ArchiveAboutContact

Category: འཛམ་གླིང་གནས་ཚུལ།

World News

རྒྱ་ནག་གི་ ཅ་ཆས་ལུ་ ཡུ་ཨེཛ་གིས་ ཁྲལ་ཡར་སེང་འབད་མི་དེ་གིས་ ཡུ་ཨེཛཁོང་རའི་ ལས་སྡེ་ཚུ་ལུ་གྱོང་རྒུད།

བི་བི་སི། ཡུ་ཨེཛ་གི་སྲིད་འཛིན་ ཌོ་ནཱལ་ཊཱམ་གྱིས་ རྒྱ་ནག་ལས་ ནང་འདྲེན་འབད་མི་ ཅ་ཆས་ཚུ་ལུ་ ཁྲལ་བརྒྱ་ཆ་ ༢༥ རེ་ ཡར་སེང་འབད་མི་དེ་གིས་ འཕྲུལ་རིག་གློག་ཐག་དང་ ཡན་ལག་ཅ་ཆས་ཚུ་ ནང་འདྲེན་འབད་ནི་དེ་ གནས་གོང་མཐོ་དྲགས་ཅིག་ལུ་ གྱུར་ཏེ་ཡོདཔ་ལས་ འཕྲུལ་རིག་ཚོང་སྡེ་ཚུ་ མ་རྩ་རྩ་སྟོང་ ཐལ་ནི་བཟུམ་ཅིག་ཡོདཔ་སྦེ་བཀོད་ནུག།དེ་ཡང་ སྲིད་འཛིན་ཊཱམ་གྱིས་ ཡུ་ཨེཛ་ལུ་ ཕྱིར་ཚོང་འཐབ་མི་ རྒྱལ་ཁབ་ཚུ་གིས་ ཁྲིམས་འགལ་ཐོག་ལས་ སྨྱོ་རྫས་ཚུ་ སྐྱེལ་འདྲེན་འབད་ནི་དང་ ཕྱི་མི་ནང་བསྐྱོད་འབད་ནི་ཚུ་ བཀག་ཐབས་ལུ་ཨིནམ་སྦེ་ གསུངས་ཡོདཔ་མ་ཚད་ དེ་བཟུམ་མའི་ སྲིད་བྱུས་དེ་གིས་ ཡུ་ཨེཛ་ལུ་ བཟོ་སྐྲུན་གྱི་ལཱ་ཚུ་ སྔར་བ་ལྷགཔ་སྦེ་ གོང་འཕེལ་གཏང་སྟེ་ ཕྱི་ནང་སྤྲོད་ལེན་ གོ་སྙོམས་བཟོ་ཐབས་ལུ་ཨིནམ་སྦེ་ཡང་ གསུངས་ཡོདཔ་ཨིན་པས།ཨིན་རུང་ ཧེ་མ་འབད་བ་ཅིན་ དེ་བཟུམ་མའི་ ཁྲལ་ཡར་སེང་ཚུ་ རིམ་པ་བཞིན་དུ་སྦེ་ ཡར་སེང་འབདཝ་ཨིན་རུང་ ད་རེས་ ཤོ་ཐེངས་ཅིག་ལུ་ར་ ཡར་སེང་སྦོམ་འབད་ཡོདཔ་ལས་ འགྲུལ་འཕྲིན་དང་ གློག་རིག་ཀམ་པིའུ་ཊར་ ལག་ཐོག་གློག་རིག་ཚུ་གི་ ཁྲལ་ཡར་སེང་ལས་ཡང་ལྷག་སྟེ་ ཅ་ཆས་གཞན་ཚུ་ལུ་ ཕོག་དོ་ཡོདཔ་སྦེ་བཀོད་ནུག།བྱང་ཨ་མི་རི་ཀའི་ ཉེས་སྤྱོད་འཕྲུལ་རིག་ཚོགས་པའི་ སྲིད་འཛིན་འོགམ་ ཨེཌ་བིར་ཛིད་ཝ་གིས་ ཁྲལ་ཡར་སེང་དེ་ཚུ་ […]

