ArchiveAboutContact

Category: འཛམ་གླིང་གནས་ཚུལ།

World News

ཨཱཛ་ཊེ་ལི་ཡའི་མངའ་སྡེ་ ཀུ་ཡིནཛ་ལེན་ལུ་ ཆུ་རུད་ཀྱིས་གནོད་སྐྱོན།

སི་ཨེན་ཨེན། ཨཱཛ་ཊེ་ལི་ཡའི་མངའ་སྡེ་ ཀུ་ཡིནཛ་ལེན་ལུ་ སྔོན་ཆད་མ་བྱུང་པའི་ ཆར་ཤུགས་ལུ་བརྟེན་ཏེ་ ས་ཆ་ལེ་ཤ་ཅིག་ར་ ཆུ་གིས་གང་སྟེ་ཡོདཔ་ལས་ སྣུམ་འཁོར་ཚུ་ འགྲུལ་བསྐྱོད་འབད་མ་ཚུགས་པའི་ དཀའ་ངལ་ཡོདཔ་ཨིན་པས། .ཆར་ཆུ་དེ་གིས་ གཙང་ཆུ་ཚུ་བྲེས་ཏེ་ གཙང་ཆུའི་སྦོ་ལོགས་ཁར་ སྡོད་མི་ཚུ་ སྤོ་འགྱོ་དགོཔ་ བྱུང་ཡོདཔ་མ་ཚད་ མངའ་སྡེའི་འགོ་དཔོན་ཚུ་གིས་ ས་ཞིང་དང་ སྒོ་ནོར་ ལོ་ཐོག་ཚུ་ལུ་ གནོད་པ་འབྱུང་ནི་ཨིན་པའི་སྐོར་ལས་ ཉེན་བརྡ་ཚུ་ཡང་སྤེལ་ནུག།སྤྱི་ཟླ་ ༣ པའི་ཚེས་ ༢༨ ལུ་ ཀུ་ཡིནཛ་ལེན་གྱི་ གཙོ་འཛིན་བློན་པོ་ ཌེ་བིཌ་ ཀི་རིཛ་ཕུ་ལི་གིས་ དུས་ཚོད་མིན་པའི་ ཆར་ཤུགས་ལུ་བརྟེན་ཏེ་ ཇཱན་ཌ་དང་ སི་ཊཱོན་ཧེན་ཇི་ ཝིན་ཌོ་ར་ཟེར་མི་ ཁྲོམ་སྡེ་ཚུ་ནང་ དཀའ་ངལ་ཐོན་ཏེ་ཡོད་པའི་ཁར་ སོ་ནམ་ཞིང་ལཱ་ལུ་ཡང་ གནོད་པ་ཡོདཔ་ལས་ མངའ་སྡེའི་ཁ་ཐུག་ལས་ རྒྱབ་སྐྱོར་ཚུ་འབད་ནི་ལུ་ ཁས་ལེན་ཡོདཔ་སྦེ་ བཤད་ཡོདཔ་ཨིན་པས།དེ་བཟུམ་མའི་ ཆར་རླུང་དང་ ཆར་ཤུགས་ཚུ་ ས་སྣུམ་སྤྱོད་མི་ལས་ཐོན་པའི་ བཙོག་རླུང་གིས་ འཛམ་གླིང་ནང་ དྲོད་ཤུགས་ཡར་སེང་ འགྱོ་དོ་ཡོདཔ་ལས་ གནམ་གཤིས་གནས་སྟངས་ཀྱི་ དཀའ་ངལ་ཡང་ ཚད་ལས་རྒལ་ཏེ་ འཐོན་དོ་ཡོདཔ་སྦེ་ བཀོད་འདུག་པའི་གནས་ཚུལ།

