ArchiveAboutContact

Category: World News

World News

བེ་ཇིང་ལུ་ ཨིཛ་རེལ་གྱི་ གཞུང་ཚབ་ཡིག་ཚང་གི་ ལས་བྱེདཔ་ཅིག་ལུ་ རྒོལ་བརྡུང་འབད་ཡོདཔ།

རོའི་ཊརཛ། སྤྱི་ཟླ་ ༡༠ པའི་ཚེས་ ༡༣ ལུ་ རྒྱ་ནག་བེ་ཇིང་ལུ་ཡོད་མི་ ཨིཛ་རེལ་གཞུང་ཚབ་ཡིག་ཚང་གི་ མི་ངོམ་ཅིག་ལུ་ རྒོལ་བརྡུང་འབད་ཡོདཔ་ལས་ ནདཔ་ཐོན་ཏེ་ སྨན་ཁང་ནང་ བསྐྱལ་ཡོདཔ་ད༌ བྱ༌ངན༌དེ༌ནང༌ འབྲེལ༌བ༌ཡོད༌པའི༌ དོགས་པ་ཅན་ཅིག༌ཡང་ རྒྱ་ནག་ཁྲིམས་སྲུང་འགག༌སྡེ༌གིས་ འཛིན་བཟུང་འབད་ནུག།དེ༌བཟུམ༌མའི༌ བྱ༌ངན༌འབད༌མི༌དེ་ སྐྱེས་ལོ་ ༥༣ འབད་མི་ ཕྱི་མི་ཅིག་ཨིནམ་ད་ མི༌ངོམ༌དེ༌ བེ་ཇིང་ལུ་ ཅ་ཆས་ཚོང་འབྲེལ་འཐབ་མི་ཅིག་ཨིན་པས་ཟེར་ ས་གནས་ཀྱི་ ཁྲིམས་སྲུང་འགག༌སྡེ༌གིས་ བཤད་ཡོདཔ་ཨིན་པས།དེ༌བསྒང༌ འཁོར་ལམ་གྱི་སོ་ཁར་ ཁྲག་གིས་གང་མི༌ཅིག་གིས་ མི་གཞན་ཚུ་ལུ་ ཁོ་ ཨིཛ་རེལ་གཞུང་ཚབ་ཡིག་ཚང་ལས་ཨིན་ཟེར་ བཤད་སར་གོ་ཡོདཔ་ད་ ཁྲིམས་སྲུང་འགག་པ་ཅིག་གིས་ཡང་ ཁོ་ ཞིན་ཡུན་ལི་ འགག་སྡེ་ལས་ཨིན་ཟེར་བཤད་ནུག།ཞིན་ཡུན་ལི་དེ་ ཕྱི་མི་མང་ཤོས་ཅིག་གིས་ འཐོན་སྐྱེད་གསརཔ་ཚུ་ ཉོ་བར་འོང་སའི་ ས་གོ་ཅིག་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

