ArchiveAboutContact

Category: World News

World News

མ་ལི་ལུ་ ཀྲོབ་མདའ་འབག་མི་ཚུ་གིས་ གྲུ་ཅིག་ནང་ མི་སེར་ ༤༩ དམར་བསད།

བི་བི་སི། སྤྱི་ཟླ་ ༩ པའི་ཚེས་ ༨ ལུ་ མ་ལི་རྒྱལ་ཁབ་ཀྱི་ བྱང་ཤར་གཙང་ཆུའི་ གྲུ་ཅིག་ལུ་ ཨིཛ་ལ་མིག་ གཡིབ་དམག་ཚུ་གིས་ གནོདཔ་བཀལཝ་ལས་ ཞི་བའི་མི་སེར་ ༤༩ དེ་ཅིག་ལུ་ ཤི་རྐྱེན་བྱུང་ནུག།མ་ལི་གཞུང་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཨིཛ་ལ་མིག་ གཡིབ་དམག་ཚུ་གིས་ དམག་སྒར་གཅིག་ལུ་ཡང་ གནོདཔ་བཀལ་ཏེ་ དམག་མི་ ༡༥ དམར་བསད་འབད་ཡོདཔ་ད་ གཡིབ་དམག་ ༥༠ དེ་ཅིག་ལུ་ཡང་ ཤི་རྐྱེན་བྱུང་ནུག་ཟེར་ཨིན་པས།བར་སྐབས་གཅིག་ཁར་ མ་ལི་རྒྱལ་ཁབ་ནང་ ཨིཛ་ལ་མིག་ ཆོས་ལུགས་འཛིན་མི་ཚུ་གིས་ ཉེན་ཁ་ཡར་སེང་འབད་དེ་ འདས་པའི་ཟླ་མཇུག་ལས་ཚུར་ བྱང་ཕྱོགས་ཁྲོམ་སྡེ་ ཊིམ་བག་ཊུ་ཟེར་མིའི་ནང་ འཐོན་འཛུལ་ཚུ་ བཀག་དམ་འབད་ནུག།མ་ལི་དམག་སྡེ་གིས་ གྲུ་དེ་ལུ་ ཉིན་མའི་ཆུ་ཚོད་ ༡༡ དེ་ཅིག་ཁར་ དྲག་ཐོག་དབང་བཙོང་སྡེ་ཚན་གྱིས་ གནོདཔ་བཀལ་ནུག་ཟེར་ བཤད་ཡོདཔ་མ་ཚད་ གྲུ་དེ་ཡང་ གཙང་ཆུའི་སྦུག་ན་ ལུས་སོངཔ་ལས་ འགྲུལ་པ་ཚུ་ དམག་མི་ཚུ་གིས་ ཕྱིར་བཏོན་འབད་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

ཡུ་ཀེ་རེན་ལུ་ ར་ཤི་ཡའི་ཁ་ཐུག་ལས་ ཕྱད་མདའ་རྐྱབ་པར་ བཏང་ནིའི་དོན་ལུ་ ཀིའུ་བའི་ན་གཞོན་ཚུ་ནག་ཚོང་།

