ArchiveAboutContact

Category: World News

World News

རྒྱ་གར་གྱི་ གོང་འཕེལ་ནང་ ཤུལ་ལས་ལུས་མི་ མི་སྡེ་གཞན་ཚུ་གི་ སྔར་སྲོལ་ལཱ་གཡོག་འབད་མི་ཚུ་ལུ་ གྲོགས་རམ་གྱི་ལས་འཆར།

ཨེན་ཌི་ཊི་ཝི། སང་ཕོད་ རྒྱ་གར་ལུ་ ཚོགས་ཁང་འོག་མའི་དོན་ལས་ འགོ་འདྲེན་འཐབ་ནི་ཨིན་མི་ བཙག་འཐུའི་ཧེ་མར་ རྒྱ་གར་གྱི་བློན་ཆེན་ ན་རེན་ད་ར་ མོ་དི་གིས་ སྔར་སྲོལ་ལག་རྩལ་ཐོག་ལས་ འཚོ་བ་སྐྱོང་སྟེ་ སྡོད་མི་ཚུ་གི་དོན་ལུ་ གྲོགས་རམ་སྦོམ་འབད་ནི་ཨིན་པའི་ གསལ་བསྒྲགས་གནང་ཡོདཔ་ད་ དེ་ཡང་ ལས་འཆར་དེ་གི་དོན་ལས་ མ་དངུལ་རུ་པི་བྱེ་བ་ ༡༣,༠༠༠ ལས་ ༡༥,༠༠༠ ཚུན་གྱི་ དཔྱ་བགོ་ཚུ་ བཞག་ནི་སྦེ་ཨིན་པས།དེ་ཡང་ ལྡོག་ཕྱོགས་ཀྱི་ ཁ་ཐུག་ལས་ བི་ཧར་མངའ་སྡེ་ལུ་ མི་རིགས་དང་འབྲེལ་བའི་ མི་རྩིས་ཀྱི་ འཆར་གཞི་ཚུ་བརྩམས་ཏེ་ གོང་འཕེལ་ནང་ ཤུལ་ལས་ལུས་མི་ཚུ་ལས་ ཚོགས་རྒྱན་ཐོབ་ཐབས་འབད་མི་དེ་ ནུས་མེད་བཟོ་ཐབས་ལུ་ཨིན་པའི་ ཚོར་སྣང་བསྐྱེདཔ་ཨིན་པས།དེ་ཡང་ སྤྱི་ཟླ་ ༨ པའི་ཚེས་ ༡༥ ལུ་ རྒྱ་གར་རྒྱལ་ཁབ་ རང་དབང་ཐོབ་པའི་ དུས་སྟོན་བརྩི་སྲུང་སྐབས་ལུ་ བློན་ཆེན་མོ་དི་གིས་ བི་ཤྭ་ཀརྨ་ཡོ་ཇ་ན་ཟེར་མི་ ལས་འཆར་དེ་ ལམ་སྲོལ་ཅན་གྱི་ ལག་རྩལ་ཡོད་མི་ཚུ་གིས་ འཚོ་བ་སྐྱོང་ཐབས་ལུ་ ལག་རྩལ་ཅན་གྱི་ལཱ་ཚུ་ གཞི་རྟེན་ལག་ཆས་ཚུ་ ལག་ལེན་འཐབ་མི་ཚུ་ལུ་ གྲོགས་རམ་འབད་ནི་གི་ དམིགས་གཏད་བསྐྱེདཔ་ཨིན་པའི་ གསལ་བཤད་གནང་ནུག།ལས་འཆར་དེ་ མི་སེར་མང་ཤོས་ཅིག་ […]