ཡུ་ཀེ༌རེན་གྱི༌ ཨབ་དིབ་ཀ་ཁྲོམ་ཁར་ ར་ཤི་ཡ་གིས་གནོད་འཚུབ།

སི་ཨེན་ཨེན།ཡུ་ཀེ་རེན་གྱི་ འགོ་དཔོན་ཚུ་གིས་ བཤད་དོ༌བཟུམ༌འབད༌བ༌ཅིན་ ར་ཤི་ཡའི༌ དམག་མི་ཚུ་གིས་ ཡུ་ཀེ༌རེན་ ཤར་ཕྱོགས་ས་གནས་ ཨབ་དིབ་ཀ་ཁྲོམ་ཁར་ གནོད་འཚུབ་སྦོམ༌སྦེ༌ར༌ བཀལ་ཡོད་རུང་ ས་གནས་དེ་ནང་ བཙན་འཛུལ་འབད་མ་ཚུགས་པར་ཡོད་ཟེར་ཨིན་པས།དེ༌ཡང༌ ས་གནས་དེ་ཁར་ ཕྱད་མདའ་རྐྱབ་སྟེ་ ཉིནམ་ ༤ གི་རིང་ལུ་ ཕྱོགས་གཉིས་ཆ་རའི་ ཁ་ཐུག་ལས་ རྒྱུན་ཆད་མེད་པར་ གོ་མཚོན་ཆེ་ཆུང་མ་འདྲཝ་ཚུ་ ལག་ལེན་འཐབ་སྟེ་ཡོད་ཟེར་ཨིནམ༌ད་ ར་ཤི་ཡའི༌ ཁ་ཐུག་ལས་ མཚོན་ཆ༌ཚུ༌ ལག་པར་ག་ཚུདཔ་སྦེ༌ ལག་ལེན་འཐབ་དོ་ཟེར་ ཨབ་དིབ་ཀ་ དམག་སྡེའི་འགོ་འཛིན་གྱིས་ གསལ༌བཤད་འབད༌ནུག།ཨིན༌རུང༌ དམག་སྡེ་ ༢ ཀྱི་བར་ན་ གདོང་ཐུག་མ་འབད་བར༌ཡོདཔ་ད་ ར་ཤི་ཡའི་ཧོངས་ལས་ ཁྲོམ་མཐའ་བསྐོར་ནི་གི་ ཐབས་ཤེས་ལུ་ ཨབ་དིབ་ཀ་ཁྲོམ་གྱི་ ལྷོ་དང་ ནུབ་ཕྱོགས་ཚུ་ནང་ གཙོ་བོར་བཏོནམ༌ཨིན༌པས༌ཟེར༌ བཀོད༌འདུག༌པའི༌གནས༌ཚུལ།

World News

པ་ཀིཛ་ཏཱན་ལུ་ཡོད་མི་ རྒྱལ་ཁབ་གཞན་གྱི་ མི་ཁུངས་ཚུ་ གཏོན་གཏང་ནི་ཨིནམ་ལས་ ཨཱཕ་གྷན་གྱི་ མི་ཁུངས་ཚུ་ལུ་ཚ་གྱང་།

བི་བི་སི། ཧེ་མར་ ཡུ་ཀེ་དང་གཅིག་ཁར་ ལཱ་གཡོག་འབད་དེ་སྡོད་མི་ ཨཱཕ་གྷན་གྱི་ མི་ཁུངས་ཚུ་ ཏ་ལི་བཱན་གྱིས་ གཞུང་གསརཔ་བཙུགས་པའི་ གནས་སྐབས་ནང་ པ་ཀིཛ་ཏཱན་ལུ་ འབྱོག་སོང་སྟེ་ ཡུ་ཀེ་ལུ་ འགྱོ་ནིའི་དོན་ལས་ སྒུག་སྡོད་དོ་ཡོདཔ་ཨིན་པས།ཨིན་རུང་ ད་རེས་ པ་ཀིཛ་ཏཱན་གྱིས་ ཁོང་གི་རྒྱལ་ཁབ་ནང་ཡོད་མི་ རྒྱལ་ཁབ་གཞན་གྱི་ མི་ཁུངས་ཚུ་ ཕྱིར་གཏོན་གཏང་ནི་གི་ ཁས་ལེན་འབད་དེ་ཡོདཔ་ལས་ པ་ཀིཛ་ཏཱན་ལུ་ཡོད་མི་ ཨཱཕ་གྷན་གྱི་ མི་ཁུངས་ཚུ་ འདྲོག་འབྱེལ་འཐབ་དགོཔ་བྱུང་ནུག།དཔེ་འབད་བ་ཅིན་ བི་རི་ཊིཤ་ ཀ་འཱོན་སིལ་དང་གཅིག་ཁར་ ཨིང་ལིཤ་གི་ སློབ་དཔོན་སྦེ་སྡོད་མི་ མར་ཛི་ཡ་ཟེར་མི་དེ་ ཡུ་ཀེའི་དོན་ལས་ ལཱ་འབད་བ་ལུ་བརྟེན་ཏེ་ ཏ་ལི་བཱན་གྱི་འོག་ལུ་ ཚེ་སྲོག་གི་ཉེན་ཁ་ལུ་བརྟེན་ཏེ་ གཡིབ་སྡོད་པའི་ཤུལ་ལས་ པ་ཀིཛ་ཏཱན་ལུ་ འབྱོག་སོང་སྟེ་ ཡུ་ཀེ་ལུ་ འགྱོ་ནི་གི་ ཆོག་ཐམ་གྱི་དོན་ལས་ ཞུ་བ་འབད་དེ་ ཟླཝ་ ༨ དེ་ཅིག་ སོང་ཡོདཔ་ཨིན་པས།མོ་བཟུམ་སྦེ་ གཞན་ཡང་ ཡུ་ཀེའི་དམག་མི་དང་གཅིག་ཁར་ སྐད་སྒྱུར་པ་སྦེ་ སྡོད་མི་དང་ ཡུ་ཀེའི་ལས་འགུལ་ཚུ་ནང་ ལཱ་འབད་མི་ཚུ་ག་ར་ པ་ཀིཛ་ཏཱན་ལུ་ འགྱོ་དགོ་མི་དེ་ ཡུ་ཀེ་གཞུང་གིས་ ཁོང་ལུ་ […]