རོའི་ཊརཛ། སྤྱི་ཟླ་ ༩ པའི་ཚེས་ ༨ ལུ་ སྐྱེ་བོ་ནག་ཚོང་རྐྱབ་མི་ཚུ་གིས་ ར་ཤི་ཡའི་ ཁ་ཐུག་ལས་ ཡུ་ཀེ་རེན་ལུ་ ཕྱད་མདའ་རྐྱབ་པར་ བཏང་ནིའི་དོན་ལས་ ན་གཞོན་ཚུ་ ནག་ཚོང་རྐྱབ་ཡོད་པའི་ ཉེས་འཛུགས་ཐོག་ལུ་ འབྲེལ་ཡོད་དབང་འཛིན་ཚུ་གིས་ མི་ངོམ་ ༡༧ འཛིན་བཟུང་འབད་ནུག།དེ་ཡང་ ཀིའུ་བའི་དབང་འཛིན་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཀིའུ་བ་དང་ ར་ཤི་ཡ་ རྒྱལ་ཁབ་གཉིས་ཆ་རའི་ནང་ དེ་བཟུམ་མའི་ ན་གཞོན་ནག་ཚོང་རྐྱབ་མི་ཚུ་ཡོདཔ་ལས་ ནག་ཚོང་གི་འབྲེལ་དོན་ རྩ་མེད་གཏང་ནིའི་དོན་ལུ་ ལཱ་ཚུ་འབད་དོ་ཟེར་ཨིན་པས།ཁྲིམས་རྩོདཔ་ཇོ་སེ་ལུ་ཡི་རེ་ཡེཛ་གིས་ དེ་བཟུམ་མའི་ ལཱ་བྱ་འཐབ་མི་ཚུ་ལུ་ ཉེས་འགེལ་གྱི་ ཚབས་ཆེ་ཧིང་དང་འཁྲིལ་ཏེ་ བཙོན་ཁྲིམས་ལོ་ངོ་ ༣༠ ལས་ ཚེ་བཙོན་ཚུན་དང་ ཡང་ཅིན་ སྲོག་ཐོག་གི་ ཉེས་ཁྲིམས་ཡང་ སྨིན་སྲིད་ནི་ཟེར་བཤད་ནུག།ར་ཤི་ཡ་དང་ ཀིའུ་བའི་བར་ན་ སྲིད་དོན་གྱི་ འབྲེལ་བ་དམ་ཟབ་ཡོདཔ་ལས་ དཔལ་འབྱོར་གྱི་ དཀའ་ངལ་ཐོན་མི་ ཀིའུ་བའི་མི་སེར་ཚུ་ ཧེ་མ་ལས་ར་ ར་ཤི་ཡ་ལུ་ འགྱོ་སྲོལ་ཡོདཔ་ཨིན་པས།དེ་ཡང་ ན་ཧིང་ ར་ཤི་ཡའི་སྲིད་འཛིན་ པུ་ཊིན་གྱིས་ ཕྱི་ཁའི་མི་སེར་ ར་ཤི་ཡའི་ […]

World News

མ་ཡཱན་མར་གྱི་ དབུ་ཁྲིད་བགྲེསཔ་ལུ་ སྨན་བཅོས་ཀྱི་ གོ་སྐབས་མ་བྱིན་པར་ཡོདཔ།

ཨེ་བི་སི། སྤྱི་ཟླ་ ༩ པའི་ཚེས་ ༧ ལུ་ མ་ཡཱན་མར་གྱི་ དབུ་ཁྲིད་བགྲེསཔ་ ཨམ་ཨང་སཱན་སུ་ཀིའི་ བུ་གིས་འབད་བ་ཅིན་ ཁོ་གི་ཨའི་དེ་ གཟུགས་ཁམས་སྒྲིང་སྒྲིང་མེད་རུང་ སྨན་བཅོས་ཀྱི་གོ་སྐབས་ བྱིན་མ་བཏུབ་ཟེར་ཨིན་པས།ཨམ་སུ་ཀི་དེ་ མོ་རའི་ཁྱིམ་ནང་ དོ་དམ་འོག་ལུ་ བཞག་ཡོད་རུང་ ལོག་སྟེ་ར་ བཙོན་ཁང་ནང་ ཁྱིད་ཡོདཔ་ད་ དྲག་པོའི་གཞུང་གིས་ ཨམ་སུ་ཀི་དེ་ ལེགས་ཤོམ་སྦེ་ར་ཡོདཔ་སྦེ་ གསལ་བཤད་འབད་ནུག།སྐྱེས་ལོ་ ༧༨ འབད་མི་ ཨམ་སུ་ཀི་དེ་ སྤྱི་ལོ་ ༢༠༢༡ སྤྱི་ཟླ་ ༢ པའི་ནང་ མོ་གི་སྲིད་གཞུང་ བཙན་འཕྲོག་ཐོག་ལས་ མོ་ལུ་ བཙག་འཐུ་དང་འབྲེལ་བའི་ གཡོ་སྒྱུ་དང་ ངན་ལྷད་ཚུ་གི་ ཉེས་འཛུགས་བཀལ་ཏེ་ དོ་དམ་འོག་ལུ་ བཞག་ཡོད་རུང་ མང་ཤོས་ཀྱིས་ ཉེས་འཛུགས་དེ་ཚུ་ བདེན་ཁུངས་མེདཔ་སྦེ་ བཤདཔ་ཨིན་པས།དེ་མ་ཚད་ ཨཱཛ་ཊེ་ལི་ཡ་དང་ ནུབ་ཕྱོགས་རྒྱལ་ཁབ་ཚུ་གིས་ཡང་ ཨམ་སུ་ཀི་གིས་གཙོས་པའི་ འགོ་དཔོན་གཞན་ཚུ་ག་ར་ བཙོན་ཁང་ནང་ལས་ གཏང་དགོཔ་སྦེ་ སླབ་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

