ArchiveAboutContact

Category: Special News

Special News

མི་དབང་ཞབས་ལས་ དམངས་གཙོའི་རིང་ལུགས་ཀྱི་ གཞུང་བཞི་པའི་ བློན་ཆེན་དང་ བློན་པོ་ཚུ་ལུ་ བཀྲིས་ལེགས་དར།

སྤྱི་ཟླ་ ༡ པའི་ཚེས་ ༢༨ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ བཀྲིས་ཆོས་རྫོང་གི་ གསེར་ཁྲི་ཁང་བཟང་ནང་སྦེ་ རྟེན་འབྲེལ་བརྩི་སྲུང་ཐོག་ལས་ བློན་ཆེན་གསརཔ་ དྲགོས་ཚེ་རིང་སྟོབས་རྒྱས་དང་ རྒྱལ་ཡོངས་ཚོགས་འདུའི་ཚོགས་དཔོན་ ལུང་བསྟན་རྡོ་རྗེ་ དེ་ལས་ ལྷན་རྒྱས་གཞུང་ཚོགས་ཀྱི་ བློན་པོ་ཚུ་ལུ་ བདག་རྐྱེན་གྱི་ བཀྲིས་ལེགས་དར་གནང་ཡི།ད་རེས་ བཙག་འཐུ་ལས་གྲུབ་པའི་ དམངས་གཙོའི་རིང་ལུགས་ཀྱི་ གཞུང་བཞི་པའི་ བློན་པོ་ཚུ་ཡང་ སོ་ནམ་དང་ སྒོ་ནོར་བློན་པོ་ ཡོན་ཏན་ཕུན་ཚོགས་དང་ ཤེས་རིག་དང་ རིག་རྩལ་གོང་འཕེལ་བློན་པོ་ ཌིམ་པཱལ་ཐ་པ་ ནུས་ཤུགས་དང་ རང་བཞིན་འཐོན་སྐྱེན་བློན་པོ་ མགོནམ་ཚེ་རིང་ དངུལ་རྩིས་བློན་པོ་ ལས་སྐྱིད་རྡོ་རྗེ་ ཕྱི་འབྲེལ་དང་ ཕྱིར་ཚོང་བློན་པོ་ དི་ན་ནཐ་དུང་གེལ་ གསོ་བའི་བློན་པོ་ རྟ་མགྲིན་དབང་ཕྱུག་ ནང་སྲིད་བློན་པོ་ ཚེ་རིང་ བཟོ་གྲྭ་ཚོང་ལས་དང་ ལཱ་གཡོག་བློན་པོ་ རྣམ་རྒྱལ་རྡོ་རྗེ་ གཞི་རྟེན་མཁོ་ཆས་དང་ སྐྱེན་འདྲེན་བློན་པོ་ ཅཱན་ད་ར་གུ་རུང་ཚུ་ཨིན་པས།མཛད་སྒོའི་རྟེན་འབྲེལ་སྐབས་ལུ་གནས་སྐབས་གཞུང་གི་ གྲོས་དཔོན་ཚུ་གིས་ཡང་ གྲལ་གཏོགས་འབད་ཡོད་པའི་གནས་ཚུལ།

