ArchiveAboutContact

Category: འཛམ་གླིང་གནས་ཚུལ།

World News

ཡུ་ཨེཛ་གིས་ ཡུ་ཀེ་རེན་ལུ་ དམག་སྡེའི་གྲོགས་རམ་མཚམས་འཇོག།

རོའི་ཊརཛ། སྤྱི་ཟླ་ ༣ པའི་ཚེས་ ༢ ལུ་ ཡུ་ཨེཛ་གི་སྲིད་འཛིན་ ཌོ་ནཱལ་ཊཱམ་དང་ ཡུ་ཀེ་རེན་གྱི་སྲིད་འཛིན་ ཝོ་ལོ་ཌི་མིར་ ཟེ་ལེནཛ་ཀི་ ༢ ཀྱི་བར་ན་ མ་འགྲིགསཔ་བྱུང་པའི་ཤུལ་ལས་ སྲིད་འཛིན་ཊཱམ་གྱིས་ ཡུ་ཀེ་རེན་ལུ་ དམག་སྡེའི་གྲོགས་རམ་ཚུ་ མཚམས་འཇོག་འབད་ནུག། དེ་ཡང་ སྤྱི་ཟླ་ ༡ པའི་ནང་ སྲིད་འཛིན་ཊཱམ་གྱིས་ ཡུ་ཀེ་རེན་དང་ ར་ཤི་ཡའི་བར་ན་ ཡུ་ཨེཛ་གི་ སྲིད་བྱུས་བསྒྱུར་བཅོས་ཐོག་ལས་ ཞི་བདེ་ལུ་ གཙོ་བོར་བཏོན་ཏེ་ མཐུན་སྒྲིག་འབད་ནི་ཨིནམ་སྦེ་ བཤད་པའི་ཤུལ་ལས་ཨིན་པས། སྤྱི་ཟླ་ ༣ པའི་ཚེས་ ༤ ལས་ དེ་སྦེ་ མཚམས་འཇོག་འབད་མི་དེ་ དམག་སྡེའི་གྲོགས་རམ་གྱི་ ཁྱབ་ཚད་དང་ གནོད་སྐྱོན་ ཕན་ཐོགས་ཡོད་མེད་ཚུ་ བརྟག་ཞིབ་འབད་ཐབས་ལུ་ཨིན་ཟེར་ ཡུ་ཨེཛ་གི་ འགོ་དཔོན་ཅིག་གིས་ གསལ་བཤད་འབད་ནུག། ཨིན་རུང་ ཡུ་ཀེ་རེན་གྱི་ སྲིད་འཛིན་གྱི་ ཡིག་ཚང་ལས་ ལེགས་ཉེས་ག་ནི་ཡང་ བཤད་མ་བཏུབ་པའི་གུ་ ཝ་ཤིང་ཊཱོན་ལུ་ཡོད་མི་ ཡུ་ཀེ་རེན་གྱི་ གཞུང་ཚབ་ཡིག་ཚང་ལས་ཡང་ […]

