ArchiveAboutContact

Category: World News

World News

བྱང་ཀོ་རི་ཡ་གིས་ རྡུལ་ཕྲན་མཚོན་ཆའི་སྒོ་ལས་ ལྷོ་ཀོ་རི་ཡ་ལུ་ གནོད་འཚུབ་ཀྱི་དཔེ་སྟོན།

བི་བི་སི། བྱང་ཀོ་རི་ཡ་གིས་ ལྷོ་ཀོ་རི་ཡའི་ དམག་སྒར་ཚུ་ནང་ དམིགས་གཏད་བསྐྱེད་དེ་ རྡུལ་ཕྲན་མཚོན་ཆའི་ཐོག་ལས་ གནོད་འཚུབ་བཀལ་ནི་གི་ དཔེ་སྟོན་བཟུམ་ཅིག་སྦེ་ རྒྱང་ཐུང་མགྱོགས་ཤུགས་ཀྱི་ མི་ཛ་ཡེལ་ ༢ བརྟག་དཔྱད་ཐོག་ལས་བཏང་ནུག།དེ་ཡང་ ཡུ་ཨེཛ་གིས་ ཐབས་བྱུས་ཅན་གྱི་ རྫས་བམ་བཀོག་མི་ དམག་མི་ཚུ་ ལུང་ཕྱོགས་དེ་ནང་ བཙུགས་ཡོད་མིའི་ རྒྱབ་འགལ་ལུ་ཨིནམ་ད་ བྱང་ཀོ་རི་ཡ་གིས་ དེ་བཟུམ་མའི་ བྱ་སྤྱོད་དེ་ཡང་ ཝ་ཤིང་ཊཱོན་དང་ སི་འུལ་ ༢ ཀྱིས་ ལོ་བསྟར་དམག་སྡེའི་ སྦྱོང་བརྡར་ཚུ་འབད་བའི་ དུས་སྐབས་ནང་ ལག་ལེན་འཐབ་ནུག།བྱང་ཀོ་རི་ཡའི་ དམག་སྡེ་གིས་འབད་བ་ཅིན་ མི་ཛ་ཡེལ་ཚུ་ ཕྱི་རོ་ཁམས་ཅིག་ཁར་ ལྷོ་ཀོ་རི་ཡའི་ དམག་སྡེ་ལྟེ་བ་དང་ གནམ་ཐང་གཙོ་བོ་ཚུ་ནང་ དམིགས་གཏད་བསྐྱེད་དེ་ དཔེ་སྟོན་ལག་ལེན་འཐབ་ཅི་ཟེར་ཨིན་པས།དེ་མ་ཚད་ ཁོང་གི་ཁ་ཐུག་ལས་ ཉེན་བརྡ་ག་དེམ་ཅིག་འབད་རུང་ ཡ་འབད་མ་བཏུབ་པར་ ཐབས་བྱུས་ཅན་གྱི་ རྡུལ་ཕྲན་མཚོན་ཆ་ཚུ་ བཙུགས་མི་དེ་ ཁོང་ལུ་ དོ་འགྲན་འབད་བའི་ གཞི་ཨིནམ་ལས་ ཉེན་བརྡ་གསལ་ཏོག་ཏོ་སྦེ་ར་ ལག་ལེན་འཐབ་པའི་ཚུལ་ཨིནམ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

