ArchiveAboutContact

Category: World News

World News

རྒྱ་གར་ནུབ་བེང་གཱལ་ལུ་ ཆུ་རུད་ཀྱིས་ གནོད་སྐྱོན་བྱུང་མི་ མི་གྲངས་ ༡༠,༠༠༠ དེ་ཅིག་ཉེན་སྐྱོབ།

ཨེན་ཌི་ཊི་ཝི། རྒྱ་གར་གྱི་མངའ་སྡེ་ ནུབ་བེང་གཱལ་གྱི་ ས་ཁོངས་ཚུ་ནང་ ཆུ་རུད་ཐོན་པའི་ གནས་སྟངས་དང་འབྲེལ་ཏེ་ གཙོ་འཛིན་བློན་པོ་ ཨམ་མམ་ཏ་བེ་ནར་ཇི་གིས་ མི་གྲངས་ ༡༠,༠༠༠ དེ་ཅིག་ ཉེན་སྐྱོབ་འབད་དེ་ ལྷོ་ཕྱོགས་དང་ བྱང་ཕྱོགས་རྫོང་ཁག་ ༩ གི་ ཉེན་སྲུང་སྡོད་སྒར་ ༡༩༠ གི་ནང་ བཞག་སྟེ་ཡོད་ཟེར་ཨིན་པས།ནུབ་བེང་གཱལ་གྱི་ བྱང་ཕྱོགས་ས་མཚམས་དེ་ འབྲས་ལྗོངས་མངའ་སྡེ་དང་ སྦྱེལ་ཏེ་ཡོདཔ་ད་ འབྲས་ལྗོངས་ལུ་ཡང་ ཊིཛ་ཏ་གཙང་ཆུའི་ནང་ ཆུ་རུད་ཐོན་ནུག།གཙོ་འཛིན་བློན་པོ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཇཱལ་པའི་གུ་རི་ལུ་ ཊིཛ་ཏ་གཙང་ཆུའི་ ཆུ་བྱག་གི་ ཉེ་འདབས་ལས་ ངོས་འཛིན་མེད་པའི་ ཕུངམོ་ ༣ ཐོབ་ཡོད་མི་ཚུ་ འབྲས་ལྗོངས་ལུ་ཐོན་མི་ ཆུ་རུད་ཀྱི་ རྐྱེན་ངན་ནང་ ཤི་རྐྱེན་བྱུང་མིའི་གྲས་ལས་ འོང་ནི་མས་ཟེར་ཨིན་པས།དེ་ལས་ ཀ་ལི་ཕུག་དང་ རྡོ་རྗེ་གླིང་ ཇཱལ་པའི་གུ་རི་ ཀུཆ་བི་ཧར་ རྫོང་ཁག་ཚུ་གི་ནང་ལས་ཡང་ མི་གྲངས་ ༥,༨༠༠ དེ་ཅིག་ ཉེན་སྲུང་ས་ཁོངས་ནང་ བསྐྱལ་ཡོདཔ་ད་ དེ་བཟུམ་སྦེ་ ལྷོ་ཕྱོགས་རྫོང་ཁག་ ཧའོ་ར་དང་ ཧུག་ལི་ པཱཛ་ཅིམ་ […]

World News

ཡུ་ཨེཛ་གིས་ ཨི་རཱན་ལས་ འཛིན་བཟུང་འབད་མི་ ཀྲོབ་མདའི་མདེའུ་ ས་ཡ་ ༡.༡ ཡུ་ཀེ་རེན་ལུ་བྱིན་ཡོདཔ།

