ArchiveAboutContact

Category: འཛམ་གླིང་གནས་ཚུལ།

World News

ཡུ་ཀེ་རེན་གྱིས་ ར་ཤི་ཡའི་ ས་སྣུམ་མཛོད་ཁང་ལུ་ གནོད་འཚུབ་བཀལ་ཡོདཔ།

རོའི་ཊརཛ། སྤྱི་ཟླ་ ༣ པའི་ཚེས་ ༢༡ ལུ་ ར་ཤི་ཡའི་ ལུང་ཕྱོགས་དབང་འཛིན་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཀ་རཱཛ་ནོ་དར་ ལུང་ཕྱོགས་ནང་ཡོད་མི་ ས་སྣུམ་མཛོད་ཁང་ཅིག་གུ་ ཡུ་ཀེ་རེན་གྱིས་ མཁའ་དམག་གནམ་གྲུ་ཆུང་བ་ ཌྲཱོན་བཏང་སྟེ་ གནོད་འཚུབ་བཀལ་མི་ལུ་བརྟེན་ཏེ་ མེ་རྐྱེན་བྱུང་ཡོདཔ་ཨིན་པས།དེ་མ་ཚད་ མེ་བསད་ནི་གི་ ལཱ་ཚུ་འབད་བའི་སྐབས་ལུ་ སྣུམ་མཛོད་ ༡ གས་པའི་རྐྱེན་གྱིས་ ས་སྣུམ་ཕྱི་ཁར་ཞལ་མི་ལུ་ཡང་ མེ་བཤེད་དེ་ སྣུམ་མཛོད་གཞན་ཡང་ འཚིགས་སོངཔ་ལས་ མེ་རྐྱེན་དེ་གིས་ ས་ཁོངས་གྲུ་བཞི་ མི་ཊར་ ༡༠,༠༠༠ དེ་ཅིག་ལུ་ ཁྱབ་ཡོདཔ་སྦེ་བཀོད་ནུག།ཀ་རཱཛ་ནོ་དར་ ལུང་ཕྱོགས་ནང་ཡོད་མི་ ས་སྣུམ་མཛོད་ཁང་དེ་ གཡུས་ཚན་ཀབ་ཀཱཛ་ཀ་ཡའི་ ཉེ་འདབས་ལུ་ཨིནམ་ད་ དེ་ཡང་ ར་ཤི་ཡ་གིས་ བེ་ལེག་སཱི་ལུ་ ས་སྣུམ་བཀྲམ་སྤེལ་གྱི་དོན་ལས་ དུང་ཅུང་ཚུ་ མཐུད་འབྲེལ་འབད་དེ་ཡོད་མི་ ས་ཁོངས་ཅིག་ཨིན་པས།ཡུ་ཀེ་རེན་གྱི་ ཁ་ཐུག་ལས་ ས་སྣུམ་མཛོད་ཁང་ལུ་ གནོད་འཚུབ་བཀལ་མི་དེ་ ནུས་ཤུགས་ས་ཁོངས་ཚུ་ནང་ གནོད་འཚུབ་མ་བཀལ་བར་ ཕྱད་མདའ་མཚམས་འཇོག་འབད་ནི་གི་ གྲོས་འཆར་ལས་ འགལ་ཡོདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