World News

ཨི་ཀུ་ཝ་ཌོར་ལུ་ སྲིད་འཛིན་གྱི་འདེམས་ངོ་ ཕར་ནེན་ཌོ་ དམར་བསད་འབད་མི་ ༦ འཛིན་བཟུང་།

ཨེ་བི་སི། སྤྱི་ཟླ་ ༨ པའི་ཚེས་ ༢༠ ལུ་ ཨི་ཀུ་ཝ་ཌོར་ རྒྱལ་ཁབ་ནང་ འགོ་འདྲེན་འཐབ་ནི་ཨིན་མི་ སྲིད་འཛིན་བཙག་འཐུའི་ནང་ དོ་འགྲན་འབད་མི་ འདེམས་ངོ་ཕར་ནེན་ཌོ་ བི་ལ་བི་སེན་སི་ཡོ་དེ་ ས་གནས་ཀི་ཊོ་ཟེར་སར་ བསྐུལ་བསྒྲགས་འབད་བའི་སྐབས་ལུ་ དམར་བསད་འབད་མིའི་ནང་ གྲལ་གཏོགས་ཡོད་མི་ ཀོ་ལམ་བི་ཡ་ལས་ཨིན་མི་ མི་ངོམ་ ༦ འཛིན་བཟུང་འབད་ནུག།སྐྱེས་ལོ་ ༥༩ འབད་མི་ སྲིད་འཛིན་གྱི་ འདེམས་ངོ་ཕར་ནེན་ཌོ་དེ་ ངན་ལྷད་ལུ་ རྒྱབ་འགལ་འབད་མི་ཅིག་ཨིན་པའི་ཁར་ སྨྱོ་རྫས་ཀྱི་ ལཱ་ངན་འབད་མི་ཚུ་གི་ རྒྱབ་འགལ་ལུ་ཡང་ གསལ་བཤད་ཚུ་འབད་ཡོདཔ་ཨིན་པས།གནད་དོན་དེ་གི་སྐོར་ལས་ ཨི་ཀུ་ཝ་ཌོར་གྱི་ ནང་སྲིད་བློན་པོ་ ཡུ་ཝཱན་ཟ་པ་ཏ་གིས་ ཕར་ནེན་ཌོ་ བསད་མི་དེ་ དྲག་ཐོག་དབང་བཙོང་དང་ སྲིད་འབྲེལ་གྱི་ ཉེས་འགེལ་ཅིག་ཨིནམ་སྦེ་ བཤད་ཡོད་པའི་ཁར་ འཛིན་བཟུང་འབད་དེ་ཡོད་མི་ མི་ངོ་ཚུ་ཡང་ ཁྲིམས་འགལ་གྱི་ བྱ་ངན་འབད་མི་ སྡེ་ཚན་གྱི་ འཐུས་མི་ཚུ་ཨིནམ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

