ArchiveAboutContact

Category: འཛམ་གླིང་གནས་ཚུལ།

World News

ཨེ་པཱལ་ལས་སྡེ་གིས་ ཡུ་ཨེཛ་ལུ་ ཌོ་ལར་ཐེར་འབུམ་ ༡༠༠ མ་རྩ་གཞི་བཙུགས་ཧེང་སྐལ།

བི་བི་སི། ཡུ་ཨེཛ་གི་སྲིད་འཛིན་ ཌོ་ནཱལ་ཊཱམ་གྱིས་ ཨུ་ཚུགས་རྐྱབ་པ་ལུ་བརྟེན་ཏེ་ འཕྲུལ་རིག་ལས་སྡེ་ ཨེ་པཱལ་གྱིས་ ད་རུང་ཡང་ ཡུ་ཨེཛ་ལུ་ ཌོ་ལར་ཐེར་འབུམ་ ༡༠༠ མ་རྩ་གཞི་བཙུགས་འབད་ནི་གི་ འཆར་གཞི་ཡོདཔ་ཨིན་པས། ཝ་ཡིཊ་ཧ་འུཛ་ལས་ མ་དངུལ་དེ་ ཡུ་ཨེཛ་ལུ་ ཨེ་པཱལ་ལས་སྡེ་གིས་ ཆ་ཤས་ལེ་ཤ་སྦེ་ བཟོ་ནི་ལུ་ སེམས་ཤུགས་བྱིན་ནིའི་དོན་ལས་ ལག་ལེན་འཐབ་ནི་ཨིནམ་སྦེ་ བཤད་ཡོདཔ་ད་ དེ་ཡང་ ལས་སྡེ་དེ་གིས་ ཧེ་མར་ ལོ་ངོ་ ༤ གི་རིང་ལུ་ ཌོ་ལར་ཐེར་འབུམ་ ༥༠༠ ཟད་འགྲོ་བཏང་ནི་སྦེ་ ཁས་བླངས་འབད་བའི་ ཁ་སྐོང་ལུ་ཨིན་ཟེར་བཀོད་ནུག། དེ་མ་ཚད་ ཨེ་པཱལ་ལས་སྡེ་གིས་ ཨའི་ཕཱོན་བཟོ་སྐྲུན་གྱི་ ས་ཁོངས་དེ་ཡང་ ཡུ་ཨེཛ་ལུ་ མ་སྤོ་བ་ཅིན་ ཨའི་ཕཱོན་གྱི་ ཐོན་སྐྱེད་ཚུ་ལུ་ ཁྲལ་ཡར་སེང་འབད་ནི་ཨིན་པའི་ ཉེན་བརྡ་ཡང་འབད་ཡོདཔ་ཨིན་པས། བདུན་ཕྲག་ཧེ་མའི་ནང་ ཨེ་པཱལ་ལས་སྡེའི་ བཀོད་ཁྱབ་གཙོ་འཛིན་ ཊིམ་ཀུག་གིས་ ལས་སྡེ་དེ་གིས་ ཧེ་མ་ལས་ ཁས་བླངས་འབད་མི་ལུ་ གཞིར་བཞག་སྟེ་ ཐོན་སྐྱེད་ཚུ་ལུ་ ཁྲལ་ཡར་སེང་འབད་ནི་ལས་ བཀག་ཐབས་ལུ་ བརྩོན་ཤུགས་བསྐྱེད་དོ་ཡོདཔ་སྦེ་ བཤདཔ་ཨིན་པས་ཟེར་ […]

World News

རྒྱ་གར་གྱིས་ ར་ཤི་ཡ་ལས་ མར་ཁུ་ཉོ་མི་ལུ་བརྟེན་ཏེ་ ཡུ་ཨེཛ་གིས་ རྒྱ་གར་ལས་ ཅ་ཆས་ནང་འདྲེན་ལུ་ ཁྲལ་བརྒྱ་ཆ་ ༥༠ ལུ་ཡར་སེང་།