Special News

ལྷུན་རྩེ་ཨའུ་མཚོ་རྣམ་གྲོལ་གླིང་དགོན་འཛིན་གྲྭ་ཚང་ནང་ བཙན་མཁར་དྲག་དམར་སྒྲོམ་མཆོད།

རང་ཟླ་ ༡༢ པའི་ཚེས་ ༡༠ སྤྱི་ཟླ་ ༡ པའི་ཚེས་ ༢༠ ལས་ ཉིན་གྲངས་ ༧ གྱི་རིང་ལུ་ དཔལ་ལྡན་འབྲུག་པའི་ ཆོས་ཀྱི་དབུ་ཁྲིད་དམ་པ་ རྗེ་མཁན་ཁྲི་རབས་ ༧༠ པ་ སྐྱབས་རྗེ་རིན་པོ་ཆེ་མཆོག་ དབུ་བཞུགས་ཐོག་ལས་ བླ་སློབ་དང་ དགེ་སློང་ཞལ་གྲངས་ ༢༠༠ ལྷགཔ་ཅིག་གིས་ ལྷུན་རྩེ་ཨའུ་ཚོ་རྣམ་གྲོལ་གླིང་ དགོན་འཛིན་གྲྭ་ཚང་ནང་སྦེ་ བཙན་མཁར་དྲག་དམར་སྒྲོམ་མཆོད་ ཐེངས་ ༣ པ་ གནངམ་ཨིན་པས།དེ་ཡང་ སྤྱི་ལོ་ ༢༠༢༡ ལོར་ རྣམ་གྲོལ་གླིང་དགོན་འཛིན་གྲྭ་ཚང་དང་ བཙན་མཁར་རྒེད་འོག་ རྒྱ་རས་རྒེད་འོག་ སྨད་མཚོ་རྒེད་འོག་ ཙཀྐ་གླིང་རྒེད་འོག་ རྩ་མང་རྒེད་འོག་ ༥ ཐུན་མོང་ཐོག་ལུ་ སྦྱིན་བདག་འབད་དེ་ སྐྱབས་རྗེ་རིན་པོ་ཆེ་མཆོག་ རྗེ་མཁན་ཁྲི་རབས་ ༧༠ པའི་ གསེར་ཁྲིར་ཕེབས་ཏེ་ ཁྲི་ལོ་ ༢༥ འཁོར་བའི་ བཀའ་དྲིན་རྗེས་དྲན་ བརྩི་སྲུང་ཞུ་ནིའི་དོན་ལས་ འགོ་བཙུགས་གནང་ནུག།དེ་མ་ཚད་ སྤྱིར་འགྲོ་བ་རིགས་དྲུག་གི་ སེམས་ཅན་ཐམས་ཅད་དང་ […]

Special News

ཉི་ལོག་གི་སྐབས་ལུ་ ཨ་ལོ་སྡེ་ཚན་ཅིག་ གླིང་ག་ནང་གི་ཕོ་བྲང་ལུ་ ལོ་ལེགས་བགྱང་པར་བཅར་ཡོདཔ།

སྤྱི་ཟླ་ ༡ པའི་ཚེས་ ༢ ལུ་ ཉི་ལོག་གི་ཉིན་མར་ མི་དབང་སྐུ་འཁོར་ལྷན་རྒྱས་ཀྱིས་ ཐིམ་ཕུའི་ཨ་ལོ་སྡེ་ཚན་ཅིག་ གླིང་ག་ནང་གི་ཕོ་བྲང་ལུ་ ལོ་ལེགས་བགྱང་པར་ འབོ་གནང་ཡོདཔ་ད་ ཉི་ལོག་འདི་ ཉིམ་རིང་སུ་འགྱོ་ནི་ འགོ་བཙུགས་པའི་ བརྡ་མཚོན་དང་ འབྲུག་ནུབ་ཕྱོགས་ཀྱི་ མི་སེར་ཚུ་གིས་ ལོ་གསར་སྦེ་ཡང་ བརྩི་སྲོལ་ཡོདཔ་ཨིན་པས།ཉིནམ་དེ་ཁར་ གཞུང་སྒེར་གྱི་ ཡིག་ཚང་ཚུ་ག་ར་ གཞུང་འབྲེལ་ངལ་གསོ་སྦེ་ བཞག་གནངམ་མ་ཚད་ མི་མང་ཕན་ཚུན་གྱི་བར་ན་ བཀྲ་ཤིས་བདེ་ལེགས་ཀྱི་ སྨོན་ཚིག་ཚུ་ཡང་ བརྗེ་སོར་འབད་སྲོལ་ཡོདཔ་ཨིན་པས།དེ་བསྒང་ ཁྱིམ་ཐོག་རེ་རེ་དང་འབྲེལ་བའི་ བཀྲིས་གཡང་ཆགས་ཀྱི་ སྨོན་ཚིག་ཚུ་ སླབ་ཐོག་ལས་ ཁྱིམ་བཤལ་རྐྱབ་སྟེ་འགྱོ་མི་ ཨ་ལོ་ཚུ་ལུ་ བཟའ་འཐུང་ཚུ་ བྱིན་སྲོལ་ཡོད་མི་དེ་གིས་ མཛར་ཅུམ་ཚུ་ཟ་སྟེ་ སྤྲོ་སྟོན་དོ་ཡོདཔ་ཨིན་པས།ཡིད་ཁར་འཐད་པའི་ ལམ་སྲོལ་འདི་ སྤྱི་ལོ་ ༢༠༠༠ མཇུག་བསྡུ་ཁམས་ཅིག་ཁར་ ཏཱ་ར་ཡ་ན་ གཞི་ཚོགས་དང་ ལམ་སྲོལ་རྣམ་སྲས་བང་མཛོད་ཀྱིས་ བརྩོན་ཤུགས་བསྐྱེད་དེ་ བསྐྱར་གསོ་འབདཝ་ལས་ཚུར་ ཉི་ལོག་གི་ཚེ་ ཨ་ལོ་ཚུ་ གླིང་ག་ནང་གི་ཕོ་བྲང་ནང་ ལོ་ལེགས་བགྱང་པར་ འབོ་གནང་སྲོལ་ཡོད་མི་དེ་ཡང་ ལམ་སྲོལ་ཅན་ཅིག་ལུ་ གྱུར་ཡོད་པའི་གནས་ཚུལ།