World News

རྒྱལ་ཁབ་ཚུ་གི་བར་ན་ མཉམ་འབྲེལ་ཉམས་ནི་དེ་གིས་ འཛམ་གླིང་རྒྱལ་སྤྱིའི་ནང་ཉེན་ཁ།

ཨཱལ་ཇ་ཟི་ར། སྡེ་ཚན་ ༢༠ ཟེར་མིའི་ ཞལ་འཛོམས་ནང་ ལྷོ་ཨཱཕ་རི་ཀའི་སྲིད་འཛིན་ སི་རིལ་ར་མ་ཕོ་ས་གིས་ ད་རེས་ནངས་པར་ རྒྱལ་ཁབ་ཚུ་གི་བར་ན་ མཉམ་འབྲེལ་ཉམས་ནི་དེ་གིས་ རྒྱལ་སྤྱིའི་མཉམ་གནས་ལུ་ ཉེན་ཁ་འབྱུང་དོ་ཟེར་ཨིན་པས།དེ་ཡང་ དཔལ་འབྱོར་ཅན་གྱི་ རྒྱལ་ཁབ་ཚོགས་པ་ སྡེ་ཚན་ ༢༠ ཟེར་མིའི་ འཐུས་མི་རྒྱལ་ཁབ་ཚུ་གི་ ཕྱི་འབྲེལ་བློན་པོ་ཚུ་ འཕྲལ་ཁམས་ཅིག་ཁར་ ཇོ་ཧ་ནེཛ་བཱར་ལུ་ འཛོམས་ཡོདཔ་ད་ སྡེ་ཚན་དེ་ནང་ འཐུས་མི་རྒྱལ་ཁབ་ ༡༩ ཡོདཔ་ཨིན་པས།ཞལ་འཛོམས་སྐབས་ལུ་ སྲིད་འཛིན་ར་མ་ཕོ་ས་གིས་ འཛམ་གླིང་ནང་གི་ དཀའ་ངལ་བསལ་ཐབས་ལུ་ ཕྱོགས་མང་དང་ རྒྱལ་སྤྱིའི་ཁྲིམས་ལུགས་ལུ་གནས་དགོཔ་ གལ་ཆེ་ཟེར་ཨིནམ་ད་ དེ་གི་ནང་ལས་ཡང་ འཛམ་གླིང་སྤྱི་ཚོགས་ཀྱི་ བཀའ་ཁྲིམས་ཀྱི་ གཞི་རྩ་ཚུ་ལུ་ གཙོ་བོར་བཟུང་སྟེ་ རྒྱལ་ཁབ་ཚུ་གི་བར་ན་ མཉམ་འབྲེལ་བཞག་ནི་ལུ་ བརྩོན་ཤུགས་བསྐྱེད་དགོ་ཟེར་ཨིན་པས། .ཞལ་འཛོམས་དེ་ནང་ ཡུ་ཨེཛ་དང་ ར་ཤི་ཡའི་ ཕྱི་འབྲེལ་བློན་པོ་ ༢ ཀྱིས་ གྲལ་གཏོགས་མ་འབད་བས་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

ཤྲཱི་ལངྐ་ལུ་ ཁྲིམས་རྩོདཔ་རྫུན་མ་གིས་ མི་ངན་སྡེ་ཚན་གྱི་ འགོ་ཁྲིདཔ་དམར་བསད།

བི་བི་སི། སྤྱི་ཟླ་ ༢ པའི་ཚེས་ ༢༡ ལུ་ ཤྲཱི་ལངྐའི་རྒྱལ་ཁབ་ནང་ མི་ཅིག་གིས་ ཁྲིམས་རྩོདཔ་ཨིནམ་བཟོ་སྟེ་ ཁྲིམས་ཁང་ནང་ འཛུལ་ཞིནམ་ལས་ མི་ངན་སྡེ་ཚན་གྱི་ འགོ་ཁྲིདཔ་ཅིག་ པིཛ་ཏཱོལ་རྐྱབ་སྟེ་ དམར་བསད་འབད་ཡོདཔ་ཨིན་པས།མཚོན་ཆ་དེ་ཡང་ ཨམ་སྲུ་ཅིག་གིས་ དཔེ་དེབ་མེད་པའི་ ཕྱི་ཤོག་ཅིག་ནང་ བཙུགས་ཞིནམ་ལས་ འབག་ཡོདཔ་དང་ མི་ངན་སྡེ་ཚན་གྱི་འགོ་ཁྲིདཔ་ ཚེ་འདས་སཱན་ཇི་བ་ཀུ་མ་ར་ ས་མ་རཱཐ་ནེ་ཟེར་མི་དེ་ མི་ལེ་ཤ་ཅིག་ དམར་བསད་འབད་བའི་ དོགས་ཟོན་ཐོག་ལུ་ ཁྲིམས་སར་བཀལ་ནུག།མི་ངན་སྡེ་ཚན་ཚུ་གིས་ ཤྲཱི་ལངྐའི་རྒྱལ་ས་ ཀོ་ལོམ་བྷོ་ལུ་ མི་ལེ་ཤ་ཅིག་ དམར་བསད་འབད་ཡོདཔ་ལས་ གཞུང་གི་དབང་འཛིན་ཚུ་གིས་ མི་ངན་དེ་ཚུ་ འཛིན་བཟུང་འབད་ནིའི་ནང་ བརྩོན་ཤུགས་བསྐྱེད་དོ་ཡོདཔ་ཨིན་པས།མི་ངན་འགོ་ཁྲིདཔ་ སཱན་ཇི་བ་ དམར་བསད་འབད་མི་དེ་ ཁྲིམས་སྲུང་འགག་སྡེ་གིས་ འཛིན་བཟུང་འབད་ཡོདཔ་ད་ པིཛ་ཏོལ་འབག་བསྐྱལ་མི་ ཨམ་སྲུ་དེ་ བཟུང་མ་མ་ཚུགས་རུང་ ཁྲིམས་སྲུང་འགག་སྡེ་གིས་ སྐྱེས་ལོ་ ༢༥ འབད་མི་ པིན་པུ་ར་དེ་ཝ་གེ་ སེ་ཝཱན་ཌི་ཨིནམ་སྦེ་ ངོས་འཛིན་འབད་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

