ArchiveAboutContact

Category: Special News

Special News

སྐྱབས་རྗེ་རིན་པོ་ཆེ་མཆོག་གིས་ ཆོས་སྐྱོང་སྲུང་མ་ཚུ་ལུ་འཕྲིན་བཅོལ།

སྤྱི་ཟླ་ ༡༢ པའི་ཚེས་ ༡༤ ལུ་ སྐྱབས་རྗེ་རིན་པོ་ཆེ་མཆོག་ དབུ་བཞུགས་ཐོག་ལས་ ཀྲོང་གསར་ཐུབ་བསྟན་ཆོས་གླིང་ སློབ་གྲྭའི་ནང་སྦེ་ རྒྱལ་སྲུང་ལས་འགུལ་ འགོ་བཙུགས་ཀྱི་ སྐུ་རིམ་ལུ་དམིགས་ཏེ་ དྲག་དམར་ཚོགས་འཁོར་དང་ དཔལ་ལྡན་འབྲུག་པའི་ ཆོས་སྐྱོང་སྲུང་མ་ཚུ་ལུ་ འཕྲིན་བཅོལ་ཀྱི་ གསུང་ཆོག་ཚུ་ གནང་ཡོདཔ་མ་ཚད། འཕྲལ་ཁམས་ཅིག་ཁར་ སློབ་གྲྭའི་དབུ་འཛིན་ སྤྲུལ་སྐུ་འཇིགས་མེད་མདོ་སྔགས་བསྟན་འཛིན་གྱིས་ མ་དངུལ་རྒྱབ་སྐྱོར་མཛད་དེ་ གསར་བསྒྲུབས་འབད་མི་ སྐུ་རྟེན་ཚུ་ལུ་ཡང་ རབ་གནས་མཛད་གནང་ཡོད་པའི་ གནས་ཚུལ་མདོར་བསྡུས།

Special News

ཐིམ་ཕུ་བཀྲ་ཤིས་ཆོས་རྫོང་ནང་ མི་དབང་རྒྱལ་སྲསམོ་མཆོག་གི་ མཚན་གསོལ་རྟེན་འབྲེལ།

སྤྱི་ཟླ་ ༡༢ པའི་ཚེས་ ༩ ལུ་ མི་དབང་རྒྱལ་སྲསམོ་མཆོག་གི་ མཚན་གསོལ་མཛད་གནང་ཡོདཔ་ད་ དེ་ཡང་ བསོད་ནམས་གཡང་སྒྲོན་དབང་ཕྱུག་ཟེར་ གསོལ་གནང་ནུག།འབྲུག་པའི་མཚན་ བསོད་ནམས་ཟེར་མི་འདི་ དགེ་ཚོགས་དང་ སྐུ་ཚེ་བསྲིང་ནི་ ཁ་རྗེ་བཟང་པོའི་དོན་དང་ གཡང་སྒྲོན་ཟེར་མི་འདི་ རིན་ཆེན་ནོར་བུ་ལུ་གོཝ་ལས་ མཚན་བཟང་དེ་གིས་ ལོངས་སྤྱོད་དང་ བདེ་ཉམས་ཀྱི་ བརྡ་མཚོན་སྟོནམ་ཨིན་པས།མཚན་གསོལ་དེ་ཡང་ སྤྱི་ལོ་ ༢༠༠༦ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ གསེར་ཁྲིར་མངའ་གསོལ་ཞུ་བའི་ དུས་སྟོན་གྱི་ཉིན་མར་ བཀྲིས་ཆོས་རྫོང་ནང་ བརྩི་སྲུང་མཛད་ཡོདཔ་ད་ མཚན་གསོལ་རྟེན་འབྲེལ་ནང་ སྐྱབས་རྗེ་རྗེ་མཁན་མཆོག་དང་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་ དབུ་བཞུགས་ཐོག་ལུ་ མི་དབང་རྒྱལ་ཡུམ་ལྷན་རྒྱས་དང་ མི་དབང་སྐུ་འཁོར་ཚུ་གིས་ གྲལ་གཏོགས་མཛད་གནང་ནུག།མཚན་གསོལ་རྟེན་འབྲེལ་གྱི་ མཛད་སྒོའི་སྐབས་ལུ་ གྲྭ་ཚང་གི་ སྐུ་ཚབ་ཚུ་གིས་ སྐུ་གསུམ་མཎྜལ་དང་ འབྲུག་གི་འབངས་མི་སེར་ཚུ་གི་ ངོ་ཚབ་ལུ་ རྫོང་ཁག་ཉི་ཤུའི་ རྫོང་བདག་དང་ ཁྲི་འཛིན་ བླམ་གནས་བརྟན་ཚུ་གིས་ འབུལ་བ་ཚུ་ཡང་ ཕུལ་ཡོདཔ་ཨིན་པས།མི་དབང་རྒྱལ་སྲསམོ་མཆོག་ མི་དབང་མངའ་བདག་རིན་པོ་ཆེ་དང་ མི་དབང་རྒྱལ་བཙུན་མཆོག་གི་ སྲས་སྲོས་གསུམ་པ་སྦེ་ དུས་ཅི་ སྤྱི་ཟླ་ ༩ པའི་ཚེས་ ༩ […]