Special News

དགེ་ལེགས་ཕུག་ལུ་ འབྱུང་རབས་ཅན་གྱི་ འཐུང་ཆུའི་ལས་འགུལ་གྱི་ འགོ་འབྱེད་རྟེན་འབྲེལ།

སྤྱི་ཟླ་ ༡༢ པའི་ཚེས་ ༢༣ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ དགེ་ལེགས་ཕུག་ལུ་ འབྱུང་རབས་ཅན་གྱི་ འཐུང་ཆུའི་ལས་འགུལ་ཅིག་ འགོ་འབྱེད་རྟེན་འབྲེལ་ མཛད་གནང་ནུག།སྤྱི་ལོ་ ༢༠༢༢ སྤྱི་ཟླ་ ༤ པའི་ནང་ལས་ འགོ་བཙུགས་མི་ ལས་འགུལ་དེ་ བདེ་སྲུང་དང་ བདེ་སྲུང་རྒྱལ་ཡོངས་ཞབས་ཏོག་ལས་འགུལ་གྱིས་ རྒྱལ་ཁབ་མཐའ་དབུས་མེད་པར་ ལག་ལེན་འཐབ་མི་ ལས་འགུལ་ ༤༠ གི་ནང་ལས་ ག་ནི་བ་ སྦོམ་ཤོས་ཨིན་པས།དེ་བཟུམ་མའི་ རྒྱལ་རབས་ཅན་གྱི་ ལས་འགུལ་དེ་གིས་ དགེ་ལེགས་ཕུག་གི་ ཁྲོམ་ཡོངས་རྫོགས་དང་ ཉེ་འདབས་ཀྱི་ རྒེད་འོག་ལ་ལོ་ཅིག་ལུ་ ཁྱབ་སྟེ་ཡོདཔ་ད་ དེ་ཡང་ དགེ་ལེགས་ཕུག་ ཁྲོམ་སྡེ་དང་ གཞི་རྟེན་མཁོ་ཆས་དང་ སྐྱེལ་འདྲེན་ལྷན་ཁག་ ༢ མཉམ་འབྲེལ་ཐོག་ལས་ ལག་ལེན་འཐབ་ནུག།ལས་འགུལ་དེ་ དཔེ་སྟོན་བཏུབ་པའི་ འཛིན་སྐྱོང་ཐོག་ལུ་ དངུལ་ཀྲམ་ས་ཡ་ ༣༧༥ དེ་ཅིག་ ཟད་འགྲོ་བཏང་སྟེ་ ཟླ་ངོ་ ༡༩ གི་ ནང་འཁོད་ལུ་ བསྒྲུབས་ཡོདཔ་ད་ འགོ་ཐོག་ཚད་རྩིས་འཆར་དངུལ་ དངུལ་ཀྲམ་ས་ཡ་ […]