World News

ཡུ་ཨེཛ་གིས་ ལྕགས་དང་ ཧ་ཡངས་ནང་འདྲེན་ལུ་ ཁྲལ་ཡར་སེང་།

ཨཱལ་ཇ་ཟི་ར། ཡུ་ཨེཛ་ལུ་ ལྕགས་དང་ ཧ་ཡངས་ལུ་ ནང་འདྲེན་གྱི་ཁྲལ་ཚུ་ ཡར་སེང་འབད་མི་དེ་གིས་ རྒྱལ་སྤྱིའི་གནས་རིམ་ནང་ ཡུ་ཨེཛ་གི་སྲིད་འཛིན་ ཌོ་ནཱལ་ཊཱམ་གྱིས་ འགོ་བཙུགས་མི་ ཚོང་འབྲེལ་གྱི་འབྱེལཝ་དེ་ ཧེང་སྐལ་ར་ ཡར་སེང་འགྱོ་དོ་ཡོདཔ་ཨིན་པས།ཁྲལ་ཡར་སེང་དེ་ཡང་ སྤྱི་ཟླ་ ༣ པའི་ཚེས་ ༡༢ ལས་ བརྒྱ་ཆ་ ༢༥ རེ་ ཆ་གནས་འབད་ཡོདཔ་ད་ ཁྲལ་ཡར་སེང་དེ་ལུ་ དམིགས་བསལ་གྱི་ ཡངས་ཆག་ཟེརཝ་ ག་ནི་ཡང་མེདཔ་ལས་ ཚོང་འབྲེལ་མཉམ་རོགས་གཞན་ཚུ་གིས་ཡང་ ཡུ་ཨེཛ་གི་ ཁྲལ་ཡར་སེང་གི་ གདོང་ལན་ཚུ་ ངོས་ལེན་འབད་ནི་ཨིན་པའི་སྐོར་ལས་ དེ་འཕྲལ་ལས་ གསལ་བསྒྲགས་འབད་ནུག།ཀེ་ན་ཌ་དང་ མེག་སི་ཀོ་ རྒྱ་ནག་ཚུ་གི་དོན་ལས་ ཁྲལ་རིགས་ལོགས་སུ་ བཀོད་དེ་ཡོད་མིའི་ གདོང་ལན་ལུ་ ཡུ་རོབ་རྒྱལ་ཁབ་ཚོགས་པ་དང་ བ་ར་ཛིལ་ ལྷོ་ཀོ་རི་ཡ་ཚུ་གིས་ཡང་ སྤྱི་ཟླ་ ༤ པའི་ཚེས་ ༢ ལས་ ནང་འདྲེན་གྱི་ཁྲལ་ཚུ་ ཡར་སེང་འབད་ནི་ཨིན་པས།ཌོ་ནཱལ་ཊམ་གྱིས་འབད་བ་ཅིན་ དེ་བཟུམ་མའི་ ཁྲལ་ཡར་སེང་དེ་གིས་ ཡུ་ཨེཛ་གི་ ལྕགས་རིགས་ལས་སྡེ་དང་ ལཱ་གཡོག་བཟོ་ཐབས་ལུ་ ཕན་ཐོགས་ཡོད་ལུགས བཤདཔ་ཨིན་རུང་ […]