ཨཱཛ་ཊེ་ལི་ཡ་གིས་ རྒྱལ་སྤྱིའི་གནམ་གྲུ་ཚུ་ལུ་ དྲན་པ་བཏོན་དགོ་པའི་ཉེན་བརྡ།

ཨེ་བི་སི། སྤྱི་ཟླ་ ༢ པའི་ཚེས་ ༢༡ ལུ་ ཨཱཛ་ཊེ་ལི་ཡ་གིས་ ཨཱཛ་ཊེ་ལི་ཡའི་ གནམ་ཐང་ཚུ་དང་ ནིའུ་ཛི་ལེན་གྱི་བར་ན་ འཕུར་འགྲུལ་འབད་མི་ རྒྱལ་སྤྱིའི་གནམ་གྲུ་ཚུ་ལུ་ རྒྱ་ནག་གིས་ མཚོ་དམག་གྲུ་ཟིང་ཚུ་གི་ཐོག་ལས་ ཏཱཛ་མེ་ནི་ཡ་ རྒྱ་མཚོའི་ནང་ དམག་སྦྱོང་འབད་དོ་ཡོདཔ་ལས་ དྲན་པ་བཏོན་དགོ་པའི་ ཉེན་བརྡ་འབད་ནུག།དེ་ཡང་ ཨཱཛ་ཊེ་ལི་ཡའི་ ཤར་ཕྱོགས་མཚོ་འགྲམ་གྱི་ ཉེ་འདབས་ཚུ་ནང་ རྒྱ་ནག་གིས་ མཚོ་དམག་གྲུ་ཟིང་ ༣ གྱི་ཐོག་ལས་ དམག་སྦྱོང་ཚུ་འབད་དོ་ཡོདཔ་ལས་ ཚོང་འབྲེལ་མཁའ་འགྲུལ་ཚུ་ལུ་ ཉེན་བརྡ་སྤེལ་ཡོདཔ་ཨིན་པས།དེ་མ་ཚད་ རྒྱལ་སྤྱིའི་གནམ་གྲུ་ དག་པ་ཅིག་ར་ འཕུར་འགྲུལ་འབད་ནི་ལས་ ཁ་བསྒྱུར་བཏང་ཡོདཔ་སྦེ་ ཨཱཛ་ཊེ་ལི་ཡའི་ ཕྱི་འབྲེལ་བློན་པོ་ པེན་ནེ་ཝོང་གིས་ གསལ་བཤད་འབད་ནུག།མ་གཞི་ སྦྱོང་བརྡར་འབད་ནི་དེ་ དུས་རྒྱུན་གྱི་ ལཱ་ཅིག་ཨིན་རུང་ གྲུ་ཟིང་དང་ གནམ་གྲུ་གཞན་ཚུ་ལུ་ དེ་བཟུམ་མའི་ དམག་སྦྱོང་འབད་དོ་ཡོད་པའི་སྐོར་ལས་ གོ་བརྡ་སྤྲོད་དགོ་པ་ལུ་བརྟེན་ཏེ་ ད་རེས་ ཨཱཛ་ཊེ་ལི་ཡའི་ མཁའ་འགྲུལ་ཞབས་ཏོག་གིས་ དགོས་དོན་ཡོད་པའི་ ལཱ་ཚུ་འབད་དོ་ཡོདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