རྒྱ་པཱན་གྱིས་ འཕྲུལ་སྐར་ཅིག་ ཟླ་བའི་ནང་བཏང་ཡོདཔ།

ཨེན་ཌི་ཊི་ཝི། སྤྱི་ཟླ་ ༩ པའི་ཚེས་ ༧ ལུ་ རྒྱ་པཱན་གྱིས་ ཟླ་བའི་ནང་ འཕྲུལ་སྐར་ཅིག་ བཏང་ཡོདཔ་ད་ དེ་ཡང་ ཟླཝ་ཧེ་མའི་ནང་ རྒྱ་གར་གྱིས་ འཕྲུལ་སྐར་ཅིག་ ཟླ་བའི་ལྷོ་ཕྱོགས་ཀྱི་རྩེ་ལུ་ ཆགས་ཚུགས་ཏེ་ འཛམ་གླིང་ནང་ འབྱུང་རབས་ཅན་གྱི་ གྲུབ་འབྲས་ཅིག་ཧིནམ་སྦེ་ ངོས་འཛིན་བྱུང་པའི་ཤུལ་ལས་བཏང་ནུག།རྒྱ་པཱན་གྱི་ འཕྲུལ་སྐར་ཨེཆ་༢-ཨེ་ཟེར་མི་དེ་ རྒྱ་པཱན་ལྷོ་ཕྱོགས་ས་གནས་ ཏ་ནེ་ག་ཤི་མ་ཟེར་ས་ལས་ བཏང་མི་དེ་ ཟླཝ་ ༤ དང་ ༦ གི་བར་ན་ ཟླ་བའི་གུ་ ཆགས་ནི་ཨིན་པས།འཕྲུལ་སྐར་དེ་ གནམ་ཁར་བཏང་པའི་སྐབས་ལུ་ ཡོངས་འབྲེལ་ཐོག་ལས་ མི་གྲངས་ ༣༥,༠༠༠ དེ་ཅིག་གིས་ བལྟ་ཡོདཔ་ད་ འཕྲུལ་སྐར་དེ་ནང་ རྒྱ་པཱན་གྱི་མཁའ་དབྱིངས་ཞིབ་འཚོལ་དང་ ཡུ་ཨེཛ་གི་ནཱ་ས་ དེ་ལས་ ཡུ་རོབ་མཁའ་དབྱིངས་ལས་སྡེ་ཚུ་གིས་ གོང་འཕེལ་བཏང་ཡོད་པའི་ ཞིབ་འཚོལ་གྱི་ འཕྲུལ་སྐར་ཆུང་བ་ཅིག་ཡང་ཡོདཔ་ཨིན་པས།རྒྱ་པཱན་གྱིས་ ཧེ་མར་ཡང་ ཟླ་བའི་ནང་ འཕྲུལ་སྐར་བཏང་ནི་གི་ དཔའ་བཅམ་ཡོད་རུང་ མཐར་འཁྱོལ་བྱུང་མ་ཚུགས་པར་ ལུས་སོང་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