Special News

དགེ་ལེགས་ཕུག་ལུ་ རྒྱལ་སྤྱི་གནམ་གྲུ་ཐང་གི་ ས་བསླངས་རྟེན་འབྲེལ།

སྤྱི་ཟླ་ ༡༢ པའི་ཚེས་ ༢༣ ལུ་ མི་དབང་མངའ་ཞབས་མཆོག་ དབུ་བཞུགས་ཐོག་ལས་ རྒྱལ་སྤྱི་གནམ་གྲུ་ཐང་གི་ ས་བསླངས་རྟེན་འབྲེལ་ མཛད་གནང་ཡོདཔ་ད་ མཛད་སྒོའི་ལས་རིམ་ཚུ་ སྐྱབས་རྗེ་རྗེ་མཁན་མཆོག་གིས་ དབུ་ཁྲིད་མཛད་དེ་ གནང་ཡོདཔ་ཨིན་པས།ས་བསླངས་རྟེན་འབྲེལ་དེ་ཁར་ གནས་སྐབས་གཞུང་དང་ གཞུང་གི་ཆེ་མཐོའི་དཔོན་ཁག་ དེ་ལས་ རྒྱ་གར་གཞུང་ཚབ་དང་ འབྲུག་གི་ཆོས་སྡེ་ཁག་ལས་ བླ་སྤྲུལ་ཚུ་གིས་ཡང་ གྲལ་གཏོགས་མཛད་ནུག།འབྲུག་གི་ལམ་སྲོལ་ནང་ ས་ལུ་བརྩི་བཀུར་སྦོམ་ཡོད་མི་དང་བསྟུན་ཏེ་ བཟོ་བསྐྲུན་གྱི་ལཱ་གང་རུང་ འགོ་མ་བཙུགས་པའི་ཧེ་མར་ ས་བསླངས་རྟེན་འབྲེལ་དེ་ གལ་ཆེ་དྲགས་ཨིནམ་ད་ དེ་ཡང་ ས་ཆ་ཚུ་ སའི་ལྷ་མོ་གིས་ སྲུང་སྐྱོབ་འབད་དོ་ཡོད་པའི་ ཡིད་ཆེས་ཡོད་པ་ལུ་བརྟེན་ཏེ་ སའི་ལྷ་མོ་ལས་ གནང་བ་དང་ དངོས་གྲུབ་ཞུ་བའི་ཁར་ བཟོ་བསྐྲུན་གྱི་ལཱ་དང་ ས་གནས་དེ་ནང་ སྡོད་མི་ཚུ་ལུ་ཡང་ སྲུང་སྐྱོབ་ཀྱི་ གདོང་གྲོགས་ཞུཝ་ཨིན་པས།དགེ་ལེགས་ཕུག་ རྒྱལ་སྤྱི་གནམ་གྲུ་ཐང་དེ་ མི་དབང་མཆོག་གིས་ རྒྱལ་ཡོངས་དུས་ཆེན་གྱི་ཉིན་མར་ གསུངས་གནང་མི་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཆེན་གྱི་ ཆ་ཤས་གལ་ཅན་ཅིག་ཨིན་པའི་གནས་ཚུལ།

Special News

སེམས་རྟོགས་ཁའི་རྫོང་ནང་ ཀུ་ཝེཊ་གི་ རྒྱལཔོ་ཞིང་གཤེགས་མཆོག་གི་དོན་ལས་ མར་མེ་ཕུལ་ཡོདཔ།