Special News

ཐིམ་ཕུ་རྟ་མགོ་ཆོས་དབྱིངས་ཕོ་བྲང་གི་ དབུ་རྩེ་ལུ་ བཀྲ་ཤིས་རབ་གནས།

སྤྱི་ཟླ་ ༡༢ པའི་ཚེས་ ༦ གི་དྲོ་པར་ མི་དབང་རྒྱལ་ཡུམ་ ཚེ་རིང་གཡང་སྒྲོན་དབང་ཕྱུག་མཆོག་དང་ མི་དབང་རྒྱལ་སྲས་ འཇིགས་མེད་རྣམ་རྒྱལ་དབང་ཕྱུག་མཆོག་གིས་ ཐིམ་ཕུ་རྟ་མགོ་ཆོས་དབྱིངས་ཕོ་བྲང་གི་ དབུ་རྩེ་བཞེངས་ཚར་མི་ལུ་ བཀྲིས་རབ་གནས་དང་ གསེར་ཏོག་བཀལ་བའི་ རྟེན་འབྲེལ་ནང་ དབུ་བཞུགས་མཛད་ཡོདཔ་ད་ གསུང་ཆོག་ཚུ་ གཞུང་གྲྭ་ཚང་གི་ རྡོ་རྗེ་སློབ་དཔོན་མཆོག་གིས་ གནང་ཡོདཔ་ཨིན་པས། ཕོ་བྲང་དེ་ སྤྱི་ལོ་ ༡༦༨༩ ལུ་ སྡེ་སྲིད་ཁྲི་རབས་བཞི་པ་ རྒྱལ་སྲས་བསྟན་འཛིན་རབ་རྒྱས་ཀྱིས་ བཞེངས་གནང་ཡོདཔ་ད་ ད་རེས་ ཕོ་བྲང་དེ་ནང་ གསང་སྔགས་རྡོ་རྗེ་ཐེག་པའི་ སློབ་སྦྱོང་སྤེལ་ཁང་ གཞི་བཙུགས་གནང་སྟེ་ཡོདཔ་ཨིན་པས། རྟ་མགོ་ཆོས་དབྱིངས་ཕོ་བྲང་གི་ དབུ་རྩེ་བསྐྱར་བཞེངས་དེ་ཡང་ ནང་སྲིད་ལྷན་ཁག་ ལམ་སྲོལ་དང་ རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱིས་ རྟ་མགོ་ཉམས་གསོའི་ལས་འགུལ་ གོ་རིམ་དང་པ་དེ་ སྤྱི་ལོ་ ༢༠༡༨ སྤྱི་ཟླ་ ༡༢ པའི་ནང་ལས་ འགོ་བཙུགས་ཏེ་ དུས་ཅི་ སྤྱི་ཟླ་ ༡༡ པའི་ནང་ མཇུག་བསྡུ་ནུག། རྟ་མགོ་དེ་ ཆོས་དང་འབྲེལ་བའི་ རྒྱལ་ཡོངས་ཀྱི་ བསྟི་གནས་ཅིག་ཨིནམ་ད་ དེ་ཡང་ འབྱུང་རབས་ཅན་གྱི་ […]

Special News

ཐིམ་ཕུ་རྟ་མགོ་ཆོས་དབྱིངས་རྫོང་ནང་ རྗེ་མཁན་ཁྲི་རབས་ ༦༨ པ་མཆོག་གི་ སྐུ་འདྲ་གདན་འདྲེན།

