ArchiveAboutContact

Category: འཛམ་གླིང་གནས་ཚུལ།

World News

རོ་ཧི་ནེ་ལུ་ མཁའ་དམག་ཐོག་ལས་ དྲག་བཅོམ་འབད་དེ་ མི་སེར་ལེ་ཤ་ཅིག་དམར་བསད།

རོའི་ཊརཛ། སྤྱི་ཟླ་ ༡ པའི་ཚེས་ ༡༡ ལུ་ འཛམ་གླིང་སྤྱི་ཚོགས་ལས་ བཤད་དོ་བཟུམ་འབད་བ་ཅིན་ མ་ཡན་མར་ དྲག་པོའི་སྲིད་གཞུང་དམག་སྡེ་གིས་ བདུན་ཕྲག་འདི་ནང་ མ་ཡན་མར་གྱི་ ནུབ་ཕྱོགས་མངའ་སྡེ་ རོ་ཧི་ནེ་ལུ་ མཁའ་དམག་ཐོག་ལས་ དྲག་བཅོམ་འབད་དེ་ མི་སེར་བཅུ་ཕྲག་ལེ་ཤ་ཅིག་ དམར་བསད་འབད་ནུག་ཟེར་ཨིན་པས།དེ་ཡང་ ཤར་ལྷོ་ཨེ་ཤི་ཡའི་ མ་ཡན་མར་ རྒྱལ་ཁབ་ནང་ མི་རིགས་དང་འབྲེལ་བའི་ ནང་འཁྲུག་ལང་སྟེ་ ལོ་ངོ་ ༤ དེ་ཅིག་ ལང་དོ་ཡོདཔ་ད་ རོ་ཧི་ནེ་ལུ་ མི་སེར་དམངས་གཙོའི་གཞུང་ངམ་ ཨ་ར་ཀེན་དམག་སྡེ་ གཞི་བཙུགས་འབད་མི་ཚུ་གིས་ ལུང་ཕྱོགས་དེ་ རང་སྐྱོང་གི་དོན་ལས་ ངོ་རྒོལ་འབདཝ་ཨིན་པས་ཟེར་བཀོད་ནུག།དེ་བཟུམ་སྦེ་ སྤྱི་ཟླ་ ༡ པའི་ཚེས་ ༩ ལུ་ཡང་ དྲག་པོའི་སྲིད་གཞུང་གིས་ ཡན་བེ་ཁྲོམ་སྡེའི་མངའ་ཁོངས་ ཀེ་ཡུག་ནི་མའུ་ གཡུས་ཚན་ནང་ སྡོད་ཁྱིམ་ ༥༠༠ དེ་ཅིག་ གཏོར་བཏང་པའི་ཁར་ མི་གྲངས་ ༤༠ ལྷགཔ་ཅིག་ཡང་ དམར་བསད་འབད་ནུག་ཟེར་ཨིན་པས།དེ་མ་ཚད་ མུཛ་ལིམ་གྱི་ གཡུས་ཚན་ནང་ཡང་ མི་གྲངས་ ༢༦ […]