ཡུ་ཀེའི་ཧི་ཐོ་རོ་ གནམ་གྲུ་ཐང་དེ་ གནས་སྐབས་ཅིག་ སྒོ་བསྡམས་ཡོདཔ།

ཨེ་བི་སི། སྤྱི་ཟླ་ ༣ པའི་ཚེས་ ༢༡ ལུ་ ཡུ་ཀེའི་གནམ་ཐང་སྦོམ་ཤོས་ ཧི་ཐོ་རོ་དེ་ གློག་མེར་སྐྱོན་ཞུགས་མི་ལུ་བརྟེན་ཏེ་ ནུབ་གཅིག་གི་དོན་ལས་ སྒོ་བསྡམས་བཞག་དགོཔ་བྱུང་ནུག།དེ་ཡང་ གནམ་གྲུ་ཐང་གི་ སྦོ་ལོགས་ཁར་ཡོད་མི་ གློག་མེ་བཀྲམ་སྤེལ་འཕྲུལ་ཆ་ལས་ མེ་འབར་ནི་དེ་གིས་ མཐའ་འཁོར་ལུ་ དུ་པ་གིས་ གང་ཡོདཔ་ལས་ མེ་རྐྱེན་སྲུང་སྐྱོབ་འབད་མི་ཚུ་གིས་ མི་གྲངས་ ༡༥༠ དེ་ཅིག་ ཉེན་སྲུང་དང་ལྡན་པའི་ས་ཁར་ བསྐྱལ་ཡོདཔ་ཨིན་པས།གནམ་ཐང་དེ་ནང་ མེ་རྐྱེན་སྲུང་སྐྱོབ་ཀྱི་ སྣུམ་འཁོར་ ༡༠ དང་ སྲུང་སྐྱོབ་ཀྱི་ ལཱ་འབད་མི་ ༧༠ དེ་ཅིག་གིས་ མེ་བསད་ནི་དང་ ཉེན་སྲུང་གི་ ལཱ་ཚུ་འབད་ཡོདཔ་ད་ དབང་འཛིན་ཚུ་གིས་ ཉེ་འདབས་ཀྱི་ མི་སེར་ཚུ་ལུ་ རང་སོའི་སྒོ་ཅུང་ཚུ་བསྡམས་ཏེ་ ཕྱི་ཁར་མ་འཐོན་པར་ སྡོད་དགོ་པའི་ དྲན་བསྐུལ་ཚུ་ཡང་འབད་ནུག།ཧི་ཐོ་རོ་ གནམ་གྲུ་ཐང་ལུ་ འཕུར་འགྲུལ་འབད་མི་ ཉུང་ཤོས་ར་ གནམ་གྲུ་ ༡༢༠ དེ་ཅིག་ གནམ་གྲུ་ཐང་ནང་ ཆགས་མ་བཅུག་པར་ བཞག་ཡོདཔ་མ་ཚད་ ཕྱི་ནང་ ༢ ལུ་ འཕུར་འགྲུལ་འབད་མི་ […]

World News

སུ་དཱན་གཞུང་གི་ དམག་སྡེ་གིས་ ངོ་རྒོལ་དམག་སྡེ་ལས་ སྲིད་འཛིན་གྱི་ཕོ་བྲང་ ལོག་ལེན་ཡོདཔ།