རྒྱ་གར་ལུ་ ཅ་དམ་སྡེ་ཚན་གྱིས་ མི་ ༡ དང་སྦྲགས་ཏེ་ རྡོ་རྗེ་ཕ་ལམ་འཛིན་བཟུང་།

ཨེན་ཌི་ཊི་ཝི། སྤྱི་ཟླ་ ༨ པའི་ཚེས་ ༡༠ ལུ་ རྒྱ་གར་མུམ་བཱ་ཡེ་ མཁའ་འགྲུལ་ཅ་དམ་སྡེ་ཚན་གྱིས་ དུ་བཱ་ཡི་ལུ་ འགྲུལ་བསྐྱོད་འབད་མི་ རྒྱ་གར་གྱི་ མི་ངོམ་ ༡ ལས་ རུ་པི་བྱེ་བ་ ༡.༤༩ གནས་མི་ སྤུས་ཚད་ ༡༥༥༥༩.༦ ཅན་གྱི་ རྡོ་རྗེ་ཕ་ལམ་ཚུ་ འཕྱོག་བཟུང་འབད་ནུག།འགོ་དཔོན་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ རྡོ་རྗེ་ཕ་ལམ་ཚུ་ ཇ་ཨམ་གྱི་ཤོག་སྒྲོམ་ཚུ་ནང་ སྦ་སྟེ་ཡོདཔ་ད་ གནད་དོན་དེ་གི་སྐོར་ལས་ ཞིབ་དཔྱད་ཁ་སྐོང་འབད་དོ་ཡོདཔ་ཨིན་པས།དེ་བཟུམ་སྦེ་ སྤྱི་ཟླ་ ༨ པའི་ཚེས་ ༡༡ ལུ་ཡང་ ཀོ་ཅིན་ཅ་དམ་སྡེ་ཚན་གྱིས་ ཨིན་ཌི་གོ་ གནམ་གྲུའི་ཆབ་གསང་ནང་ལས་ རུ་པི་འབུམ་ ༨༥ གནས་མི་ གསེར་ག་རམ་ ༡,༧༠༩ དེ་ཅིག་ ཐོབ་ཡོདཔ་ད་ ཕད་ཅུང་ ༢ ནང་ཡོད་མི་ གསེར་དེ་གི་ ཇོ་བདག་མ་ཐོནམ་ཨིན་པས།འགོ་དཔོན་ཚུ་གིས་ གསེར་ཡོད་མི་ ཕད་ཅུང་ ༢ པོ་དེ་ ཨིན་ཌི་གོ་ མཁའ་འགྲུལ་ལས་བྱེདཔ་ཚུ་གིས་ སྙན་ཞུ་འབད་མི་དང་འཁྲིལ་ཏེ་ […]

World News

རྒྱ་གར་ལུ་ ཡིད་ཆེས་མེད་པའི་ ཚོགས་རྒྱན་བཙུགས་ཡོད་རུང་ བློན་ཆེན་མོ་དི་གིས་ རྒྱལ་ཁ་ཐོབ་ཡོདཔ།

ཨེན་ཌི་ཊི་ཝི། རྒྱ་གར་གྱི་ སྤྱི་ཚོགས་ནང་་ ཉིན་གྲངས་ ༣ གྱི་རིང་ལུ་ གྲོས་བསྡུར་འབད་བའི་ཤུལ་ལས་ བློན་ཆེན་མོ་དི་ལུ་ ཡིད་ཆེས་མེད་པའི་ ཚོགས་རྒྱན་བཙུགསཔ་ད་ བློན་ཆེན་མོ་དི་གིས་ རྒྱལ་ཁ་ཐོབ་ནུག།མ་གཞི་ སྔ་གོང་ལས་ར་ ཚོགས་རྒྱན་ནང་ལས་ ཕམ་ནི་གི་ བསམ་པ་ར་མེད་མི་དེ་ཡང་ སྤྱི་ཚོགས་ནང་ བློན་ཆེན་མོ་དིའི་ སྲིད་དོན་ཚོགས་པ་ བྷ་ར་ཏི་ཡ་ཇཱན་ཏ་དང་ མཐུན་འབྲེལ་སྲིད་ཚོགས་ཀྱི་ ངོ་ཚབ་ཚུ་ མང་སུ་ཡོད་ནི་དེ་གིས་ཨིན་པས།བློན་ཆེན་མོ་དི་གིས་ ལྡོག་ཕྱོགས་ཧོངས་ལས་ དེ་བཟུམ་མའི་ ཚོགས་རྒྱན་བཙུགས་མི་དེ་ རྒྱ་གར་རྒྱལ་ཁབ་ཀྱི་ མིང་གཏམ་མེདཔ་བཏང་ནི་གི་ གཞི་ཅིག་ཨིན་པས་ཟེར་ ཁ་བཏང་ཡོདཔ་ད་ ལྡོག་ཕྱོགས་འགོ་ཁྲིདཔ་ཚུ་གིས་ བློན་ཆེན་མོ་དི་ལུ་ ཡིད་ཆེས་མེད་པའི་ ཚོགས་རྒྱན་བཙུགས་དགོ་མི་དེ་ མ་ནི་པུར་ མངའ་སྡེའི་ནང་ མི་རིགས་དང་འབྲེལ་བའི་ གནོད་འཚེ་ཚུ་གི་སྐོར་ལས་ གསལ་བཤད་འབད་བཅུག་ཐབས་ལུ་ཨིན་ཟེར་བཤད་ནུག།མ་ནི་པུར་ མངའ་སྡེའི་ནང་ སྤྱི་ཟླ་ ༥ པ་ལས་ཚུར་ མེ་ཏི་དང་ ཀུ་ཀི་མི་རིགས་ཀྱི་བར་ན་ བྱེལཝ་ཐོན་ཏེ་ མི་གྲངས་ ༡༥༠ དེ་ཅིག་ལུ་ ཤི་རྐྱེན་དང་ སྟོང་ཕྲག་ལས་བཅད་མི་ཚུ་ལུ་ སྡོད་ས་མེདཔ་ ཐལ་ཡོདཔ་ཨིན་པས།དེ་ཡང་ གློག་བརྙན་ཐུང་ཀུ་ཅིག་ནང་ ཨམ་སྲུ་ […]