ཇོ་ཧ་ནེཛ་བཱག་ལུ་ སྒྲིང་ཁྱིམ་ཅིག་ མེ་རྐྱེན་ཤོར་མིའི་ནང་ མི་གྲངས་ ༧༤ ལུ་ཤི་རྐྱེན།

བི་བི་སི། ཇོ་ཧ་ནེཛ་བཱག་གི་ སྒྲིང་ཁྱིམ་ཅིག་ལུ་ མེ་རྐྱེན་བྱུང་ཡོདཔ་ལས་ མི་གྲངས་ ༧༤ དེ་ཅིག་ལུ་ ཤི་རྐྱེན་དང་ ༤༠ ལྷགཔ་ཅིག་ལུ་ རྨ་སྐྱོན་བྱུང་ནུག།ཇོ་ཧ་ནེཛ་བཱག་གི་ འགོ་དཔོན་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཁྲོ་སྡེ་ལྟེ་བའི་ནང་ཡོད་མི་ སྒྲིང་ཁྱིམ་ཐོག་ ༥ འབད་མིའི་ནང་ མེ་རྐྱེན་ག་དེ་སྦེ་ བྱུང་ཡོདཔ་ཨིན་ན་ གསལ་ཏོག་ཏོ་སྦེ་ ཤོས་མ་ཚུགས་ཟེར་ཨིན་པས།མི་སྡེ་བརྡ་བརྒྱུད་ ཊུའི་ཊར་ནང་ བཙུགས་ཡོད་མི་ དཔར་ནང་ལས་ མེ་གིས་འཚིགས་མི་ སྒྲིང་ཁྱིམ་གྱི་ སྒོ་ཅུང་ཚུ་དང་ ཤི་རྐྱེན་བྱུང་མིའི་ ཕུངམོ་དེ་ཚུ་ སྒྲིང་ཁྱིམ་གྱི་ ཉེ་འདབས་ལུ་ གྱལ་བསྒྱིགས་ཏེ་བཞག་སར་ མཐོང་དོ་ཡོདཔ་ད་ སྒྲིང་ཁྱིམ་དེ་ནང་ སྡོད་མི་ཚུ་ཡང་ མང་ཤོས་ཅིག་ ཨཕ་རི་ཀའི་ རྒྱལ་ཁབ་གཞན་ཚུ་ལས་ གནས་སྤོ་འོང་མི་ཚུ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

ཡུ་ཀེ་རེན་གྱི་ མཁའ་དམག་གནམ་གྲུ་ཆུང་བ་ ཌཱོན་ཚུ་གིས་ ར་ཤི་ཡ་ལུ་ གནོད་འཚུབས་སྦོམ་བཀལ་ཡོདཔ།

སི་ཨེན་ཨེན། ར་ཤི་ཡ་གིས་ ཡུ་ཀེ་རེན་ རྒྱལ་ཁབ་ནང་ བཙན་འཛུལ་ཐོག་ལས་ ཕྱད་མདའ་རྐྱབ་མི་ལུ་ ད་རེས་ ཡུ་ཀེ་རེན་གྱི་ ཁ་ཐུག་ལས་ གདོང་ལན་འབད་བའི་ནང་གསེས་ ར་ཤི་ཡའི་ ས་ཁོངས་ནང་ མཁའ་དམག་གནམ་གྲུ་ཆུང་བ་ ཌཱོན་ཚུ་གིས་ གནོད་འཚུབ་སྦོམ་སྦེ་ར་ བཀལ་ཡོདཔ་ད་ དེ་བཟུམ་སྦེ་ ར་ཤི་ཡའི་ ཁ་ཐུག་ལས་ཡང་ ཡུ་ཀེ་རེན་གྱི་ རྒྱལ་ས་ཀི་ཡེབ་ལུ་ རྫས་བམ་ཚུ་ བསྐྱུར་ཡོདཔ་ལས་ མི་ ༢ ལུ་ ཤི་རྐྱེན་བྱུང་ནུག།.དེ་ཡང་ སྤྱི་ཟླ་ ༨ པའི་ཚེས་ ༣༠ ལུ་ མོཛ་ཀོ་གིས་གཙོས་པའི་ ར་ཤི་ཡའི་ ས་ཁོངས་ ༦ ལུ་ གནོད་འཚུབ་བཀལ་ཡོདཔ་མ་ཚད་ ཨེཛ་ཊོ་ནི་ཡའི་ ས་མཚམས་ཁར་ཡོད་མི་ ཚོང་ཁྲོམ་པེཛ་ཀོབ་ལུ་ཡང་ གནམ་ཐང་ཅིག་ནང་ མཁའ་དམག་གནམ་གྲུ་ཆུང་བ་ཚུ་གིས་ དོས་ཆས་སྐྱེལ་འདྲེན་གྱི་ གནམ་གྲུ་དག་པ་ཅིག་ར་ མེདཔ་བཏང་ཡོདཔ་ཨིན་པས།ར་ཤི་ཡའི་ འགོ་དཔོན་ཚུ་གིས་ རྐྱེན་ངན་དེ་ནང་ མི་ལུ་ཤི་རྐྱེན་བྱུང་ཡོད་པའི་ སྙན་ཞུ་མ་འབད་རུང་ ཁོང་གི་ཁ་ཐུག་ལས་ཡང་ གནོད་འཚུབ་མང་ཤོས་ཅིག་ར་ ནུས་མེད་བཟོ་ཡོད་པའི་ གསལ་བསྒྲགས་འབད་ནུག།ཡུ་ཀེ་རེན་གྱི་ འགོ་དཔོན་ཚུ་གིས་ […]