World News

རྒྱ་གར་གྱི་རྒྱལ་ས་ ལྡི་ལིའི་ས་གནས་ཁག་ལུ་ བཙོག་རླུང་གིས་ འགྲུལ་བསྐྱོད་ལུ་བར་ཆད།

བི་བི་སི། སྤྱི་ཟླ་ ༡ པའི་ཚེས་ ༡༠ གྱི་དྲོ་པར་ རྒྱ་གར་གྱི་རྒྱལ་ས་ ལྡི་ལིའི་ས་གནས་ལེ་ཤ་ཅིག་ནང་ ས་སྨུག་སྟུག་དྲགས་དང་ རླུང་མའི་སྤུས་ཚད་ མར་ཉམས་སོང་ཡོདཔ་ལས་ གནམ་གྲུ་དང་ རེལ་ལི་ སྣུམ་འཁོར་ཚུ་ འགྲུལ་བསྐྱོད་འབད་ནི་ལུ་ ཐོ་ཕོག་ནུག།དེ་ཡང་ གནམ་གཤིས་གནས་སྟངས་ སྐྱོ་དྲགས་ལུ་བརྟེན་ཏེ་ གནམ་གྲུ་ ༡༥༠ ལྷགཔ་ཅིག་ འཕུར་འགྲུལ་འབད་ནི་ འཕྱིས་ཡོདཔ་མ་ཚད་ རེལ་ལི་ ༡༠ དེ་ཅིག་ཡང་ དུས་ཚོད་ཁར་ འགྲུལ་བསྐྱོད་འབད་མ་ཚུགསཔ་ཨིན་པས།སྤྱི་ཟླ་ ༡༢ པ་ལས་ སྤྱི་ཟླ་ ༡ པ་ཚུན་ལུ་ རྒྱ་གར་གྱི་ བྱང་ཕྱོགས་ས་གནས་ཚུ་ནང་ གནམ་དགུན་ཨ་རྟག་ར་ གྱང་ཤུགས་ཆེཝ་ལས་ བཙོག་རླུང་ཚུ་གིས་ འགྲུལ་བསྐྱོད་འབད་ནི་ལུ་ དཀའ་ངལ་བྱུངམ་མ་ཚད་ ཉེན་ཁ་ཅན་ཅིག་སྦེ་ཡང་ ཐོན་དོ་ཡོདཔ་སྦེ་བཀོད་ནུག།དབང་འཛིན་ཚུ་གིས་ བཙོག་རླུང་མར་ཕབ་འབད་ཐབས་ལུ་ བཟོ་བསྐྲུན་དང་ གཏོར་བཤིག་གི་ལཱ་ཚུ་ བཀག་ཆ་འབད་བའི་ཁར་ སློབ་གྲྭའི་ཆོས་ཚན་ཚུ་ཡང་ ཡོངས་འབྲེལ་ཐོག་ལས་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

ར་ཤི་ཡ་གིས་ ཡུ་ཀེ་རེན་ལུ་ དྲག་བཅོམ་འབད་མིའི་ནང་ མི་ ༡༣ ལུ་ ཤི་རྐྱེན་དང་ ༡༡༣ ལུ་རྨ་སྐྱོན།

རོའི་ཊརཛ། སྤྱི་ཟླ་ ༡ པའི་ཚེས་ ༨ ལུ་ ར་ཤི་ཡ་གིས་ ཡུ་ཀེ་རེན་གྱི་ ཤར་ལྷོ་ཁྲོམ་ཚོགས་ ཟ་པོ་རི་ཟི་ཡ་ལུ་ དྲག་བཅོམ་ཐོག་ལས་ རྫས་བམ་གས་བཅུག་མིའི་ནང་ མི་གྲངས་ ༡༣ ལུ་ ཤི་རྐྱེན་དང་ ༡༡༣ ལུ་ རྨ་སྐྱོན་བྱུང་ནུག།དེ་བཟུམ་སྦེ་ མི་མང་སྐྱེལ་འདྲེན་བཱཛ་ཅིག་ལུ་ གནོད་སྐྱོན་བྱུང་པའི་ཁར་ ཤི་རྐྱེན་བྱུང་མིའི་ ཕུངམོ་ཚུ་ཡང་ རྨ་སྐྱོན་བྱུང་མི་ མི་སེར་ཚུ་གི་ སྦོ་ལོགས་ཁར་ གཏོར་བཞག་ནུག་ཟེར་ ཡུ་ཀེ་རེན་གྱི་ དབང་འཛིན་ཚུ་གིས་ བཤདཔ་ཨིན་པས།དེ་མ་ཚད་ བཟོ་གྲྭའི་མཐུན་རྐྱེན་དང་ གཞི་རྟེན་མཁོ་ཆས་ གཞན་ཚུ་གིས་གཙོས་པའི་ ཁང་ཚན་ཡོད་མི་ སྒྲིང་ཁྱིམ་ཚུ་ལུ་ཡང་ གནོད་སྐྱོན་བྱུང་ཡོདཔ་སྦེ་ ཡུ་ཀེ་རེན་གྱི་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལས་ གསལ་བསྒྲགས་འབད་ནུག།ག་དེ་སྦེ་ར་ཨིན་རུང་ སྤྱི་ཟླ་ ༡ པའི་ཚེས་ ༩ ལུ་ ཡུ་ཀེ་རེན་གྱིས་ གཞུང་འབྲེལ་མྱ་ངན་གྱི་ཉིནམ་སྦེ་ གསལ་བསྒྲགས་གནང་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