World News

གྲུ་ཆུང་ཅིག་ རྒྱ་མཚོའི་ནང་ ཐིམས་སོངཔ་ལས་ མ་ཡཱན་མར་ལས་ བྱོག་འགྱོ་མི་ རོ་ཧིང་གི་ཡའི་ མི་རིགས་ ༢༣ ལུ་ཤི་རྐྱེན།

བི་བི་སི། སྤྱི་ཟླ་ ༨ པའི་ཚེས་ ༦ ལུ་ མ་ཡཱན་མར་གྱི་ མངའ་སྡེ་ར་ཁི་ནེ་ལས་ རོ་ཧིང་གི་ཡའི་ མི་རིགས་ ༥༠ ལྷགཔ་ཅིག་ གྲུ་ཆུང་ཅིག་ནང་ མ་ལེ་ཤི་ཡ་ལུ་ བྱོག་འགྱོཝ་ད་ གྲུ་ཆུང་དེ་ རྒྱམཚོའི་ནང་ ཐིམས་སོངཔ་ལས་ མི་གྲངས་ ༢༣ ལུ་ ཤི་རྐྱེན་བྱུང་ཡོདཔ་ད་ མི་གྲངས་ ༨ གསོན་པོ་སྦེ་ ཐོབ་ཡོད་རུང་ གཞན་མི་ཚུ་ འཚོལ་མ་ཐོབ་པར་ཡོདཔ་ཨིན་པས།དེ་སྦེ་ ཤི་རྐྱེན་བྱུང་མིའི་གྲངས་སུ་ ཨམ་སྲུ་ ༡༠ དང་ ཕོ་སྐྱེས་ ༡༣ ཡོདཔ་ད་ དེ་ཡང་ ལོ་བསྟར་བཞིན་དུ་ རོ་ཧིང་གི་ཡའི་མི་རིགས་ སྟོང་ཕྲག་ལས་བཅད་དེ་ རྒྱ་མཚོ་བརྒལ་ཏེ་ མ་ལེ་ཤི་ཡ་དང་ ཨིན་ཌོ་ནེ་ཤི་ཡའི་ རྒྱལ་ཁབ་ཚུ་ནང་ འགྱོ་ནི་གི་ དཔའ་བཅམ་དོ་ཡོདཔ་ཨིན་པས།དེ་སྦེ་ བྱོག་འགྱོ་མི་དེ་ཡང་ མ་ཡཱན་མར་ རྒྱལ་ཁབ་ནང་ ཁོང་གི་མི་རིགས་ལུ་ རྩུབ་སྤྱོད་འབད་བའི་ཁར་ བང་ལ་དེཤ་ལུ་ཡོད་མི་ སྐྱབས་བཅོལ་བའི་སྒར་ཚུ་ཡང་ ལྟེམ་ལྟེམ་སྦེ་ གང་སྟེ་ཡོདཔ་ལས་ རྒྱལ་ཁབ་གཞན་ཁར་ […]