བི་བི་སི། སྤྱི་ཟླ་ ༡༠ པའི་ཚེས་ ༥ ལུ་ ཡུ་ཨེཛ་དམག་སྡེ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཡུ་ཨེཛ་གིས་ ཨི་རཱན་ལས་ འཛིན་བཟུང་འབད་མི་ ཀྲོབ་མདའི་མདེའུ་ ས་ཡ་ ༡.༡ དེ་ཅིག་ ཡུ་ཀེ་རེན་ལུ་ བྱིན་ཡི་ཟེར་ཨིན་པས།མདེའུ་དེ་ཚུ་ཡང་ སེནཊ་ཀོམ་ཟེར་མི་ དམག་སྡེ་གིས་ ན་ཧིང་ སྤྱི་ཟླ་ ༡༢ པའི་ནང་ ཡེ་མེན་རྒྱལ་ཁབ་ ཁ་ཐུག་ལུ་ འགྲུལ་བསྐྱོད་འབད་མི་ གྲུ་ཟིང་ཅིག་ལས་ འཛིན་བཟུང་འབད་ཡོདཔ་ད་ སེནཊ་ཀོམ་དམག་སྡེ་དེ་ འཛམ་གླིང་ཤར་དབུས་ཀྱི་ རྒྱལ་ཁབ་ཚུ་ནང་ དམག་སྡེའི་ལག་ལེན་ཚུ་ བལྟ་རྟོག་འབད་མི་ སྡེ་ཚན་ཅིག་ཨིན་པས།ཡུ་ཀེ་རེན་ལུ་ ཆ་རོགས་འབད་མི་ ནུབ་ཕྱོགས་རྒྱལ་ཁབ་ཚུ་གིས་ འཕྲལ་ཁམས་ཅིག་ཁར་ ཡུ་ཀེ་རེན་གྱི་ གོ་མཚོན་ལག་ལེན་གྱི་ མགྱོགས་ཚད་དང་བསྟུན་ཏེ་ གོ་མཚོན་དང་ མདེའུ་ཚུ་ བཟོ་བསྐྲུན་འབད་མི་ཚུགས་པའི་ ཉེན་བརྡ་འབད་ནུག།ཨི་རཱན་གྱིས་ ན་ཧིང་ ལོ་ཕྱེད་ལས་ཚུར་ ཡུ་ཀེ་རེན་གྱི་ ཕྱད་མདའའི་ནང་ ལག་ལེན་གྱི་དོན་ལས་ ར་ཤི་ཡ་ལུ་ གོ་མཚོན་ཚུ་ ལོག་ཅིང་ར་ མཁོ་སྤྲོད་འབད་དོ་ཡོད་པའི་ ཁ་ཉེས་བཀལ་ཏེ་ཡོདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

ཀེ་ན་ཌ་ལུ་ སིག་ཆོས་ལུགས་ཀྱི་ འགོ་ཁྲིདཔ་ཅིག་ བསད་མི་ལུ་བརྟེན་ཏེ་ རྒྱ་གར་དང་ ཀེ་ན་ཌའི་ མཐུན་ལམ་ལུ་དོ་འགྲན།

རོའི་ཊརཛ། ཀེ་ན་ཌའི་བློན་ཆེན་ ཇཱཛ་ཊིན་ཊུ་ཌོ་གིས་ སིག་ཆོས་ལུགས་ཀྱི་འགོ་ཁྲིདཔ་ ཧར་དིབ་སིང་ ནི་ཇར་ཟེར་མི་ བསད་མིའི་ནང་ རྒྱ་གར་གྱི་ ངོ་ཚབ་ཚུ་ཡང་ འབྲེལ་བ་ཡོད་པའི་ དོགས་པ་ཡོདཔ་སྦེ་ བཤད་པ་ལུ་བརྟེན་ཏེ་ རྒྱ་གར་དང་ ཀེ་ན་ཌའི་ མཐུན་ལམ་ལུ་ དོ་འགྲན་བྱུང་ཡོདཔ་ཨིན་པས།དེ་ཡང་ རྒྱ་གར་གཞུང་གིས་ རྒྱ་གར་ལུ་ཡོད་མི་ ཀེ་ན་ཌའི་ གཞུང་ཚབ་ཡིག་ཚང་གི་ ལས་གཡོགཔ་ཕྱེད་ཀ་ལྷགཔ་ཅིག་ མར་ཕབ་འབད་དགོཔ་སྦེ་ སླབ་ཡོདཔ་ད་ མ་གཞི་ ལོ་ ༣ གྱི་ཧེ་མ་ རྒྱ་གར་གྱིས་ ཧར་དིབ་སིང་དེ་ དྲག་ཐོག་དབང་བཙོང་འབད་མི་ཅིག་ཨིན་པའི་ ངོས་འཛིན་འབད་ནུག།དུས་ཅི་ སྤྱི་ཟླ་ ༩ པའི་ཚེས་ ༡༠ ལུ་ སྡེ་ཚན་ ༢༠ གི་ འཐུས་མི་རྒྱལ་ཁབ་ཚུ་གི་ ཞལ་འཛོམས་སྐབས་ལུ་ ཞལ་འཛོམས་ཀྱི་ ཕྱི་ཁར་སྦེ་ རྒྱ་གར་གྱི་བློན་ཆེན་ ན་རེན་དར་ མོ་དི་གིས་ ཀེ་ན་ཌའི་ བློན་ཆེན་ལུ་ ཀེ་ན་ཌ་ལུ་ཡོད་མི་ སིག་ཆོས་ལུགས་འཛིན་མི་ཚུ་གིས་ ངོ་རྒོལ་ཚུ་དང་འབྲེལ་བའི་ ཚ་གྱང་ཡོད་ལུགས་ཚུ་ བཤད་ཡོདཔ་ཨིན་པས།དེ་ལས་ སྤྱི་ཟླ་ ༩ […]