ཨིཛ་རེལ་གྱི་ བློན་ཆེན་གྱིས་ པེ་ལིཛ་ཊིན་གྱི་ ས་གནས་ཝེཛ་བེང་ལུ་ ཕྱད་མདའ་ལོག་རྐྱབ་ནི་གི་བཀའ་རྒྱ།

སི་ཨེན་ཨེན། སྤྱི་ཟླ་ ༢ པའི་ཚེས་ ༢༠ ལུ་ ཨིཛ་རེལ་གྱི་ས་གནས་ ཊེལ་ཨ་ཝིབ་ཀྱི་ སྦོ་ལོགས་ཁར་ དྲག་ཐོག་དབང་བཙོང་པ་ཚུ་གིས་ སྐྱེལ་འདྲེན་བཱཛ་ ༣ གྱི་ནང་ གས་རྫས་བཙུགས་ཏེ་ གཏོར་བཏང་པའི་ཤུལ་ལས་ ཨིཛ་རེལ་གྱི་བློན་ཆེན་ བེན་ཇ་མིན་ ནེ་ཏན་ཡ་ཧུ་གིས་ པེ་ལིཛ་ཊིན་གྱི་ ས་གནས་ཝེཛ་བེང་ལུ་ ཕྱད་མདའ་སླར་ལོག་ འགོ་བཙུགས་དགོ་པའི་ བཀའ་རྒྱ་གནང་ནུག།ཨིན་རུང་ ཨིཛ་རེལ་གྱི་ཁྲོམ་ བཱཏ་ཡཱམ་དང་ ཧོ་ལོན་ཟེར་སར་ སྣུམ་འཁོར་སྟོངམ་ཚུ་ནང་ གས་རྫས་ཚུ་ བཙུགས་མི་ལུ་བརྟེན་ཏེ་ སྣུམ་འཁོར་བཱཛ་ཚུ་ གས་པའི་སྐབས་ལུ་ ཤི་རྐྱེན་དང་ རྨ་སྐྱོན་ཚུ་ བྱུང་ཡོད་པའི་ ལོ་རྒྱུས་དང་ གནོད་འཚུབ་བཀལ་མི་ཡང་ ག་ཨིན་ན་ མ་ཤེསཔ་ཨིན་པས།དེ་ཡང་ ས་གནས་བཱཏ་ཡཱམ་ཟེར་སར་ སྣུམ་འཁོར་བཱཛ་ ༢ དང་ ས་གནས་ཧོ་ལོན་ཟེར་སར་ སྣུམ་འཁོར་ ༡ མེདཔ་བཏང་ཡོདཔ་སྦེ་ ཨིཛ་རེལ་གྱི་ དབང་འཛིན་ཚུ་གིས་ གསལ་བཤད་འབད་ནུག།དེ་གི་ཤུལ་ལས་ ཨིཛ་རེལ་གྱིས་ རྒྱལ་ཁབ་མཐའ་དབུས་མེད་པར་ སྣུམ་འཁོར་བཱཛ་དང་ རེ་ལི་ཚུ་གི་དོན་ལུ་ ཉེན་སྲུང་ཡར་སེང་འབད་ཡོདཔ་ད་ བློན་ཆེན་ཡིག་ཚང་ལས་ […]