བྱང་ཀོ་རི་ཡའི་ དམག་མི་ཚུ་གིས་ ཡུ་ཀེ་རེན་དང་གཅིག་ཁར་ དམག་རྐྱབ་མི་ལུ་ཉེན་བརྡ།

རོའི་ཊརཛ། བྱང་ཀོ་རི་ཡ་གིས་ ར་ཤི་ཡ་དང་གཅིག་ཁར་ ཡུ་ཀེ་རེན་ལུ་ དམག་རྐྱབ་ནི་དེ་གིས་ ད་ལས་ཕར་ དམག་རྐྱབ་ནིའི་དོན་ལུ་ ཉམས་མྱོང་ཐོབ་དོ་ཡོད་པའི་སྐོར་ལས་ སྤྱི་ཟླ་ ༡ པའི་ཚེས་ ༨ ལུ་ ཡུ་ཨེཛ་གིས་ ཉེན་བརྡ་འབད་ནུག།དེ་ཡང་ སྤྱི་ལོ་ ༢༠༢༢ སྤྱི་ཟླ་ ༢ པའི་ནང་ ར་ཤི་ཡ་གིས་ ཡུ་ཀེ་རེན་ལུ་ བཙན་འཛུལ་འབད་ཞིནམ་ལས་ཚུར་ ར་ཤི་ཡ་གིས་ བྱང་ཀོ་རི་ཡ་དང་གཅིག་ཁར་ ཕྱི་འབྲེལ་དོན་གཅོད་དང་ དམག་སྡེའི་བར་ན་ མཐུན་འབྲེལ་དམ་ཟབ་སྦེ་ བཟོ་ཡོདཔ་ཨིན་པས།དེ་འབདཝ་ལས་ བྱང་ཀོ་རི་ཡ་གིས་ དམག་མི་ ༡༢,༠༠༠ ལྷགཔ་ཅིག་ ར་ཤི་ཡ་ལུ་ བཏང་ཡོདཔ་བཞིན་དུ་ ར་ཤི་ཡའི་ ཀུརཛ་ལུང་ཕྱོགས་ནང་ ཡུ་ཀེ་རེན་གྱི་ དམག་མི་ཚུ་དང་གཅིག་ཁར་ དམག་འཛིང་འབད་ནི་ འགོ་བཙུགས་ཡོདཔ་སྦེ་ འཛམ་གླིང་སྤྱི་ཚོགས་ནང་ ཡུ་ཨེཛ་གི་ གཞུང་ཚབ་འོགམ་ ཨམ་ཌོ་རོ་ཐི་ ཀེ་མི་ལེ་ ཤི་ཡ་གིས་ འཛམ་གླིང་སྤྱི་ཚོགས་ཀྱི་ སྲུང་སྐྱོབ་ཚོགས་སྡེའི་ནང་ གསལ་བཤད་འབད་ནུག།བྱང་ཀོ་རི་ཡ་གིས་ དམག་ཆས་དང་ འཕྲུལ་རིག་ དེ་ལས་ ཉམས་མྱོང་ཚུ་གི་ ཁེ་ཕན་སྦོམ་སྦེ་ར་ […]

World News

བོད་ཀྱི་ལུང་ཕྱོགས་ཅིག་ནང་ ས་ཡོམ་སྦོམ་ཅིག་གིས་ མི་གྲངས་ ༡༢༦ དེ་ཅིག་ལུ་ ཤི་རྐྱེན་དང་ ༡༨༨ དེ་ཅིག་ལུ་རྨ་སྐྱོན།