World News

པ་ཀིཛ་ཏཱན་ལུ་ སྡེ་ཚན་ཅིག་གིས་ འབྱོར་པ་ཅན་ཚུ་ལུ་ གཞན་གྱི་མཁལ་རྡོག་ཚུ་ བཏོན་བཙོང་ཡོདཔ།

སི་ཨེན་ཨེན། པ་ཀིཛ་ཏཱན་གྱི་ ཁྲིམས་སྲུང་འགག་པ་གིས་ མཁལ་རྡོག་གི་ དགོས་མཁོ་ཡོད་མི་ མི་ཕྱུགཔོ་ཚུ་ལུ་ མི་གཞན་གྱི་ མཁལ་རྡོག་ཚུ་བཏོན་ཏེ་ ཙོང་འབྲེལ་འཐབ་མི་ སྡེ་ཚན་ཅིག་ བདའ་ཟུན་ནུག།དེ༌ཡང༌ པ་ཀིཛ་ཏཱན་གྱི་ པཱན་ཇབ་མངའ་སྡེའི་ གཙོ་འཛིན་བློན་པོ་ མོ་སིན་ནག་ཝི་གིས་འབད་བ་ཅིན་ སྡེ་ཚན་དེ་གི་འགོ་ཁྲིདཔ་ ཌོག་ཊར་ཕ་ཝཱད་ཟེར་མི་གིས་ མི་གྲངས་ ༣༢༨ དེ༌ཅིག་ གཤག་བཅོས་འབད་དེ་ མཁལ་རྡོག་ཚུ་ བཏོན་ཞིནམ༌ལས་ པ་ཀིཛ་ཏཱན་གྱི་ རུ་པི་ས་ཡ་ ༡༠ རེ༌འབདཝ་ད་ ཌོ་ལར་ ༣༤,༠༠༠ དེ་རེ་འབད་ བཙོང༌ནུག༌ཟེར་ཨིན་པས།བྱ་ངན་དེ་ལུ་བརྟེན་ཏེ་ ད་ཚུན་གྱི༌བར༌ན་ མི་གྲངས་ ༣ ལུ་ ཤི་རྐྱེན་བྱུང་ཡོདཔ་ད་ ད་རུང་ཡང་ ཤི་རྐྱེན་བྱུང་སྟེ་ཡོད་མེད་ཀྱི་སྐྑོར་ལས་ ཞིབ་དཔྱད་འབད་དོ༌ཡོདཔ༌ཨིན་པས།ཌོག༌ཊར༌ཕ་ཝཱད་དེ་ ཧེ་མ་ཡང་ ལན༌ཐེངས་ ༥ དེ༌ཅིག་ འཛིན་བཟུང་འབད་ཡོདཔ༌ད༌ ཉམས་རྒུད་པ་ལ་ལོ་ཅིག༌གིས་ མཁལ་རྡོག་ཚུ་ བཏོན་ཡོད༌པའི༌སྐོར༌ལས༌ ཧ་ར་མ་གོ་བས་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