སི་ཨེན་ཨེན། སུ་དཱན་གྱི་ དྲག་པོའི་དམག་སྡེ་དང་ ངོ་རྒོལ་དམག་སྡེ་ རེ་པིཌ་ས་པོཊ་ཕོརཛ་གི་བར་ན་ དམག་འཁྲུག་ལང་སྟེ་ ལོ་ངོ་ ༢ སོང་ཡོདཔ་ད་ ད་རེས་ དྲག་པོའི་དམག་སྡེ་གིས་ ངོ་རྒོལ་དམག་སྡེ་ལས་ ཁཱར་ཊུམ་ལུ་ཡོད་མི་ སྲིད་འཛིན་གྱི་ ཕོ་བྲང་དེ་ སླར་ལོག་ལེན་ཚུགས་ཡོདཔ་ཨིན་པས།དེ་ཡང་ སྤྱི་ལོ་ ༢༠༢༣ སྤྱི་ཟླ་ ༤ པའི་ནང་ ངོ་རྒོལ་དམག་སྡེ་གིས་ སུ་དཱན་སྲིད་འཛིན་གྱི་ ཕོ་བྲང་དང་སྦྲགས་ཏེ་ རྒྱལ་སའི་ས་ཁོངས་རྒྱ་སྦོམ་སྦེ་ར་ བཙན་དབང་འབད་མི་དེ་ འཕྲལ་ཁམས་ཅིག་ཁར་ གཞུང་གི་དམག་སྡེ་གིས་ མདུན་བསྐྱོད་ཐོག་ལས་ ཕོ་བྲང་ཁ་ཐུག་ལུ་ འཛུལ་ཞུགས་འབད་ནུག།དུས་ཅི་གི་ལོ་ནང་ ངོ་རྒོལ་དམག་སྡེ་གིས་ རྒྱལ་ས་ཁཱར་ཊུམ་དང་ ཉེ་འདབས་ཀྱི་ས་གནས་ ཨོམ་དུར་མཱན་གྱིས་གཙོས་པའི་ སུ་དཱན་ནུབ་ཕྱོགས་ཀྱི་ ས་ཁོངས་ཚུ་ ཁོང་རའི་གཞུང་ཁོངས་སུ་བཙུགས་ཏེ་ རྒྱུན་སྐྱོང་འཐབ་ཡོདཔ་ཨིན་པས།གལ་སྲིད་ གཞུང་གི་དམག་སྡེ་གིས་ རྒྱལ་ས་ཁཱར་ཊུམ་དེ་ དབང་ལེན་འབད་ཚུགས་པ་ཅིན་ སུ་དཱན་དབུས་ཕྱོགས་ཀྱི་ ས་ཁོངས་ཚུ་ཡང་ མགྱོགས་པ་ར་ དབང་ལེན་འབད་ཚུགས་ནི་མས་ཟེར་བཀོད་ནུག།གཞུང་གི་དམག་སྡེ་དང་ ངོ་རྒོལ་དམག་སྡེ་གཉིས་ཆ་རའི་ཁ་ཐུག་ལས་ འཕྲོ་མཐུད་དེ་ར་ ཕྱད་མདའ་རྐྱབ་ནི་ལུ་ ཁས་ལེན་འབད་དེ་ ཞི་བདེའི་གྲོས་གླེང་གི་ བརྩོན་ཤུགས་ཚུ་ སྣང་མེད་བསྐྱུར་ཏེ་ བཞག་ཡོདཔ་ཨིན་པས།ཕྱད་མདའ་དེ་ཡང་ རྒྱལ་ཁབ་ནང་ […]

World News

འཛམ་གླིང་དགའ་སྐྱིད་སྙན་ཞུའི་ནང་ ཕིན་ལེན་དེ་ དགའ་སྐྱིད་ཀྱི་ བརྡ་སྟོན་གནས་ཚད་ ཨང་དང་པ་ཐོན་ཡོདཔ།

ཨཱལ་ཇ་ཟི་ར། འཛམ་གླིང་དགའ་སྐྱིད་སྙན་ཞུ་ ༢༠༢༥ ཅན་མའི་ནང་ བཀོད་དོ་བཟུམ་འབད་བ་ཅིན་ སྲིད་དོན་དང་ མི་སྡེའི་འབྲེལ་ཟིང་ལུ་བརྟེན་ཏེ་ ཡུ་ཨེཛ་གི་ དགའ་སྐྱིད་བརྡ་སྟོན་གནས་ཚད་དེ་ མར་ཉམས་ཡོདཔ་ལས་ ཕིན་ལེན་དང་ ནོར་ཌིག་ལུང་ཕྱོགས་ཀྱི་ རྒྱལ་ཁབ་ཚུ་ གནས་ཚད་མཐོ་ཤོས་ནང་ ཚུད་དེ་ཡོདཔ་ཨིན་པས།དེ་ཡང་ སྤྱི་ཟླ་ ༣ པའི་ཚེས་ ༢༠ ལུ་ ཨོགཛ་ཕོརཌ་གཙུག་ལག་སློབ་སྡེའི་ དལ་ཉམས་ཞིབ་འཚོལ་ལྟེ་བ་གིས་ ག་ལུབ་དང་ འཛམ་གླིང་སྤྱི་ཚོགས་ ཡུན་བརྟན་གོང་འཕེལ་ ཡོངས་འབྲེལ་དང་གཅིག་ཁར་ མཉམ་འབྲེལ་ཐོག་ལས་ སྙན་ཞུ་དཔར་བསྐྲུན་འབད་མི་དེ་གིས་ འཕྲོད་བསྟེན་དང་ དལ་དབང་ སྦྱིན་གཏོང་གི་གནས་ཚད་ ངན་ལྷད་ལ་སོགས་པའི་ ཁྱད་ཆོས་ཚུ་དང་འབྲེལ་ཏེ་ སྤྱིར་བཏང་གི་ དགའ་སྐྱིད་ཚད་འཇལ་འབད་དོ་ཡོདཔ་ད་ དེ་ཡང་ བརྡ་དོན་ཚུ་ རང་སོའི་བརྟག་དཔྱད་ཚུ་ལུ་ གཞི་བརྟེན་ཏེ་ འཛམ་གླིང་རྒྱལ་ཁབ་ ༡༤༧ ལས་ བསྡུ་ལེན་འབད་ནུག།དུས་ཅི་གི་ལོ་ནང་ ཨང་དང་པ་དེ་ འཕྲོ་མཐུད་དེ་ར་ ཕིན་ལེན་ཐོན་ཡོདཔ་ད་ དེ་གི་འོག་ལས་ར་ ཌེན་མཱག་དང་ ཨ་ཡིཛ་ལེན་ སུའི་ཌེན་ ནེ་དར་ལེན་ ཀོཛ་ཊ་རི་ཀ་ ནོར་ཝེ་ ཨིཛ་རེལ་ ལག་ཟེམ་བཱག་ […]