World News

རྒྱ་ནག་གིས་ རྒྱ་གར་གྱི་ ས་ཁོངས་ཅིག་ ཐོབ་བརྗོད་བཀོད་དེ་ ས་ཁྲའི་ནང་ བཙུགས་ཡོདཔ་ལས་ རྒྱ་གར་གྱིས་ རྒྱབ་འགལ་ཚབས་ཆེན།

རོའི་ཊརཛ། རྒྱ་ནག་གིས་ ཐོབ་བརྗོད་བཀོད་ཐོག་ལས་ རྒྱ་གར་གྱི་ ས་ཁོངས་ཅིག་ གསར་བཏོན་འབད་མི་ ས་ཁྲ་གསརཔ་ཅིག་ནང་ བཙུགས་ཡོདཔ་ལས་ རྒྱ་གར་གྱིས་ རྒྱབ་འགལ་ཚབས་ཆེན་ཡོད་ལུགས་ བཤད་ཡོདཔ་ལས་ ཨེ་ཤི་ཡའི་ རྒྱལ་ཁབ་སྦོམ་ ༢ ཀྱི་ མཐུན་ལམ་ལུ་ གནོད་པ་འབྱུང་སྲིད་ནི་ཨིན་པས།དེ་ཡང་ རྒྱ་གར་གྱིས་ རྒྱབ་འགལ་འབད་བའི་ཤུལ་ལུ་ རྒྱ་གར་གྱི་ བརྡ་བརྒྱུད་ཚུ་ནང་ རྒྱ་ནག་གིས་ གསར་བཏོན་འབད་མི་ གཞུང་འབྲེལ་ས་ཁྲའི་ནང་ རྒྱ་གར་གྱི་མངའ་ཁོངས་ ཨ་རུ་ན་ཅཱལ་ པར་དེཤ་དང་ ཨག་སའི་ཅིན་ཟེར་མི་ རི་ཐང་ཚུ་ རྒྱ་ནག་གི་ ཁྱབ་ཁོངས་ནང་ཨིནམ་སྦེ་ བཀོད་ནུག་ཟེར་ཨིན་པས།རྒྱ་ནག་གིས་ གངས་རི་ཧི་མ་ལ་ཡའི་ ཤར་ཕྱོགས་ཀྱི་ས་ཁོངས་ ཨ་རུ་ན་ཅཱལ་ པར་དེཤ་དེ་ བོད་ལྷོ་ཕྱོགས་ཀྱི་ ཆ་ཤས་ཅིག་ཨིནམ་སྦེ་ ཐོབ་བརྗོད་བཀོད་དོ་ཡོདཔ་ད་ སྤྱི་ཟླ་ ༤ པའི་ནང་ཡང་ རྒྱ་ནག་གིས་ གསར་བཏོན་འབད་མི་ ས་ཁྲའི་ནང་ ཨ་རུ་ན་ཅཱལ་མངའ་སྡེའི་ ས་ཁོངས་ ༡༡ གི་མིང་ཚུ་ གསརཔ་བཏགས་ཏེ་ ལྷོ་བོད་ཟངས་ནམ་ཟེར་མིའི་ ས་མཚམས་ནང་འཁོད་ལུ་ ཚུད་དོ་ཡོདཔ་སྦེ་ བཀོད་ཡོདཔ་ཨིན་པས།ཨག་སའི་ཅིན་དེ་ཡང་ ཧི་མ་ལ་ཡའི་ […]

World News

ཡུ་ཨེཛ་གིས་ གོ་མཚོན་བཙོང་ཆོག་པའི་ གནང་བ་བྱིན་པའི་ཤུལ་ལས་ རྒྱ་ནག་གིས་ ཏ་ཡེ་ཝཱན་ལུ་གནམ་གྲུ་དང་ གྲུ་ཟིང་ཚུ་བཏང་ཡོདཔ།