World News

རྒྱ་ནག་གིས་ བཙོན་ཁྲིམས་ཕོག་མི་ བྱང་ཀོ་རི་ཡའི་ མི་ཁུངས་ཚུ་ ལོག་བཏང་ཡོད་པའི་དོགས་པ།

རོའི་ཊརཛ། བྱང་ཀོ་རི་ཡ་ལུ་ བཙོན་ཁྲིམས་དང་ རྩུབ་སྤྱོད་ཀྱི་ ཉེན་ཁ་ཡོད་མི་ བྱང་ཀོ་རི་ཡའི་མི་ཁུངས་ རྒྱ་ནག་ལུ་ཡོད་མི་ཚུ་ རྒྱ་ནག་གིས་ བྱང་ཀོ་རི་ཡ་ལུ་ ལོག་བཏང་ཡོད་པའི་ དོགས་པ་ཡོདཔ་ལས་ སྤྱི་ཟླ་ ༡༠ པའི་ཚེས་ ༡༣ ལུ་ ལྷོ་ཀོ་རི་ཡ་གིས་ གནད་དོན་དེ་གི་སྐོར་ལས་ རྒྱ་ནག་ལུ་ ཉོག་བཤད་བཀོད་ནུག།དེ་ཡང་ རྒྱ་ནག་གིས་ བྱང་ཀོ་རི་ཡའི་ མི་ཁུངས་ཚུ་ དབང་བཙོང་ཐོག་ལས་ ལོག་བཏང་མི་དེ་ རྒྱལ་སྤྱིའི་ལམ་ལུགས་ལས་འགལ་བའི་ ལཱ་ཅིག་ཨིནམ་ལས་ བློ་འགྱོད་དགོ་པའི་ གཞི་ཅིག་ཨིནམ་སྦེ་ བཤད་ཡོདཔ་ཨིན་པས།ལྷོ་ཀོ་རི་ཡའི་ གཅིག་བསྒྲིལ་ལྷན་ཁག་ལས་ ཀུ་བི་ཡོང་སམ་གྱིས་ རྒྱ་ནག་ལུ་ཡོད་མི་ བྱང་ཀོ་རི་ཡའི་ མི་ཁུངས་ལེ་ཤ་ཅིག་ ལོག་སྟེ་ར་ བྱང་ཀོ་རི་ཡ་ལུ་ བཏང་ཡོད་མི་དེ་ བདེནམ་བཟུམ་ཅིག་ཡོད་ཟེར་བཤད་ནུག།རྒྱ་ནག་གིས་ བྱང་ཀོ་རི་ཡ་ལས་ བྲོས་ཟུར་འབད་དེ་ཡོད་མི་ མི་གྲངས་ ༦༠༠ དེ་ཅིག་ ལོག་བཏང་ཡོད་པའི་ སྙན་ཞུའི་སྐོར་ལས་ རྒྱ་ནག་ཕྱི་འབྲེལ་ལྷན་ཁག་གི་ མགྲིན་ཚབ་ཅིག་གིས་འབད་བ་ཅིན་ བྱང་ཀོ་རི་ཡའི་མི་ཁུངས་ བྲོས་ཟུར་ཐོག་ལས་ རྒྱ་ནག་ལུ་འོང་མི་ཚུ་ དཔལ་འབྱོར་གྱི་དོན་ལུ་ འོང་མིའི་གྲངས་སུ་ བརྩི་སྲོལ་ཡོདཔ་མ་གཏོགས་ བྲོས་ཟུར་གྱི་གྲངས་སུ་ […]