གནམ་གྲུ་ཌྲཱོན་གྱི་ གནོད་ཉེན་བཟློག་ཐབས་ལུ་ ར་ཤི་ཡའི་ གནམ་གྲུ་ཚུ་གུ་ སྣུམ་འཁོར་གྱི་ འཁོར་ལོ་ཚུ་ སྦྱར་དོ་ཡོདཔ།

སི་ཨེན་ཨེན། ར་ཤི་ཡའི་ དམག་སྡེ་ཚུ་གིས་ ཁོང་གི་མཁའ་དམག་གནམ་གྲུ་ཚུ་གུ་ སྣུམ་འཁོར་གྱི་ འཁོར་ལོ་སྦྱར་ནི་ འགོ་བཙུགས་ཡོདཔ་ད་ དེ་ཡང་ མཁས་མཆོག་ཚུ་གིས་ འཕྲལ་ཁམས་ཅིག་ཁར་ ཡུ་ཀེ་རེན་གྱིས་ ར་ཤི་ཡའི་ དམག་སྒར་ཚུ་ནང་ མཁའ་དམག་གནམ་གྲུ་ཆུང་བ་ཌྲཱོན་ཚུ་ ཡར་སེང་ཐོག་ལས་ གཏང་མི་ཚུ་ བཟློག་ཐབས་ལུ་ འོང་ནི་མས་ཟེར་ཨིན་པས།འཕྲུལ་སྐར་གྱི་ དཔར་ཆས་ནང་ལས་ གསལ་སྟོན་འབད་བའི་ནང་གསལ་ ར་ཤི་ཡའི་ མཁའ་དམག་གནམ་གྲུ་ཐང་ མེག་སར་ཨེཕ་ཨེན་ཇེལཛ་ཟེར་སར་ རྫས་བམ་བཀོག་མི་ གནམ་གྲུ་ཊི་ཡུ་-༩༥ གཉིས་ སྣུམ་འཁོར་གྱི་ འཁོར་ལོ་ཚུ་གིས་ སྤུར་ཏེ་ཡོདཔ་སྦེ་མཐོང་ནུག།ར་ཤི་ཡའི་ དམག་སྡེ་ཚུ་གིས་ དེ་བཟུམ་འབད་མིའི་ རྒྱུ་མཚན་ངོ་མ་དེ་ ཤེས་མ་ཚུགས་རུང་ ཡུ་ཀེ་རེན་གྱི་ཌྲཱོན་ཚུ་ བཟློག་ཐབས་དང་གཅིག་ཁར་ གནམ་གྲུ་ཚུ་ ནུབ་མོར་མཐོང་མ་ཚུགསཔ་ བཟོ་ཐབས་ལུ་ཡང་ཨིན་པའི་ དོགས་པ་ཡོདཔ་ཨིན་པས།ཨིན་རུང་ ཡུ་ཀེ་རེན་གྱིས་ ལག་ལེན་འཐབ་མི་ཌྲཱོན་ཚུ་ བཟོ་བསྐྲུན་འབད་མི་ ཕ་རཱན་སིཛ་ཀོ་ སེ་ར་མར་ཊིན་གྱིས་ གནམ་གྲུ་ཚུ་ འཁོར་ལོ་གིས་ སྤུར་ནི་དེ་གིས་ གནམ་གྲུ་མ་པ་ལས་ར་ མ་མཐོངམ་སྦེ་ བཟོ་མི་ཚུགས་ཟེར་བཤད་ནུག།དེ་འབདཝ་ད་ གནམ་ཐང་ནང་ གཞི་བཙུགས་འབད་དེ་ཡོད་མི་ ཨིན་ཕར་རེཌ་ཟེར་མི་ དཔར་ཆས་ཚུ་གིས་ བདའ་ཟུན་ནི་གི་ […]

World News

བྱང་ཀོ་རི་ཡ་གིས་ ར་ཤི་ཡ་ལུ་ གོ་མཚོན་ཚུ་ མཁོ་སྤྲོད་འབད་བ་ཅིན་ ལཱ་ཁག་འོང་ནི་ཨིན་པའི་ཉེན་བརྡ།