ཨེ་བི་སི། སྤྱི་ཟླ་ ༨ པའི་ཚེས་ ༢༦ ལུ་ ཏ་ཡེ་ཝཱན་གྱི་ སྲུང་སྐྱོབ་ལྷན་ཁག་ལས་ བཤད་དོ་བཟུམ་འབད་བ་ཅིན་ ཡུ་ཨེཛ་གིས་ ཁོང་ལུ་ ཌོ་ལར་ས་ཡ་ ༥༠༠ གནས་མི་ གོ་མཚོན་བཙོང་ཆོག་པའི་ གནང་བ་གྲོལ་ཏེ་ ཉིན་གྲངས་དག་པ་ཅིག་གི་ ནང་འཁོད་ལུ་ར་ རྒྱ་ནག་གིས་ མཁའ་དམག་གནམ་གྲུ་ ༣༢ དང་ མཚོ་དམག་གྲུ་ཟིང་ ༩ ཏ་ཡེ་ཝཱན་ལུ་ བཏང་ནུག་ཟེར་ཨིན་པས།དེ་བསྒང་ མཁའ་དམག་གནམ་གྲུ་ ༢༠ གིས་ ཏ་ཡེ་ཝཱན་གྱི་ མཁའ་དབྱིངས་ནང་ བཙན་འཛུལ་འབད་ཡོདཔ་ད་ ཏ་ཡེ་ཝཱན་གྱི་ ཁ་ཐུག་ལས་ སྲུང་སྐྱོབ་དམག་སྡེ་ལུ་ མཁའ་དམག་གནམ་གྲུ་དང་ མཚོ་དམག་གྲུ་ཟིང་ དེ་ལས་ མི་ཛ་ཡེལ་ཚུ་གི་སྒོ་ལས་ གདོང་ལན་འབད་དགོ་པའི་ འགན་ཁུར་བཀལ་ནུག།དེ་ཡང་ ཏ་ཡེ་ཝཱན་གྱི་ སྲིད་འཛིན་འོགམ་དེ་ པ་ར་གུ་ཝེ་ལུ་ གཞུང་འབྲེད་གཟིགས་གནང་པར་ བྱོན་པའི་ཞོར་ཁར་ ཡུ་ཨེཛ་ལུ་ ཐོན་ཡོདཔ་བཞིན་དུ་ ཡུ་ཨེཛ་གཞུང་གིས་ མཁའ་དམག་གནམ་གྲུ་ ཨེཕ་-༡༦ ཟེར་མི་ཚུ་གི་དོན་ལུ་ ཤུལ་འཚོལ་རིམ་ལུགས་ཀྱི་ འཕྲུལ་ཆས་དང་ ལག་ཆ་ཚུ་ […]

World News

གི་རིཛ་ལུ་ ནགས་མེ་དང་འབྲེལ་བའི་ མི་དོགས་པ་ཅན་ ལེ་ཤ་ཅིག་འཛིན་བཟུང་།

སི་ཨེན་ཨེན། སྤྱི་ཟླ་ ༨ པའི་ཚེས་ ༢༥ ལུ་ ཡུ་རོབ་ཚོགས་པའི་ འཐུས་མི་རྒྱབ་ཚུ་གི་ ནགས་ཚལ་ནང་ ག་ནི་བ་ ཁྱབ་ཤུགས་ཆེ་བའི་ མེ་རྐྱེན་དེ་ དུས་ཅི་ གི་རིཛ་གི་རྒྱལ་ས་ ཨེ་ཐེནཛ་གི་ བྱང་ཕྱོགས་ས་གནས་ མ་འཱུན་པར་ནི་ཐ་ཟེར་སར་ བྱུང་སྟེ་ཡོདཔ་ཨིན་པས།དེ་ཡང་ ཧེ་མའི་བདུན་ཕྲག་ནང་ བྱང་ཕྱོགས་གི་རིཛ་ལས་ འགོ་བཙུགས་མི་ མེ་རྐྱེན་དེ་ལུ་བརྟེན་ཏེ་ ཕུངམོ་ ༡༨ དེ་ཅིག་ ཐོབ་ཡོདཔ་མ་ཚད་ སྤྱི་ཟླ་ ༨ པའི་ཚེས་ ༢༥ ལུ་ཡང་ ད་དི་ཡ་ རྒྱལ་ཡོངས་གླིང་ག་ཟེར་མི་ གཡུས་ཚན་ནང་གི་ འཁོར་ལམ་ལས་ཡང་ མེ་གིས་འཚིགས་མི་ ཕུངམོ་ ༡ ཐོབ་ནུག།ག་དེ་སྦེ་ར་ཨིན་རུང་ ནགས་མེ་དེ་དང་འབྲེལ་བའི་ དོགས་པ་ཡོད་མི་ ལེ་ཤ་ཅིག་ར་ འབྲེལ་ཡོད་དབང་འཛིན་ཚུ་གིས་ འཛིན་བཟུང་འབད་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