World News

ཨིཛ་རེལ་གྱིས་ པེ་ལིཛ་ཊིན་གྱི་ ག་ཟ་ཁྲོམ་ཁར་ པེ་ལིཛ་ཊིན་གྱི་ མི་སེར་ ༧༠ ལྷགཔ་ཅིག་དམར་བསད།

ཨཱལ་ཇ་ཟི་ར། ཨིཛ་རེལ་གྱིས་ པེ་ལིཛ་ཊིན་གྱི་ ག་ཟ་ཁྲོམ་ཁར་ གནོད་འཚུབ་ཡང་བསྐྱར་ བཀལ་དོ་ཡོད་པའི་ནང་ལས་ སྤྱི་ཟླ་ ༣ པའི་ཚེས་ ༢༠ གི་དྲོ་པར་ གནོད་འཚུབ་ཉིན་གྲངས་ ༣ པའི་ནང་ ག་ཟ་ལྷོ་བྱང་ ༢ ལུ་ རྫས་བམ་ཚུ་བསྐྱུར་ཏེ་ པེ་ལིཛ་ཊིན་གྱི་ མི་སེར་ ༧༠ ལྷགཔ་ཅིག་ དམར་བསད་འབད་ཡོདཔ་མ་ཚད་ གཞན་མི་ལེ་ཤ་ཅིག་ལུ་ཡང་ རྨ་སྐྱོན་ཚུ་ བྱུང་ཡོདཔ་ཨིན་པས།དེ་ཡང་ ཁཱན་ཡུ་ནིཛ་ཟེར་སར་ ཨིཛ་རེལ་གྱིས་ སྡོད་ཁྱིམ་ཚུ་ལུ་ གནོད་འཚུབ་བཀལ་ཏེ་ མི་གྲངས་ ༢༠ དམར་བསད་འབད་ཡོདཔ་ད་ བྱང་ཕྱོགས་ག་ཟ་ལུ་འབད་བ་ཅིན་ སྡོད་ཁྱིམ་དག་པ་ཅིག་ལུ་ར་ གནོད་འཚུབ་ཚུ་བཀལ་ཡོདཔ་ལས་ མི་གྲངས་ ༧ ལུ་ ཤི་རྐྱེན་བྱུང་ནུག།ཨིཛ་རེལ་གཞུང་གིས་ ག་ཟ་ལུ་ ཕྱད་མདའ་དེ་ ཁོང་རའི་དམིགས་གཏད་ཁག་ ༢ ཡོད་མི་དེ་ མ་འགྲུབ་ཚུན་ འཕྲོ་མཐུད་ནི་གི་ ཁས་བླངས་འབད་འབདཝ་བཟུམ་ཅིག་འདུག་ཟེར་ཨིནམ་ད་ དེ་ཡང་ དམིགས་གཏད་དང་པ་དེ་ ཧ་མཱཛ་གིས་ འཛིན་བཟུང་འབད་དེ་ཡོད་མི་ཚུ་ ལོག་གཏང་དགོཔ་སྦེ་ཨིན་མི་དེ་ ཧ་ལམ་གྲུབ་ཡོད་རུང་ དམིགས་གཏད་ […]