World News

མི་ཡཱན་མར་ རྒྱལ་ཁབ་ཀྱི་ དབུས་ཕྱོགས་ས་གནས་ནང་ ས་ཡོམ་ཚབས་ཆེན།

རོའི་ཊརཛ། སྤྱི་ཟླ་ ༣ པའི་ཚེས་ ༢༨ ལུ་ མི་ཡཱན་མར་ རྒྱལ་ཁབ་ཀྱི་ དབུས་ཕྱོགས་ས་གནས་ནང་ ས་ཡོམ་ཤུགས་ཅན་ཅིག་ རྐྱབ་ཡོདཔ་ལས་ རྒྱལ་ས་ཡང་གོན་དང་ ཁྱིམ་མཚེས་རྒྱལ་ཁབ་ མཐའ་ཡས་ལེན་གྱི་རྒྱལ་ས་ བེང་ཀོག་གི་ མི་སེར་ཚུ་ འདྲོག་འབྱེལ་འཐབ་དགོཔ་བྱུང་ནུག།ཡུ་ཨེཛ་གི་ ས་ཆའི་ཆགས་ཚུལ་ ཞིབ་དཔྱད་ལས་སྡེ་གིས་འབད་བ་ཅིན་ ས་ཡོམ་དེ་གི་ རིག་ཊར་ཚད་འཇལ་དང་འཁྲིལཝ་ད་ ས་ཡོམ་ཤུགས་ཚད་དེ་ ༧.༧ རྐྱབ་ཡོདཔ་སྦེ་ཨིནམ་ད་ དེ་ཡང་ མི་རློབས་ས་ཡ་ ༡.༢ ཡོད་མི་ མཱན་ཌ་ལེ་ཁྲོམ་ལས་ ཀི་ལོ་མི་ཊར་ ༡༧ ལྷགཔ་ཅིག་གི་ ས་འོག་ཀི་ལོ་མི་ཊར་ ༡༠ གྱི་གཏིང་ལས་ ཐོན་ཡོདཔ་སྦེ་ཨིན་པས།མི་ཡཱན་མར་གྱི་ མེ་རྐྱེན་ཞབས་ཏོག་ལས་ཁུངས་ཀྱི་ འགོ་དཔོན་ཅིག་གིས་ ཡང་གོན་མཐའ་འཁོར་ལུ་ ཤི་རྐྱེན་དང་ གནོད་སྐྱོན་ཚུ་ བྱུང་སྟེ་ཡོད་མེད་ འཚོལ་ཞིབ་འབད་བའི་བསྒང་ར་ཡོདཔ་ལས་ བརྡ་དོན་ཚུ་ ག་ནི་ཡང་ མ་ཐོབ་སྦེ་བཤད་ནུག།ཨིན་རུང་ མཱན་ཌ་ལེ་ལས་ མི་སྡེ་བརྡ་བརྒྱུད་ཚུ་ནང་ སྒྲིང་ཁྱིམ་བརྡིབས་འགྱོ་མི་ཚུ་གི་དཔར་དང་ འཁོར་ལམ་ཚུ་ རག་རོ་གིས་ གང་སྟེ་ཡོདཔ་སྦེ་ གསལ་སྟོན་འབད་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

ཡུ་ཨེཛ་དང་ ཀེ་ན་ཌའི་ རྒྱལ་ཁབ་ ༢ ཀྱི་བར་ན་ མཐུན་ལམ་གྱི་ གནས་སྟངས་ལུ་ འགྱུར་བ་སྦོམ་འོང་ནི།