World News

ཧ༌ཝའི་ལུ་ མེ་རྐྱེན་གྱིས་ མི་ ༥༣ ལུ་ཤི་རྐྱེན།

བི་བི་སི། ཧ་ཝའི་མཚོ་གླིང་ མ་ཨུའི་ལུ་ ག་ནི་བ་ཡང་ མགྱོགས་ཤུགས་ཅན་གྱི་ མེ་རྐྱེན་བྱུང་མིའི་ནང་ ཉུང་ཤོས་ར་ མི་གྲངས་ ༥༣ དེ་ཅིག་ལུ་ ཤི་རྐྱེན་བྱུང་ནུག།དེ་ཡང་ མཚོ་གླིང་དེ་གི་ བལྟ་བཤལ་ཁྲོམ་སྡེ་གཙོ་བོ་ ལ་ཧའི་ན་ཟེར་སར་ རླུང་འཚུབ་དང་བཅས་པའི་ མེ་རྐྱེན་ལུ་བརྟེན་ཏེ་ མི་ལེ་ཅིག་ལུ་ ཤི་རྐྱེན་བྱུང་ཡོདཔ་མ་ཚད་ སྡོད་ཁྱིམ་ཚུ་ཡང་ འཚིགས་ཡོདཔ་ཨིན་པས།དེ་བཟུམ་མའི་ གནས་སྟངས་ནང་ མི་སྟོང་ཕྲག་ལས་བཅད་དེ་ ས་གནས་གཞན་ཁར་ སྤོ་འགྱོ་དགོཔ་ ཐོན་ཡོདཔ་ད་ ས་ཁོངས་དེ་ གློ་བུར་གནས་སྟངས་ཀྱི་ ས་ཁོངས་སྦེ་ གསལ་བསྒྲགས་འབད་དེ་ ད་རེས་ གར་སོང་མེད་པའི་ མི་ངོམ་ཚུ་ འཚོལ་ཞིབ་དང་ སྲོག་སྐྱབས་ཀྱི་ལཱ་ཚུ་ ལག་ལེན་འཐབ་དོ་ཡོདཔ་སྦེ་བཀོད་ནུག།ས་གནས་དེ་ཁའི་ འགོ་དཔོན་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ས་གནས་མ་ཨུའི་ལུ་ གནས་སྐབས་ཀྱི་ སྒར་ཚུ་ནང་ མི་མ་ཤོང་པའི་ དཀའ་ངལ་ཐོན་ཏེ་ཡོདཔ་ལས་ ཉེན་སྲུང་མེད་པའི་ ས་ཁོངས་དེ་ནང་ བལྟ་བཤལ་པ་ཚུ་ཡང་ འོང་ནི་མེདཔ་སྦེ་ བཀག་ཆ་འབད་དེ་ བཞག་ཡོདཔ་ཨིན་པས།སྤྱི་ཟླ་ ༨ པའི་ཚེས་ ༨ ལས་ མེ་རྐྱེན་བྱུང་མིའི་ནང་ མི་ལེ་ཤ་ཅིག་ལུ་ རྨ་སྐྱོན་ཚུ་ཡང་ […]