World News

ཨིཛ་རེལ་གྱིས་ གནོད་འཚུབ་བཀལ་བའི་ཤུལ་ལས་ ཧ་མཱཛ་སྡེ་ཚན་གྱིས་ རོ་ཀེཊ་ཚུ་གི་སྒོ་ལས་དགྲ་ལན།

ཨེན་ཌི་ཊི་ཝི། པེ་ལིཛ་ཊིན་གྱི་ས་གནས་ ག་ཟ་ལུ་ཡོད་མི་ ཞི་བའི་མི་སེར་ཚུ་གི་ སྐྱབས་བཅོལ་བའི་སྒར་ ༢ གུ་ ཨིཛ་རེལ་གྱིས་ མཁའ་དམག་གནམ་གྲུའི་ཐོག་ལས་ གནོད་འཚུབ་བཀལ་ཡོདཔ་ལས་ སྤྱི་ཟླ་ ༡༠ པའི་ཚེས་ ༡༢ ལུ་ ཧ་མཱཛ་དམག་མི་སྡེ་ཚན་གྱིས་ ཊེལ་ཨ་བིབ་ལུ་ མགྱོགས་མཚོན་རོ་ཀེཊ་ཚུ་གི་ཐོག་ལས་ གནོད་འཚུབ་བཀལ་ནུག།དེ་ཡང་ དུས་ཡུན་སྐར་ཆ་ ༣༠ དེ་ཅིག་གི་རིང་ལུ་ ཨཱལ་ཤ་ཏི་ཟེར་སའི་ སྐྱབས་བཅོལ་བའི་སྒར་ཚུ་གི་ ཁ་ཐུག་ལུ་ གནམ་གྲུའི་ཐོག་ལས་ གནོད་འཚུབ་ཚར་ལེ་ཤ་ཅིག་བཀལ་ཏེ་ ཨཱལ་ཤ་ཏི་ལུ་ སྒྲིང་ཁྱིམ་ ༦ མེདཔ་བཏང་ཡོདཔ་མ་ཚད་ ཕུངམོ་ ༧ དེ་ཅིག་ཡང་ མཐོང་ཡོདཔ་ཨིན་པས།དེ་བཟུམ་མའི་ དམག་འཁྲུག་ལངས་མི་དེ་ སྤྱི་ཟླ་ ༡༠ པའི་ཚེས་ ༧ ལུ་ ཨིཛ་ལ་མིག་ ཆོས་ལུགས་འཛིན་མི་ཚུ་གིས་ ས་གནས་ག་ཟ་ལུ་ གནོད་འཚུབ་སྦོམ་བཀལ་ཏེ་ མི་གྲངས་ ༡,༢༠༠ ལྷགཔ་ཅིག་ དམར་བསད་འབད་ནི་དེ་གིས་ ཨིཛ་རེལ་གྱིས་ མཁའ་དམག་གནམ་གྲུའི་ཐོག་ལས་ གནོད་འཚུབ་བཀལ་ནི་ འགོ་བཙུགས་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