World News

ཡུ་ཨེཛ་གི་ སྲིད་འཛིན་དང་ ཡུ་ཀེ་རེན་གྱི་ སྲིད་འཛིན་ ༢ ཀྱི་བར་ན་ ཕྱད་མདའ་མཇུག་ནི་སྦེ་ ཁས་ལེན་འབད་ཡོདཔ།

རོའི་ཊརཛ། སྤྱི་ཟླ་ ༣ པའི་ཚེས་ ༡༩ ལུ་ ཡུ་ཨེཛ་གི་སྲིད་འཛིན་ ཌོ་ནཱལ་ཊམ་དང་ ཡུ་ཀེ་རེན་གྱི་སྲིད་འཛིན་ ཝོ་ལོ་ཌི་མིར་ ཛེ་ལེནཛ་ཀི་ ༢ ཀྱི་བར་ན་ བརྒྱུད་འཕྲིན་ཐོག་ལས་ ཆུ་ཚོད་ ༡ གི་རིང་ གསུང་གྲོས་གནང་པའི་སྐབས་ལུ་ ར་ཤི་ཡ་དང་ ཡུ་ཀེ་རེན་གྱི་ ཕྱད་མདའ་དེ་ མཇུག་བསྡུ་ནི་ལུ་ ཞལ་འཆམ་བྱུང་ནུག།དེ་ཡང་ སྤྱི་ཟླ་ ༢ པའི་ཚེས་ ༢༨ ལུ་ ཡུ་ཨེཛ་དང་ ཡུ་ཀེ་རེན་གྱི་ སྲིད་འཛིན་ ༢ ཀྱི་བར་ན་ མ་འགྲིགསཔ་ཐོན་པའི་ཤུལ་ལས་ ད་རེས་ འགོ་དང་པ་ བརྒྱུད་འཕྲིན་ཐོག་ལས་ འབྲེལ་བ་འཐབ་ཡོདཔ་ཨིན་པས།དེ་བསྒང་ སྲིད་འཛིན་ཛེ་ལེནཛ་ཀི་གིས་ སྲིད་འཛིན་ཊམ་ལུ་ ཡུ་ཨེཛ་གིས་ རྒྱབ་སྐྱོར་འབད་མི་ལུ་ བཀའ་དྲིན་དགའ་ཚོར་ཡོད་ལུགས་ བཤད་ཡོདཔ་མ་ཚད་ དབུ་ཁྲིད་ ༢ ཀྱི་བར་ན་ ཞལ་འཆམ་བྱུང་མི་དང་འཁྲིལཝ་ད་ རྒྱལ་ཁབ་རང་སོ་ལས་ ཁྱད་རིག་སྡེ་ཚན་རེ་ སའུ་དི་ཨ་ར་བི་ཡ་ལུ་ ཕྱད་ནི་སྦེ་བཞག་ནུག།དེ་མ་ཚད་ ར་ཤི་ཡ་ལས་ སྲུང་སྐྱོབ་འབད་ཐབས་ལུ་ མཁའ་དབྱིངས་སྲུང་སྐྱོབ་ […]

World News

བེང་ཀོག་ལུ་ ས་ཁ་ལས་འཐུ་སྟེ་ བཟོ་བསྐྲུན་འབད་བའི་བསྒང་ཡོད་མི་ འཁོར་ལམ་བརྡིབས་རྐྱེན།