རོའི་ཊརཛ། ར་ཤི་ཡ་དང་ བྱང་ཀོ་རི་ཡའི་བར་ན་ གོ་མཚོན་གྱི་སྐོར་ལས་ སྒྲིག་ཆ་བཟོ་དོ་ཡོདཔ་བཞིན་དུ་ བྱང་ཀོ་རི་ཡ་གིས་ གོ་མཚོན་མཁོ་སྤྲོད་ཐོག་ལས་ ར་ཤི་ཡ་གིས་ ཡུ་ཀེ་རེན་གྱི་ ཕྱད་མདའི་ནང་ ལག་ལེན་འཐབ་པ་ཅིན་ ཡུ་ཨེཛ་གི་ཁ་ཐུག་ལས་ བྱང་ཀོ་རི་ཡའི་དབུ་ཁྲིད་ ཀིམ་ཇོང་ཨཱན་ལུ་ ལཱ་ཁག་འོང་ནི་ཨིན་པའི་ ཉེན་བརྡ་འབད་ནུག།དེ་ཡང་ ཡུ་ཨེཛ་གི་ རྒྱལ་ཡོངས་སྲུང་སྐྱོབ་གྲོས་དཔོན་ ཇེག་ས་ལི་བཱན་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ བྱང་ཀོ་རི་ཡ་གིས་ ར་ཤི་ཡ་ལུ་ མཚོན་ཆ་ཚུ་ མཁོ་སྤྲོད་འབད་བ་ཅིན་ རྒྱལ་སྤྱིའི་གནས་རིན་ནང་ བྱང་ཀོ་རི་ཡ་ལུ་ ལེགས་ཤོམ་ཅིག་ རྩ་ལས་ར་ མི་འོང་ཟེར་ཨིན་པས།.ཀིམ་ཇོང་ཨཱན་དེ་ སྤྱི་ཟླ་འདི་ནང་ མཚོན་ཆ་མཁོ་སྤྲོད་ཀྱི་སྐོར་ལས་ ར་ཤི་ལུ་ གསུང་གྲོས་གནང་པར་ འགྲུལ་བསྐྱོད་འབད་ནི་གི་ ལས་འཆར་ཡོདཔ་ཨིན་རུང་ ར་ཤི་ཡ་གིས་ ག་ནི་ཡང་ སླབ་ནི་མེད་ཟེར་བཤད་ནུག།ར་ཤི་ཡ་དེ་ ཡུ་ཀེ་རེན་དང་གཅིག་ཁར་ ཕྱད་མདའ་རྐྱབ་མི་ལུ་བརྟེན་ཏེ་ རྒྱལ་ཁབ་གཞན་ཚུ་དང་ མཐུན་ལམ་མེདཔ་འགྱོཝ་ལས་ ད་རེས་ བྱང་ཀོ་རི་ཡ་དང་གཅིག་ཁར་ མཐུན་ལམ་ལུ་ བརྩི་མཐོང་ཡར་སེང་འབདཝ་ཨིན་པས།བྱང་ཀོ་རི་ཡའི་ཐེད་ཁར་ ཧེ་མའི་ སོ་བིཏ་ཡུ་ནི་ཡཱན་དང་གཅིག་ཁར་ མཐུན་ལམ་ག་ནི་བ་ ལེགས་ཤོམ་ཡོད་རུང་ ར་ཤི་ཡ་དང་གཅིག་ཁར་ མཐུན་ལམ་དེ་ཅིག་ར་མེདཔ་ད་ ད་རེས་ ར་ཤི་ལུ་ ཆ་རོགས་དགོཔ་ […]