World News

རྒྱ་གར་ལུ་ ཧིན་དུའི་ཆོས་ལུགས་སྐོར་ལས་ཡོད་མི་ ཡོངས་འབྲེལ་ནང་ རྫས་བམ་གྱི་ཉེན་བརྡ།

ཨེན་ཌི་ཊི་ཝི།རྒྱ་གར་པུ་ནེ་ལུ་ མི་ངོམ་ཅིག་གིས་ ཧིན་དུའི་ཆོས་ལུགས་སྐོར་ལས་ ཡོངས་འབྲེལ་ཅིག་ ལག་ལེན་འཐབ་མིའི་ནང་ མི་གཞན་ཅིག་གིས་ རྒྱ་གར་ལུ་ རྫས་བམ་བཙུགས་ནི་དང་ བློན་ཆེན་ན་རེན་ད་ར་མོ་དི་ བཀྲོངས་ནི་ཨིན་པའི་ ཉེན་བརྡ་ཚུ་ བཀོད་དེ་ཡོདཔ་ཨིན་པས།གནད་དོན་དེ་གི་སྐོར་ལས་ རྒྱ་གར་གྱི་ ཉེས་འགེལ་ཁྲིམས་དེབ་དང་འཁྲིལ་ཏེ་ པུ་ནེ་ཨ་ལཱན་ཀར་ ཁྲིམས་སྲུང་འགག་སྡེའི་ དམག་སྒར་ནང་ ཉེས་འགེལ་ཨིན་པའི་ ཐོ་བཀོད་འབད་དེ་ཡོདཔ་ད་ ཉེན་བརྡ་དེ་ཡང་ སྤྱི་ཟླ་ ༨ པའི་ཚེས་ ༦ ལུ་ ངོ་མིང་ཨེམ་ཨེ་ མོ་ཁིམ་ཟེར་མི་ཅིག་གིས་ བཀོད་ཡོདཔ་ལས་ ཞིབ་དཔྱད་ཚུ་འབད་ནི་ འགོ་བཙུགས་ནུག།དེ་སྦེ་ ཧིན་དུའི་ཆོས་ལུགས་སྐོར་ལས་ ཡོངས་འབྲེལ་ལག་ལེན་འཐབ་མི་ ངོམ་དུ་དྷ་ནེ་དེ་ ཁོ་རའི་བུ་ སྨན་བཅོས་ཀྱི་དོན་ལས་ པུ་ནེ་ལུ་ སྒེར་གྱི་སྨན་ཁང་ཅིག་ནང་ སོང་ཡོདཔ་ད་ དེ་བསྒང་ ཁོ་གིས་ ཡོངས་འབྲེལ་བལྟ་བའི་སྐབས་ལུ་ ཨེམ་ཨེ་མོ་ཁིམ་གྱིས་ རྒྱ་གར་ལུ་ གས་རྫས་བཀལ་ནི་གི་ འཆར་གཞི་ཡོད་ལུགས་དང་ དྲག་ཐོག་དབང་བཙོང་འབད་མི་ཚུ་ལུ་ མ་དངུལ་ཚུ་ བྱིན་ཞིནམ་ལས་ ཧིན་དུའི་ཆོས་ལུགས་ མེདཔ་བཏང་ནི་ཨིན་པའི་གུ་ ན་རེན་ད་ར་མོ་དི་ཡང་ བཀྲོངས་ནི་ཨིནམ་སྦེ་ བཀོད་དེ་འདུག་ཟེར་ཨིན་པས།དུ་དྷ་ནེ་གིས་ དེ་འཕྲལ་ལས་ ཁྲིམས་སྲུང་འགག་སྡེ་ལུ་ […]