བི་བི་སི། སྤྱི་ཟླ་ ༨ པའི་ཚེས་ ༧ ལུ་ ཡུ་ཨེཛ་གི་སྲིད་འཛིན་ ཌོ་ནཱལ་ཊཱམ་གྱིས་ བཀོད་ཁྱབ་བཀའ་རྒྱ་ཅིག་ བཏོན་པའི་ནང་གསལ་ རྒྱ་གར་གྱིས་ ར་ཤི་ཡའི་ མར་ཁུ་ཉོ་མི་ལུ་བརྟེན་ཏེ་ ཡུ་ཨེཛ་གིས་ རྒྱ་གར་ལས་ ཅ་ཆས་ནང་འདྲེན་འབད་མི་ཚུ་ལུ་ ཁྲལ་བརྒྱ་ཆ་ ༢༥ ཧེང་སྐལ་བཀལ་ནི་ཨིནམ་སྦེ་བཀོད་ནུག། དེ་སྦེ་ ཁྲལ་ཡར་སེང་འབད་མི་དེ་གིས་ རྒྱ་གར་ལས་ ཡུ་ཨེཛ་གིས་ ནང་འདྲེན་འབད་བའི་ ཅ་ཆས་ཀྱི་ཁྲལ་བསྡོམས་ བརྒྱ་ཆ་ ༥༠ ལུ་ ཡར་སེང་འགྱོ་ནི་ཨིནམ་ལས་ ཡུ་ཨེཛ་གི་ ནང་འདྲེན་ཁྲལ་ མཐོ་ཤོས་ཀྱི་གྲས་ཁར་ཨིནམ་ད་ ཁྲལ་གསརཔ་དེ་ཡང་ ཉིན་གྲངས་ ༢༡ གི་རྒྱབ་ལས་ སྤྱི་ཟླ་ ༨ པའི་ཚེས་ ༢༧ ལུ་ འགོ་བཙུགས་ནི་ཨིན་པས། གནད་དོན་དེ་ལུ་ རྒྱ་གར་གྱི་ ཕྱི་འབྲེལ་ལྷན་ཁག་གིས་ ར་ཤི་ཡ་ལས་ ནང་འདྲེན་འབད་མི་ཚུ་གི་ཐེད་ཁར་ ཁ་གསལ་སྦེ་ བཤད་ཡོད་རུང་ ཡུ་ཨེཛ་གིས་ ཁྲལ་ཡར་སེང་འབད་མི་དེ་ དྲང་བདེན་དང་ གཞི་ཁུངས་མེད་པའི་ ཁྲལ་ཚད་ཅིག་ཨིན་པས་ཟེར་བཀོད་ནུག། རྒྱལ་ཁབ་གཞན་དག་པ་ཅིག་གིས་ར་ […]

World News

བང་ལ་དེཤ་ལུ་ གཞུང་བཙག་འཐུ་ འགོ་འདྲེན་འཐབ་ནི།

བི་བི་སི། སྤྱི་ཟླ་ ༨ པའི་ཚེས་ ༥ ལུ་ བང་ལ་དེཤ་གི་ བློན་ཆེན་བགྲེསཔ་ ཤེག་ཧ་སི་ན་དེ་ རྒྱལ་ཁབ་ནང་ལས་ བཙན་བྱོལ་འབད་དེ་ ལོ་ ༡ འཁོར་མི་དང་བསྟུན་ཏེ་ གནས་སྐབས་ཀྱི་བློན་ཆེན་ མུ་ཧ་མེད་ ཡུ་སུཕ་གིས་ སང་ཕོད་ སྤྱི་ཟླ་ ༢ པའི་ནང་ གཞུང་བཙག་འཐུ་ འགོ་འདྲེན་འཐབ་ནི་ཨིན་པའི་ གསལ་བསྒྲགས་འབད་ཡོདཔ་ལས་ མི་སེར་ལ་ལོ་ཅིག་གིས་ རྒྱལ་ཁབ་རང་དབང་ ལན་ཐེངས་ ༢ པ་ ཐོབ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་ཟེར་ དགའ་སྤྲོའི་ཐོག་ལས་ བཤདཔ་ཨིན་པས། ཤེག་ཧ་སི་ན་དེ་ བང་ལ་དེཤ་གི་ བློན་ཆེན་སྦེ་ མི་ལོ་ ༡༥ འཁོར་བའི་ཤུལ་ལས་ སློབ་ཕྲུག་ཚུ་གིས་ ངོ་རྒོལ་འབད་བ་ལུ་བརྟེན་ཏེ་ ན་ཧིང་ སྤྱི་ཟླ་ ༨ པའི་ཚེས་ ༥ ལུ་ རྒྱ་གར་རྒྱལ་ཁབ་ནང་ བྱོག་འགྱོ་བའི་ཤུལ་ལས་ འཛམ་གླིང་ཞི་བདེའི་ རྟགས་མ་ཐོབ་མི་ ཡུ་ནུཛ་དེ་ གནས་སྐབས་ཀྱི་ བློན་ཆེན་སྦེ་ བསྐོ་བཞག་འབད་ཡོདཔ་ལས་ […]