རང་ཟླ་ ༡༠ པའི་ཚེས་ ༣ སྤྱི་ཟླ་ ༡༡ པའི་ཚེས ༡༦ ལུ་ གཟའ་སྐར་དགེ་བའི་ཉིན་མར་ རྗེ་མཁན་ཁྲི་རབས་ ༦༨ པ་ སྐྱབས་རྗེ་ཞིང་གཤེགས་ བསྟན་འཛིན་དོན་གྲུབ་མཆོག་གི་ སྐུ་འདྲ་བྱིན་ཅན་ རྟ་མགོ་གསང་ཆེན་རྡོ་རྗེ་ཐེག་པའི་ སློབ་སྦྱོང་སྤེལ་ཁང་ནང་ གདན་འདྲེན་ཞུ་ནུག། དེ་ཡང་ རྟ་མགོ་གསང་ཆེན་རྡོ་རྗེ་ཐེག་པའི་ སློབ་སྦྱོང་སྤེལ་ཁང་གི་ སྤྱི་འཛིན་གོངམ་ རྒྱལ་སྲས་མཆོག་སྤྲུལ་རིན་པོ་ཆེ་མཆོག་གིས་ རང་གི་རྩ་བའི་བླམ་ལུ་ སྐུ་གསུམ་ཡེ་ཤེས་ལྔའི་བདག་ཉིད་ རིགས་བརྒྱའི་ཁྱབ་བདག་ཨིན་པའི་ མོས་གུས་ཀྱིས་ དངུལ་ཀྲམ་ས་ཡ་ ༡ དེ་ཅིག་ མཆོག་སྤྲུལ་རིན་པོ་ཆེ་ རང་གི་ཕྱག་མཛོད་ནང་ལས་གནང་སྟེ་ གསར་བཞེངས་མཛད་ཡོདཔ་ཨིན་པས། དེ་བཟུམ་སྦེ་ དད་ལྡན་སྦྱིན་བདག་སྤྱི་དང་ ལྷག་པར་དུ་ རྒྱལ་སྲས་མཆོག་སྤྲུལ་རིན་པོ་ཆེ་དང་ གཙུག་ལག་སློབ་དཔོན་སྐུ་བགྲེས་ བསམ་གཏན་རྡོ་རྗེ་ དབུ་བཞུགས་ཐོག་ལུ་ ཚོགས་ཆུང་ཅིག་ གཞི་བཙུགས་གནང་ཡོདཔ་བཞིན་དུ་ འཐུས་མི་སྡེ་ཚན་དེ་གིས་ མ་དངུལ་ས་ཡ་ ༤ དེ་ཅིག་ ཕངས་སེམས་མེད་པར་བཏང་སྟེ་ བཞེངས་ཡོད་མི་ ཁྲི་ཆེན་བསྟན་འཛིན་རབ་རྒྱས་ཀྱི་ སྐུ་འཕྲེང་རིམ་བྱོན་གྱི་ མཐོང་གྲོལ་ཆེན་མོ་དེ་ཡང་ རྟ་མགོ་ཆོས་དབྱིངས་གཙུག་ལག་ཁང་ནང་ གདན་འདྲེན་ཞུ་ཡོད་པའི་གནས་ཚུལ།

Special News

འབྲུག་རྒྱལ་ཁབ་ལས་ འཛམ་གླིང་སྤྱི་ཚོགས་ཀྱི་ ཞི་བདེའི་སྲུང་སྐྱོབ་དམག་མི་ སྡེ་ཚན་ ༢ པ་ཕྱིར་བསྐྱོད།