ཡུ་ཨེཛ་གིས་ བེ་ཇིང་ལུ་ སྲུང་སྐྱོབ་གྲོས་འཛོམས་ནང་གྲལ་གཏོགས།

རོའི་ཊརཛ། ཡུ་ཨེཛ་དང་ རྒྱ་ནག་གི་བར་ན་ དྲག་པོའི་མཐུན་ལམ་ ལེགས་སྒྱུར་གྱི་དོན་ལས་ རྒྱ་ནག་གིས་ མགྲོན་བརྡ་འབདཝ་བཞིན་དུ་ སྤྱི་ཟླ་ ༡༠ པའི་ ཟླ་མཇུག་ལུ་ འཚོགས་ནི་ཨིན་མི་ ལོ་བསྟར་ཉེན་སྲུང་གྲོས་འཛོམས་ནང་ ཡུ་ཨེཛ་གིས་ བཅའ་མར་གཏོགས་ནི་ཨིན་པས།.དེ་ཡང་ ཡུ་ཨེཛ་གིས་ རྒྱ་ནག་དང་གཅིག་ཁར་ དྲག་པོའི་བརྒྱུད་འབྲེལ་ བསྐྱར་གསོ་འབད་ནི་གི་ དང་འདོད་ཡོདཔ་བཞིན་དུ་ ཡུ་ཨེཛ་གི་ སྲུང་སྐྱོབ་དྲུང་ཆེན་ ལོ་ཡིཌ་ཨོཛ་ཊིན་དེ་ སྤྱི་ཟླ་ ༡༠ པའི་ཚེས་ ༢༩ ལས་ ༣༡ ཚུན་ འགོ་འདྲེན་འཐབ་ནི་ཨིན་མི་ ལོ་བསྟར་གྲོས་འཛོམས་ནང་ གྲལ་གཏོགས་ཀྱི་དོན་ལུ་ མགྲོན་བརྡ་འབད་ནུག།ཨིན་རུང་ སྤྱི་ཟླ་ ༥ པའི་ ཟླ་མཇུག་ལུ་ ཡུ་ཨེཛ་གིས་ རྒྱ་ནག་གི་ སྲུང་སྐྱོབ་བློན་པོ་དེ་ ཡུ་ཨེཛ་གི་ སྲུང་སྐྱོབ་དྲུང་ཆེན་དང་གཅིག་ཁར་ ཞལ་འཛོམས་ཀྱི་དོན་ལས་ མགྲོན་བརྡ་སྤེལ་མི་ལུ་ ངོས་ལེན་མ་འབདཝ་ལས་ རྒྱ་ནག་གི་ གྲོས་ཛོམས་ནང་ ཡུ་ཨེཛ་གི་ ཁ་ཐུག་ལས་ སྲུང་སྐྱོབ་དྲུང་ཆེན་ ཨོཛ་ཊིན་དེ་ མི་གཏང་ཟེར་ བཤད་དོ་ཡོདཔ་ཨིན་པས།ག་དེ་སྦེ་ར་ཨིན་རུང་ གྲོས་འཛོམས་དེ་ནང་ […]

World News

ཀེ་ན་ཌ་གིས་ ཨིཛ་རེལ་དང་ པེ་ལིཛ་ཊིན་ལུ་ཡོད་མི་ ཁོང་རའི་མི་ཁུངས་ཚུ་ རྒྱལ་ཁབ་ནང་ ལོག་གཏོན་ནི།