སི་ཨེན་ཨེན། སྤྱི་ཟླ་ ༣ པའི་ཚེས་ ༢༧ ལུ་ ཀེ་ན་ཌའི་བློན་ཆེན་ མཱག་ཀར་ནེ་གིས་ དྲན་བརྡ་འབད་བའི་ནང་གསལ་ ཡུ་ཨེཛ་དང་ ཀེ་ན་ཌའི་བར་ན་ ཚོང་འབྲེལ་གྱི་ མཐུན་ལམ་ལུ་ བྱ་སྟབས་མ་བདེཝ་ ཐོན་ཏེ་ཡོདཔ་ལས་ ཀེ་ན་ཌ་གིས་ ཡུ་ཨེཛ་ལུ་ རེ་ནི་དེ་ ཧེ་མ་དང་ཕྱདཔ་ད་ ལེ་ཤ་གིས་ མར་ཕབ་འབད་དོ་ཟེར་ཨིན་པས།དེ་ཡང་ ཡུ་ཨེཛ་གི་སྲིད་འཛིན་ ཌོ་ནཱལ་ཊཱམ་གྱིས་ ཀེ་ན་ཌའི་ ཚོང་ཟོག་ཚུ་ལུ་ ཁྲལ་ཡར་སེང་འབད་ནི་གི་ ཉེན་བརྡ་འབད་མི་ལུ་ གདོང་ལན་འབད་ནི་དང་འབྲེལ་ཏེ་ ཀེ་ན་ཌའི་ ལྷན་རྒྱས་གཞུང་ཚོགས་ནང་་ གསུང་གྲོས་གནང་ནུག།དེ་སྦེ་ གསུང་གྲོས་གནང་པའི་ཤུལ་ལུ་ བློན་ཆེན་ཀར་ནེ་གིས་ ཨོ་ཊ་ཝ་ལུ་ གནས་ཚུལ་བསྡུ་བཀོད་པ་ཚུ་ལུ་ རྒྱལ་ཁབ་ ༢ ཀྱི་བར་ནའི་ མཐུན་ལམ་གྱི་ གནས་སྟངས་དེ་ མ་འདྲཝ་ཅིག་ལུ་ར་ འགྱུར་ནི་ཨིནམ་སྦེ་ བཤད་ཡོདཔ་ཨིན་པས།ད་རེས་ ཡུ་ཨེཛ་དེ་ ཡིད་ཆེས་རུང་བའི་ མཉམ་རོགས་མིནམ་སྦེ་ སོང་སྟེ་འབད་རུང་ འགྲིག་ཆ་ཡང་བསྐྱར་གྱི་སྒོ་ལས་ ཡིད་ཆེས་དུམ་གྲ་ཅིག་ ལེགས་སྒྱུར་གཏང་ཚུགས་པའི་ རེ་བ་ཡོདཔ་ད་ དེ་མིན་པ་ཅིན་ ཤུལ་མའི་གཞུང་ཚུ་གིས་ཡང་ ད་རེས་ཡོད་མི་ འགྱུར་ལྡོག་ཅན་གྱི་ […]

World News

བྱང་ཀོ་རི་ཡའི་ སྲིད་འཛིན་གྱིས་ རིག་རྩལ་བཅོས་མའི་ རང་འགུལ་གནམ་གྲུ་ཆུང་བ་ཚུ་ལུ་བརྟག་དཔྱད།

ཨཱལ་ཇ་ཟི་ར། སྤྱི་ཟླ་ ༣ པའི་ཚེས་ ༢༧ ལུ་ བྱང་ཀོ་རི་ཡའི་སྲིད་འཛིན་ ཀིམ་ཇོང་ཨཱན་གྱིས་ རྒྱལ་ཁབ་ནང་ རིག་རྩལ་བཅོས་མའི་ རང་འགུལ་མཁའ་དམག་ གནམ་གྲུ་ཆུང་བ་ཌཱོན་ཚུ་ བརྟག་དཔྱད་དང་ བལྟ་རྟོག་མཛད་ནུག།དེ་བསྒང་ ཁོ་གིས་ གསང་ཞིབ་ཀྱི་དོན་ལུ་ དྲག་པོའི་དམག་སྡེ་དེ་ དེང་དུས་ཀྱི་ གནས་ཚད་ཁར་ གོང་འཕེལ་གཏང་ཐབས་ཀྱི་ འཆར་གཞི་ཚུ་ནང་ རིག་རྩལ་བཅོས་མ་ལུ་ གཙོ་བོར་བཟུང་དགོཔ་སྦེ་ གསུངས་ཡོདཔ་ཨིན་པས།དེ་ཡང་ མཁའ་དབྱིངས་འཕྲུལ་རིག་ལས་ཁང་གིས་ བཟོ་བསྐྲུན་འབད་དེ་ཡོད་མི་ གསང་ཞིབ་ཀྱི་ ཌྲཱོན་མ་འདྲཝ་ཚུ་གི་ བརྟག་དཔྱད་ཚུ་ནང་ སྲིད་འཛིན་གྱིས་ བལྟ་རྟོག་མཛད་ནུག།བྱང་ཀོ་རི་ཡའི་ རིག་རྩལ་བཅོས་མའི་ ཌྲཱོན་ཚུ་གིས་ ས་ཐོག་དང་ མཚོ་ཐོག་གི་ ཐབས་བྱུས་ཅན་གྱི་ དམིགས་གཏད་དང་ བྱང་ཕྱད་ཀྱི་ལས་དོན་ཚུ་ འཚོལ་ཞིབ་དང་ བལྟ་ཞིབ་འབད་ཚུགས་པའི་ ལྕོགས་གྲུབ་ཡོདཔ་མ་ཚད་ གནོད་འཚུབ་ཀྱི་དོན་ལུ་ཡང་ ལག་ལེན་འཐབ་ཚུགས་ནི་ཨིན་པས།བྱང་ཀོ་རི་ཡ་གིས་ སྔོན་བརྡའི་གནམ་གྲུ་ཚུ་ཡང་ བཟོ་བསྐྲུན་འབད་ནི་ལུ་ བརྩོན་ཤུགས་བསྐྱེད་དོ་ཡོདཔ་ད་ དེ་ཡང་ ལོན་ཌཱོན་ལུ་ཡོད་མི་ རྒྱལ་སྤྱི་ཐབས་བྱུས་ཞིབ་འཇུག་གཙུག་སྡེ་གིས་ དེ་བཟུམ་མའི་ སྔོན་བརྡའི་གནམ་གྲུ་དེ་གིས་ བྱང་ཀོ་རི་ཡའི་ ས་ཐོག་སྔོན་བརྡའི་རིམ་ལུགས་ལུ་ ཕན་ཐོགས་འབྱུང་ནི་ཨིན་པས་ཟེར་ སྙན་ཞུའི་ནང་བཀོད་ནུག།.སྲིད་འཛིན་མཆོག་ […]