World News

རྒྱ་གར་གྱིས་ ཉིམ་བལྟ་ཞིབ་ཀྱི་ འཕྲུལ་སྐར་ཅིག་ མཁའ་དབྱིངས་ལུ་བཏང་ཡོདཔ།

བི་བི་སི། རྒྱ་གར་གྱིས་ འཕྲལ་ཁམས་ཅིག་ཁར་ འཕྲུལ་སྐར་ ༡ མཁའ་དབྱིངས་ལུ་བཏང་སྟེ་ ཟླ་བའི་ལྷོ་ཕྱོགས་ཀྱི་ རྩེ་ལུ་ཆགས་མི་ འགོ་དང་པ་ཨིནམ་ལས་ ཡོངས་གྲགས་ཅན་གྱི་ འབྱུང་རབས་ནང་ ཚུད་པའི་ཤུལ་ལས་ ད་རུང་ཡང་ ཉིམ་བལྟ་ཞིབ་ཀྱི་ འཕྲུལ་སྐར་དང་པ་ ཨ་དི་ཏི་ཡ་-ཨེལ་༡ ཟེར་མི་དེ་ མཁའ་དབྱིངས་ལུ་བཏང་ནུག།དེ་ཡང་ སྤྱི་ཟླ་ ༩ པའི་ཚེས་ ༢ ལུ་ རྒྱ་གར་གྱི་ ཉིན་མའི་ཆུ་ཚོད་ ༡༡.༥༠ ལུ་ སི་རི་ཧ་རི་ཀོ་ཊ་ལས་ གནམ་ཁར་བཏང་ཡོདཔ་ད་ འཕྲུལ་སྐར་དེ་ འཛམ་གླིང་ལས་ ནམ་མཁའ་སྟོང་པའི་ནང་ ཀི་ལོ་མི་ཊར་ ས་ཡ་ ༡.༥ འབདཝ་ད་ འཛམ་གླིང་དང་ ཉིམ་གི་བར་ན་ རྒྱང་ཐག་བརྒྱ་ཆ་ ༡ གི་ནམ་མཁར་ ལྡིང་སྐོར་ཐོག་ལུ་ བཞག་ནི་ཨིན་པས།རྒྱ་གར་གྱི་ ཉི་ཁྱིམ་ཞིབ་འཇུག་གི་ འཕྲུལ་སྐར་གྱི་མིང་དེ་ཡང་ ཧིན་དུའི་ཆོས་ལུགས་ཀྱི་ ཉི་མའི་ལྷ་ སུ་རི་ཡ་ཟེར་མི་ལུ་ གཞིར་བཞག་སྟེ་ ཨ་དི་ཏི་ཡ་ཟེར་བཏགས་ནུག།འཕྲུལ་སྐར་དེ་ ལྡིང་སྐོར་ཐོག་ལུ་ སྡོད་སར་ལྷོདཔ་ད་ འཛམ་གླིང་གིས་ ཉིམ་ལྡིང་སྐོར་རྐྱབ་དོ་ཡོད་པའི་ ཤུགས་ཚད་ཁར་ […]

World News

སིངྒ་པོར་ལུ་ སྲིད་འཛིན་བཙག་འཐུའི་ནང་ལས་ ཐར་མཱན་ཤཱན་མུ་ག་རཱཏ་ནམ་གྱིས་ རྒྱལ་ཁ་ཐོབ་ཡོདཔ།