ཨེ་བི་སི། སྤྱི་ཟླ་ ༣ པའི་ཚེས་ ༡༥ ལུ་ མཐའ་ཡས་ལེན་གྱི་རྒྱལ་ས་ བེང་ཀོག་ལུ་ ས་ཁ་ལས་འཐུ་སྟེ་ བཟོ་བསྐྲུན་འབད་བའི་བསྒང་ཡོད་མི་ འཁོར་ལམ་དེ་ བརྡིབས་འགྱོ་བའི་ རྐྱེན་ངན་ནང་ མི་ ༥ ལུ་ ཤི་རྐྱེན་དང་ ༢༤ ལུ་ རྨ་སྐྱོན་བྱུང་ནུག།སྐྱེལ་འདྲེན་བློན་པོ་ སུ་རི་ཡ་ཇུང་རུང་ གེ་རེང་ཀིཏ་གིས་ བཤད་དོ་བཟུམ་འབད་བ་ཅིན་ རྐྱེན་ངན་དེ་ནང་ གྱོང་རྒུད་ཕོག་མི་ཚུ་ལུ་ འབྲེལ་ཡོད་ཁག་འབགཔ་དང་ ལས་སྡེ་ཚུ་གིས་ རྒུད་འཐུས་ཚུ་ སྤྲོད་དགོཔ་སྦེ་ཨིནམ་ད་ ཤི་རྐྱེན་བྱུང་མི་ཚུ་ཡང་ ལས་མི་ ༤ དང་ བཟོ་རིག་འགོ་དཔོན་ ༡ ཨིན་པས།མཐའ་ཡས་ལེན་ མགྱོགས་ལམ་དབང་འཛིན་གྱིས་ འཁོར་ལམ་རིང་ཚད་ ཀི་ལོ་མི་ཊར་ ༥ དེ་ཅིག་ ས་ཁ་ལས་འཐུ་སྟེ་ བཟོ་བསྐྲུན་གྱི་ ལཱ་འབད་ནི་དེ་ སྤྱི་ལོ་ ༢༠༢༢ ལས་ འགོ་བཙུགས་ཡོདཔ་སྦེ་ ཡོངས་འབྲེལ་ནང་བཀོད་ནུག།ལས་སྡེའི་སྤྱི་འཛིན་ སུ་ར་ཅེད་ ལའོ་ཕུལ་སུག་གིས་ འཁོར་ལམ་བརྡིབས་འགྱོ་མིའི་ རགས་རོ་ཚུ་ ག་དེ་མགྱོགས་མགྱོགས་ བསལ་ཐབས་འབད་དོ་ཟེར་ཨིན་རུང་ […]

World News

སྲིད་འཛིན་པུ་ཊིན་གྱིས་ ཡུ་ཀེ་རེན་གྱི་ ཁ་ཐུག་ལས་ ཕམ་ཁ་ལེན་དགོ་པའི་ནན་སྐུལ།

ཨེ་བི་སི། ཡུ་ཨེཛ་གི་སྲིད་འཛིན་ ཌོ་ནཱལ་ཊཱམ་གྱིས་ ར་ཤི་ཡའི་སྲིད་འཛིན་ ཝཱལ་ཌི་མིར་ པུ་ཊིན་ལུ་ ཡུ་ཀེ་རེན་དང་གཅིག་ཁར་ ཕྱད་མདའ་མཚམས་འཇོག་གི་སྐོར་ལས་ གསུང་གྲོས་གནང་པའི་ཤུལ་ལུ་ ར་ཤི་ཡ་གིས་ ཡུ་ཀེ་རེན་གྱི་ དམག་མི་ཚུ་གི་ ཚེ་སྲོག་ལུ་ གནོདཔ་མ་བཀལ་ཟེར་ ནན་སྐུལ་འབད་བའི་ལན་ལུ་ པུ་ཊིན་གྱིས་ ཡུ་ཀེ་རེན་གྱི་ ཁ་ཐུག་ལས་ ཕམ་ཁ་ལེན་དགོཔ་སྦེ་ བཤད་ཡོདཔ་ཨིན་པས།དེ་ཡང་ སྤྱི་ཟླ་ ༣ པའི་ཚེས་ ༡༣ ལུ་ ཕྱད་མདའ་མཚམས་འཇོག་གི་ གསུང་གྲོས་དེ་ ག་ནི་བ་ཡང་ ལེགས་ཤོམ་དང་ གྲུབ་འབྲས་ཅན་ཅིག་སྦེ་ སོང་ཡི་ཟེར་ཨིནམ་ད་ དམར་བསད་ལུ་བརྟེན་པའི་ ཕྱད་མདའ་འདྲོག་སི་སི་དེ་ མཇུག་བསྡུ་གཏང་ནི་ལུ་ གོ་སྐབས་ལེགས་ཤོམ་ཅིག་ཡང་ཨིན་པས་ཟེར་བཀོད་ནུག།ཨིན་རུང་ ཡུ་ཀེ་རེན་གྱི་ དམག་མི་སྟོང་ཕྲག་ལས་བཅད་མི་ཚུ་ ར་ཤི་ཡའི་ དམག་མི་ཚུ་གིས་ མཐའ་བསྐོར་ཏེ་ཡོདཔ་ལས་ གནས་སྟངས་དེ་ ག་ནི་བ་ཡང་ ཉེན་ཁ་ཅན་ཅིག་ལུ་ གྱུར་ཏེ་ཡོད་ཟེར་ཨིན་པས།.སྲིད་འཛིན་ཊཱམགྱིས་ སྲིད་འཛིན་པུ་ཊིན་ལུ་ དེ་སྦེ་ ཚེ་སྲོག་ལུ་ གནོདཔ་བཀལ་མི་དེ་ འཛམ་གླིང་དམག་ཆེན་ ༢ པ་ལས་ལྷག་སྟེ་ དམར་བསད་ཀྱི་གྲངས་སུ་ ཚུད་ནི་ཨིན་པའི་སྐོར་ལས་ སླབ་ཡོདཔ་སྦེ་ བཤདཔ་ཨིན་པས་ཟེར་ […]

