི་ནོ་སི་པེཛ་གིས་ ཨར་ནེམ་ལེནཌ་ ས་ཁོངས་ནང་ལས་ འཕྲུལ་སྐར་གནམ་ཁར་གཏང་ནི་གི་ཆིངས་ཡིག།

ཨེ་བི་སི། སྤྱི་ཟླ་ ༨ པའི་ཚེས་ ༡༧ ལུ་ ལྷོ་ཀོ་རི་ཡའི་ མཁའ་དབྱིངས་འཕྲུལ་སྐར་ལས་སྡེ་ཅིག་གིས་ སྤྱི་ལོ་ ༢༠༢༥ ལུ་ རྒྱལ་ཁབ་ཀྱི་ བྱང་ཕྱོགས་ལུ་ཡོད་མི་ མཐའ་ཟུར་ས་ཁོངས་ཅིག་ལས་ དུས་ཚོད་གཏན་འཁེལ་འབད་ཡོད་མི་ འཛམ་གླིང་ལྡིང་སྐོར་གྱི་ འཕྲུལ་སྐར་དང་པ་ མཁའ་དབྱིངས་ལུ་ གཏང་ནི་ཨིན་པས།དེ་ཡང་ ཨཱཛ་ཊེ་ལི་ཡའི་ མཁའ་དབྱིངས་འཕྲུལ་སྐར་ལས་སྡེ་ ཨི་ཀོའི་ཊོ་རི་ཡཱལ་ལོནཆ་ ཨཱཛ་ཊེ་ལི་ཡ་(ཨི་ཨེལ་ཨེ་)ཟེར་མི་དང་གཅིག་ཁར་ འཕྲུལ་སྐར་ལེ་ཤ་ཅིག་ར་ མཁའ་དབྱིངས་ལུ་ གཏང་ནིའི་དོན་ལས་ སྤྱི་ལོ་ ༢༠༢༨ ཚུན་གྱི་ ཆིངས་ཡིག་གུ་ མཚན་རྟགས་ཚུ་བཀོད་ནུག།ཨི་ཨེལ་ཨེ་གིས་ སྤྱི་ལོ་ ༢༠༢༢ ལུ་ ཡུ་ཨེཛ་གི་ མཁའ་དབྱིངས་ལས་སྡེ་ ནཱ་ས་གིས་ འཕྲུལ་སྐར་སྦོམ་ ༣ གནམ་ཁར་བཏང་མི་དེ་ནང་ཡང་ འགོ་འདྲེན་པ་སྦེ་ གྲལ་གཏོགས་འབད་ཡོདཔ་ད་ ལྷོ་ཀོ་རི་ཡ་ལུ་འབད་བ་ཅིན་ འཛམ་གླིང་ལྡིང་སྐོར་གྱི་ འཕྲུལ་སྐར་ཚུ་ ནུ་ལུམ་བའི་ ཁྲོམ་གྱི་ཉེ་འདབས་ལུ་ཡོད་མི་ ཨར་ནེམ་མཁའ་དབྱིངས་ འཕྲུལ་སྐར་ལྟེ་བའི་ནང་ལས་ གནམ་མཁར་གཏང་ནི་ཨིན་པས།ཨི་ཨེལ་ཨེ་གི་ བཀོད་ཁྱབ་ཁྲི་འཛིན་ མའེ་ཀེལ་ཇཱོན་གྱིས་ ཨི་ནོ་སི་པེཛ་དང་གཅིག་ཁར་བཟོ་མི་ ཆིངས་ཡིག་དེ་ གལ་ཅན་ཅིག་ཨིན་ཟེར་ […]

World News

ཨུཛ་བེ་ཀིཛ་ཏཱན་ལུ་ རྒྱ་གར་ལས་ཐོན་མི་ གློ་སྨན་ཁུ་བ་ ནང་གསུག་བྱིན་ཐོག་ལས་ ཚོང་ལམ་ནང་བཀྲམ་སྤེལ།

རོའི་ཊརཛ། སྤྱི་ཟླ་ ༨ པའི་ཚེས་ ༡༦ ལུ་ ཨུཛ་བེ་ཀིཛ་ཏཱན་གྱི་ གཞུང་འབྲེལ་ཐོག་ལུ་ ཉེས་འཛུགས་འབད་མི་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཁོང་གི་རྒྱལ་ཁབ་ནང་ ཨ་ལོ་ ༦༥ ལུ་ ཤི་རྐྱེན་བྱུང་བཅུག་མི་ བཙོག་ཞུགས་གློ་སྨན་ཁུ་བ་ཚུ་ བརྟག་དཔྱད་འབད་ནི་ལས་ ཟུར་ཐབས་ལུ་ བཀྲམ་སྤེལ་འབད་མི་ཚུ་གིས་ ས་གནས་ཀྱི་འགོ་དཔོན་ཚུ་ལུ་ ནང་གསུག་ཌོ་ལར་ ༣༣,༠༠༠ དེ་ཅིག་ སྤྲོད་ནུག་ཟེར་ཨིན་པས།གནད་དོན་དེ་གི་སྐོར་ལས་ མི་གྲངས་ ༢༡ ལུ་ ཉེས་འཛུགས་འབད་མིའི་གྲས་ཁར་ མི་ངོ་ ༢༠ ཨུཛ་བེ་ཀིཛ་ཏཱན་གྱི་ མི་ཁུངས་དང་ མི་ངོམ་ ༡ རྒྱ་གར་གྱི་ མི་ཁུངས་ཨིནམ་ད་ ཁོང་གི་གྲས་ལས་ རྒྱ་གར་གྱི་ མི་ཁུངས་དང་ ཨུཛ་བེ་ཀིཛ་ཏཱན་གྱི་ མི་ཁུངས་ ༢ འབདཝ་ད་ མི་ངོམ་གསུམ་པོ་དེ་ རྒྱ་གར་གྱི་ སྨན་བཟོ་འཕྲུལ་ཁང་ མ་རི་ཡཱོན་ བ་ཡོ་ཀྲེཀཊེག་ཟེར་མི་གིས་ བཟོ་སྦྱོར་འབད་མི་ གློ་སྨན་ཁུ་བ་ ཀོ་ར་མེཀཛ་ མེ་ཌི་ཀཱལ་ཟེར་མི་ཚུ་ ཨུཛ་བེ་ཀིཛ་ཏཱན་ རྒྱལ་ཁབ་ནང་ ཚོང་འབྲེལ་འཐབ་མི་ཨིན་པས།ཨུཛ་བེ་ཀིཛ་ཏཱན་གྱི་ […]

Online now: 20 Today: 2495 Total visitors: 12525