སྤྱི་ཟླ་ ༡༢ པའི་ཚེས་ ༡༨ ལུ་ མི་དབང་མངའ་བདག་རིན་པོ་ཆེ་དང་ མི་དབང་རྒྱལ་བཙུན་མཆོག་གིས་ དབུ་གཙོས་པའི་ མི་དབང་སྐུ་འཁོར་ལྷན་རྒྱས་ཚུ་གིས་ སེམས་རྟོགས་ཁའི་ རྫོང་ནང་སྦེ་ ཀུ་ཝེཊ་གི་རྒྱལཔོ་ ཤེག་ནཱ་ཝཱཕ་ཨཱལ་ཨ་མེཌ་ ཨཱལ་ཇ་བར་ ཨཱལ་ས་བྷ་མཆོག་ གཤགས་མིའི་དོན་ལས་ ཐུགས་སྨོན་དང་ དཀར་མེ་ཚུ་ ཕུལ་གནང་ནུག།དེ་བསྒང་ གནས་སྐབས་གཞུང་གི་ གྲོས་དཔོན་སྤྱི་ཁྱབ་དང་ གྲོས་དཔོན་ཚུ་གིས་མ་ཚད་པར་ གཞུང་གི་ཆེ་མཐོའི་དཔོན་ཁག་ཚུ་དང་ དོན་གཅོད་གཞུང་ཚབ་ཡིག་ཚང་གི་ འཐུས་མི་ཚུ་གིས་ཡང་ གྲལ་གཏོགས་འབད་ཡོདཔ་ཨིན་པས།དེ་མ་ཚད་ མི་དབང་མངའ་ཞབས་མཆོག་གིས་ རྒྱལཔོ་ཞིང་གཤེགས་ཀྱི་དོན་ལུ་ རྒྱལ་ཁབ་མཐའ་དབུས་གེ་རའི་ནང དམིགས་བསལ་གྱི་ སྨོན་ལམ་དང་ དཀར་མེ་ཚུ་ ཕུལ་དགོ་པའི་ བཀའ་རྒྱ་ཡང་གནང་ནུག།སྤྱི་ཟླ་ ༡༢ པའི་ཚེས་ ༡༨ དང་ ༡༩ ལུ་ མི་དབང་རྒྱལ་སྲས་ འཇིགས་རྒྱལ་ཨྱོན་དབང་ཕྱུག་མཆོག་ མི་དབང་མངའ་བདག་རིན་པོ་ཆེ་མཅོག་གི་ དམིགས་བསལ་སྐུ་ཚབ་སྦེ་ ཀུ་ཝེཊ་ལུ་ བྱོན་ཡོདཔ་བཞིན་དུ་ མི་དབང་རྒྱལ་སྲས་མཆོག་གིས་ རྒྱལཔོ་ཞིང་གཤེགས་ལུ་ གུས་བཏུད་དང་ གཞུང་སྐྱོང་རྒྱལ་པོའི་ སྐུ་འཁོར་དང་ མི་སེར་ལུ་ ཐུགས་གསོ་ཚུ་ ཕུལ་གནང་ཡོེདཔ་ཨིན་པས།གཞུང་དོན་གཟིགས་སྐོར་སྐབས་ལུ་ མི་དབང་རྒྱལ་སྲས་ […]