ཏ་ཡེ་ཝཱན་གྱི་ ས་ཁོངས་ཚུ་ནང་ རྒྱ་ནག་གིས་ དམག་སྦྱོང་ལོག་སྟེ་ར་ འགོ་བཙུགས་ཡོདཔ།

རོའི་ཊརཛ།སྤྱི་ཟླ་ ༨ པའི་ཚེས་ ༢༥ ལུ་ ཏ་ཡེ་ཝཱན་གྱིས་ གདོང་ལན་རུང་བའི་ ས་ཁོངས་ཚུ་ནང་ རྒྱ་ནག་གི་ མཁའ་དམག་གནམ་གྲུ་ ༡༣ དང་ གྲུ་ཟིང་ ༥ ཕྱད་མདའ་གྲ་སྒྲིག་གི་དོན་ལས་ དམག་སྦྱོང་འབད་ནི་ ལོག་སྟེ་ར་ འགོ་བཙུགས་ཅི་ཟེར་ ཏ་ཡེ་ཝཱན་གྱི་ སྲུང་སྐྱོབ་ལྷན་ཁག་ལས་ བཤད་ཡོདཔ་ཨིན་པས།དེ་བཟུམ་སྦེ་ དེ་ཚེ་ སྤྱི་ཟླ་ ༨ པའི་ཚེས་ ༡༩ ལུ་ཡང་ ཏ་ཡེ་ཝཱན་གྱི་ སྲིད་འཛིན་འོགམ་ ཝི་ལི་ཡམ་ལའེ་གིས་ ཡུ་ཨེཛ་ལུ་ གཟིགས་སྐོར་གནང་པའི་ རྒྱབ་འགལ་ལུ་ རྒྱ་ནག་གིས་ ཏ་ཡེ་ཝཱན་གྱི་ མཐའ་བསྐོར་ཏེ་ ཉིནམ་ ༡ གི་རིང་ལུ་ དམག་སྦྱོང་ལས་རིམ་ འགོ་འདྲེན་འཐབ་ནུག།དེ་ཡང་ དྲོ་པའི་ཆུ་ཚོད་ ༧ དེ་ཅིག་ལས་ རྒྱ་ནག་གི་ ཕྱད་མདའ་རྐྱབ་མི་དང་ རྫས་བམ་བཀོག་མི་ སྔོན་བརྡའི་གནམ་གྲུ་དང་ གནམ་གྲུ་ཆུང་བ་ཌཱོན་ཚུ་དང་བཅསཔ་སྦེ་ གནམ་གྲུ་བསྡོམས་ ༢༢ ཀྱི་གྲས་ལས་ གནམ་གྲུ་ ༡༣ ཏ་ཡེ་ཝཱན་གྱིས་ […]

World News

རྒྱ་གར་གྱི་ བློན་ཆེན་དང་ རྒྱ་ནག་གི་ སྲིད་འཛིན་ ༢ ཀྱི་བར་ན་ ས་མཚམས་ཀྱི་ བྲེལ་ཟིང་མར་ཕབ་འབད་ནི་ལུ་ཞལ་འཆམ།