World News

ཀེ་ན་ཌའི་ བློན་ཆེན་གསརཔ་བསྐོ་བཞག།

ཨཱལ་ཇ་ཟི་ར། སྤྱི་ཟླ་ ༣ པའི་ཚེས་ ༡༤ ལུ་ ཀེ་ན་ཌའི་བློན་ཆེན་ ཇཱཛ་ཊིན་ཊུ་ཌོ་གི་ གནས་ཡུན་ལོ་ངོ་ ༡༠ ཚང་སོངཔ་ལས་ མཱག་ཀར་ནེ་ཟེར་མི་དེ་ བློན་ཆེན་གསརཔ་སྦེ་ བསྐོ་བཞག་འབད་ཡོདཔ་ཨིན་པས།སྐྱེས་ལོ་ ༥༩ འབད་མི་ བློན་ཆེན་གསརཔ་དེ་ དངུལ་ཁང་ལག་ལེན་པ་ཅིག་ཨིནམ་ད་ ཁོ་གིས་ ལྷན་རྒྱས་གཞུང་ཚོགས་ཀྱི་ འཐུས་མི་ཚུ་ ངོས་འཛིན་གྲུབ་པའི་སྐབས་ལུ་ ཡུ་ཨེཛ་གིས་ ཁྲལ་ཡར་སེང་ཚུ་གི་ གདོང་ལེན་ཚུ་ ཀེ་ན་ཌའི་དོན་ལུ་ གཙོ་བོར་བཟུང་ནི་ཨིན་པའི་ ཁས་ལེན་འབད་ནུག།ཀེ་ན་ཌའི་ རྒྱལ་ཁམས་ཀྱི་ དབུ་ཁྲིད་དེ་ བི་རི་ཊེན་གྱི་ རྒྱལཔོ་ཅཱར་ལིས་ཨིནམ་ད་ ཀེ་ན་ཌའི་ བློན་ཆེན་གསརཔ་ བསྐོ་བཞག་སྐབས་ལུ་ ཡོངས་ཁྱབ་སྤྱི་འཛིན་ མེ་རི་སི་མཱོན་གྱིས་ རྒྱལཔོ་ཅཱར་ལིཛ་གི་ སྐུ་ཚབ་སྦེ་ ཨོ་ཊ་ཝ་ལུ་ བློན་ཆེན་གསར་བསྐོའི་ རྟེད་འབྲེལ་བརྩི་སྲུང་འབད་ཡོདཔ་ཨིན་པས།ཧེ་མའི་བློན་ཆེན་སྐབས་ལུ་ ལྷན་རྒྱས་གཞུང་ཚོགས་ནང་ འཐུས་མི་ ༣༠ ལྷགཔ་ཅིག་ཡོད་ས་ལས་ བློན་ཆེན་གསརཔ་གིས་ ༢༤ གུ་ ཕབ་ཡོདཔ་ད་ འཐུས་མིའི་གྲས་ཁར་ འཐུས་མི་གསར་རྙིང་ཚུ་ བླ་བསྲེས་སྦེ་ཡོད་རུང་ ཧེ་མའི་འཐུས་མི་ ལ་ལོ་ཅིག་ལུ་ […]