Special News

མི་དབང་ཞབས་ལས་ རྒྱལ་ཡོངས་དུས་ཆེན་ བརྩི་སྲུང་སྐབས་ལུ་གནང་མི་ གསུང་བཤད་བཅུད་བསྡུས།

སྤྱི་ཟླ་ ༡༢ པའི་ཚེས་ ༡༧ ལུ་ རྒྱལ་ཡོངས་དུས་ཆེན་ ཐེངས་ ༡༡༦ པ་ བརྩི་སྲུང་ཞུ་བའི་སྐབས་ལུ་ མི་དབང་མངའ་བདག་རིན་པོ་ཆེ་ ཡབ་མེས་སྲས་གསུམ་གྱིས་ དབུ་གཙོས་པའི་ མི་དབང་རྒྱལ་བཙུན་མཆོག་དང་ མི་དབང་རྒྱལ་ཡུམ་སྐུ་བགྲེས་ མི་དབང་རྒྱལ་ཡུམ་ལྷན་རྒྱས་ དེ་ལས་ གཞུང་གི་དཔོན་ཁག་ཚུ་དང་ རྒྱལ་སྤྱིའི་དོན་གཅོད་སྐུ་ཚབ་ ཕྱི་རྒྱལ་ཁག་གི་ སྐུ་མགྲོན་ཚུ་གིས་ གྲལ་བཞུགས་མཛད་གནང་ཡི།དེ་མ་ཚད་ སྤྱི་ཟླ་ ༡༡ པའི་ཚེས་ ༡༦ གི་ ཕྱི་རོའི་ཆུ་ཚོད་ ༡༠ དེ་ཅིག་ལས་ར་ མི་སེར་སྟོང་ཕྲག་ལས་བཅད་མི་ཚུ་གིས་ཡང་ རྒྱལ་ཡོངས་དུས་ཆེན་ བརྩི་སྲུང་ཞུ་ནིའི་དོན་ལས་ སྤུངས་འཛོམས་འབད་དེ་ གནམ་གཤིས་བསིལ་དྲགས་ནང་ ནུབམོ་ཅིག་ར་ དཀའཝ་དང་དུ་བླངས་ཏེ་ སྒུག་སྡོད་མི་ཚུ་ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ཐུགས་ཀྱི་ཚ་གྱང་ཡོད་ལུགས་དང་ རྗེས་སུ་ཡི་རངས་ཡོད་པའི་སྐོར་ལས་ གསུངས་གནང་ཡོདཔ་ཨིན།རྒྱལ་ཡོངས་དུས་ཆེན་ བརྩིས་སྲུང་གི་སྐབས་ལུ་ དྲིན་ཅན་གྱི་ཕམ་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་ ལོ་བསྟར་བཞིན་དུ་ བྱོན་གནངམ་མ་ཚད་ མི་དབང་རྒྱལ་ཡུམ་ལྷན་རྒྱས་ཚུ་གུ་ དུས་ཅི་ དགུང་ལོ་ ༩༣ བཞེས་མི་ མི་དབང་རྒྱལ་ཡུམ་སྐུ་བགྲེས་ སྐལ་བཟང་ཆོས་སྒྲོན་དབང་ཕྱུག་མཆོག་ཡང་ བྱོན་གནང་མི་ལུ་ […]