སྤྱི་ཟླ་ ༡༡ པའི་ཚེས་ ༡༠ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ སྤ་རོ་རྒྱལ་སྤྱི་གནམ་ཐང་ནང་སྦེ་ འབྲུག་གི་ཁ་ཐུག་ལས་ འཛམ་གླིང་སྤྱི་ཚོགས་ཀྱི་ ཞི་བདེའི་སྲུང་སྐྱོབ་དམག་མི་ སྡེ་ཚན་ ༢ པ་ ཕྱིར་བསྐྱོད་འབད་བའི་ རྟེན་འབྲེལ་ནང་ དབུ་བཞུགས་མཛད་གནང་ཡི།དེ་ཡང་ ཨམ་སྲུ་ ༡༧ དང་ ཕེ་རེནཆ་ཁ་སྐད་ཀྱི་ སྐད་སྒྱུར་འབད་མི་ རྒྱལ་གཞུང་འགག་སྡེའི་ འགོ་བདག་འོགམ་ ༢ ཀྱིས་གཙོས་པའི་ འཐུས་མི་བསྡོམས་ ༡༨༠ འབད་མི་ ཞི་བདེ་སྲུང་སྐྱོབ་སྡེ་ཚན་དེ་ འབྲུག་མཁའ་འགྲུལ་ གནམ་གྲུ་གིས་ དམིགས་བསལ་འཕུར་འགྲུལ་ ལན་ཐེངས་ ༢ ཀྱི་ཐོག་ལས་ དབུས་ཨཕ་རི་ཀའི་ རྒྱལ་ཁབ་ནང་ བསྐྱལ་ཡོདཔ་ཨིན་པས།ཕྱིར་བསྐྱོད་རྟེན་འབྲེལ་སྐབས་ལུ་ མངའ་བདག་བསྟི་སྭ་ ཞུ་ཡོདཔ་མ་ཚད་ དམག་སྡེའི་འཐུས་མི་ཚུ་ གནམ་གྲུའི་ནང་ འཛུལ་བའི་སྐབས་ལུ་ཡང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ལུ་ བསྟི་སྭ་ཞུ་ནུག།དེ་བསྒང་ གནས་སྐབས་གཞུང་གི་ གྲོས་དཔོན་ཚུ་གིས་གཙོས་པའི་ ཆེ་མཐོའི་འགོ་དཔོན་ཚུ་དང་ དམག་སྡེའི་འཐུས་མི་ཚུ་གི་ བཟའ་ཚང་ནང་མི་ཚུ་ཡང་ ལམ་འཇུག་གི་དོན་ལས་ འཛོམས་ཡོདཔ་ཨིན་པས།འབྲུག་ལས་ འཛམ་གླིང་སྤྱི་ཚོགས་ཀྱི་ ཞི་བདེ་སྲུང་སྐྱོབ་སྡེ་ཚན་དང་པ་དེ་ ན་ཧིང་ […]

Special News

མི་དབང་མངའ་ཞབས་མཆོག་ རྒྱ་གར་ལུ་ གཟིགས་སྐོར་གནང་སྟེ་ རྒྱལ་ཁབ་ནང་ ལོག་ཕེབས་ཡོདཔ།

མི་དབང་མངའ་བདག་རིན་པོ་ཆེ་མཆོག་ གནས་སྐབས་གཞུང་གི་ གྲོས་དཔོན་ཚུ་གིས་ ཕྱག་ཞུ་སྟེ་ རྒྱ་གར་ལུ་ ཉིན་གྲངས་ ༨ ཀྱི་ གཞུང་དོན་གཟིགས་སྐོར་དེ་ མཇུག་བསྡུ་སྟེ་ སྤྱི་ཟླ་ ༡༡ པའི་ཚེས་ ༡༠ ལུ་ རྒྱལ་ཁབ་ནང་ ལོག་ཕེབས་ཅི།དེ་ཡང་ མི་དབང་མཆོག་གིས་ རྒྱ་གར་ཨ་སམ་དང་ དིལླི་ དེ་ལས་ མུམ་བཱའི་ཚུ་ནང་ གཟིགས་སྐོར་གནང་ཡོདཔ་བཞིན་དུ་ རྒྱ་གར་གྱི་ བློན་ཆེན་དང་ ཕྱི་འབྲེལ་བློན་པོ་ གཞུང་གི་ཆེ་མཐོའི་འགོ་དཔོན་ཚུ་དང་ མཇལ་ཕྲད་མཛད་གནང་ཡོདཔ་མ་ཚད་ དིལླི་དང་ མུམ་བཱའི་ལུ་ ཡོངས་གྲགས་ཅན་གྱི་ ཚོང་འབྲེལ་འགོ་ཁྲིདཔ་ཚུ་དང་ཡང་ མཇལ་ཕྲད་གནང་ནུག།མི་དབང་ཞབས་ཀྱིས་ གཟིགས་སྐོར་མཐའ་མཇུག་ར་ མུམ་བཱའི་ལུ་ གནང་ཡོདཔ་ད་ དེ་བསྒང་ མཧཱ་རཱཤ་ཏ་ར་མངའ་སྡེའི་ སྤྱི་ཁྱབ་ཀྱིས་ མི་དབང་མཆོག་གི་དོན་ལས་ ཚོགས་སྟོན་ཅིག་ཡང་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།ད་རེས་ མི་དབང་མཆོག་གི་ གཞུང་དོན་གཟིགས་སྐོར་ལུ་བརྟེན་ཏེ་ འབྲུག་དང་ རྒྱ་གར་རྒྱལ་ཁབ་ ༢ ཀྱི་བར་ན་ཡོད་མི་ མཐུན་ལམ་འདི་ སྔར་བ་ལྷག་པའི་ རྩ་བརྟན་སོང་ཡོདཔ་ད་ རྒྱ་གར་གཞུང་གི་ བློན་ཆེན་གྱིས་ འབྲུག་གི་གོང་འཕེལ་ གསར་བཏོད་ལས་དོན་ཚུ་ལུ་ […]