World News

ར་ཤི་ཡ་གིས་ ཡུ་ཀེ་རེན་ལུ་ ཌཱོན་སྦོམ་ཅིག་ བཏང་ཡོདཔ་ལས་ མི་ ༢༡ ལུ་རྨ་སྐྱོན།

རོའི་ཊརཛ། སྤྱི་ཟླ་ ༣ པའི་ཚེས་ ༢༧ ལུ་ གློ་བུར་གྱི་ ཞབས་ཏོག་བྱིན་མི་དང་ འགོ་དཔོན་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ར་ཤི་ཡའི་ དམག་མི་ཚུ་གིས་ ཡུ་ཀེ་རེན་གྱི་ ཁར་ཀིབ་ལུང་ཕྱོགས་ནང་ དམག་མི་མེད་པའི་ མཁའ་དམག་གནམ་གྲུ་ ཌཱོན་སྦོམ་ཅིག་ བཏང་ཡོདཔ་ལས་ མི་གྲངས་ ༢༡ ལུ་ རྨ་སྐྱོན་བྱུང་པའི་ཁར་ སྡོད་ཁྱིམ་ཚུ་དང་ མཛོད་ཁང་ཚུ་ལུ་ཡང་ གནོད་སྐྱོན་བྱུང་ནུག་ཟེར་ཨིན་པས།དེ་ཡང་ ཡུ་ཀེ་རེན་གྱི་ ཁྲོམ་ཚོགས་སྦོམ་ཤོས་ ༢ པའི་ནང་ཡང་ མེ་རྐྱེན་ཁག་ ༤ བྱུང་ཡོདཔ་ད་ ར་ཤི་ཡ་གིས་ ཌཱོན་ ༨༦ བཏང་མིའི་གྲས་ལས་ ཌཱོན་ ༤༢ ཡུ་ཀེ་རེན་གྱི་ མཁའ་དམག་གིས་ ཕབ་བཏང་ཡོདཔ་སྦེ་བཤད་ནུག།དེ་མ་ཚད་ ར་ཤི་ཡའི་ དམག་མི་ཚུ་གིས་ ས་མཚམས་བརྒལ་ཏེ་ ཀི་ལོ་མི་ཊར་ ༣༠ དེ་ཅིག་གི་ས་ཁར་ དམིགས་གཏད་བསྐྱེད་མི་ སྒེར་གྱི་སྡོད་ཁྱིམ་དང་ སྒྲིང་ཁྱིམ་ དེ་ལས་ སྣུམ་འཁོར་དང་ བཟོ་བསྐྲུན་གྱི་ མཐུན་རྐྱེན་ཚུ་ལུ་ཡང་ གནོད་སྐྱོན་རྐྱབ་ཡོདཔ་སྦེ་ཨིན་པས།ཟོ་ལོ་ཅིབ་ཁྲོམ་ཁར་ […]