World News

ཨིཛ་རེལ་གྱིས་ ག་ཟའི་མི་རིགས་ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ཁ་ཉེས།

རོའི་ཊརཛ། འཛམ་གླིང་སྤྱི་ཚོགས་ཀྱི་ མཁས་མཆོག་ཚུ་གིས་ ཨིཛ་རེལ་དང་ ཧ་མཱཛ་གི་བར་ན་ ཕྱད་མདའ་རྐྱབ་པའི་སྐབས་ལུ་ ཨིཛ་རེལ་གྱིས་ ག་ཟ་ཁྲོམ་ཚོགས་ནང་ཡོད་མི་ པེ་ལིཛ་ཊིན་གྱི་ ཨམ་སྲུའི་གསོ་བའི་མཐུན་རྐྱེན་ཚུ་ རིམ་པ་བཞིན་དུ་ མེདཔ་བཏང་སྟེ་ ཕྱད་མདའི་ཐབས་བྱུས་སྦེ་ དབང་བཙོང་འདོད་སྤྱོད་ཚུ་ ལག་ལེན་འཐབ་ཡོད་པའི་ ཁ་ཉེས་བཀལ་ཡོདཔ་ཨིན་པས།ཨིན་རུང་ ཨིཛ་རེལ་གྱི་བློན་ཆེན་ བེན་ཇ་མིན་ ནེ་ཏ་ནི་ཡ་ཧུ་གིས་ དེ་བཟུམ་མའི་ སྙན་ཞུ་དེ་ ཕྱོགས་རིས་ཅན་ཅིག་ཨིནམ་སྦེ་ ངོས་ལེན་འབད་མ་བཏུབ་པར་ཡོདཔ་ད་ ཁོ་གིས་འབད་བ་ཅིན་ སྙན་ཞུ་དེ་ནང་ ཧ་མཱཛ་དྲག་ཐོག་དབང་བཙོང་དམག་སྡེ་གིས་ འགྲོ་བ་མིའི་རྒྱབ་འགལ་ལུ་ གནོད་འགེལ་ལག་ལེན་ཚུ་དང་ ཕྱད་མདའི་གནོད་འགེལ་ཚུ་ལུ་ གཙོ་བོར་མ་བཟུང་པར་ ཨིཛ་རེལ་ལུ་ རྫུན་བཟོའི་ཁ་ཉེས་ཚུ་ བཀལཝ་ཨིན་པས་ཟེར་བཤད་ནུག།འཛམ་གླིང་སྤྱི་ཚོགས་ རྒྱལ་སྤྱིའི་རང་དབང་ལྷན་ཚོགས་ཀྱིས་ ཨིཛ་རེལ་གྱི་ དབང་འཛིན་ཚུ་གིས་ ག་ཟ་ཁྲོམ་ཚོགས་ལུ་ཡོད་མི་ པེ་ལིཛ་ཊིན་མི་རིགས་ཀྱི་ རིགས་བརྒྱུད་སྤེལ་ཐབས་ཀྱི་ ལྕོགས་གྲུབ་ཚུ་ མེདཔ་བཏང་ཡོད་མི་དེ་ཡང་ སྐྱེ་རྒྱུན་འཕྲོ་བཅད་ཀྱི་ ཐབས་ལམ་ཚུ་ ལག་ལེན་འཐབ་མི་དེ་ རིགས་བརྒྱུད་རྩ་མེད་ གཏང་ཐབས་ཀྱི་གྲངས་སུ་ཚུདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

Online now: 12 Today: 1539 Total visitors: 14902