ཡུ་ཨེཛ་གིས་ རྒྱ་ནག་ལས་ཐོན་མི་ སྨན་རྫས་ཕེན་ཊ་ནིལ་ཟེར་མི་ ནག་ཚོང་དང་འབྲེལ་ཏེ་ རྒྱ་ནག་གི་ ཚོང་སྡེ་ཚུ་བཀག་དམ།

རོའི་ཊརཛ། ཡུ་ཨེཛ་གིས་ རྒྱ་ནག་ལས་ཐོན་མི་ སྨན་རྫས་ཕེན་ཊ་ནིལ་ཟེར་མི་ ནག་ཚོང་དང་འབྲེལ་ཏེ་ རྒྱ་ནག་གི་ ཚོང་སྡེ་དང་ འབྲེལ་ཡོད་མི་ངོམ་ཚུ་ལུ་ ཚོང་འབྲེལ་བཀག་དམ་འབད་ནུག།དེ་ཡང་ སྲིད་འཛིན་ཇོ་བ་ཡེ་ཌེན་གྱི་ གཞུང་སྐྱོང་ཁ་ཐུག་ལས་ ཉེན་ཁ་འཚུབ་ཅན་ཡོད་པའི་ སྨན་རྫས་ཕེན་ཊ་ནིལ་ ནག་ཚོང་འཐབ་མི་ཚུ་ བཀག་དམ་འབད་ནི་གི་ དམིགས་གཏད་དང་འཁྲིལ་ཏེ་ཨིན་པས།ཡུ་ཨེཛ་གི་ རྩོད་པོན་ཡོངས་ཁྱབ་ མེ་རིག་གར་ལེན་གྱིས་ ཡུ་ཨེཛ་གི་ མི་སེར་ཚུ་ལུ་ ཕེན་ཊ་ནིལ་བྱིན་ཏེ་ བསད་མི་ག་ཨིན་ན་ ཧ་གོ་ཡི་ཟེར་ བཤད་ཡོདཔ་མ་ཚད་ ང་བཅས་ཀྱིས་ ཨ་མ་རི་ཀའི་ མི་སེར་ཚུ་ལུ་ ཤི་རྐྱེན་བྱུང་མི་དེ་ རྒྱ་ནག་གི་ རྫས་སྦྱོར་ཚོང་སྡེ་ཚུ་གིས་ ཕེན་ཊ་ནིལ་ བཀྲམ་སྤེལ་འབད་མི་ལུ་བརྟེན་ཏེ་ འཐོན་དོ་ཡོདཔ་སྦེ་ཡང་ ཧ་གོ་ཡི་ཟེར་བཤད་ནུག།ཡུ་ཨེཛ་གི་ དངུལ་མཛོད་ལས་ཁུངས་ཀྱིས་ གསར་བཏོན་འབད་མི་ བརྗོད་དོན་དང་འཁྲིལཝ་ད་ རྒྱལ་སྤྱིའི་གནས་རིམ་ལུ་ ཁྲིམས་འགལ་གྱི་ སྨན་རྫས་བཀྲམ་སྤེལ་ནང་ འབྲེལ་བ་ཡོད་མི་ རྒྱ་ནག་ལུ་ གཞི་གནས་འབད་དེ་ ཚོང་སྡེ་སྦོམ་ཅིག་གིས་གཙོས་པའི་ ཚོང་སྡེ་གཞན་ཚུ་དང་ མི་ངོམ་བསྡོམས་ ༢༨ ལུ་ བཀག་དམ་འབད་ཡི་ཟེར་ཨིན་པས།ཡུ་ཨེཛ་གི་ དྲང་ཁྲིམས་ལས་ཁུངས་ཀྱིས་ཡང་ རྒྱ་ནག་ལུ་ གཞི་གནས་འབད་མི་ ཚོང་སྡེ་ ༨ དང་ […]