World News

ར་ཤི་ཡའི་ དམག་སྡེ་གིས་ ཀཱརཛ་ལུང་ཕྱོགས་ཀྱི་ ས་གནས་དེ་ ཡུ་ཀེ་རེན་གྱི་ དམག་སྡེ་ལས་ ལོག་ལེན་ཡོདཔ།

རོའི་ཊརཛ། སྤྱི་ཟླ་ ༢ པའི་ཚེས་ ༢༠ ལུ་ ར་ཤི་ཡའི་ དམག་སྤྱི་ཅིག་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཧེ་མར་ ཡུ་ཀེ་རེན་གྱིས་ བཙན་དབང་འབད་མི་ ར་ཤི་ཡའི་ ལུང་ཕྱོགས་ཀཱརཛ་ཟེར་སར་ ས་ཆ་ཀི་ལོ་མི་ཊར་གྲུ་བཞི་ ༨༠༠ ལྷགཔ་ཅིག་ཡོད་མི་དེ་ ད་རེས་ ཡུ་ཀེ་རེན་གྱི་ དམག་སྡེ་ལས་ ལོག་ལེན་ཡི་ཟེར་ཨིན་པས།དེ་ཡང་ དམག་སྲིད་སྤྱི་ཁྱབ་ སེར་གེ་རུཛ་ཀོའི་གིས་འབད་བ་ཅིན་ སྤྱི་ཟླ་ ༢ པའི་ནང་ལས་ ར་ཤི་ཡའི་ དམག་མི་ཚུ་གིས་ སྔར་བ་ལྷག་པའི་ བརྩོན་ཤུགས་བསྐྱེད་དེ་ མདུན་བསྐྱོད་ཐོག་ལུ་ ཕྱད་མདའ་རྐྱབ་ནི་དེ་གིས་ ཡུ་ཀེ་རེན་གྱི་ དམག་མི་ཚུ་ རྒྱབ་བཤུད་རྐྱབ་སྟེ་ འགྱོ་དགོཔ་ཐོནམ་ལས་ ས་ཆ་དེ་ཚུ་ ལོག་ལེན་ཚུགས་ཡོདཔ་སྦེ་ཨིན་པས།དེ་བཟུམ་སྦེ་ ཡུ་ཀེ་རེན་གྱི་ས་གནས་ ཌོ་ནེཛ་དང་ ཛ་པོ་རི་ཞི་ཡ་ དེ་ལས་ ཁེར་སོན་ཟེར་མི་ཚུ་གི་ ས་ཆ་བརྒྱ་ཆ་ ༧༥ དེ་ཅིག་ཡང་ ཁོང་གི་དབང་ཆའི་འོག་ལུ་ བཙུགས་ཡོདཔ་མ་ཚད་ ལུ་ཧཱནཛ་ལུང་ཕྱོགས་ནང་ལས་ཡང་ ས་ཁོངས་བརྒྱ་ཆ་ ༩༩ ལྷགཔ་ཅིག་ར་ ཁོང་གིས་དབང་ཆ་འབད་དེ་ཡོད་མི་ ས་ཆ་དེ་ཚུ་ ར་ཤི་ཡའི་ […]

World News

མ་ཡེན་མར་ལས་ བཏོན་བཏང་མི་ རྒྱ་ནག་གི་ མི་ཁུངས་ ༥༠ དེ་ཅིག་ མཐའ་ཡས་ལེན་བརྒྱུད་དེ་ རྒྱ་ནག་ལུ་ ལོག་སོང་ཡོདཔ།