World News

ཏ་ཡེ་ཝཱན་གྱི་ མཁའ་དབྱིངས་ལུ་ རྒྱ་ནག་གི་ མཁའ་དམག་གནམ་གྲུ་ཚུ་འཕུར་འགྲུལ།

ཨེན་ཌི་ཊི་ཝི། སྤྱི་ཟླ་ ༨ པའི་ཚེས་ ༩ ལུ་ རྒྱ་ནག་གི་ མཁའ་དམག་གནམ་གྲུ་ཚུ་ དམག་འཁྲུག་གྲ་སྒྲིག་གི་དོན་ལས་ ལག་ལེན་འཐབ་མི་ མཚོ་དམག་གི་ གྲུ་ཆེན་ ༥ དང་སྦྲགས་ཏེ་ ཏ་ཡེ་ཝཱན་གྱི་ སྲུང་སྐྱོབ་ས་ཁོངས་ནང་ བཙན་འཛུལ་འབད་ཡོདཔ་ད་ དེ་ཡང་ བདུན་ཕྲག་འདི་ནང་ དེ་བཟུམ་མའི་ ལཱ་བྱ་འཐབ་མི་དེ་ ཐེངས་ ༢ པ་ཨིནམ་སྦེ་ ཏ་ཡེ་ཝཱན་གྱི་ སྲུང་སྐྱོབ་ལྷན་ཁག་ལས་ བཤད་ཡོདཔ་ཨིན་པས།རྒྱ་ན་གིས་འབད་བ་ཅིན་ ཏ་ཡེ་ཝཱན་ མཚོ་གླིང་དེ་ ཁོང་གི་མངའ་འོག་ལུ་ཨིན་པའི་ ཐོབ་བརྗོད་བཀོད་དེ་ འདས་པའི་ལོ་ངོ་ ༣ གྱི་རིང་ལུ་ ཏ་ཡེ་ཝཱན་གྱི་ སྦོ་ལོགས་ཁར་ དམག་སྦྱོང་ཚུ་ ལོག་ཅིང་རང་ ལག་ལེན་འཐབ་དོ་ཡོད་པའི་སྐོར་ལས་ ཉོག་བཤད་བཀོད་ནུག།དེ་ཡང་ སྤྱི་ཟླ་ ༨ པའི་ཚེས་ ༩ ལུ་ དྲོ་པའི་ཆུ་ཚོད་ ༩ དེ་ཅིག་ཁར་ རྒྱ་ནག་གི་ གནམ་གྲུ་ ༢༥ རྒྱ་མཚོ་གུ་ལས་ འཕུར་མི་ཚུ་གི་གྲས་ཁར་ མཁའ་དམག་གནམ་གྲུ་ ཇེ་༡༠ […]

World News

མཐའ་ཡས་ལེན་གྱི་ རྒྱལ་པོའི་སྲས་ཅིག་ ཕྱི་རྒྱལ་ལས་ རྒྱལ་ཁབ་ནང་ འགོ་དང་པ་ ལོག་བྱོན་ཡོདཔ།

བི་བི་སི། ད་རེས་ནངས་པར་ མཐའ་ཡས་ལེན་ལུ་ གཞུང་སྐྱོང་གསརཔ་ གཞི་བཙུགས་དང་འབྲེལ་བའི་ གནས་སྟངས་ཟང་ཟིང་ནང་ ཡུ་ཨེཛ་ལས་ དགུང་ལོ་ ༤༢ བཞེས་མི་ རྒྱལ་སྲས་བ་ཅ་རེ་སཱོན་ བི་བ་ཅ་ར་འོང་སེ་ཟེར་མི་ ལོ་ངོ་ ༢༧ གྱི་རྒྱབ་ལས་ ཁོ་རའི་འཁྲུངས་གཡུས་ལུ་ འགོ་དང་པ་ ལོག་བྱོན་ནུག།བ་ཅ་རེ་སཱོན་ བི་བ་ཅ་ར་འོང་སེ་དེ་ རྒྱལཔོ་བ་ཇི་ར་ལོང་ཀཱོན་དང་ མཐུན་འབྲེལ་མེད་པའི་ རྒྱལ་སྲས་ ༤ ལས་ ༡ ཨིནམ་ད་ ད་ཚུན་གྱི་བར་ན་ མི་སེར་གྱི་སེམས་ཁར་ ཁོང་སྲས་ ༤ སྐུ་འཁོར་གྱི་ གནས་རིམ་ལས་ ཕྱིར་དབྱུང་ཐོག་ལུ་ གསེར་ཁྲི་གུ་ འབྱོན་ནི་མེད་པའི་ ཡིད་ཆེས་བསྐྱེད་དེ་ སྡོད་ཡོདཔ་ཨིན་པས།ཨིན་རུང་ གསེར་ཁྲི་ཤུལ་འཛིན་མཛད་སྲིད་མི་ རྒྱལ་པོའི་སྲསམོ་ བཱཇ་ར་ཀི་ཏི་ཡ་བྷ་དེ་ སྤྱི་ཟླ་ ༡༢ པའི་ནང་ བརྒྱལ་སོང་པ་ལུ་བརྟེན་ཏེ་ ད་རེས་ནངས་པར་ཡང་ ཐུགས་དྲན་མེད་ངང་ལུ་ར་ཡོདཔ་ལས་ སྙུང་གཞི་དྭངས་ནི་བཟུམ་ཅིག་ར་ མེདཔ་ཨིན་པས།མཐའ་ཡས་ལེན་ལུ་ ནམ་གཅིག་གི་ཚེ་ རྒྱལཔོ་དང་ མཐུན་འབྲེལ་མེད་པའི་སྲས་ཅིག་ རྒྱལ་པོའི་ཕྱག་འགན་གྱི་དོན་ལུ་ ལོག་འབྱོན་འོང་མནོ་བའི་ བསམ་འཆར་ཚུ་ བཀོད་དེ་ཡོདཔ་ད་ […]