Special News

མི་དབང་མངའ་ཞབས་མཆོག་གིས་ རྒྱ་གར་ལུ་ གཟིགས་སྐོར་གནང་པའི་ མཉམ་འབྲེལ་གསལ་བསྒྲགས།

སྤྱི་ཟླ་ ༡༡ པའི་ཚེས་ ༣ ལས་ ༡༠ ཚུན་ བདུན་ཕྲག་ ༡ གི་རིང་ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ འབྲུག་གཞུང་གི་ ཆེ་མཐོའི་འགོ་དཔོན་ཚུ་གིས་ ཕྱག་ཞུ་སྟེ་ རྒྱ་གར་གྱི་མངའ་སྡེ་ ཨ་སམ་དང་ ནིའུ་དིལླི་ མཧཱ་རཱཤ་ཏ་ར་ མངའ་སྡེ་ཚུ་ནང་ གཞུང་དོན་གཟིགས་སྐོར་ལུ་ ཆིབས་བསྐྱོད་གནང་ཡི།དེ་བསྒང་ མི་དབང་མཆོག་གིས་ རྒྱ་གར་གྱི་ བློན་ཆེན་དང་ མཇལ་ཕྲད་མཛད་དེ་ རྒྱལ་ཁབ་ཕན་ཚུན་གཉིས་ཆ་ར་ལུ་ ཕན་ཐོགས་ཆེ་བའི་ ཟུང་ཕྱོགས་དང་ ལུང་ཕྱོགས་ དེ་ལས་ རྒྱལ་སྤྱིའི་གནད་དོན་ཚུ་གི་སྐོར་ལས་ གསུང་གྲོས་ཚུ་ གནང་ཡོདཔ་མ་ཚད་ རྒྱ་གར་གྱི་ ཕྱི་འབྲེལ་བློན་པོ་ ཌོག་ཊར་ཨེཛ་ ཇའི་ཤང་ཀར་ཡང་ མི་དབང་ཞབས་ཀྱི་ སྐུ་མདུན་ལུ་བཅར་ནུག།མི་དབང་མཆོག་གིས་ འཕྲལ་ཁམས་ཅིག་ཁར་ རྒྱ་གར་གྱི་ འགོ་འདྲེན་ཐོག་ལུ་ མཇུག་བསྡུ་ཡོད་མི་ སྡེ་ཚན་ ༢༠ ཟེར་མི་ འཐུས་མི་རྒྱལ་ཁབ་ཚུ་གི་ དབུ་ཁྲིད་ཞལ་འཛོམས་ནང་ལས་ དིལླིའི་གསལ་བསྒྲགས་ནང་ ཞལ་འཛོམས་ཀྱི་ གྲོས་ཆོད་དང་ གྲུབ་འབྲས་ཚུ་ ལེགས་ཤོམ་སྦེ་ ཐོན་ཡོདཔ་སྦེ་ བཀོད་མི་ལུ་ […]

Special News

མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ དིལླི་ལུ་ རྒྱ་གར་གྱི་བློན་ཆེན་ ན་རེན་ད་ར་ མོ་དི་དང་མཇལ་ཕྲད།