Special News

མི་དབང་མངའ་ཞབས་མཆོག་གིས་ ཐུགས་ངལ་རངས་ཀྱི་ རྒྱལ་ཡོངས་གཟེངས་ཐོན་ གསེར་གྱི་རྟགས་མ།

ཐིམ་ཕུ་ཅང་གླིང་མའི་ཐང་ནང་ རྒྱལ་ཡོངས་དུས་ཆེན་ ཐེངས་ ༡༡༦ པ་ བརྩི་སྲུང་ཞུ་བའི་སྐབས་ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ རྒྱལ་ཁབ་ཀྱི་དོན་ལས་ ཕྱག་ལེགས་ཤོམ་སྦེ་ ཞུ་མི་ཚུ་ལུ་ ཐུགས་ངལ་རངས་ཀྱི་ རྒྱལ་ཡོངས་གཟེངས་ཐོན་ གསེར་གྱི་རྟགས་མ་གནང་ཡི།ཌོག་ཊར་པུ་ནམ་ཁེ་ཊཱལ་པཱལ་སིང་།དེ་ཡང་ འཛམ་གླིང་གསོ་བའི་ལས་ཚོགས་ཀྱི་ ཤར་ལྷོ་ཨེ་ཤི་ཡའི་ ལུང་ཕྱོགས་མདོ་ཆེན་ ཌོག་ཊར་པུ་ནམ་ ཁེ་ཊཱལ་པཱལ་སིང་གིས་ ལུང་ཕྱོགས་དང་ རྒྱལ་སྤྱིའི་གནས་ཚད་ཁར་ མི་མང་གསོ་བའི་ འཕྲོད་བསྟེན་དང་འབྲེལ་བའི་ གསོ་བའི་ལཱ་ཚུ་ ལྷག་བསམ་རྣམ་དག་གི་སྒོ་ལས་ ཕྱག་ཞུ་བའི་ ངོས་འཛིན་ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ཐུགས་ངལ་རངས་ཀྱི་ རྒྱལ་ཡོངས་གཟེངས་ཐོན་ གསེར་གྱི་རྟགས་མ་གནང་ཡི།རྒྱ་གར་ཨུ་ཏར་ཁཱན་ལས་ སྐྱེས་ལོ་ ༧༤ འབད་མི་ ཌོག་ཊར་པུ་ནམ་ ཁེ་ཊཱལ་པཱལ་སིང་གིས་ འབྲུག་ལུ་ གསོ་བའི་དོན་ལས་ ཐབས་རིག་དང་ མཁས་མཆོག་ མ་དངུལ་ཚུ་གི་ རྒྱབ་སྐྱོར་ཚུ་འབད་བའི་ཁར་ ལྷག་པར་དུ་ཡང་ ནད་ཡམས་ཀོ་ཝིཌ་-༡༩ ཐོན་པའི་སྐབས་ལུ་ ནད་ཡམས་ཀྱི་ སྨན་ཁབ་ཐོབ་ནི་ལུ་ རྒྱབ་སྐྱོར་དང་ མ་དངུལ་ས་ཡ་ ༤༡༥ གི་ རྒྱབ་སྐྱོར་ཡང་འབད་ནུག།ཌོག་ཊར་པུ་ནམ་ ཁེ་ཊཱལ་པཱལ་སིང་དེ་ རྒྱ་གར་རྒྱལ་ཁབ་ལས་ འཛམ་གླིང་གསོ་བའི་ལས་ཚོགས་ཀྱི་ ཤར་ལྷོ་ཨེ་ཤི་ཡའི་ […]

Special News

མི་དབང་ཞབས་ལས་ མི་ངོམ་དང་ གཙུག་སྡེ་ཚུ་ལུ་ འབྲུག་ཐུགས་སྲས་ཀྱི་རྟགས་མ།

སྤྱི་ཟླ་ ༡༢ པའི་ཚེས་ ༡༧ ལུ་ ཐིམ་ཕུ་ཅང་གླིང་མའི་ཐང་ནང་ རྒྱལ་ཡོངས་དུས་ཆེན་ བརྩི་སྲུང་ཞུ་བའི་སྐབས་ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ འབྲུག་རྒྱལ་ཁབ་ལུ་ དད་དམ་དང་ ལྷག་བསམ་རྣམ་དག་གི་སྒོ་ལས་ ཕྱག་ཞུ་མི་ མི་ངོམ་དང་ གཙུག་སྡེ་ཚུ་ལུ་ རྒྱལ་ཡོངས་གཟེངས་ཐོན་ འབྲུག་ཐུགས་སྲས་ཀྱི་ རྟགས་མ་གནང་ཡི།ལས་ཚོགས་སློབ་དཔོན།གཞུང་གྲྭ་ཚང་གི་ ལས་ཚོགས་སློབ་དཔོན་ སངས་རྒྱས་རྗོ་རྗེ་གིས་ འབྲུག་གི་རྩ་བ་ ༣ ལུ་ ཕན་ཐོགས་ཅན་གྱི་ ཞབས་ཏོག་གང་དྲག་ཞུ་བའི་ ངོས་འཛིན་ལུ་ མི་དབང་ཞབས་ལས་ འབྲུག་ཐུགས་སྲས་ཀྱི་ རྟགས་མ་གནང་ཡི།དེ་ཡང་ དགུང་ལོ་ ༥༦ བཞེས་མི་ ལས་ཚོགས་སློབ་དཔོན་མཆོག་གིས་ གཞུང་གྲྭ་ཚང་གི་ འདུས་ཚོགས་དང་ བཀོད་ཚོགས་ཚུ་གི་ ཁྲི་འཛིན་དང་ གཙུག་སྡེ་དང་ མི་སྡེ་ཚུ་ནང་ ལཱ་དང་ དུས་ཚོད་ཀྱིས་ བྱ་སྟབས་མ་བདེ་བར་ ཆོས་འབད་ལོང་མེད་མི་དང་ གནམ་དགུན་གྱི་ ངལ་གསོའི་དུས་ཚོད་ཁར་ སློབ་ཕྲུག་ཚུ་ལུ་ ནང་ཆོས་དང་འབྲེལ་བའི་ གོམས་འདྲིས་ལས་རིམ་ཚུ་ འགོ་འདྲེན་འཐབ་བཞིན་དུ་ཡོདཔ་ཨིན་པས།དེ་མ་ཚད་ དམིགས་བསལ་གྱིས་ བདེ་སྲུངཔ་ཚུ་ལུ་ ནང་ཆོས་སྦྱོང་བརྡར་དང་ གོམས་འདྲིས་ལས་རིམ་ ཐེངས་ ༡༢ […]