བི་བི་སི། སྤྱི་ཟླ་ ༡ པའི་ཚེས་ ༧ གྱི་དྲོ་པར་ ས་གནས་ཀྱི་ཆུ་ཚོད་ ༩ དེ་ཅིག་ཁར་ བོད་གངས་ཅན་ལྗོངས་ཀྱི་ ལུང་ཕྱོགས་ཅིག་ནང་ ས་ཡོམ་ཤུགས་ཚད་ མེ་ནི་ཅཱུད་ ༧.༡ འབད་མི་ རྐྱབ་ཡོདཔ་ལས་ མི་གྲངས་ ༡༢༦ དེ་ཅིག་ལུ་ ཤི་རྐྱེན་དང་ ༡༨༨ དེ་ཅིག་ལུ་ རྨ་སྐྱོན་བྱུང་ནུག།དེ་བཟུམ་སྦེ་ ཁྱིམ་མཚེས་རྒྱལ་ཁབ་ འབྲུག་དང་ ནེ་པཱལ་ དེ་ལས་ རྒྱ་གར་གྱི་ ས་གནས་དག་པ་ཅིག་གི་ནང་ཡང་ ས་ཡོམ་དེ་ རྐྱབ་ཡོད་རུང་ མི་དང་ རྒྱུ་དངོས་ཚུ་ལུ་ གནོད་སྐྱོན་བྱུང་ཡོད་པའི་ སྙན་ཞུ་ཚུ་ མེདཔ་ཨིན་པས།རྒྱ་ནག་གི་ མཐའ་ཟུར་ཅིག་ནང་ཨིན་མི་ ལུང་ཕྱོགས་དེ་ནང་ མ་ཡོམ་དེ་གིས་ སྒྲིང་ཁྱིམ་ ༣,༦༠༩ དེ་ཅིག་ཡང་ ཧྲམ་བཏང་ཡོདཔ་ལས་ མི་སེར་སྟོང་ཕྲག་ལེ་ཤ་ཅིག་ ག་ནི་བ་ བསིལ་དྲགས་ཆེ་བའི་ གནམ་དགུན་གྱི་ དུས་ཚོད་ཁར་ སྡོད་ཁྱིམ་མེད་པར་ཡོདཔ་སྦེ་བཀོད་ནུག།ཨིན་རུང་ སྤྱི་ཟླ་ ༡ པའི་ཚེས་ ༨ ལུ་ སྲོག་སྐྱབས་ཀྱི་ […]

World News

ཡུ་ཀེ་རེན་གྱི་ དམག་སྡེ་གིས་ ར་ཤི་ཡའི་ ས་སྣུམ་བཞག་སའི་ ས་ཁོངས་ཅིག་ལུ་ གནོད་འཚུལ་བཀལ་ཡོདཔ།

རོའི་ཊརཛ། སྤྱི་ཟླ་ ༡ པའི་ཚེས་ ༨ ལུ་ ཡུ་ཀེ་རེན་གྱི་ དམག་སྡེ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ར་ཤི་ཡའི་ཁྲོམ་སྡེ་ ཨེང་གཱལཛ་ལུ་ དམག་སྡེའི་གནམ་ཐང་ནང་ ལག་ལེན་འཐབ་མི་ ར་ཤི་ཡའི་ སྣུམ་མཛོད་ས་ཁོངས་ཅིག་ལུ་ ནུབ་མོར་གནོདཔ་བཀལ་ཡི་ཟེར་ཨིན་པས།དེ་ཡང་ ར་ཤི་ཡ་གིས་ ས་སྣུམ་བཀྲམ་སྤེལ་འབད་སའི་ སྣུམ་མཛོད་ས་ཁོངས་ཅིག་ནང་ ཡུ་ཀེ་རེན་གྱིས་ འགས་རྫས་ལེ་ཤ་ཅིག་ གས་བཅུག་པ་ལུ་བརྟེན་ཏེ་ མེ་རྐྱེན་སྦོམ་སྦེ་ར་ བྱུང་ཡོདཔ་སྦེ་བཀོད་ནུག།ཡུ་ཀེ་རེན་གྱིས་ དེ་བཟུམ་མའི་ སྣུམ་མཛོད་ས་ཁོངས་ནང་ གནོད་འཚུབ་བཀལ་ཡོདཔ་ལས་ ར་ཤི་ཡ་གིས་ ཡུ་ཀེ་རེན་གྱི་ ཁྲོམ་སྡེ་ཚུ་དང་ ཞི་བའི་མི་སེར་ཚུ་ བདག་ཏུ་བཟུང་ནི་དང་ དམིགས་གཏད་བསྐྱེད་ནི་ཚུ་ མར་འབབ་འགྱོ་འོང་ཟེར་ཨིན་པས།ཡུ་ཀེ་རེན་ སྲིད་འཛིན་གྱི་གྲོས་དཔོན་ ཨོ་ལེག་སན་ཌར་ ཀ་མི་ཤིན་གྱིས་ ད་རེས་ ཁོང་གི་དམག་མི་ཚུ་གིས་ ཡུ་ཀེ་རེན་གྱིས་ བཟོ་བསྐྲུན་འབད་མི་ ཐག་རིང་གི་ལྕོགས་གྲུབ་ཚུ་ ལག་ལེན་འཐབ་སྟེ་ དྲག་རྒོལ་འབད་ཡོད་པའི་སྐོར་ལས་ གསལ་བཤད་འབད་ནུག།ར་ཤི་ཡའི་ ས་གནས་དབང་འཛིན་ཚུ་གིས་ ཡུ་ཀེ་རེན་གྱི་ མཁའ་དམག་གནམ་གྲུ་ཆུང་ཀུ་ ཌཱོན་གྱི་ཐོག་ལས་ སཱ་ར་ཊོབ་ ལུང་ཕྱོགས་ནང་ཡོད་མི་ བཟོ་གྲྭ་འཕྲུལ་ཁང་ཅིག་ལུ་ གནོད་འཚུབ་བཀལ་ནི་དེ་གིས་ མེ་རྐྱེན་སྦོམ་སྦེ་ར་ བྱུང་ཡོདཔ་སྦེ་ […]