World News

པ་ཀིཛ་ཏཱན་ལུ་ རྫས་བམ་གས་པའི་ རྐྱེན་ངན་ནང་ མི་གྲངས་ ༥༠ ལྷགཔ་ཅིག༌ལུ་ཤི་རྐྱེན།

བི་བི་སི། སྤྱི་ཟླ་ ༩ པའི་ཚེས་ ༢༩ ལུ་ པ་ཀིཛ་ཏཱན་གྱི་ ལྷོ་ནུབ་མངའ་སྡེ་ བ་ལོ་ཀིཛ་ཏཱན་ལུ་ རྫས་བམ་གས་བཅུག་པའི་ རྐྱེན་ངན་ནང་ མི་གྲངས་ ༥༠ ལྷགཔ་ཅིག་ལུ་ ཤི་རྐྱེན་བྱུང་ཡོདཔ་ད་ དེ་བསྒང་ པ་ཀིཛ་ཏཱན་གྱི་༌མི་སེར་ཚུ་ ཁོང་རའི་ཆོས་ལུགས་ཀྱི་སྟོན་པ་ མུ་ཧཱ་མཱཌ་གི་ འཁྲུངས་སྐར་བརྩི་སྲུང་གི་དོན་ལས་ འཛོམས་ཡོདཔ་ཨིན་པས།དེ༌ཡང༌ པ་ཀིཛ་ཏཱན་ བ་ལོ་ཀིཛ་ཏཱན་གྱི་ཁྲོམ་ མཱཛ་ཏུང་ལུ་ མི་དམངས་འཛོམས་སར་ རང་མེད་རོགས་མེད་ བཟོ་ཐབས་སྒྲིག་མི་གིས་ རྫས་བམ་བསྐྱུར་ཡོད་པའི་ དོགས་པ་ཡོད་པའི་སྐོར་ལས་ ཁྲིམས་སྲུང་འགག་སྡེ་གིས་ གསལ་བཤད་འབད་ནུག།རྐྱེན་ངན་དེ་ནང་ མི་སེར་ལེ་ཤ་ཅིག་ལུ་ཡང་ རྨ་སྐྱོན་བྱུང་ཡོདཔ་ལས་ སྨན་ཁང་ ༢ ཀྱི་ནང་ བསྐྱལ་ཡོདཔ་ད་ ནང་སྲིད་བློན་པོ་ སར་ཕ་རཱཛ་གིས་ དེ་བཟུམ་མའི་ བྱ༌ངན་དེ་ ནག་ཅན་གྱི་ ལཱ་ཅིག་ཨིནམ༌སྦེ༌ བཤད་ཡོདཔ་ཨིན་པས།དེ་སྦེ་ རྫས་བམ་གས་པའི་ཤུལ་ལུ་ ས་གནས་དེ་ གློ་བུར་གནས་སྟངས་ཀྱི་ ས་གནས་སྦེ་ གསལ་བསྒྲགས་འབད་ཡོདཔ་ད་ བྱ་ངན་དེ་གི་སྐོར་ལས་ སྡེ་ཚན་ག་གིས་ཡང་ ཁ་བཟེད་མ་བཏུབ་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

ཡུ་ཀེ༌རེན་གྱི་ ཕྱད་མདའ་ལུ་ གཞི་བརྟེན་ཐོག༌ལས་ རྒྱ་གར་གྱིས་ རང་སྒུལ་གོ་མཚོན་ཁ་སྐོང་།