World News

པ་ཀིཛ་ཏཱན་ལུ་ ངོ་རྒོལ་སྡེ་ཚན་གྱིས་ རེ་ལི་བཙན་ཁྲིད།

ཨཱལ་ཇ་ཟི་ར། སྤྱི་ཟླ་ ༣ པའི་ཚེས་ ༡༡ ལུ་ པ་ཀིཛ་ཏཱན་གྱི་ ས་གནས་ཀུ་ཡེ་ཊ་ལས་ པེ་ཤ་ཝ་ར་ལུ་ འགྲུལ་བསྐྱོད་འབད་མི་ རེ་ལི་ཅིག་ ངོ་རྒོལ་སྡེ་ཚན་ཅིག་གིས་ བཙན་ཁྲིད་འབད་མིའི་ནང་ལས་ པ་ཀིཛ་ཏཱན་གྱི་ སྲུང་སྐྱོབ་དམག་སྡེ་གིས་ འགྲུལ་པ་ ༡༢༧ སྲོག་སྐྱབས་འབད་ཡོདཔ་ད་ རེ་ལི་ཇ་ཕཱར་ཨེགཛ་པེ་རེཛ་དེ་ སི་བི་ཁྲོམ་ཁར་ཡོད་མི་ ས་དོང་ནང་གི་ རེ་ལི་ལམ་བདའ་སྟེ་ འགྲུལ་བསྐྱོད་འབད་བའི་སྐབས་ལུ་ བཙན་ཁྲིད་འབད་ནུག།དེ་ཡང་ བ་ལོ་ཀིཛ་ཏཱན་ ལི་བ་རེ་ཤཱན་ ཨར་མི་ཟེར་མི་ ངོ་རྒོལ་སྡེ་ཚན་གྱིས་ རེ་ལི་བཙན་ཁྲིད་འབད་ཡོདཔ་སྦེ་ ཁ་བཟེད་ཡོདཔ་ད་ སྡེ་ཚན་དེ་གིས་ བ་ལོ་ཀིཛ་ཏཱན་མངའ་སྡེ་དེ་ པ་ཀིཛ་ཏཱན་གྱི་ མངའ་འོག་ལས་ གཏང་དགོ་པའི་ ཐོབ་བརྗོད་བཀོད་དེ་ ངོ་རྒོལ་འབད་དོ་ཡོདཔ་ཨིན་པས།གནད་དོན་དེ་གི་སྐོར་ལས་ པ་ཀིཛ་ཏཱན་གྱི་ འགོ་དཔོན་ཚུ་གིས་ ངོ་རྒོལ་སྡེ་ཚན་དེ་གི་ རྒྱབ་འགལ་ལུ་ བརྩོན་ཤུགས་ཚུ་ཡང་ མགུ་རྙོག་དྲགས་སྦེ་ ཐལ་ཏེ་ཡོད་ཟེར་ཨིནམ་ད་ སྲུང་སྐྱོབ་འགོ་དཔོན་ཚུ་གིས་ གསང་བའི་ཐོག་ལས་ ངོ་རྒོལ་དམག་མི་ ༢༧ དམར་བསད་འབད་ཡོདཔ་སྦེ་བཤད་ནུག།བྱེལཝ་དེ་ནང་ རེ་ལིའི་དེད་གཡོགཔ་གིས་གཙོས་པའི་ ཉུང་ཤོས་ར་ འགྲུལ་པ་ ༡༠ དེ་ཅིག་ལུ་ ཤི་རྐྱེན་བྱུང་ཡོདཔ་ད་ […]

World News

ཡུ་ཀེ་རེན་གྱིས་ ཕྱད་མདའ་མཚམས་འཇོག་ལུ་ ངོས་ལེན་ཡོདཔ་ལས་ ཡུ་ཨེཛ་གིས་ དམག་སྡེའི་རྒྱབ་སྐྱོར་ འཕྲོ་མཐུད་འབད་ནི།