World News

རྒྱ་ནག་གི་ ཁྲོམ་ཚོགས་ཅིག་ནང་ མེ་འབར་ཏེ་ མི་ ༨ ལུ་ ཤི་རྐྱེན་དང་ ༡༥ ལུ་རྨ་སྐྱོན།

ཨེ་བི་སི། སྤྱི་ཟླ་ ༡ པའི་ཚེས་ ༤ ལུ་ རྒྱ་ནག་གི་ བྱང་ཕྱོགས་མངའ་སྡེ་ ཧེ་བཻ་ཟེར་སར་ བཟའ་འཐུང་གི་ ཁྲོམ་ཚོགས་ཅིག་ནང་ མེ་འབར་ཡོདཔ་ལས་ མི་གྲངས་ ༨ ལུ་ ཤི་རྐྱེན་དང་ ༡༥ ལུ་ རྨ་སྐྱོན་བྱུང་ནུག།དེ་ཡང་ ཞང་ཇི་ཡ་ཀོའུ་ཁྲོམ་སྡེའི་ ལི་གུང་ཁྲོམ་ཚོགས་ནང་ ཉིན་དགུང་ལུ་བྱུང་མི་ མེ་རྐྱེན་དེ་ ཉིན་ཡོལ་ཆུ་ཚོད་ ༢ དེ་ཅིག་ཁར་ བསད་ཚུགས་ཡོད་རུང་ ག་ཅི་ལུ་བརྟེན་ཏེ་ བྱུང་ཡོདཔ་ཨིན་ནའི་སྐོར་ལས་ ཤེས་མ་ཚུགསཔ་ཨིན་པས།ཨིན་རུང་ མི་ཚུ་གིས་ མེ་རྐྱེན་དེ་ མེ་རླུང་རྒྱ་རྫི་དང་ ཏམ་ཁུ་འཚིག་རོ་ ཤ་བསྲེག་མེ་རྫས་ ས་འོག་མེ་རླུང་དུང་ཅུང་ལ་སོགས་པ་ཚུ་ལས་ བྱུང་ཡོད་པའི་ ཁ་ཉེས་ཚུ་ཡང་ བཀལཝ་ཨིན་པས་ཟེར་བཀོད་ནུག།དེ་བཟུམ་མའི་ རང་ལུགས་ཚོང་ཁང་ནང་ སྣ་ཚོགས་ཚོང་ཁང་ གཞན་ཚུ་དང་ཕྱདཔ་ད་ གོང་ཚད་ཁེ་ནི་དེ་གིས་ འཕྲལ་འཕྲལ་སྦེ་ར་ ཚོང་ཉོ་མི་ཚུ་ ལེ་ཤ་སྦེ་ སྤུངས་འཛོམས་འབདཝ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

རྒྱ་པཱན་གྱི་ཨམ་སྲུ་ ཊོ་མི་ཀོ་ ཨི་ཊུ་ཀ་ཟེར་མི་དེ་ སྐྱེས་ལོ་ ༡༡༦ འབད་མི་གྱོངས་ཡོདཔ།