བི་བི་སི། སྤྱི་ཟླ་ ༩ པའི་ཚེས་ ༡ ལུ་ སིངྒ་པོར་གྱི་ སྲིད་འཛིན་བཙག་འཐུའི་ནང་ དོ་འགྲན་འབད་མི་ མི་ངོམ་ ༣ ལས་ བློན་པོ་བགྲེསཔ་ ཐར་མཱན་ཤཱན་མུ་ག་རཱཏ་ནམ་གྱིས་ ཚོགས་རྒྱུན་བརྒྱ་ཆ་ ༧༠.༤ ཐོབ་སྟེ་ བཙག་འཐུ་གྲུབ་ཡོདཔ་ཨིན་པས།དེ་ཡང་ སིངྒ་པོར་གྱི་ མི་སེར་ཚུ་གིས་ ཐར་མཱན་དེ་ བློ་རིག་དང་ལྡན་པའི་ མི་ངོམ་ཅིག་དང་ སྲིད་དོན་གྱི་ ལཱ་འབད་མི་ དྲག་ཤོས་ཅིག་སྦེ་ བརྩི་དོ་ཡོདཔ་ལས་ ཟླཝ་དག་པ་ཅིག་གི་ཧེ་མ་ གཞུང་སྐྱོང་སྲིད་ཚོགས་ནང་ལས་ ཕྱིར་ཐོན་འབད་དེ་ སྲིད་འཛིན་བཙག་འཐུའི་ནང་ བཅའ་མར་གཏོགས་ནུག།སྐྱེས་ལོ་ ༦༦ འབད་མི་ སྲིད་འཛིན་གསརཔ་དེ་གིས་ དངུལ་རྩིས་བློན་པོ་དང་ བློན་ཆེན་འོག་མའི་ གོ་གནས་འཆང་ཡོདཔ་ད་ འཛམ་གླིང་སྤྱི་ཚོགས་དང་ རྒྱལ་སྤྱི་དངུལ་འབྲེལ་ཚུ་ནང་ ལྷན་འཛིན་གྱི་ གོ་གནས་ཚུ་ཡང་ འཆང་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

མཐའ་ཡས་ལེན་གྱི་ མི་དབང་རྒྱལཔོ་མཆོག་གིས་ བློན་ཆེན་བགྲེསཔ་ ཐག་སིན་ཤི་ན་ཝ་ཏ་ར་ལུ་ བཙོན་ཁྲིམས་ཀྱི་ དུས་ཡུན་ལོ་ ༡ ལུ་མར་ཕབ།

ཨེ་བི་སི། སྤྱི་ཟླ་ ༩ པའི་ཚེས་ ༡ ལུ་ མཐའ་ཡས་ལེན་གྱི་ མི་དབང་རྒྱལཔོ་མཆོག་གིས་ བློན་ཆེན་བགྲེསཔ་ ཐག་སིན་ཤི་ན་ཝ་ཏ་ར་ལུ་ ལོ་ངོ་ ༨ ཀྱི་ བཙོན་ཁྲིམས་ཕོག་མི་དེ་ ལོ་ངོ་ ༡ ལུ་ མར་ཕབ་གནང་ནུག།དེ་ཡང་ བློན་ཆེན་བགྲེསཔ་ ཐག་སིན་ཤི་ན་ཝ་ཏ་ར་དེ་ ངན་ལྷད་དང་འབྲེལ་བའི་ བཙོན་ཁྲིམས་ཕོག་མི་ལས་ བྲོས་ཟུར་འབད་དེ་ ལོ་ངོ་ ༡༥ གི་རིང་ལུ་ རྒྱལ་ཁབ་གཞན་ཁར་ སྡོད་ཡོདཔ་ཨིན་པས།མི་དབང་རྒྱལཔོ་ མཧཱ་ཝ་ཇི་ར་ལོང་ཀཱོན་མཆོག་གིས་ དེ་སྦེ་ ཐུགས་ཐག་བཅད་གནང་མི་དེ་ཡང་ མཐའ་ཡས་ལེན་ རྒྱལ་ཁབ་དེ་ རྩ་ཁྲིམས་ཅན་གྱི་ རྒྱལ་བརྒྱུད་རྒྱལ་ཁབ་ཅིག་འབདཝ་ལས་ ཉེས་ཁྲིམས་སྨིན་མི་ བཙོན་པ་ཚུ་ལུ་ བཙོན་ཁྲིམས་དགོངས་ཡངས་ཀྱི་ མཐར་ཐུག་དབང་ཚད་དེ་ རྒྱལཔོ་མཆོག་ལུ་ཡོདཔ་ཨིན་ཟེར་ རྒྱལ་འཛིན་གནས་ཚུལ་ གེ་ཛེཏ་ཟེར་མིའི་ནང་ གསལ་བཀོད་འབད་ནུག།སྐྱེས་ལོ་ ༧༤ འབད་མི་ ཐག་སིན་ལུ་ དེ་བཟུམ་མའི་ བཙོན་ཁྲིམས་དགོངས་ཡངས་ གནང་མི་དེ་ཡང་ ཐག་སིན་གྱི་ ཤེས་ཡོན་དང་ ལྕོགས་གྲུབ་ཚུ་ རྒྱལ་ཁབ་དང་ མི་སེར་ལུ་ ཕན་ཐོགས་ཀྱི་དོན་ལས་ […]