རོའི་ཊརཛ། སྤྱི་ཟླ་ ༣ པའི་ཚེས་ ༡༡ ལུ་ ཡུ་ཨེཛ་དང་ ཡུ་ཀེ་རེན་གྱི་ མཉམ་འབྲེལ་གསལ་བཤད་ཅིག་ནང་ བཀོད་དོ་བཟུམ་འབད་བ་ཅིན་ ཡུ་ཨེཛ་གིས་ ར་ཤི་ཡ་དང་ ཡུ་ཀེ་རེན་གྱི་བར་ན་ ཉིན་གྲངས་ ༣༠ གི་རིང་ལུ་ ཕྱད་མདའ་མཚམས་འཇོག་འབད་དགོ་པའི་ གྲོས་འཆར་བཀོད་མི་དེ་ལུ་ ཡུ་ཀེ་རེན་གྱི་ ཁ་ཐུག་ལས་ ངོས་ལེན་གྲུབ་པ་ལུ་བརྟེན་ཏེ་ ཡུ་ཨེཛ་གིས་ ཡུ་ཀེ་རེན་ལུ་ དམག་སྡེའི་གྲོགས་རམ་ འཕྲོ་མཐུད་བྱིན་ནི་སྦེ་ ཞལ་འཆམ་བྱུང་ཡི་ཟེར་ཨིན་པས།དེ་ཡང་ སའུ་དི་ཨ་ར་བི་ཡའི་ས་གནས་ ཇེ་ད་ལུ་ ཡུ་ཀེ་རེན་གྱི་འགོ་དཔོན་ཚུ་དང་གཅིག་ཁར་ དུས་ཡུན་ཆུ་ཚོད་ ༨ ལྷགཔ་ཅིག་གི་རིང་ལུ་ གསུང་གྲོས་གནང་པའི་ཤུལ་ལས་ ཡུ་ཨེཛ་གི་ རྒྱལ་ཁམས་དྲུན་ཆེན་ མར་ཀོ་ རུ་བི་ཡོ་གིས་ གྲོས་འཆར་དེ་ ར་ཤི་ཡ་གིས་ཡང་ ངོས་ལེན་འབད་བའི་ རེ་བ་ཡོད་ཟེར་བཤད་ནུག།ར་ཤི་ཡའི་ ཁ་ཐུག་ལས་ གྲོས་འཆར་དེ་ ངོས་ལེན་འབད་བའི་ཤུལ་ལས་ འགྲིག་ཆ་ངོ་མ་དེ་ འགོ་བཙུགས་ནི་ཨིནམ་ལས་ རྒྱལ་ཁབ་གཉིས་ཆ་རའི་ཧོངས་ལས་ ངོས་ལེན་གྲུབེ་པའི་ རེ་བ་ཡོད་ཟེར་ཨིནམ་ད་ དེ་མིན་ ཕྱད་མདའ་འཕྲོ་མཐུད་ལུ་བརྟེན་ཏེ་ རྒྱལ་ཁབ་གཉིས་ཆ་རའི་ མི་སེར་ཚུ་ལུ་ ཉིན་བསྟར་བཞིན་དུ་ ཤི་རྐྱེན་དང་ […]

World News

སི་རི་ཡའི་ སྲུང་སྐྱོབ་དམག་མི་དང་ ངོ་རྒོལ་སྡེ་ཚན་གསརཔ་ ཨ་ལ་ཝ་ཡིཊ་གི་བར་ན་ ཕྱད་མདའ་རྐྱབ་མིའི་ནང་ མི་ལེ་ཤ་ཅིག་དམར་བསད། 

རོའི་ཊརཛ། སྤྱི་ཟླ་ ༣ པའི་ཚེས་ ༨ ལུ་ སི་རི་ཡའི་ རྒྱལ་ཁབ་ནང་ བ་ཤར་ཨཱལ་ཨ་སཱད་ ཨ་ལ་ཝ་ཡིཊ་ཟེར་མི་ ངོ་རྒོལ་སྡེ་ཚན་གསརཔ་ཅིག་ ཐོན་མི་དང་གཅིག་ཁར་ སི་རི་ཡའི་ སྲུང་སྐྱོབ་དམག་མི་ཚུ་གིས་ ཕྱད་མདའ་རྐྱབ་སྟེ་ ཉིན་གྲངས་ ༣ སོང་ནུག། ཕྱད་མདའ་དེ་ནང་ སྲུང་སྐྱོབ་དམག་མི་ཚུ་གིས་ མི་ལེ་ཤ་ཅིག་ དམར་བསད་འབད་ཡོདཔ་ལས་ སི་རི་ཡ་འི་ འགྲོ་བ་མིའི་ཐོབ་དབང་ བལྟ་རྟོག་སྡེ་ཚན་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ ཉིན་གྲངས་ ༢ ཀྱི་ ནང་འཁོད་ལུ་ར་ སི་རི་ཡའི་ ནུབ་ཕྱོགས་མཚོ་འགྲམ་ལུ་སྡོད་མི་ ཨ་ལ་ཝ་ཡིཊ་མི་རིགས་ནང་ལས་ མི་གྲངས་ ༡༨༠ ལྷགཔ་ཅིག་ དམར་བསད་འབད་ནུག་ཟེར་ཨིན་པས།  སྤྱི་ཟླ་ ༣ པའི་ཚེས་ ༧ ལུ་ དེ་སྦེ་ དམར་བསད་འབད་མིའི་གྲས་ཁར་ མི་གྲངས་ ༢༤ དེ་ཅིག་ ཕོ་སྐྱེས་ཚུ་ཨིནམ་ད་ དེ་ཡང་ ཨཱལ་མུག་ཏ་རེ་ཡ་ཟེར་མི་ ཨ་ལ་ཝ་ཡིཊ་གི་ ཁྲོམ་ཚོགས་ནང་ དམར་བསད་འབད་ཡོདཔ་སྦེ་བཀོད་ནུག། གྲོ་བ་མིའི་བལྟ་རྟོག་སྡེ་ཚན་དང་ ཨ་ལ་ཝ་ཡིཊ་ […]