World News

མཐའ་ཡས་ལེན་གྱི་ བློན་ཆེན་ལུ་ ཡིད་ཆེས་མེད་པའི་ ཚོགས་རྒྱན་བསྐྱུརཝ་ད་ ཡིད་ཆེས་ཡོད་པའི་ ཚོགས་རྒྱན་མངམོ་ཐོབ་ཡོདཔ།

རོའི་ཊརཛ། མཐའ་ཡས་ལེན་གྱི་བློན་ཆེན་ པེ་ཏོང་ཏ་རཱན་ ཤི་ན་ཝ་ཏ་རའི་ རྒྱབ་འགལ་ལུ་ ལྡོག་ཕྱོགས་ཀྱི་ཁ་ཐུག་ལས་ ཉིན་གྲངས་ ༢ ཀྱི་རིང་ལུ་ ཨུ་ཚུགས་བསྐྱེདཔ་ལས་ སྤྱི་ཟླ་ ༣ པའི་ཚེས་ ༢༦ ལུ་ སྤྱི་ཚོགས་ནང་ ཡིད་ཆེས་མེད་པའི་ ཚོགས་རྒྱན་བསྐྱུརཝ་ད་ ཡིད་ཆེས་ཡོད་པའི་ ཚོགས་རྒྱན་མངམོ་ཐོབ་ཡོདཔ་ལས་ སྲིད་ཚོགས་མཉམ་བསྡོམས་ཀྱི་ གཞུང་སྐྱོང་ཚོགས་པའི་ བརྟན་གཞི་བསྐྱར་གསོ་བྱུང་ནུག།.དེ་ཡང་ ལོ་ན་ཆུང་ཤོས་ཨིན་མི་ མཐའ་ཡས་ལེན་གྱི་ བློན་ཆེན་དེ་གིས་ སྤྱི་ཚོགས་ནང་ ཚོགས་རྒྱན་བསྐྱུར་མི་བསྡོམས་ ༤༨༨ ཡོད་ས་ལས་ ཡིད་ཆེས་ཡོད་པའི་ ཚོགས་རྒྱན་གྲངས་ ༣༡༩ ཐོབ་ཡོདཔ་ད་ ལྡོག་ཕྱོགས་ཀྱི་ ཁ་ཐུག་ལས་འབད་བ་ཅིན་ བློན་ཆེན་དེ་ལུ་ ཁྱད་ཚད་གྲུབ་པའི་ དཔལ་འབྱོར་གྱི་ ཤེས་ཡོན་མེད་པའི་ཁར་ ཁྲལ་ཟུར་འབད་ཡོད་པའི་ ཁ་ཉེས་ཚུ་ཡང་ བཀལ་ཡོདཔ་ཨིན་པས།བློན་ཆེན་པེ་ཏོང་ཏ་རཱན་ལུ་ མི་མང་ཡིག་ཚང་གི་ ཉམས་མྱོང་མེད་རུང་ བློན་ཆེན་བགྲེསཔ་ སེ་རེ་ཐ་ ཐ་བི་སིན་གྱི་ཚབ་ལུ་ བློན་ཆེན་གྱི་ གོ་གནས་བཞེས་ཏེ་ ཟླ་ངོ་ ༧ ལྷགཔ་ཅིག་གི་ཤུལ་ལས་ ཡིད་ཆེས་ཡོད་མེད་ཀྱི་ ཚོགས་རྒྱན་བསྐྱུར་ནུག།དགུང་ལོ་ […]

World News

ར་ཤི་ཡ་དང་ ཡུ་ཀེ་རེན་གྱི་བར་ན་ བེ་ལེག་སཱི་ རྒྱ་མཚོའི་ནང་ མཚོ་དམག་མཚམས་འཇོག་འབད་ནི་ལུ་ཞལ་འཆམས།