ཨེ་བི་སི། སྤྱི་ཟླ་ ༡ པའི་ཚེས་ ༤ ལུ་ འཛམ་གླིང་ནང་ ལོ་ན་རྒས་ཤོས་ཨིན་མི་ རྒྱ་པཱན་གྱི་ཨམ་སྲུ་ ཊོ་མི་ཀོ་ ཨི་ཊུ་ཀ་ཟེར་མི་དེ་ སྐྱེས་ལོ་ ༡༡༦ གི་ཐོག་ལུ་ གྱོངས་ཡོདཔ་སྦེ་ མོ་ར་སྡོད་སའི་ཁྲོམ་སྡེ་ ཨ་ཤི་ཡ་ལས་ གསལ་བསྒྲགས་འབད་ཡོདཔ་ཨིན་པས།ཨ་ལོ་ ༤ དང་ དི་བུ་དི་བུམོ་ ༥ ཡོད་མི་ ཨང་རྒས་དེ་ སྤྱི་ཟླ་ ༡༢ པའི་ཚེས་ ༢༩ ལུ་ རྒན་སྐྱོང་ཁྱིམ་ནང་སྦེ་ གྱོངས་ཡོད་པའི་སྐོར་ལས་ ལྷོ་ཕྱོགས་ཁྲོམ་སྡེའི་ ཁྲོམ་དཔོན་གྱིས་ གསལ་བསྒྲགས་འབད་ཡོདཔ་ད་ ཨང་རྒས་ཨི་ཊུ་ཀ་དེ་ སྤྱི་ལོ་ ༢༠༡༩ ལས་ རྒན་སྐྱོང་ཁྱིམ་ནང་ སྤོ་བཤུད་འབད་ནུག།ཨང་རྒས་དེ་ སྤྱི་ལོ་ ༡༩༠༨ སྤྱི་ཟླ་ ༥ པའི་སྤྱི་ཚེས་ ༢༣ ལུ་ ཨ་ཤི་ཡའི་ ཉེ་འདབས་ལུ་ཡོད་མི་ ཨོ་ས་ཀ་ ཚོང་འབྲེལ་ལྟེ་བའི་ནང་ ཡུ་ཨེཛ་ལུ་ ཕོརཌ་མོ་ཌེལ་ཊི་ཟེར་མི་ གསར་བཏོད་མ་འབད་བའི་ ཟླཝ་ […]

World News

ཛམ་བི་ཡ་ལུ་ བཙོན་པ་བཏང་མི་ ཁྲིམས་སྲུང་འགག་སྡེའི་ འགོ་དཔོན་ཅིག་འཛིན་བཟུང་།

སི་ཨེན་ཨེན། ཛམ་བི་ཡ་ལུ་ ཁྲིམས་སྲུང་འགག་སྡེའི་ འགོ་དཔོན་ཅིག་གིས་ སྤྱི་ལོ་གསར་ཚེས་ཀྱི་ དུས་སྟོན་བརྩི་སྲུང་གི་དོན་ལུ་ བཙོན་པ་ཚུ་ བཙོན་ཁང་ནང་ལས་ བཏང་ཡོད་པའི་ དོགས་ཟོན་ཐོག་ལུ་ འགོ་དཔོན་དེ་ འཛིན་བཟུང་འབད་ནུག།དེ་ཡང་ སྤྱི་ཟླ་ ༡ པའི་ཚེས་ ༢ ལུ་ ཛམ་བི་ཡའི་ ཁྲིམས་སྲུང་འགག་སྡེ་གིས་ གནས་ཚུལ་གསར་བཏོན་ཅིག་ནང་ བཀོད་དོ་བཟུམ་འབད་བ་ཅིན་ ཁྲིམས་སྲུང་འགག་པའི་ འགོ་དཔོན་དེ་གིས་ དྲོ་པ་ཁམས་ཅིག་ཁར་ དབང་བཙོང་ཐོག་ལས་ བཙོན་ཤག་གི་ ལྡེ་མིག་ཚུ་ འཕྱོག་བཟུང་འབད་ནུག་ཟེར་ཨིན་པས།དེ་ལས་ ཕོ་སྐྱེས་དང་ ཨམ་སྲུ་གཉིས་ཆ་རའི་ བཙོན་ཤག་གི་ ལྡེ་མིག་ཚུ་ ཕྱེ་ཞིནམ་ལས་ བཙོན་པ་ཚུ་ ཕྱི་ཁར་འགྱོ་ཆོགཔ་སྦེ་ སླབ་པའི་ཤུལ་ལུ་ ཕྱི་ཁར་སོང་ཡོདཔ་ལས་ བཙོན་པ་ ༡༣ ད་ལྟོའི་བར་ན་ཡང་ འཚོལ་མ་ཐོབ་པར་ཡོད་ཟེར་བཀོད་ནུག།མ་གཞི་ ཁྲིམས་སྲུང་འགག་སྡེ་གིས་ ཁྲིམས་ལུགས་ཚུ་ སྲུང་སྐྱོབ་འབད་ནི་གི་ ཁས་བླངས་འབད་ཡོད་རུང་ དབང་ཚད་ལོག་སྤྱོད་དང་ ཁྲིམས་དང་མ་མཐུན་པའི་ བྱ་སྤྱོད་འབད་མི་ཚུ་ལུ་ ཉེས་ཁྲིམས་བཀལ་ནི་ཨིནམ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