World News

ཨཱཛ་ཊེ་ལི་ཡ་ལུ་ ཆར་རླུང་ཚབས་ཆེན་གྱི་ཉེན་བརྡ།

སི་ཀའི་གནས་ཚུལ། ཨཱཛ་ཊེ་ལི་ཡའི་ ཤར་ཕྱོགས་ཁ་ཐུག་ལུ་ ཚེ་སྲོག་ལུ་ ཉེན་ཁ་ཡོད་པའི་ ཆར་རླུང་ཚབས་ཆེན་ལུ་བརྟེན་ཏེ་ ཆུ་རུད་དང་ ས་རུད་ཚུ་ འཐོན་ནི་བཟུམ་ཡོདཔ་ལས་ མི་སེར་སྟོང་ཕྲག་ལས་བཅད་དེ་ རང་སོའི་སྡོད་ཁྱིམ་ནང་ལས་ ས་གནས་གཞན་ཁར་ སྤོ་བཤུད་འབད་དགོ་པའི་ བཀོད་རྒྱ་གནང་ནུག།དེ་ཡང་ སྔོན་དཔག་འབད་མི་ཚུ་གིས་ རླུང་འཚུབ་ཨཱལ་ཕེཌ་ཟེར་མི་དེ་གིས་ དང་པ་ར་ བི་རིཛ་བཱེན་མངའ་སྡེའི་ བྱང་ཕྱོགས་ལུ་ གནོད་པ་འབྱུང་ནི་བཟུམ་ཡོད་པའི་ བརྡ་དོན་སྤེལ་ཡོདཔ་ཨིན་པས།གནས་སྐབས་ཅིག་ རླུང་འཚུབ་ཀྱི་ ཤུགས་ཚད་དེ་ དུམ་གྲ་ཅིག་ ཉམས་ཡོད་རུང་ ཀུ་ཡིནཛ་ལེན་དང་ ནིའུ་ས་འུཐ་ཝཱེལཛ་ལུ་ གློག་ཐག་ཚུ་ མེདཔ་ཐལ་ཏེ་ སྡོད་ཁྱིམ་ ༢༥༠,༠༠༠ ལྷགཔ་ཅིག་གི་ནང་ གློག་མེ་མེད་པར་ཡོདཔ་སྦེ་བཀོད་ནུག།ད་ཚུན་ ལུང་པའི་མདའ་ལུ་ཡོད་མི་ སྡོད་ཁྱིམ་ཚུ་ལས་ཡང་ མིསེར་ ༡༩,༠༠༠ ལྷགཔ་ཅིག་ ས་གནས་གཞན་ཁར་ བསྐྱལ་ཡོདཔ་ད་ མི་ ༡ གཙང་ཆུ་གིས་འཕྱགས་བདའ་ཡོདཔ་ལས་ འཚོལ་མ་ཐོབ་པར་ཡོད་རུང་ མི་སེར་ ༣༩ དེ་ཅིག་ ཆུ་རུད་ཀྱི་ཉེན་ཁ་ལས་ སྲོག་སྐྱབས་འབད་ཚུགས་ཡོདཔ་ཨིན་པས།དེ་བཟུམ་མའི་ ཆར་རླུང་ཚབས་ཆེན་ལུ་བརྟེན་ཏེ་ མི་མང་སྐྱེལ་འདྲེན་དང་ གནམ་གྲུ་འཕུར་འགྲུལ་ཚུ་ཡང་ མཚམས་འཇོག་འབད་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