ཨེན་ཌི་ཊི་ཝི། ཡུ་ཀེ༌རེན་གྱི་ ཕྱད་མདའ་ལུ་ གཞི༌བརྟེན༌ཐོག༌ལས༌ རྒྱ་གར་གྱིས་ གོ་མཚོན་དང་ ཕྱད་མདའ་གྲ་སྒྲིག་ དེ་ལས་ དམག་ཐང་གི་ གཙོ་རིམ་ཚུ་ བསྐྱར་ཞིབ་འབདཝ་ཨིན་པས།དེ༌ཡང༌ རྒྱ་གར་དམག་སྡེའི་ ཞིབ་འཇུག་ཅིག་དང་འཁྲིལ༌བ༌ཅིན་ ཕྱད་མདའི་གྲུབ་འབྲས་དེ་ རྒྱང་རིང་གོ་མཚོན་གྱི་ འགུལ་བསྐྱོད་ནུས་པ་ལུ་ རག་ལས་དགོཔ་ཡོདཔ༌སྦེ༌ རྒྱ་གར་གྱི་ འགོ་དཔོན་ཚུ་གིས་ གསལ༌བཤད་འབད༌ནུག།དེ་ཡང་ ས་གོ་གཅིག་ནང་བཞག་སྟེ་ ལག་ལེན་འཐབ་མི་ གོ་མཚོན་ཚུ་ བྱང་ཕྱད་ཀྱིས་ མེདཔ་བཏང་ཚུགས་པས་ཟེར་ཨིན༌པས།རྒྱ་གར་གྱིས་ ས༌ཐག་རིང་སར་ལྷོད་མི་ འགུལ་བསྐྱོད་ནུས་ཤུགས་ཀྱི༌ ཀྲོབ་མདའ་ ༤༠༠ དེ་ཅིག་ མཁོ་སྒྲུབ་འབད་དགོཔ་ཡོད་ལུགས་དང་ ད་རེས་ རྒྱ་གར་གྱིས་ ར་ཤི་ཡ་ལུ་ བཟོ་བསྐྲུན་འབད་དེ་ཡོད་མི་ རང་སྒུལ༌མིན་པའི་ ཀྲོབ་མདའ་ཚུ་ ལག་ལེན་འཐབ་ཨིན༌པས༌ཟེར༌ བཀོད༌འདུག༌པའི་གནས་ཚུལ།

World News

ཨི་ཀུ་ཝ་ཌོར་གྱི་ སྲིད་འཛིན་བཙག་འཐུའི་འདེམས་ངོ་ རྐུ་གསོད་རྐྱབ་མིའི་ བརྡ་དོན་སྤྲོད་མི་ལུ་ ཡུ་ཨེཛ་ཌོ་ལར་ ས་ཡ་ ༥ གསོལ་རས་བྱིན་ནི།

བི་བི་སི། སྤྱི་ཟླ་ ༨ པའི་ནང་ ཨི་ཀུ་ཝ་ཌོར་ལུ་ སྲིད་འཛིན་བཙག་འཐུའི་སྐབས་ལུ་ འདེམས་ངོ་ཕར་ནེན་ཌོ་ བི་ལ་བི་སེན་སི་ཡོ་ཟེར་མི་གིས་ ངན་ལྷད་ཀྱི་ རྒྱབ་འགལ་ལུ་ བསྐུལ་བསྒྲགས་འབད་ཡོདཔ་ལས་ ཀྲོབ་མདའ་རྐྱབ་སྟེ་ དམར་བསད་འབད་ནུག།དེ་ཡང་ ཕར་ནེན་ཌོ་གིས་ བཙག་འཐུའི་ནང་ལས་ ཁོ་གིས་ རྒྱལ་ཁ་འཐོབ་པ་ཅིན་ ངན་ལྷད་དང་ ཉེས་ཅན་གྱི་སྡེ་ཚན་ཚུ་ དབང་གནོན་འབད་ནི་ཨིནམ་སྦེ་ བཤད་ཡོདཔ་ཨིན་པས།ཨིན་རུང་ ད་ཚུན་གྱི་བར་ན་ ཕར་ནེན་ཌོ་ བསད་ནི་གི་ འཆར་གཞི་བརྩམས་མི་ ག་ཨིན་ན་ བདའ་མ་ཟུན་པར་ཡོདཔ་ལས་ ཡུ་ཨེཛ་གིས་ འཆར་གཞི་བརྩམས་མི་ཚུ་ འཛིན་བཟུང་འབད་ཐབས་ལུ་ བརྡ་དོན་སྤྲོད་མི་རེ་ འཐོན་པ་ཅིན་ ཡུ་ཨེཛ་ཌོ་ལར་ ས་ཡ་ ༥ གསོལ་རས་བྱིན་ནི་ཨིན་པའི་སྐོར་ལས་ སྤྱི་ཟླ་ ༩ པའི་ཚེས་ ༢༩ ལུ་ གསལ་བསྒྲགས་འབད་ནུག།དེ་མ་ཚད་ ཕར་ནེན་ཌོ་ བསད་ནིའི་ནང་ འབྲེལ་ཡོད་སྡེ་ཚན་གྱི་ འགོ་དཔོན་སྐོར་ལས་ བརྡ་དོན་སྤྲོད་མི་ལུ་ཡང་ ཡུ་ཨེཛ་ཌོ་ལར་ ས་ཡ་ ༡ གསོལ་རས་བྱིན་ནི་སྦེ་ གསལ་བསྒྲགས་འབད་ཡོདཔ་ཨིན་པས།སྤྱི་ཟླ་ ༩ པའི་ཚེས་ ༢༨ […]