བི་བི་སི། སའུ་དི་ཨ་ར་བི་ཡ་ལུ་ ཡུ་ཨེཛ་གིས་ རྒྱལ་ཁབ་རང་སོར་སྦེ་ ཉིན་གྲངས་ ༣ གྱི་རིང་ལུ་ ཞི་བདེའི་གསུངས་གྲོས་ གནང་པའི་ཤུལ་ལས་ ར་ཤི་ཡ་དང་ ཡུ་ཀེ་རེན་གྱིས་ བེ་ལེག་སཱི་ རྒྱ་མཚོའི་ནང་ མཚོ་དམག་མཚམས་འཇོག་འབད་ནི་ལུ་ ཞལ་འཆམས་བྱུང་ནུག།དེ་ཡང་ ཝ་ཤིང་ཊཱོན་ལས་ བཤད་དོ་བཟུམ་འབད་བ་ཅིན་ འབྲེལ་ཡོད་རྩ་ཕན་ག་ར་གིས་ ཡུན་གནས་ཅན་གྱི་ ཞི་བདེའི་དོན་ལུ་ འཕྲོ་མཐུད་དེ་ར་ ལཱ་ཚུ་འབད་བའི་བསྒང་ར་ཡོདཔ་ལས་ དེ་བཟུམ་མའི་ ཞི་བདེ་ལུ་བརྟེན་ཏེ་ གལ་ཆེ་བའི་ ཚོང་འབྲེལ་གྱི་ བརྒྱུད་ལམ་ཚུ་ཡང་ ལོག་སྟེ་ར་ སྒོ་ཕྱེ་ཚུགས་ཟེར་ཨིན་པས།དེ་མ་ཚད་ ཧེ་མ་ལས་ མོས་མཐུན་བྱུང་ཡོད་དོ་བཟུམ་སྦེ་ ར་ཤི་ཡ་དང་ ཡུ་ཀེ་རེན་གཉིས་ཆ་ར་གིས་ ནུས་ཤུགས་ཀྱི་ གཞི་རྟེན་མཁོ་ཆས་ཚུ་ལུ་ གནོད་འཚུབ་བཀལ་ནི་ལས་ཡང་ འཛེམ་ནི་སྦེ་ ཁ་འཆམས་བྱུང་ཡོདཔ་སྦེ་ ཝ་ཤིང་ཊཱོན་ལས་ གསལ་བཤད་འབད་ནུག།ཨིན་རུང་ ར་ཤི་ཡའི་ ཁ་ཐུག་ལས་ མཚོ་དམག་མཚམས་འཇོག་དེ་ ཡུ་ཨེཛ་གིས་ ད་རེས་ བཀག་དམ་འབད་དེ་ཡོད་མི་ སྨན་ལུད་དང་ བཟའ་ཆས་ཀྱི་ ཚོང་འབྲེལ་ཚུ་ གུ་ཡངས་གཏང་པའི་ཤུལ་ལུ་རྐྱངམ་གཅིག་ ཆ་འཇོག་འབད་ནི་ཨིནམ་སྦེ་ བཤད་ཡོདཔ་ཨིན་པས།གནད་དོན་དེ་གི་ཐེད་ཁར་ ཡུ་ཨེཛ་གི་ འགོ་དཔོན་ཚུ་གིས་ ར་ཤི་ཡ་དང་ […]

World News

ལྷོ་ཀོ་རི་ཡ་ལུ་ སྤང་མེ་བྱུང་མིའི་ནང་ མི་གྲངས་ ༡༨ ལུ་ ཤི་རྐྱེན་དང་ ༢༠ དེ་ཅིག་ལུ་རྨ་སྐྱོན།