ལྷོ་ཀོ་རི་ཡའི་ དབང་འཛིན་ཚུ་གིས་ ཕྱིར་དབྱུངས་འབད་དེ་ཡོད་མི་ སྲིད་འཛིན་ཡུན་སུག་ཡེ་ཨོལ་གྱི་ འཛིན་བཟུང་བཀག་ཆ།

ཨཱལ་ཇ་ཟི་ར། སྤྱི་ཟླ་ ༡ པའི་ཚེས་ ༣ ལུ་ ཕྱིར་དབྱུངས་འབད་དེ་ཡོད་མི་ ལྷོ་ཀོ་རི་ཡའི་ སྲིད་འཛིན་ཡུན་སུག་ཡེ་ཨོལ་དེ་ ངན་ལྷད་ཞིབ་དཔྱད་ཡིག་ཚང་གིས་ འཛིན་བཟུང་འབད་ནི་འབདཝ་ད་ ཡུན་སུག་ཡེ་ཨོལ་གྱི་ ཉེན་སྲུང་སྡེ་ཚན་གྱིས་ ཆུ་ཚོད་ ༡ གི་རིང་ལུ་ བཀག་ཆ་འབད་དེ་ བཞག་ཡོདཔ་ལས་ འཛིན་བཟུང་མ་འབད་བར་ ལུས་ཡོདཔ་ཨིན་པས།དེ་ཡང་ སྲིད་འཛིན་ཡུན་གྱིས་ མདང་ཞག་ དུས་ཡུན་ཐུང་ཀུ་ཅིག་གི་རིང་ལུ་ དྲག་པོའི་སྲིད་གཞུང་བཙུགས་ནི་སྦེ་ གསལ་བསྒྲགས་འབད་ནི་དེ་གིས་ཨིནམ་ད་ ངན་ལྷད་ཞིབ་དཔྱད་ཡིག་ཚང་གི་ འཛིན་བཟུང་བཀའ་རྒྱ་དེ་ ཡུན་གྱི་ཁྱིམ་ནང་གི་ ཉེན་སྲུང་སྡེ་ཚན་གྱིས་ བཀག་ཆ་འབད་ཡོདཔ་ལས་ ཁྱིམ་དེ་ནང་ཡོད་མི་ཚུ་ལུ་ གནོད་སྐྱོན་བཀག་ཐབས་ལུ་ བསྟར་སྤྱོད་མ་འབད་བར་ བཞག་ཡོདཔ་སྦེ་བཤད་ནུག།གལ་སྲིད་ སྲིད་འཛིན་ཡུན་དེ་ འཛིན་བཟུང་འབད་བ་ཅིན་ ལྷོ་ཀོ་རི་ཡའི་ འབྱུང་རབས་ནང་ སྲིད་འཛིན་བཟུང་འབད་མི་ འགོ་དང་པ་ འོང་ནི་ཨིན་པས་ཟེར་ གནས་ཚུལ་ཅིག་ནང་བཀོད་ནུག།ལྡོག་ཕྱོགས་ཚོགས་པ་ ཌེ་མོ་ཀེ་རི་ཊིག་གིས་ སྲིད་འཛིན་ངོ་ཚབ་ ཅོའི་སང་མོག་ལུ་ ཕྱིར་དབྱུངས་འབད་དེ་ཡོད་མི་ སྲིད་འཛིན་ཡུན་གྱི་ ཉེན་སྲུང་ཞབས་ཏོག་ ཆ་མེད་གཏང་དགོཔ་སྦེ་ སླབ་ཡོདཔ་ད་ དེ་ཡང་ ད་ལས་ཕར་ གནས་སྟངས་ཟང་ཟིང་ བཀག་ཐབས་ཀྱི་ འགན་ཁུར་དེ་ […]

Online now: 10 Today: 1866 Total visitors: 15229