ཨེན་ཌི་ཊི་ཝི། སྤྱི་ཟླ་ ༡༠ པའི་ཚེས་ ༡༡ ལུ་ ཀེ་ན་ཌ་གཞུང་གིས་ གསལ་བསྒྲགས་འབད་བའི་ནང་གསལ་ ཨིཛ་རེལ་དང་ གཱ་ཟ་ ཝེཛ་བེང་ཚུ་ནང་ཡོད་མི་ ཀེ་ན་ཌའི་ མི་ཁུངས་ཚུ་ ཁོང་རའི་རྒྱལ་ནང་ ལོག་གཏོན་ནི་གི་ འཆར་གཞི་ཡོད་ཟེར་ཨིན་པས།དེ་ཡང་ ཀེ་ན་ཌའི་ ཕྱི་འབྲེལ་བློན་པོ་ མེ་ལ་ནི་ཇོ་ལི་གིས་ མི་སྡེ་བརྡ་བརྒྱུད་ཐོག་ལས་ གསལ་བསྒྲགས་འབད་མིའི་ནང་ ཀེ་ན་ཌའི་ མི་ཁུངས་ཚུ་ ཊེལ་ཨ་བིབ་ལས་ ཀེ་ན་ཌའི་ དྲག་པོའི་དམག་སྡེ་གིས་ རྒྱབ་སྐྱོར་འབད་དེ་ གཏོན་བདའ་ནི་ཨིན་ཟེར་བཀོད་ནུག།ཊེལ་ཨ་བིབ་ལས་ འཕུར་ནི་ཨིན་མི་ གནམ་གྲུ་གིས་ ཀེ་ན་ཌའི་ མི་ཁུངས་ཚུ་དང་ ཁོང་གི་ཨམ་སྲུ་དང་ ཨ་ལོ་ཚུ་གིས་མ་ཚད་པར་ ཀེ་ན་ཌའི་ གཏན་འཇགས་གནས་སྡོད་ཀྱི་ མི་ངོམ་ཚུ་ཡང་ སྐྱེལ་འདྲེན་འབད་ནི་ཨིན་པས།ཊེལ་ཨ་བིབ་ལུ་ ལྷོད་མ་ཚུགས་མི་ཚུ་གི་དོན་ལུ་ ཐབས་ལམ་ལོགས་སུ་སྦེ་ གཏོན་ནི་དང་ ད་རེས་ ཊེལ་ཨ་བིབ་དང་ ར་མ་ལ་ དེ་ལས་ ཨོ་ཊ་བ་ ས་གནས་ཚུ་ནང་ སྡེ་ཚན་ཚུ་གིས་ ཀེ་ན་ཌའི་ མི་ཁུངས་ཚུ་ ཉེན་སྲུང་དང་ལྡནམ་སྦེ་ གཏོན་ཐབས་ཚུ་ སྒྲིག་དོ་ཡོདཔ་སྦེ་བཀོད་ནུག།ད་ཚུན་གྱི་བར་ན་ པོ་ལེན་རྒྱལ་ཁབ་ཀྱིས་ ཁོང་རའི་མི་ཁུངས་ཚུ་གི་གྲས་ལས་ […]

World News

བི་རི་ཊེན་གྱི་ རྒྱལམོ་ཨེ་ཟ་བེཐ་ དཀྲོངས་ཐབས་བསྒྲིགས་མི་ལུ་ ལོ་ངོ་ ༩ གི་བཙོན་ཁྲིམས།

ཨེན་ཌི་ཊི་ཝི། བི་རི་ཊེན་གྱི་མི་ཁུངས་ སྐྱེས་ལོ་ ༢༡ འབད་མི་ སིག་ཆོས་ལུགས་ཀྱི་ མི་ངོམ་ཇཱཛ་ཝཱན་སིང་ཅེལ་གྱིས་ སྤྱི་ལོ་ ༢༠༢༡ ལུ་ ཡེ་ཤུའི་དུས་སྟོན་ ཀི་རིཛ་མཱཛ་གི་ཉིན་མར་ མདའ་གཞུ་འབག་སྟེ་ ཝིན་སོར་ཕོ་བྲང་ནང་ རྒྱལམོ་དཀྲོངས་ནི་ཨིན་ཟེར་ བཙན་འཛུལ་འབད་ཡོདཔ་ལས་ སྤྱི་ཟླ་ ༡༠ པའི་ཚེས་ ༥ ལུ་ ལོ་ངོ་ ༩ གི་ བཙོན་ཁྲིམས་བཀལ་ནུག།ཇཱཛ་ཝཱན་སིང་གིས་ དེ་བཟུམ་མའི་ གྱོས་ངན་བརྩམས་མི་དེ་ཡང་ སྤྱི་ལོ་ ༡༩༡༩ ལུ་ རྒྱ་གར་ཨམ་རིཏ་སར་གྱི་ ས་གནས་ཇ་ལི་ཡཱན་བྷག་ལུ་ཟེར་སར་ མི་ལེ་ཤ་ཅིག་ སྤུངས་འཛོམས་འབད་མི་ཚུ་ དམར་བསད་འབད་ཡོད་པའི་ དགྲ་ལན་འཇལ་ཐབས་ལུ་ཨིན་ཟེར་ སླབ་ཡོདཔ་ཨིན་པས།ད་རེས་ ཁོ་ལུ་ དེ་སྦེ་ བཙོན་ཁྲིམས་ཡངས་སུ་སྦེ་ བཀལ་མི་དེ་ཡང་ སེམས་ཁམས་ཀྱི་ ནད་གཞི་ཡོད་མི་ཅིག་འབདཝ་ལས་ ཁྲིམས་ཀྱི་འདུན་ས་ལས་ ཇཱཛ་ཝཱན་སིང་དེ་ དམ་བཙོན་ནང་ མ་བཏང་པའི་ཧེ་མར་ ཉེན་སྲུང་དང་ལྡན་པའི་ སྨན་ཁང་ཅིག་ནང་ བཞག་དགོ་པའི་ བཀའ་རྒྱ་གནང་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