ཨཱལ་ཇ་ཟི་ར།   ལྷོ་ཀོ་རི་ཡའི་ ཤར་ལྷོ་ལུང་ཕྱོགས་ལུ་ སྤང་མེ་བྱུང་མིའི་ནང་ མི་གྲངས་ ༡༨ ལུ་ ཤི་རྐྱེན་དང་ ༢༠ དེ་ཅིག་ལུ་ རྨ་སྐྱོན་བྱུང་ཡོདཔ་ད་ མེ་རྐྱེད་དེ་ མཚམས་འཛིན་འབད་ནིའི་དོན་ལས་ མེ་གསད་མི་དང་ དམག་མི་སྟོང་ཕྲག་ལས་བཅད་དེ་ བཙུགས་ཡོདཔ་ཨིན་པས། མེ་རྐྱེན་དེ་ཡང་ སྤྱི་ཟླ་ ༣ པའི་ཚེས་ ༢༡ ལས་ འགོ་བཙུགས་ཏེ་ འབར་ཡོདཔ་ད་ དེ་སྦེ་ མེ་གསད་མི་ཚུ་ མང་རབས་ཅིག་ བཙུགས་ཡོད་རུང་ རླུང་མ་ཤུགས་སྦེ་ འཕུ་བའི་ཁར་ ས་སྐམ་རྡོ་སྐམ་འབད་ནི་དེ་གིས་ མེ་རྐྱེན་མཚམས་འཛིན་འབད་ནི་ལུ་ གདོང་ལན་སྦོམ་སྦེ་ར་ བྱུང་སྟེ་ཡོད་ཟེར་ གཞུང་འབྲེལ་གནས་ཚུལ་ལས་སྡེ་ ཡཱོན་ཧབ་ནང་བཀོད་ནུག། མེ་རྐྱེན་དེ་ ལྷོ་ཀོ་རི་ཡའི་རྒྱལ་ས་ སི་འཱུལ་ལས་ ཀི་ལོ་མི་ཊར་ ༡༨༠ དེ་ཅིག་གི་ ས་ཁར་ཡོད་མི་ ཤར་ལྷོ་ལུང་ཕྱོགས་ཀྱི་ས་གནས་ ཨན་དོང་དང་ ཅེ་ཨོང་སོང་ ཡེ་ཨོང་ཡང་ ཡེ་ཨོང་ཌེ་ཨོག་ཚུ་ནང་ ཁྱབ་སྤེ་སོང་སྟེ་ཡོདཔ་ཨིན་པའི་ གནས་ཚུལ་མདོར་བསྡུས།

World News

ཊར་ཀིའི་རྒྱལ་ཁབ་ ངོ་རྒོལ་འགྲེམ་སྟོན།

བི་བི་སི། ཊར་ཀིའི་མངའ་སྡེ་ ཨིཛ་ཏཱན་བཱུལ་གྱི་སྤྱི་འཛིན་ ཨེ་ཀེ་རེམ་ ཨི་མ་མོག་ལུ་དེ་ སྤྱི་ལོ་ ༢༠༢༨ ལོར་ འགོ་འདྲེན་འཐབ་ནི་ཨིན་མི་ སྲིད་འཛིན་བཙག་འཐུའི་ནང་ འདེམས་ངོ་སྦེ་ གདམ་འཐུ་འབད་ནིའི་གུ་ལྷོདཔ་ད་ ངན་ལྷད་དང་ དྲག་ཐོག་དབང་བཙོང་འབད་མི་ལུ་ གྲོགས་རམ་འབད་བའི་ ཉེས་འཛུགས་ཐོག་ལུ་ ཁྲིམས་སྲུང་འགག་སྡེ་གིས་ འཛིན་བཟུང་འབད་ཡོདཔ་ཨིན་པས།ཨི་མ་མོག་ལུའི་སྲིད་ཚོགས་ རེ་པབ་ལི་ཀཱན་ པི་པཱལ་པར་ཊི་དེ་ སྲིད་འཛིན་གྱི་ དོ་འགྲན་ནང་ ད་ལྟོ་ཡོད་མི་ སྲིད་འཛིན་རི་སེབ་ཏ་ཡིབ་ ཨེར་ཌོ་གཱན་གྱི་ བྱང་ཕྱད་དྲག་ཤོས་ཅིག་ཨིནམ་ད་ ཨི་མ་མོག་ལུ་དང་གཅིག་ཁར་ སྲིད་དོན་གྱི་ ལཱ་འབད་མི་དང་ གནས་ཚུལ་བསྡུ་བཀོདཔ་ ཚོང་པ་ཚུ་འབདཝ་ད་ མི་གྲངས་ ༡༠༠ ལྷགཔ་ཅིག་ ཞིབ་དཔྱད་ཀྱི་དོན་ལུ་ འཛིན་བཟུང་འབད་ནུག།དེ་སྦེ་ འཛིན་བཟུང་འབད་བའི་ཤུལ་ལུ་ རྒྱལ་ཁབ་ནང་ ངོ་རྒོལ་འགྲེམ་སྟོན་ཚུ་ འགོ་བཙུགས་ཡོདཔ་ད་ སྲིད་འཛིན་རི་སེབ་ཏ་ཡིབ་ཀྱིས་ བཤད་དོ་བཟུམ་འབད་བ་ཅིན་ ངོ་རྒོལ་འགྲེམ་སྟོན་འབད་མི་ཚུ་གིས་ འཕྲོག་བཅོམ་དང་ དྲག་སྤྱོད་ལཱ་ངན་འབད་མི་ཚུ་ལུ་ ཁ་ཉེས་བཀལ་ཏེ་ མི་མང་གི་ སྒྲིག་འཛིན་ལུ་ བར་ཆད་རྐྱབ་མི་དེ་ལུ་ ངོས་ལེན་མི་འབད་ཟེར་ཨིན་པས།ཨིཛ་ཏཱན་བཱུལ་ལུ་ མི་སེར་སྟོང་ཕྲག་ལས་བཅད་མི་ཚུ་གིས་ ངོ་རྒོལ་འགྲེམ་སྟོན་ འགོ་འདྲེན་འཐབ་མི་ལུ་ ཁྲིམས་སྲུང་འགག་སྡེ་གིས་ ཀྲོབ་མདའི་གྱིབ་ལྡེའུ་ཚུ་ […]