སི་ཨེན་ཨེན། སྤྱི་ཟླ་ ༨ པའི་ཚེས་ ༢༤ ལུ་ རྒྱ་གར་གྱི་ ཕྱི་འབྲེལ་དྲུང་ཆེན་གྱིས་ ལོ་ངོ་ ༣ གྱི་ཧེ་མ་ རྒྱ་གར་དང་ རྒྱ་ནག་གི་ ས་མཚམས་ཁར་ ས་སྲུང་ཚུ་གི་བར་ན་ བྲེལ་ཟིང་ཚབས་ཆེན་ཅིག་ བྱུང་ཞིནམ་ལས་ཚུར་ དབུ་ཁྲིད་ ༢ ཀྱི་བར་ན་ དངོས་སུ་སྦེ་ མཇལ་ཕྲད་མཛད་མ་ཚུགས་ཟེར་ བཤདཔ་ཨིན་པས།ཨིན་རུང་ ད་རེས་ ཨཕ་རི་ཀ་ ཇོ་ཧ་ནེཛ་བཱག་ལུ་ བི་རིགཛ་དཔལ་འབྱོར་སྡེ་ཚན་གྱི་ འཐུས་མི་རྒྱལ་ཁབ་ཚུ་གི་ དབུ་ཁྲིད་ཞལ་འཛོམས་སྐབས་ལུ་ དབུ་ཁྲིད་ ༢ མཇལ་ཕྲད་མཛད་དེ་ རྒྱལ་ཁབ་ ༢ ཀྱི་བར་ན་ ས་མཚམས་ཁར་ བྲེལ་ཟིང་ཚབས་ཆེན་ མར་ཕབ་འབད་ནི་ལུ་ བརྩོན་ཤུགས་འཐེབ་བསྐྱེད་ནི་སྦེ་ ཞལ་འཆམ་བྱུང་ཡི་ཟེར་ཨིན་པས།དེ་བཟུམ་སྦེ་ རྒྱ་ནག་གི་ ཕྱི་འབྲེལ་ལྷན་ཁག་ལས་ཡང་ དབུ་ཁྲིད་ ༢ ཀྱི་བར་ན་ རྒྱལ་ཁབ་ཀྱི་ མཐུན་ལམ་སྐོར་ལས་ བསམ་འཆར་ཚུ་ སྦ་གསང་མེད་པར་ ཡོངས་རྫོགས་སྦེ་ར བརྗེ་སོར་གནང་ཡི་ཟེར་ བཤད་ཡོདཔ་ཨིན་པས།དེ་ཡང་ རྒྱ་གར་དང་ རྒྱ་ནག་གི་བར་ན་ ས་མཚམས་གསུང་གྲོས་ཐེངས་ […]

World News

རྒྱ་གར་གྱི་འཕྲུལ་སྐར་ ཟླ་བའི་གུ་ ཆགས་ནི་དེ་གིས་ རྒྱ་གར་གྱི་ མི་སེར་ག་ར་ལུ་ དཔའ་ཉམས་དང་ སྤྲོ་བ་བྱུང་ཡོདཔ།

སི་ཨེན་ཨེན། སྤྱི་ཟླ་ ༨ པའི་ཚེས་ ༢༣ ལུ་ རྒྱ་གར་གྱི་འཕྲུལ་སྐར་ ཟླ་བའི་གུ་ ཆགས་མི་དེ་ འགོ་དང་པ་ཨིནམ་ད་ དེ་སྦེ་ ཟླ་བའི་གུ་ འཕྲུལ་སྐར་ཆགས་ཚུགས་མི་ རྒྱལ་ཁབ་ཚུ་གི་གྲས་ལས་ རྒྱ་གར་རྒྱལ་ཁབ་དེ་ ཨང་ ༤ པ་ ཐོན་ཡོདཔ་ལས་ འཛམ་གླིང་རྒྱལ་ཁབ་ཁག་གི་ནང་ཡོད་མི་ རྒྱ་གར་གྱི་ མི་སེར་ཚུ་ལུ་ དཔའ་ཉམས་དང་ དགའ་སྤྲོ་སྦོམ་བྱུང་ནུག།དེ་ཡང་ འཕྲུལ་སྐར་ཅཱན་དར་ཡཱན་-༣ པ་ཟེར་མི་དེ་ ཟླ་བའི་གུ་ འགྲུལ་བསྐྱོད་ཀྱི་སྒོ་ལས་ ཞིབ་འཚོལ་ཐོག་ལུ་ དཔར་ལེན་འཕྲུལ་ཆས་ བིག་རམ་དང་ པར་གི་ཡཱན་ཟེར་མི་ ༢ དང་སྦྲགས་ཏེ་ དེ་ཚེ་ཕྱི་རོ་ ཆུ་ཚོད་ ༦ ལུ་ ཟླ་བའི་གུ་ཆགསཔ་ད་ རྒྱ་གར་གྱི་ མཁའ་དབྱིངས་ཞིབ་འཚོལ་ལས་ཚོགས་ཀྱི་ མི་སྡེ་བརྡ་བརྒྱུད་ ཊུའི་ཊར་ནང་ལས་ མི་གྲངས་ས་ཡ་ ༧༠ དེ་ཅིག་གིས་ དངོས་མཐོང་སྦེ་ བལྟ་ཡོདཔ་ཨིན་པས།ད་རེས་ ཟླ་བའི་གུ་ རྒྱ་གར་གྱི་ འཕྲུལ་སྐར་ཆགས་མི་དེ་ འབྱུང་རབས་ཅན་གྱི་ ཐོན་རིམ་ཅིག་ཨིནམ་ལས་ རྒྱ་གར་གྱི་ མི་རློབས་ཐེར་འབུམ་ […]