སི་རི་ཡ་ལུ་ དམག་མིའི་འགོ་དཔོན་ཚུ་གི་ སྦྱོང་བརྡར་མཐར་འཁྱོལ་དུས་སྟོན་ནང་ མི་གྲངས་ ༡༠༠ དེ་ཅིག་དམར་བསད།

བི་བི་སི། སྤྱི་ཟླ་ ༡༠ པའི་ཚེས་ ༦ ལུ་ སི་རི་ཡའི་ ནུབ་ཕྱོགས་ཁྲོམ་ཧྡེ་ ཧོམཛ་ཟེར་སར་ དམག་མིའི་འགོ་དཔོན་ཚུ་གི་ སྦྱོང་བརྡར་ཁང་ནང་ མཁའ་དམག་གནམ་གྲུ་ཆུང་བ་ ཌྲཱོན་གྱི་ཐོག་ལས་ གནོད་འཚུབ་བཀལ་མིའི་ནང་ མི་གྲངས་ ༡༠༠ དེ་ཅིག་ལུ་ ཤི་རྐྱེན་བྱུང་ནུག།དེ་ཡང་ དམག་མིའི་འགོ་དཔོན་ཚུ་གི་ སྦྱོང་བརྡར་མཐར་འཁྱོལ་དུས་སྟོན་ བརྩི་སྲུང་འབད་སར་ རྫས་བམ་ཚུ་ བཀལ་ཏེ་ཡོད་མི་ གནམ་གྲུ་ཆུང་བ་ ཌྲཱོན་ཚུ་གི་ཐོག་ལས་ གནོད་འཚུབ་བཀལ་བའི་སྐབས་ལུ་ སྦྱོང་བརྡར་ཁང་ནང་ སྦྱོང་བརྡར་མཐར་འཁྱོལ་མི་ཚུ་གིས་མ་དོ་བར་ ཁོང་གི་བཟའ་ཚང་ ཨམ་སྲུ་དང་ ཨ་ལོ་ཚུ་ཡང་ སྡོད་ཡོདཔ་ཨིན་པས།དེ་བཟུམ་མའི་ བྱ་ངན་འབད་མི་དེ་ རྒྱལ་སྤྱིའི་སྡེ་ཚན་ཚུ་གིས་ རྒྱབ་སྐྱོར་འབད་དེ་ཡོད་མི་ དྲག་ཐོག་དབང་བཙོང་གི་ སྡེ་ཚན་ཚུ་ལུ་ ཁ་ཉེས་བཀལ་ཡོད་རུང་ ངོ་ལོགཔ་སྡེ་ཚན་ ག་གིས་ཡང་ ངོས་ལེན་འབད་མ་བཏུབ་ཨིན་པས།ག་དེ་སྦེ་ར་ཨིན་རུང་ བྱ་ངན་དེ་ ཁྲིམས་འགལ་ཅིག་འབདཝ་ལས་ ཁོང་གི་ཁ་ཐུག་ལས་ དྲག་ཐོག་དབང་བཙོང་གི་ སྡེ་ཚན་ཚུ་ ག་ཏེ་ར་ཡོད་རུང་ སྟོབས་ཤུགས་ཀྱི་སྒོ་ལས་ དགྲ་ལན་འཇལ་ནི་ཨིན་པའི་ གསལ་བཤད་འབད་ནུག།སི་རི་ཡའི་ གསོ་བའི་བློན་པོ་ ཧ་སཱན་ཨཱལ་ག་བཱཤ་གི་ སྙན་ཞུ་དང་འཁྲིལཝ་ད་ གནོད་འཚུབ་དེ་གིས་ མི་གྲངས་ […]