World News

སྤྱི་ལོ་ ༢༠༢༤ ལོར་ རང་སོའི་རྒྱལ་ཁབ་སྤངས་ཏེ་ འགྱོ་མི་ཚུ་ལུ་ ཤི་རྐྱེན་མཐོ་ཤོས།

ཨཱལ་ཇ་ཟི་ར། སྤྱི་ཟླ་ ༣ པའི་ཚེས་ ༢༡ ལུ་ འཛམ་གླིང་སྤྱི་ཚོགས་ ཕྱི་མི་ནང་བསྐྱོད་ལས་སྡེ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ན་ཧིང་གི་ལོ་ནང་ རང་སོའི་རྒྱལ་ཁབ་སྤངས་ཏེ་ རྒྱལ་ཁབ་གཞན་ཁར་ འགྱོ་མི་ཚུ་གི་གྲས་ལས་ མི་གྲངས་ ༩,༠༠༠ དེ་ཅིག་ལུ་ ཤི་རྐྱེན་བྱུང་ནུག་ཟེར་ཨིན་པས།དེ་ཡང་ སྤྱི་ལོ་ ༢༠༢༠ ལས་ཚུར་ འགྲུལ་བསྐྱོད་འབད་བའི་སྐབས་ལུ་ དེ་བཟུམ་མའི་ ཤི་རྐྱེན་བྱུང་མི་དེ་ ལོག་ལྟབ་ཀྱིས་ ཡར་སེར་སོང་ནུག།དེ་སྦེ་ ཤི་རྐྱེན་གྱི་གྱངས་ཁ་ ཡར་སེང་འགྱོ་མི་དེ་ བཟོད་མ་ཚུགསཔ་ཅིག་དང་ ལོ་བསྟར་བཞིན་དུ་ མི་གྲངས་སྟོང་ཕྲག་ལས་བཅད་དེ་ ངོས་འཛིན་འབད་མ་ཚུགས་པར་ ལུས་ཡོདཔ་ལས་ དེ་བ་ཡང་ལྷག་སྟེ་ ཤི་རྐྱེན་བྱུང་བྱུངམ་འོང་ཟེར་ཨིན་པས།འཛམ་གླིང་གི་ ལུང་ཕྱོགས་ལེ་ཤ་ཅིག་ནང་ ཤི་རྐྱེན་ཡར་སེང་འགྱོ་མི་ལུ་བལྟ་བ་ཅིན་ དེ་བཟུམ་མའི་ ཚེ་སྲོག་བརླག་སྟོར་ བཀག་ཐབས་ལུ་ རྒྱལ་སྤྱིའི་ཁ་ཐུག་ལས་ ངོས་ལེན་སྒྲིང་སྒྲིང་དགོཔ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

Online now: 4 Today: 1480 Total visitors: 14843