སྤྱི་ཟླ་ ༡༡ པའི་ཚེས་ ༦ གི་ཕྱི་རོ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ དིལླི་ལུ་ རྒྱ་གར་གྱི་བློན་ཆེན་ ན་རེན་ད་ར་ མོ་དི་དང་གཅིག་ཁར་ མཇལ་ཕྲད་མཛད་གནང་ནུག། དེ་ཡང་ མི་དབང་མངའ་ཞབས་མཆོག་ རྒྱ་གར་གྱི་ བློན་ཆེན་མོ་དི་གིས་ ཁོ་རའི་གཞུང་དོན་གཟིམ་ཅུང་ནང་ ཕེབས་བསུ་ཞུ་ཞིནམ་ལས་ རྒྱ་འབྲུག་ ༢ ཀྱི་བར་ན་ མོས་མཐུན་ཅན་གྱི་ མཐའ་དོན་ལེ་ཤ་ཅིག་གི་སྐོར་ལས་ གསུང་གྲོས་ཚུ་ གནང་པའི་ཤུལ་ལས་ བློན་ཆེན་གྱིས་ མི་དབང་མཆོག་ལུ་ ཚོགས་སྟོན་ཅིག་ཡང་ དྲངས་ཡོདཔ་ཨིན་པས། རྒྱ་གར་དིལླིར་ བཞུགས་པའི་རིང་ལུ་ མི་དབང་མཆོག་གིས་ རྒྱ་འབྲུག་མཐུན་འབྲེལ་ཚོགས་པའི་ འཐུས་མི་ཚུ་དང་ མི་སེར་དང་ མི་སེར་གྱི་བར་ན་ འབྲེལ་བ་འཐབ་སྟེ་ དོན་གཅོད་གོང་འཕེལ་གྱི་དོན་ལུ་ ལཱ་འབད་མི་ གཞུང་མིན་ལས་ཚོགས་ དིལླིའི་ཞིབ་འཇུག་སྡེ་ཚན་ཟེར་མི་ འཐུས་མི་ཚུ་དང་གཅིག་ཁར་ཡང་ མཇལ་ཕྲད་མཛད་གནང་ནུག། དེ་མ་ཚད་ མི་དབང་མཆོག་གིས་ དིལླི་ལུ་ཡོད་མི་ ཚོང་འབྲེལ་འགོ་ཁྲིདཔ་ ཡོངས་གྲགས་ཅན་ དག་པ་ཅིག་དང་ཡང་ མཇལ་ཕྲད་མཛད་ཡོཅདཔ་ཨིན་པས། མི་དབང་མངའ་ཞབས་མཆོག་ རྒྱ་གར་རྒྱལ་ཁབ་ནང་ བདུན་ཕྲག་ ༡ གི་དོན་ལས་ གཞུང་དོན་གཟིགས་སྐོར་ལུ་ […]

Special News

མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ རྒྱ་གར་རྒྱལ་ཁབ་ནང་ གཞུང་དོན་གཟིགས་སྐོར།