རོའི་ཊརཛ། སྤྱི་ཟླ་ ༢ པའི་ཚེས་ ༢༠ ལུ་ མཐའ་ཡས་ལེན་ ཁྲིམས་སྲུང་འགག་སྡེ་གིས་ བཤད་དོ་བཟུམ་འབད་བ་ཅིན་ རྒྱ་ནག་གི་ མི་ཁུངས་ ༥༠ དེ་ཅིག་ མ་ཡེན་མར་གྱི་ གཡོ་སྒྱུ་ལྟེ་བ་ཚུ་གི་ནང་ལས་ བཏོན་བཏང་མི་ སྡེ་ཚན་ཅིག་ མཐའ་ཡས་ལེན་ལུ་ འཕུར་འགྲུལ་འབད་བའི་ཤུལ་ལས་ ཁོང་རའི་རྒྱལ་ཁབ་ནང་ ལོག་ཡར་སོང་ཡི་ཟེར་ཨིན་པས།དེ་ཡང་ འཛམ་གླིང་སྤྱི་ཚོགས་ཀྱིས་ ལོ་ངོ་མང་རབས་ཅིག་གི་རིང་ལུ་ ཉེས་ཅན་སྡེ་ཚན་ཚུ་གིས་ མི་གྲངས་སྟོང་ཕྲག་བརྒྱ་ལས་བཅད་དེ་ མཐའ་ཡས་ལེན་དང་ མ་ཡེན་མར་གྱི་ ས་མཚམས་ས་ཁོངས་ཚུ་གིས་གཙོས་པའི་ ཤར་ལྷོ་ཨེ་ཤི་ཡ་ལུ་ མགོ་སྐོར་རྐྱབ་སྟེ་ ཡོངས་འབྲེལ་ཐོག་ལས་ ཁྲིམས་འགལ་གྱི་ ལཱ་འབད་བཅུག་ཡོདཔ་སྦེ་བཤད་ནུག།སྡེ་ཚན་དེ་ མཐའ་ཡས་ལེན་གྱི་ ས་གནས་མཻ་སོ་ཊི་བརྒལ་ཏེ་ སོང་ཡོདཔ་ད་ དེ་བསྒང་ མཻ་སོ་ཊི་ལུ་ མཚོན་ཆ་འབག་མི་ དམག་མི་དང་ འཕྲུལ་ཆས་ཚུ་ བཙུགས་ཞིནམ་ལས་ དམག་སྡེའི་སྣུམ་འཁོར་ཚུ་གིས་ ཉེན་སྲུང་ཐོག་ལུ་ སོང་ཡོདཔ་ཨིན་པས།རྒྱ་ནག་གཞུང་གིས་ གོ་སྒྲིག་འབད་མི་ གནམ་གྲུའི་ནང་ མི་གྲངས་ ༥༠ པོ་ག་ར་ འཛུལ་ཞུགས་འབད་ཡོདཔ་སྦེ་ཨིནམ་ད་ ད་རེས་ དེ་བཟུམ་མའི་ བྱ་ངན་འབད་མི་ཚུ་ སྐྱེལ་འདྲེན་འབད་མི་ […]

World News

ཀེ་ན་ཌའི་ གནམ་ཐང་ནང་ གནམ་གྲུ་ཅིག་ལུ་ ཐུག་རྐྱེན་བྱུང་ཡོད་རུང་ མཁའ་འགྲུལཔ་ཚུ་ལུ་ ཤི་རྐྱེན་མེདཔ།