World News

རྒྱ་གར་ལུ་ སིག་ངོ་རྒོལ་སྡེ་ཚན་ཚུ་སྡོད་པའི་ དོགས་པ་ཡོད་མི་ ས་ཁོངས་ ༥༣ གྱི་ནང་ རྟོག་མེད་ཞིབ་དཔྱད།

སི་ཨེན་ཨེན། རྒྱ་གར་གྱི་ དྲག་ཐོག་དབང་བཙོང་བཀག་སྡོམ་ལས་སྡེ་གིས་ མངའ་སྡེ་ ༧ གྱི་ནང་ དྲག་ཐོག་དབང་བཙོང་དང་ ཉེས་ཅན་སྡེ་ཚན་ཚུ་སྡོད་སའི་ ས་ཁོངས་ ༥༣ གྱི་ནང་ རྟོག་མེད་ཞིབ་དཔྱད་ཚུ་འབད་ཡོདཔ་ད་ དེ་བཟུམ་མའི་ སྡེ་ཚན་ལ་ལོ་ཅིག་ སིག་ངོ་རྒོལ་སྡེ་ཚན་དང་ཡང་ འབྲེལ་བ་ཡོདཔ་ཨིན་པས།དེ་ཡང་ སྤྱི་ཟླ་ ༩ པའི་ཚེས་ ༢༧ ལུ་ རྟོག་མེད་ཞིབ་དཔྱད་ཚུ་འབདཝ་ད་ གོ་མཚོནཔིཛ་ཏཱོལ་དང་ མདེའུ་ རྫས་བམ་ དེ་ལས་ ཨང་གནས་ཐབས་འཕྲུལ་ཚུ་ ཐོབ་ཡོད་མི་དང་འབྲེལ་ཏེ་ འཛིན་བཟུང་འབད་མིའི་གྲས་ཁར་ ལ་ལོ་ཅིག་ ཁ་ལིཛ་ཏཱན་ལུ་ རྒྱབ་སྐྱོར་འབད་མི་ སྡེ་ཚན་ཚུ་དང་ འབྲེལ་བ་ཡོད་པའི་ དོགས་པ་ཡོདཔ་ཨིན་པས།ཁ་ལིཛ་ཏཱན་ཟེར་མི་དེ་ རྒྱ་གར་གྱི་ པཱན་ཇབ་མངའ་སྡེ་ལུ་ སིག་མི་རིགས་ཀྱི་དོན་ལས་ ལུང་ཕྱོགས་ལོགས་སུ་སྦེ་ གཞི་བཙུགས་འབད་ཐབས་ལུ་ ངོ་རྒོལ་འབད་མི་སྡེ་ཚན་ལུ་ སླབ་ཨིན་པས།རྒྱ་གར་གྱི་ རྒྱལ་ཡོངས་ཞིབ་དཔྱད་ལས་སྡེ་གིས་ འཕྲལ་ཁམས་ཀྱི་ རྟོག་མེད་ཞིབ་དཔྱད་དེ་ཡང་ ཉེས་ཅན་སྡེ་ཚན་ཚུ་གིས་ མི་དམར་བསད་འབད་མི་དང་ ཁ་ལིཛ་ཏཱན་ སྡེ་ཚན་ཚུ་ལུ་ མ་དངུལ་བྱིན་མི་ མི་སེར་ཚུ་ལས་ དབང་བཙོང་ཐོག་ལུ་ མ་དངུལ་བསྡུ་ལེན་ཚུ་དང་འབྲེལ་བའི་ ལཱ་ངན་ཚུ་ ལག་ལེན་འཐབ་ཅི་ཟེར་ཨིན་པས།དེ་བཟུམ་མའི་ […]