རྒྱ་མཚོའི་ནང་ གྲུ་ཆུང་ ༤ ཐིམས་སོངཔ་ལས་ མི་ ༢ ལུ་ ཤི་རྐྱེན་དང་ ༡༨༦ བྱང་སྟོར།

ཨཱལ་ཇ་ཟི་ར། སྤྱི་ཟླ་ ༣ པའི་ཚེས་ ༧ ལུ་ ཡེ་མེན་དང་ ཇི་བུ་ཏི་ལུ་ ཨ་ཕི་རི་ཀ་ལས་ སྐྱབས་བཅོལ་བ་ཚུ་འབག་མི་ གྲུ་ཆུང་ ༤ རྒྱ་མཚོའི་ནང་ ཐིམས་སོངཔ་ལས་ མི་ ༢ ལུ་ ཤི་རྐྱེན་དང་ གཞན་མི་ ༡༨༦ དེ་ཅིག་ བྱང་སྟོར་ཤོར་ནུག་ཟེར་ཨིན་པས།དེ་ཡང་ གྲུ་ཆུང་གི་ དེད་གཡོགཔ་ ༢ སྲོག་སྐྱབས་འབད་རུང་ འགྲུལ་པ་ ༡༨༡ དང་ དེད་གཡོགཔ་ ༥ བྱང་སྟོར་ཤོར་ཡོདཔ་སྦེ་ཨིནམ་ད་ གྲུ་ཆུང་དེ་ཚུའི་ཐོག་ལས་ འགྲུལ་བསྐྱོད་འབད་མི་ཚུ་ཡང་ མང་ཤོས་ཅིག་ར་ ཨི་ཐི་ཡོ་པི་ཡ་ལས་དང་ ཁོང་གི་གྲས་ཁར་ ཉུང་ཤོས་ར་ ཨམ་སྲུ་ ༥༧ ཡོདཔ་བཟུམ་ཅིག་འདུག་ཟེར་བཀོད་ནུག།མ་གཞི་ སྲོག་སྐྱབས་ཀྱི་ ལཱ་ཚུ་འབད་བའི་བསྒང་ཡོད་རུང་ འགྲུལ་པ་ཚུ་ གསོན་པོ་སྦེ་འཐོབ་པར་ ལཱ་ཁག་འོང་ནི་མས་ཟེར་ཨིན་པས།དེ་སྦེ་ ཐུག་རྐྱེན་བྱུང་མི་ གྲུ་ཆུང་ ༤ གི་གྲས་ལས་ གྲུ་ཆུང་ ༢ ཨ་ཕི་རི་ཀའི་རྒྱལ་ཁབ་ ཇི་བུ་ཏི་ཟེར་མིའི་ རྒྱ་མཚོའི་ནང་ […]

World News

ཡུ་རོབ་རྒྱལ་ཁབ་ཚོགས་པའི་ འགོ་ཁྲིད་ཚུ་གིས་ ཡུ་ཀེ་རེན་གྱི་སྲིད་འཛིན་ ཟེ་ལེནཛ་ཀི་ལུ་ སྲུང་སྐྱོབ་ཀྱི་རྒྱབ་སྐྱོར།