བི་བི་སི། སྤྱི་ཟླ་ ༢ པའི་ཚེས་ ༡༧ ལུ་ ཌེལ་ཊ་ཨེ་ཡར་ལེནཛ་ཟེར་མི་ གནམ་གྲུ་ཅིག་ ཀེ་ན་ཌ་ ཊོ་རོན་ཊོ་ པ་འཱུལ་རྒྱལ་སྤྱི་གནམ་ཐང་ནང་ ཆགས་པའི་སྐབས་ལུ་ ཁ་ཆར་དང་ རླུང་མ་ཤུགས་ཅན་ལུ་བརྟེན་ཏེ་ ཐུག་རྐྱེན་བྱུང་ཡོདཔ་ལས་ མཁའ་འགྲུལཔ་ ༨༠ ཡོད་ས་ལས་ ༡༨ ལུ་ རྨ་སྐྱོན་བྱུང་ནུག། དེ་སྦེ་ རྨ་སྐྱོན་བྱུང་མི་ཚུ་གི་གྲས་ལས་ ཨ་ལོ་ཅིག་གི་ གནས་སྟངས༌འཚུབ༌དྲགས༌སྦེ༌ཡོདཔ༌མ༌ཚད༌ ནདཔ༌གཞན༌མི༌ ༡༥ ཡང༌ དེ་འཕྲལ་ལས་ སྨན་ཁང་ནང་ བསྐྱལ་ཡི་ཟེར་ གནམ་གྲུ་ཐང་གི་ དབང་འཛིན་ཚུ་གིས་ བཤད་ཡོདཔ་ཨིན་པས། དེ་བསྒང་ གནམ་གྲུ་དེ་ནང་ མཁའ་འགྲུལཔ་ ༧༦ དང་ གནམ་གྲུའི་ལས་བྱེདཔ་ ༤ སྡོད་ཡོདཔ་ད་ གནམ་གྲུ་དེ་ལུ་ ཐུག་རྐྱེན་བྱུང་པའི་ཤུལ་ལས་ བརྙན་ཐུང་ནང་ བལྟ་བའི་སྐབས་ལུ་ གནམ་གྲུའི་གཤོགཔ་ ལོགས་གཅིག་མེད་པའི་ གསལ་སྟོན་བྱུང་ནུག། མི་གྲངས་ ༩༠ ཤོང་མི་ སི་ཨར་ཇེ་༩༠༠ གནམ་གྲུ་དེ་ བཟོ་བསྐྲུན་འབད་དེ་ […]

World News

ཨ་ཕི་རི་ཀ་ ཀོང་གོ་རྒྱལ་ཁབ་ཀྱི་ ངོ་རྒོལ་བ་ཚུ་ བུ་ཀ་བུ་ ཁྲོམ་ཚོགས་ནང་བཙན་འཛུལ།

རོའི་ཊརཛ། སྤྱི་ཟླ་ ༢ པའི་ཚེས་ ༡༥ ལུ་ རུ་ཝཱན་ཌ་ རྒྱལ་ཁབ་ཀྱིས་ རྒྱབ་སྐྱོར་འབད་མི་ ཀོང་གོའི་ངོ་རྒོལ་བ་ཚུ་ ཀོང་གོའི་ཁྲོམ་ཚོགས་ བུ་ཀ་བུ་ལུ་ བཙན་འཛུལ་འབད་ཡོདཔ་ད་ དེ་ཡང་ ས་གནས་ཀྱི་ མི་སེར་ཚུ་གིས་ ངོ་རྒོལ་འབད་མི་ཚུ་ ཀོང་གོ་རྒྱལ་ཁབ་ཀྱི་ བྱང་ཕྱོགས་འཁོར་ལམ་བདའ་སྟེ་ མཐོང་ཡོདཔ་སྦེ་ཨིན་པས།ཀོང་གོ་དམག་སྡེའི་ཁ་ཐུག་ལས་ ངོ་རྒོལ་དམག་མི་ཚུ་གིས་ ཀུ་བ་མུ་ གནམ་ཐང་དེ་ བཙན་དབང་འབད་བའི་ཤུལ་ལུ་ ཀོང་གོའི་དམག་མི་ཚུ་ རྒྱབ་བཤུད་རྐྱབ་དགོཔ་ ཐོན་ཡོདཔ་སྦེ་བཤད་ནུག།ངོ་རྒོལ་བ་ཚུ་གིས་ རྒྱལ་ཁབ་ཀྱི་ ལྷོ་ཕྱོགས་ས་གནས་ བུ་ཀ་བུ་དེ་ བཙན་དབང་འབད་ཚུགས་པ་ཅིན་ རྒྱལ་ཁབ་ཀྱི་ ས་ཁོངས་རྒྱ་ཆེ་ཏོག་ཏོ་ཅིག་ར་ ཁོང་གི་འོག་ལུ་ ཚུད་ནི་ཨིནམ་ད་ དེ་སྦེ་ ངོ་རྒོལ་འབད་མི་དེ་ སྤྱི་ལོ་ ༢༠༢༢ ལས་ འགོ་བཙུགས་ཡོདཔ་ཨིན་པས།ཀོང་གོའི་སྲིད་འཛིན་ ཕེ་ལིགཛ་ ཚི་སེ་ཀེ་དི་མཆོག་གིས་ ངོ་རྒོལ་དང་འབྲེལ་བའི་ དཀའ་ངལ་བསལ་ཐབས་ལུ་ རྒྱལ་སྤྱིའི་གྲོགས་རམ་ དགོས་མཁོ་ཡོད་ལུགས་ཚུ་ གསུངས་ཡོདཔ་མ་ཚད་ དེ་བཟུམ་མའི་ ནང་འཁྲུག་གི་ འགན་འཁྲི་དེ་ རུ་ཝཱན་ཌ་ རྒྱལ་ཁབ་ལུ་ ཕོགཔ་སྦེ་ཡང་ གསུངསམ་ཨིན་པས་ཟེར་ […]