World News

འབྲས་ལྗོངས་ལུ་ གློ་བུར་གྱི་ ཆུ་རུད་ཐོན་པའི་ རྐྱེན་ངན་ནང་ མི་གྲངས་ ༡༠༢ དེ་ཅིག་ བརླག་སྟོར་ཤོར་ཡོདཔ།

བི་བི་སི། འབྲས་ལྗོངས་ལུ་ གློ་བུར་གྱི་ ཆུ་རུད་ཐོན་པའི་ རྐྱེན་ངན་ནང་ དྲག་པོའི་དམག་མི་ ༢༢ ཀྱིས་གཙོས་པའི་ མི་གྲངས་ ༡༠༢ གར་སོང་མེད་པར་ བརླག་སྟོར་ཤོར་ཡོདཔ་ལས་ རྒྱ་གར་གྱི་ དབང་འཛིན་ཚུ་གིས་ འཚོལ་ཞིབ་འབད་དོ་ཡོདཔ་ཨིན་པས།དེ་ཡང་ འབྲས་ལྗོངས་མངའ་སྡེ་གཞུང་གིས་ མཚོ་ཅིག་གི་ ས་གོ་ནང་ ཆརཔ་ཤུགས་སྦེ་ རྐྱབ་པ་ལུ་བརྟེན་ཏེ་ མི་གྲངས་ ༡༤ལུ་ ཤི་རྐྱེན་བྱུང་ཡོདཔ་མ་ཚད་ ཆུ་རུད་ཡང་སྦོམ་སྦེ་ར་ ཐོན་ཡོདཔ་ལས་ བལྟ་བཤལཔ་ ༣,༠༠༠ ལྷགཔ་ཅིག་ཡང་ ས་གནས་ཁག་མ་འདྲཝ་ཚུ་ནང་ ཐོགས་ལུས་ཡོདཔ་ད་ མངའ་སྡེ་མཐའ་དབུས་མེད་པར་ འཚོལ་ཞིབ་དང་ ཉེན་སྐྱོབ་འགོ་དཔོན་ཚུ་ བཏང་སྟེ་ཡོདཔ་སྦེ་བཤད་ནུག།རྒྱ་གར་གྱི་བློན་ཆེན་ ན་རེན་དར་ མོ་དི་གིས་ སྤྱི་ཟླ་ ༡༠ པའི་ཚེས་ ༤ ལུ་ འབྲས་ལྗོངས་ཀྱི་ གཙོ་འཛིན་བློན་པོ་་པེ་རེམ་སིང་ཏ་མང་དང་ གསུང་གྲོས་གནངམ་ད་ རྒྱབ་སྐྱོར་ཚུ་ ག་དེ་དྲག་དྲག་ ངེས་པར་དུ་འབད་ནི་ཨིན་ཟེར་ གསུངས་ཡོདཔ་ཨིན་པས།ཆུ་རུད་དེ་ སྤྱི་ཟླ་ ༡༠ པའི་ཚེས་ ༣ གྱི་ནུབ་མོར་ འབྲས་ལྗོངས་ཀྱི་ ལྷོ་ནག་མཚོ་ཟེར་མི་དེ་ […]

Online now: 19 Today: 3110 Total visitors: 13140