World News

རྒྱ་ནག་གིས་ ཨཱཛ་ཊེ་ལི་ཡའི་ སྲིད་དོན་མི་ངོམ་ཚུ་ ཏ་ཡེ་ཝཱན་ལུ་སོང་སྟེ་ རྒྱ་ནག་དང་གཅིག་ཁར་ཡོད་མི་ མཐུན་ལམ་མེདཔ་མ་བཏང་ཟེར་བའི་ཉེན་བརྡ།

ཨེ་བི་སི།སྤྱི་ཟླ་ ༩ པའི་ཚེས་ ༢༨ ལུ་ རྒྱ་ནག་གཞུང་ཚབ་ཀྱིས་ འཕྲལ་ཁམས་ཅིག་ཁར་ ཨཱཛ་ཊེ་ལི་ཡའི་ སྤྱི་ཚོགས་ཀྱི་ འཐུས་མི་དག་པ་ཅིག་ ཏ་ཡེ་ཝཱན་ལུ་ སོང་ཡོདཔ་ལས་ ཉེན་བརྡ་འབད་ནུག།དེ་ཡང་ རྒྱ་ནག་གི་འོག་ལུ་ཨིནམ་སྦེ་ བརྩི་སྲོལ་ཡོད་མི་ ཏ་ཡེ་ཝཱན་དེ་ རྒྱལ་ཁབ་སོ་སོར་ ཕྱེ་ནི་གི་ འཆར་གཞི་བརྩམ་མི་ཚུ་གིས་ ཨཱཛ་ཊེ་ལི་ཡའི་ སྤྱི་ཚོགས་ཀྱི་ འཐུས་མི་ཚུ་ལུ་ རྒྱུད་བསྐུལ་འབདཝ་མས་ཟེར་ཨིན་པས།ཨཱཛ་ཊེ་ལི་ཡའི་ སྤྱི་ཚོགས་ཀྱི་ འཐུས་མི་ཚུ་གིས་ ཏ་ཡེ་པེ་ལུ་ ཏ་ཡེ་ཝཱན་གྱི་ སྲིད་འཛིན་དང་ ཕྱད་ཡོདཔ་ལས་ རྒྱ་ནག་གཞུང་ཚབ་ཀྱིས་ ཨཱཛ་ཊེ་ལི་ཡའི་ སྤྱི་ཚོགས་ཀྱི་ འཐུས་མི་ཚུ་གི་ ཁ་ཐུག་ལས་ ཏ་ཡེ་ཝཱན་ལུ་ མ་འགྱོ་བའི་ཧེ་མར་ མནོ་བསམ་ལེགས་ཤོམ་སྦེ་ བཏངམ་དྲག་ཟེར་བའི་ ཉེན་བརྡ་ཡང་འབད་ནུག།མ་གཞི་ རྒྱ་ནག་གི་ རྒྱ་ནག་གཅིག་ཟེར་མི་ སྲིད་བྱུས་དང་འཁྲིལ་ཏེ་ ཨཱཛ་ཊེ་ལི་ཡ་གིས་ ཏ་ཡེ་ཝཱན་དེ་ རང་དབང་རྒྱལ་ཁབ་སྦེ་ བརྩི་ནི་མེད་རུང་ ལུགས་མཐུན་མིན་པའི་ སྲིད་དོན་གྱི་ འབྲེལ་བ་ཚུ་ འཐབ་འཐབ་ས་ར་ཡོདཔ་ཨིན་པས།ལེ་བར་སྲིད་ཚོགས་ཀྱི་ སྤྱི་ཚོགས་འཐུས་མི་ ཇོཤ་ཝིལ་སཱན་དང་ སྲིད་ཚོགས་མཉམ་སྡོམ་འཐུས་མི་ པཱོལ་ཕེ་ལེ་ཅར་ ༢ […]

Online now: 20 Today: 3021 Total visitors: 13051