World News

རྒྱ་གར་གྱིས་ ཡུ་ཨེཛ་རྒྱལ་ཁབ་ལས་ ས་སྣུམ་མང་སུ་སྦེ་ ནང་འདྲེན་འབད་ནི།

བི་བི་སི། སྤྱི་ཟླ་ ༢ པའི་ཚེས་ ༡༤ ལུ་ ཡུ་ཨེཛ་གི་སྲིད་འཛིན་ ཌོ་ནཱལ་ཊཱམ་དང་ རྒྱ་གར་གྱི་བློན་ཆེན་ ན་རེན་ད་ར་ མོ་དི་ ༢ ཀྱི་བར་ན་ མཇལ་ཕྲད་མཛད་ཡོདཔ་བཞིན་དུ་ རྒྱ་གར་གྱིས་ ཡུ་ཨེཛ་ལས་ ས་སྣུམ་མང་སུ་སྦེ་ ནང་འདྲེན་འཐབ་ནི་ལུ་ ཞལ་འཇམ་བྱུང་ནུག།དེ་ཡང་ འཕྲལ་ཁམས་ཅིག་ཁར་ སྲིད་འཛིན་ཊཱམ་གྱིས་ རྒྱ་གར་གྱིས་གཙོས་པའི་ ཡུ་ཨེཛ་དང་ ཚོང་འབྲེལ་འཐབ་མི་ མཉམ་རོགས་ཚུ་ལུ་ ཁྲལ་ཡར་སེང་གི་ གསལ་བསྒྲགས་འབད་བའི་ཤུལ་ལས་ བློན་ཆེན་མོ་དི་མཆོག་ ཉིན་གྲངས་ ༢ ཀྱི་ གཟིགས་སྐོར་ལུ་ བྱོན་ཡོདཔ་ཨིན་པས།དེ་བསྒང་ བློན་ཆེན་མོ་དི་གིས་ ཡུ་ཨེཛ་གི་ ཅ་ཆས་ཚུ་གུ་ ནང་འདྲེན་གྱི་ ཁྲལ་ཕབ་ཆག་དང་ ཁྲིམས་མཐུན་ཡིག་ཆ་མེད་མི་ རྒྱ་གར་གྱི་ མི་སེར་ཚུ་ ཡུ་ཨེཛ་ལས་ བཏོན་བཏང་མི་ དེ་ལས་ ཕྱད་མདའི་གནམ་གྲུ་ ཉོ་ནི་ཚུ་གི་སྐོར་ལས་ སྦ་གསང་མེད་པའི་ གསུང་གྲོས་གནང་ཡི་ཟེར་གསུངས་ནུག།སྲིད་འཛིན་ཊཱམ་གྱིས་ རྒྱལ་ཁབ་ ༢ ཀྱི་བར་ན་ ཚོང་འབྲེལ་རྩིས་ཆད་ཚུ་ བསུབ་ཐབས་ལུ་ རྒྱ་གར་གྱིས་ ཡུ་ཨེཛ་ལས་ […]

Online now: 5 Today: 1634 Total visitors: 14997