རོའི་ཊརཛ། ཡུ་ཨེཛ་གི་སྲིད་འཛིན་ ཌོ་ནཱལ་ཊཱམ་གྱིས་ ཡུ་ཀེ་རེན་ལུ་ དམག་སྡེའི་གྲོགས་རམ་ཚུ་ མཚམས་འཇོག་འབད་བའི་ཤུལ་ལས་ ཡུ་རོབ་གླིང་ཆེན་ནང་ ཡུ་ཨེཛ་གི་སྲུང་སྐྱོབ་ ངེས་པ་མེད་པའི་ ཚ་གྱང་ཐོག་ལས་ སྤྱི་ཟླ་ ༣ པའི་ཚེས་ ༦ ལུ་ ཡུ་རོབ་རྒྱལ་ཁབ་ཁག་གི་ འགོ་ཁྲིདཔ་ཚུ་གིས་ ཐབས་ལམ་ཡར་དྲག་གི་སྒོ་ལས་ ཡུ་ཀེ་རེན་ལུ་ སྲུང་སྐྱོབ་ཀྱི་ ཟད་འགྲོ་དང་ རྒྱབ་སྐྱོར་ཚུ་འབད་ནི་གི་ ཁས་ལེན་མཛད་ནུག། ས་གནས་བར་སེལ་ལུ་ ཡུ་རོབ་རྒྱལ་ཁབ་ཚོགས་པའི་ འཐུས་མི་རྒྱལ་ཁབ་ ༢༧ གྱི་ དབུ་ཁྲིད་ཞལ་འཛོམས་ཅིག་ འཚོགས་པའི་སྐབས་ལུ་ ཡུ་ཀེ་རེན་གྱི་སྲིད་འཛིན་ ཝོ་ལོ་ཌི་མིར་ ཟེ་ལེནཛ་ཀི་གིས་ཡང་ གྲལ་གཏོགས་མཛད་ནི་ཨིནམ་ད་ འཐུས་མི་རྒྱལ་ཁབ་ཚུ་གི་གྲས་ལས་ ཧང་ག་རི་རྒྱལ་ཁབ་ཀྱིས་ ཡུ་ཀེ་རེན་ལུ་ རྒྱབ་སྐྱོར་མེདཔ་ལས་ ཞལ་འཛོམས་སྐབས་ལུ་ གོང་འཁོད་ཁས་ལེན་དང་འབྲེལ་ཏེ་ གཞན་རྒྱལ་ཁབ་ཚུ་དང་ མཉམ་འབྲེལ་འབད་མི་བཏུབ་འོང་མནོ་བའི་ དོགས་པ་ཡོདཔ་ཨིན་པས། ཞལ་འཛོམས་དེ་ཡང་ ད་རེས་ ར་ཤི་ཡ་གིས་ ཡུ་ཀེ་རེན་དང་ ཕྱད་མདའ་རྐྱབ་མི་ལས་ཐོབ་པའི་ བློ་སྤོབས་ལུ་ གཞི་བརྟེན་ཏེ་ ཡུ་རོབ་རྒྱལ་ཁབ་ཚུ་ལུ་ཡང་ གནོད་འཚུབ་བཀལ་སྲིད་ནི་ཨིན་པའི་ཁར་ ཡུ་རོབ་རྒྱལ་ཁབ་ཚུ་ལུ་ ཡུ་ཨེཛ་གིས་ རྒྱབ་སྐྱོར་འབད་མི་འབད་ཡང་ […]

World News

ར་ཤི་ཡའི་ དམག་སྡེ་གིས་ ཡུ་ཀེ་རེན་ལུ་ མི་ཛ་ཡེལ་ཐོག་ལས་ གནོད་འཚུབ་བཀལ་ཡོདཔ།

རོའི་ཊརཛ། སྤྱི་ཟླ་ ༣ པའི་ཚེས་ ༥ གི་ཕྱི་རུ་ ར་ཤི་ཡའི་ མི་ཛ་ཡེལ་གྱིས་ ཡུ་ཀེ་རེན་གྱི་ཁྲོམ་ཚོགས་ ཀིར་ཝི་རི་ཟེར་སར་ བཟའ་ཁང་ཅིག་གུ་ཕོག་སྟེ་ མི་གྲངས་ ༤ དམར་བསད་འབད་བའི་ཁར་ མི་གྲངས་ ༣༡ ལུ་ཡང་ རྨ་སྐྱོན་ཚུ་བྱུང་ནུག།གནད་དོན་དེ་གི་སྐོར་ལས་ ཡུ་ཀེ་རེན་གྱི་སྲིད་འཛིན་ ཝོ་ལོ་ཌི་མིར་ ཟེ་ལེནཛ་ཀི་གིས་འབད་བ་ཅིན་ ར་ཤི་ཡ་གིས་ གནོད་འཚུབ་དེ་ མ་བཀལ་བའི་ སྔ་གོང་ལས་ ཡུ་ཀེ་རེན་དང་ ཡུ་ཨེཛ་ བི་རི་ཌེན་ རྒྱལ་ཁབ་ཚུ་གི་ ཁས་བླངས་ཐོག་ལས་ འགྲོ་བ་མིའི་དོན་ལུ་ ལཱ་འབད་མི་ཚུ་ བཟའ་ཁང་དེ་ནང་ འཛུལ་ཡོད་རུང་ ཁོང་ཆ་ཁྱབ་ ཉེན་སྲུང་གི་ ས་ཁོངས་ནང་ སྤོ་བཤུད་འབད་ཚུགསཔ་ལས་ གནོད་སྐྱོན་ག་ནི་ཡང་ མ་བྱུང་ཟེར་ཨིན་པས།མ་གཞི་ ང་བཅས་ཀྱིས་ ཕྱད་མདའ་མཚམས་འཇོག་འབད་ནི་དང་ ཚེ་སྲོག་ལུ་ གནོད་འཚུབ་བཀལ་ནི་ཚུ་ བཀག་ནིའི་དོན་ལས་ ར་ཤི་ཡ་ལུ་ ཨུ་ཚུགས་བསྐྱེད་དགོ་ཟེར་ཨིནམ་ད་ རྐྱེན་ངན་དེ་ནང་ རྨ་སྐྱོན་བྱུང་མི་ ༡༤ གི་ གནས་སྟངས་དེ་ ཚབས་ཆེན་སྦེ་ར་ཡོདཔ་སྦེ་བཀོད་ནུག།ཡུ་ཀེ་རེན་གྱི་ གློ་བུར་ཞབས་ཏོག་ལས་ཚན་གྱིས་ བཟའ་ཁང་གི་ […]