World News

པ་ཀིཛ་ཏཱན་གྱི་ བློན་ཆེན་བགྲེསཔ་ ཨིམ་རཱན་ཁཱན་དེ་ ངན་ལྷད་ཀྱི་ ཉེས་འཛུགས་ཐོག་ལུ་འཛིན་བཟུང་། 

ཨེན་ཌི་ཊི་ཝི། པ་ཀིཛ་ཏཱན་གྱི་ བློན་ཆེན་བགྲེསཔ་ ཨིམ་རཱན་ཁཱན་དེ་ ངན་ལྷད་དང་འབྲེལ་བའི་ ཉེས་འཛུགས་ཐོག་ལུ་ ཁྲིམས་འདུན་ལས་ ལོ་ངོ་ ༣ གྱི་ བཙོན་ཁྲིམས་བཀལ་བའི་ཤུལ་ལས་ ཁྲིམས་སྲུང་འགག་སྡེ་གིས་ འཛིན་བཟུང་འབད་ནུག། དེ་ཡང་ ཨིཛ་ལ་མ་བཱད་ཀྱི་ ཁྲིམས་མདུན་ལས་ འཛིན་བཟུང་གི་ བཀའ་རྒྱ་གནང་མི་དང་འབྲེལ་ཏེ་ ལོ་ངོ་ ༥ གི་རིང་ལུ་ སྲིད་དོན་གྱི་ ལཱ་ཚུ་ནང་ གྲལ་གཏོགས་འབད་མ་ཆོག་པའི་ བཀའ་རྒྱ་ཡང་ གནང་ཡོདཔ་ཨིན་པས། སྐྱེས་ལོ་ ༧༠ འབད་མི་ ཨིམ་རཱན་ཁཱན་དེ་ ཧེ་མ་ ཀིར་ཀེཌ་རྩེ་མི་ ཡོངས་གྲངས་ཅན་ཅིག་ཨིནམ་ད་ ཁོ་ར་ བློན་ཆེན་གྱི་ གོ་གནས་ཁར་ སྡོད་པའི་སྐབས་ལུ་ ཕྱི་ཁའི་མགྱོནམོ་ཚུ་གིས་ འཁྱོམ་བྱིན་མི་ཚུ་ ཁྲིམས་འགལ་ཐོག་ལས་ བཙོང་ཡོད་པའི་ ཉེས་འཛུགས་བཀལ་ནུག། འཁྱོམ་ཚུ་གི་གྲངས་སུ་ རྒྱལ་ཁབ་གཞན་ཁའི་ སྐུ་འཁོར་ཚུ་གིས་ བྱིན་ཡོད་མི་ ཆུ་ཚོད་འཁོར་ལོ་ཚུ་ཡང་ཡོདཔ་ད་ གཞུང་གི་འགོ་དཔོན་ཚུ་གིས་ བཤད་དོ་འབད་བ་ཅིན་ འཁྱོམ་གྱི་ཅ་ཆས་ཚུ་ ཨི་རཱན་ཁཱན་གྱི་ ལས་རོགས་ཚུ་གིས་ དུ་བཱ་ཡེ་ལུ་འབག་སྟེ་ བཙོང་ནུག་ཟེར་ཨིན་པས།  ཨིཛ་ལ་མ་བཱད་ཀྱི་ […]

Online now: 27 Today: 2400 Total visitors: 12430