World News

རྒྱ་གར་རྒྱལ་ཁབ་ཀྱི་ འཕྲུལ་སྐར་ཅཱན་དར་ཡཱན་-༣ པ་ ཟླ་བའི་གུ་ཆགས་ཡོདཔ།

ཨེན་ཌི་ཊི་ཝི། རྒྱ་གར་གྱི་ འཕྲུལ་སྐར་ཅཱན་དར་ཡཱན་-༣ པ་དེ་ ཟླ་བའི་ལྷོ་ཕྱོགས་ཀྱི་རྩེ་ལུ་ ཆགས་ཡོདཔ་ད་ ད་རེས་ འཕྲུལ་སྐར་ཟླ་བའི་གུ་ མཐར་འཁྱོལ་ཅན་སྦེ་ ཆགས་ཚུགས་མི་དེ་ ཡུ་ཨེཛ་དང་ རྒྱ་ནག་ དེ་བསྒང་གི་ སོ་བིཊ་ཡུ་ནི་ཡཱན་ཚུ་གི་ཤུལ་ལས་ རྒྱ་གར་རྒྱལ་ཁབ་དེ་ ཨང་ ༤ པ་ཐོན་ནུག།དེ་ཡང་ སྤྱི་ཟླ་ ༨ པའི་ཚེས་ ༢༣ ལུ་ འབྱུང་རབས་ཅན་གྱི་ འཕྲུལ་སྐར་དེ་ ཟླ་བའི་གུ་ ཆགས་ནི་འབདཝ་ད་ རྒྱ་གར་རྒྱལ་ཁབ་ མཐའ་དབུས་མེད་པའི་ ས་གནས་ཚུ་ནང་ སྤྲོ་སྟོན་དང་ སྨོན་ལམ་ཚུ་ འདུ་ཤེས་དྲག་པོའི་སྒོ་ལས་ ལག་ལེན་འཐབ་ཡོདཔ་ཨིན་པས།རྒྱ་གར་གྱི་ མཁའ་དབྱིངས་ཞིབ་འཚོལ་ལས་ཚོགས་ཀྱིས་ ཁོང་རའི་ཡོངས་འབྲེལ་འཆར་སྒོའི་ནང་ལས་ འཕྲུལ་སྐར་ཟླཝ་གུ་ ཆགས་པའི་སྐབས་ཀྱི་ མཐོང་སྣང་ཚུ་་ དངོས་མཐོང་སྦེ་ གསལ་སྟོན་འབད་ཡོདཔ་ད་ འཕྲུལ་སྐར་ཅཱན་དར་ཡཱན་-༣ པ་དེ་ སྤྱི་ཟླ་ ༧ པའི་ཚེས་ ༡༤ ལུ་ སི་རི་ཧ་རི་ཀོ་ཊ་ལས་ གནམ་ཁར་བཏང་ཡི་ཟེར་ བཀོད་འདུག་པའི་གནས་ཚུལ།

Online now: 14 Today: 2611 Total visitors: 12641