World News

ལྷོ་ཀོ་རི་ཡ་ལུ་ མཁའ་དམག་གནམ་གྲུ་ཐོག་ལས་ ནོལ་འཁྲུལ་གྱིས་ རྫས་བམ་བཀོག་མིའི་ནང་ མི་བདུན་ལུ་རྨ་སྐྱོན།

བི་བི་སི། སྤྱི་ཟླ་ ༢ པའི་ཚེས་ ༦ ལུ་ ལྷོ་ཀོ་རི་ཡའི་ རྒྱལ་ཁབ་ནང་ མཁའ་དམག་གནམ་གྲུ་ཚུ་གི་ཐོག་ལས་ དམག་སྦྱོང་འབད་བའི་སྐབས་ལུ་ མཁའ་དམག་གནམ་གྲུ་ཅིག་གིས་ ཞི་བའི་མི་སེར་ཚུ་སྡོད་སའི་ མངའ་སྡེའི་ནང་ལུ་ ནོར་འཁྲུལ་གྱི་སྒོ་ལས་ རྫས་བམ་ ༨ བཀོག་ཡོདཔ་ལས་ མི་གྲངས་ ༧ ལུ་ རྨ་སྐྱོན་བྱུང་ནུག།རྐྱེན་ངན་དེ་ཡང་ མཁའ་དམག་གནམ་གྲུ་ ཀེ་ཨེཕ་-༡༦ ཟེར་མི་གིས་ བྱང་ཀོ་རི་ཡའི་ ས་མཚམས་ལུ་ཡོད་མི་ ཁྲོམ་ཚོགས་པོ་ཀི་འོན་ཟེར་སར་ དྲོ་པའི་ཆུ་ཚོད་ ༡༠ དེ་ཅིག་ཁར་ བྱུང་ཡོདཔ་ཨིན་པས།དེ་བསྒང་ རྫས་བམ་ ༨ ཀྱི་གྲས་ལས་ རྫས་བམ་ཕུད་རྡོག་ ༡ གས་ཡོད་པའི་ ཡིད་ཆེས་ཡོདཔ་ད་ རྫས་བམ་མ་གས་མི་ཚུ་ བསྡུ་ལེན་འབད་མི་ སྡེ་ཚན་ཅིག་གིས་ ས་གནས་དེ་ཁར་ ལཱ་འབད་ནི་དང་གཅིག་ཁར་ ཉེ་འདབས་ཀྱི་ མི་སེར་ཚུ་ ཉེན་སྲུང་གི་དོན་ལུ་ ས་གནས་གཞན་ཁར་བསྐྱལ་ནུག།དེ་བཟུམ་མའི་ དམག་སྦྱོང་སྐབས་ལུ་ རྫས་བམ་ཚུ་ མི་སེར་གྱི་ སྡོད་ཁྱིམ་ཚུ་གི་ ཉེ་འདབས་ལུ་ བུད་ནི་ཡོད་རུང་ མི་སེར་ལུ་ གནོད་སྐྱོན་འབྱུང་ནི་མེད་ཟེར་ཨིན་པས།ཨིན་རུང་ […]

Online now: 3 Today: 1578 Total visitors: 14941