World News

ཡུ་ཨེཛ་གི་མངའ་སྡེ་ ཕཱོལ་རི་ཌ་ལུ་ ཆར་ཆུ་དང་ རླུང་འཚུབ་ལུ་བརྟེན་པའི་ རྐྱེན་ངན་བསྐྱར་གསོ།

སི་ཨེན་ཨེན། ཡུ་ཨེཛ་གི་མངའ་སྡེ་ ཕཱོལ་རི་ཌའི་ ནུབ་ཕྱོགས་མཚོ་འགྲམ་ལུ་ ཆར་ཆུ་དང་ རླུང་འཚུབ་ཀྱིས་ གནོད་ཉེན་སྦོམ་ར་ བྱུང་པའི་ཤུལ་ལས་ ཚ་དྲོད་མཐོ་དྲགས་ཡོད་པའི་ཁར་ གློག་མེ་ཡང་མེདཔ་ལས་ བསིལ་དྲོད་སྙོམས་འཕྲུལ་ཚུ་ ལཱ་འབད་བཏུབ་པའི་ གནས་སྟངས་ནང་ གནོད་སྐྱོན་བསྐྱར་གསོ་འབད་མི་ཚུ་ ལཱ་ཁག་བཏངམ་ཨིན་པས།དེ་ཡང་ ཆར་ཆུ་དང་ རླུང་འཚུབ་ཀྱིས་ སྡོད་ཁྱིམ་སྟོང་ཕྲག་ལས་བཅད་མིའི་ནང་ གློག་མེ་བཀྲམ་སྤེལ་ཚུ་ མེདཔ་བཏང་ཡོདཔ་ད་ ཕཱོལ་རི་ཌའི་ མཚོ་འགྲམ་ལུ་ ལོ་ངོ་བརྒྱ་ ༡ གི་ དུས་ཡུན་ནང་ ད་རེས་ཀྱི་ ཆར་ཆུ་དང་ རླུང་འཚུབ་དེ་ ཤུགས་ཚད་མཐོ་ཤོས་ཅིག་ཨིན་པས།སྤྱི་ཟླ་ ༩ པའི་ཚེས་ ༡ ལུ་ སྡོད་ཁྱིམ་དང་ ཚོང་ལཱ་ ༡༠༠,༠༠༠ དེ་ཅིག་ལུ་ གློག་མེ་མེད་པའི་ སྙན་ཞུ་ཡོདཔ་ལས་ བསྐྱར་གསོའི་ལས་དོན་ གཙོ་བོ་ར་ གློག་མེ་ལོག་སྟེ་ བཀྲམ་སྤེལ་འབད་ནི་དེ་ཨིན་པས།ཆར་ཆུ་དང་ རླུང་འཚུབ་ ཨའི་ཌ་ལི་ཡ་ཟེར་མི་གིས་ སྡོད་ཁྱིམ་སྟོང་ཕྲག་ལས་བཅད་དེ་ མེདཔ་བཏང་ཡོདཔ་མ་ཚད་ འཁོར་ལམ་ཚུ་ལུ་ ཆུ་འཁྱིལ་ཏེ་ ཤིང་དེ་ཚུ་ཡང་ ར་སྤོག་བཏང་ནུག།ད་རེས་ གནོད་སྐྱོན་བྱུང་ཡོད་མི་ ས་ཁོངས་ཚུ་ནང་ དྲོད་ཤུགས་མཐོ་དྲགས་སྦེ་ར་ […]

Online now: 15 Today: 2664 Total visitors: 12694