སྤྱི་ཟླ་ ༡༠ པའི་ཚེས་ ༣ གྱི་དྲོ་པར་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ བདུན་ཕྲག་ ༡ གི་རིང་ལུ་ རྒྱ་གར་རྒྱལ་ཁབ་ནང་ གཟིགས་སྐོར་ལུ་ ཆིབས་བསྐྱོད་གནང་ཡོདཔ་བཞིན་དུ་ རྒྱ་གར་ཨ་སམ་མངའ་སྡེ་ གོ་ཝ་ཧ་ཊིའི་ ལོ་པི་རི་ཡ་ གོ་པི་ནཱཐ་ རྒྱལ་སྤྱི་གནམ་གྲུ་ཐང་ནང་ ཕེབས་པའི་སྐབས་ལུ་ ཨ་སམ་མངའ་སྡེའི་ གཙོ་འཛིན་བློན་པོ་ ཧི་མཱན་ཏ་བིཛ་ཝ་ སར་མ་གཙོས་པའི་ སྤྱི་ཚོགས་ཀྱི་ འཐུས་མི་ཚུ་དང་ ཆེ་མཐོའི་འགོ་དཔོན་ཚུ་གིས་ ཕེབས་བསུ་ཞུ་ནུག།གོ་ཝ་ཧ་ཊི་ལུ་ མི་དབང་མཆོག་གིས་ ནི་ལ་ཅཱལ་ སྒང་ཏོག་གུ་ ཆགས་ཏེ་ཡོད་མི་ བྱིན་ལྡན་ལྷ་ཁང་ ཀ་མ་ཁི་ཡ་ལུ་བྱོན་ཏེ་ ཐུགས་སྨོན་ཚུ་ གནང་ཡོདཔ་མ་ཚད་ དེ་ཚེ་ཉིན་མར་ རྒྱ་གར་གྱི་ ཕྱི་འབྲེལ་དྲུང་ཆེན་ བི་ནེ་ཀ་ ཝ་ཏ་ར་དང་ ཨ་སམ་གྱི་ གཙོ་འཛིན་བློན་པོ་ དེ་ལས་ ཨ་སམ་གྱི་ བློན་པོ་ཚུ་དང་ ཆེ་མཐོའི་འགོ་དཔོན་ཚུ་ མི་དབང་ཞབས་ཀྱི་ སྐུ་མདུན་ལུ་ བཅར་ཡོདཔ་ཨིན་པས།མི་དབང་མཆོག་གིས་ གོ་ཝ་ཧ་ཊི་ལུ་ ཤེས་ཡོན་སྦྱང་མི་དང་ ལཱ་འབད་མི་ འབྲུག་མི་ཚུ་དང་ཡང་ མཇལ་ཕྲད་མཛད་ཡོདཔ་ད་ དེ་ཚེ་ཕྱི་རོ་ ཨ་སམ་གྱི་སྤྱི་འཛིན་ […]

Special News

མི་དབང་མངའ་བདག་རིན་པོ་ཆེ་མཆོག་ རྒྱ་གར་ལུ་ཆིབས་བསྐྱོད།

སྤྱི་ཟླ་ ༡༡ པའི་ཚེས་ ༣ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ བདུན་ཕྲག་ ༡ གི་དོན་ལས་ རྒྱ་གར་རྒྱལ་ཁབ་ནང་ གཞུང་དོན་གཟིགས་སྐོར་ལུ་ ཆིབས་བསྐྱོད་གནང་ཡི། དེ་ཡང་ ཕྱི་འབྲེལ་དང་ ཕྱིར་ཚོང་ལྷན་ཁག་ལས་ གསར་བཏོན་འབད་མི་ གནས་ཚུལ་ཅིག་ནང་ བཀོད་དོ་བཟུམ་འབད་བ་ཅིན་ སྤྱི་ཟླ་ ༡༡ པའི་ཚེས་ ༣ ལས་ ༡༠ ཚུན་ གཟིགས་སྐོར་གནང་ནི་ཨིནམ་བཞིན་དུ་ མི་དབང་མཆོག་གི་ ཕྱག་ཞུ་སྟེ་ འབྲུག་གཞུང་གི་ ཆེ་མཐོའི་འགོ་དཔོན་ཚུ་ སོང་ཡོདཔ་ཨིན་པས། གཟིགས་སྐོར་སྐབས་ལུ་ མི་དབང་མངའ་ཞབས་མཆོག་གིས་ རྒྱ་གར་གྱི་ བློན་ཆེན་དང་ མཇལ་འཕྲད་མཛད་ནི་ཨིནམ་མ་ཚད་ རྒྱ་གར་གྱི་ ཕྱི་འབྲེལ་བློན་པོ་དང་ རྒྱ་གཞུང་གི་ ཆེ་མཐོའི་འགོ་དཔོན་ཚུ་ཡང་ མི་དབང་ཞབས་ཀྱི་ སྐུ་མདུན་ལུ་ བཅར་ནི་གི་ ལས་རིམ་ཡོད་ཟེར་ གནས་ཚུལ་གསར་བཏོན་ནང་བཀོད་ནུག། དེ་བཟུམ་སྦེ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ རྒྱ་གར་ཨ་སམ་དང་ མཧཱ་རཤ་ཏ་ར་ མངའ་སྡེ་ཚུ་གི་ནང་ཡང་ གཟིགས་སྐོར་གནང་ནི་གི་ ལས་རིམ་ཡོདཔ་ཨིན་པས། རྒྱ་འབྲུག་ ༢ ཀྱི་བར་ན་ […]

Online now: 3 Today: 4419 Total visitors: 7096