Special News

རྒྱལ་ཁབ་ཕྱི་ནང་གེ་རའི་ནང་ འབྲུག་གི་རྒྱལ་ཡོངས་དུས་ཆེན་ ཐེངས་ ༡༡༦ པ་བརྩི་སྲུང་།

ད་རིས་ རང་ཟླ་ ༡༡ པའི་ཚེས་ ༥ སྤྱི་ཟླ་ ༡༢ པའི་ཚེས་ ༡༧ ལུ་ ག་ནི་བ་ གལ་ཆེ་བའི་ རྒྱལ་ཡོངས་དུས་ཆེན་ འདི་ འབྲུག་རྒྱལ་ཁབ་ནང་འཁོད་ལུ་མ་ཚད་ ཕྱི་རྒྱལ་ལུ་ཡོད་མི་ གཞུང་ཚབ་ཡིག་ཚང་ཚུ་གི་ནང་ཡང་ བརྩི་སྲུང་ཞུཝ་ཨིན་པས།དེ་ཡང་ ཧེ་མར་ རྒྱལ་ཁབ་ནང་ དམག་འཁྲུག་དང་ ནད་ཡམས་མུ་གེ་ལ་སོགས་པ་ཚུ་གིས་ མི་སེར་ཚུ་ བརྡབ་གསིག་བཏང་སྟེ་ དགའ་སྐྱིད་ཟེར་མི་ ཡུད་ཙམ་ཅིག་ཡང་མེད་པར་ སྡུག་བསྔལ་གྱི་ངང་ལུ་ སྡོད་དགོཔ་བྱུང་ནུག།ཨིན་རུང་ ཨྱོན་གུ་རུ་རིན་པོ་ཆེའི་ ལུང་བསྟན་དུས་ལུ་བབས་ཏེ་ གཞུང་གྲྭ་ཚང་གི་ བླ་སློབ་དང་ འབྲུག་གཞུང་ལྷན་རྒྱས་ རྫོང་གཞི་ཁག་གི་དཔོན་ཁག་ འབངས་མི་སེར་ཚུ་ག་ར་ སྤྱི་མཐུན་ཐོག་ལས་ ཀྲོང་གསར་དཔོན་སློབ་ གོང་ས་ཨོ་རྒྱན་དབང་ཕྱུག་མཆོག་ འབྲུག་རྒྱལཔོ་མཛད་དགོ་པའི་ འབའ་གན་ཚུ་ཕུལ་ཏེ་ སྤྱི་ལོ་ ༡༩༠༧ སྤྱི་ཟླ་ ༡༢ པའི་ཚེས་ ༡༧ ལུ་ སྤུངས་ཐང་བདེ་བ་ཆེན་པོའི་ཕོ་བྲང་ནང་ འབྲུག་གི་རྒྱལ་རབས་དང་པའི་ གསེར་ཁྲི་ལུ་ མངའ་གསོལ་ཞུ་ནུག།དུས་དེ་ལས་ཚུར་ ད་ཚུན་ མི་ལོ་ ༡༡༦ གི་རིང་ལུ་ […]

Online now: 6 Today: 452 Total visitors: 7672