World News

རྒྱ་གར་ལུ་ ཆུ་རུད་ཐོན་པའི་ཤུལ་ལས་ མི་སེར་ ༡༠༠ ལྷགཔ་ཅིག་བྱང་སྟོར།

བི་བི་སི། སྤྱི་ཟླ་ ༧ པའི་ཚེས་ ༥ ལུ་ རྒྱ་གར་གྱི་ བྱང་ཕྱོགས་མངའ་སྡེ་ ཨུ་ཏ་ར་ཁཱན་ལུ་ ཆུ་རུད་ཐོན་པའི་ཤུལ་ལས་ མི་ ༡ ལུ་ ཤི་རྐྱེན་བྱུང་ཡོདཔ་མ་ཚད་ མི་སེར་བརྒྱ་ལྷགཔ་ཅིག་ཡང་ འཚོལ་མ་ཐོབ་པར་ཡོདཔ་ཨིན་པས། དེ་ཡང་ ཨུ་ཏ་ར་ཁཱན་མངའ་སྡེའི་ ཨུ་ཏར་ཀ་ཤི་རྫོང་ཁག་ དྷ་ར་ལི་གཡུས་ཚན་ནང་ འདས་པའི་བདུན་ཕྲག་དག་པ་ཅིག་གི་ ཧེ་མ་ལས་ ཆརཔ་ཤུགས་སྦེ་ རྐྱབ་ནི་དེ་གིས་ ལམ་དང་ སྒྲིང་ཁྱིམ་ཚུ་ ཆུའི་འོག་ལུ་ཚུད་དེ་ རྒྱུན་ལམ་མེད་པ་ལུ་བརྟེན་ཏེ་ དམག་མི་དག་པ་ཅིག་མ་གཏོགས་ སྲོག་སྐྱབས་འབད་མི་གཞན་ཚུ་ཡང་ འགྱོ་མ་ཚུགསཔ་སྦེ་བཀོད་ནུག། སྤྱི་ཟླ་ ༧ པའི་ཚེས་ ༦ ལུ་ ཨུ་ཏ་ར་ཁཱན་མངའ་སྡེའི་ གཙོ་འཛིན་བློན་པོ་ པུཤ་ཀར་སིང་ དྷ་མི་གིས་ གནས་ཚུལ་བསྡུ་བཀོདཔ་ཚུ་ལུ་ བཤད་དོ་བཟུམ་འབད་བ་ཅིན་ ས་གནས་དེ་ཁའི་ མི་སེར་ ༡༣༠ དེ་ཅིག་ སྲོག་སྐྱབས་འབད་ཚུགས་ཅི་ཟེར་ཨིན་པས། རྒྱ་གར་གྱི་ གནམ་གཤིས་ལས་ཁུངས་ཀྱིས་ ཤུལ་མའི་ཉིནམ་དག་པ་ཅིག་གི་རིང་ལུ་ ས་གོ་དེ་ནང་ ཆརཔ་ཤུགས་སྦེ་ར་ རྐྱབ་ནི་ཨིནམ་སྦེ་ བཤད་ཡོདཔ་ལས་ ཆུ་རུད་འཐོན་ནི་གི་ […]

World News

གྱིབ་ཆས་ཀྱིས་ འགྲོ་བ་མིའི་འཕྲོད་བསྟེན་ལུ་ གནོད་ཉེན་ཚབས་ཆེན།

ཨེན་ཌི་ཊི་ཝི། སྤྱི་ཟླ་ ༨ པའི་ཚེས་ ༤ ལུ་ ལཱན་སེཊ་ཟེར་མི་ དུས་དེབ་ཐོག་ལས་ གསར་བཏོན་འབད་མི་ སྙན་ཞུ་དང་འཁྲིལ་བ་ཅིན་ གྱིབ་ཆས་ཀྱི་ བཙོག་ལྷད་དེ་གིས་ འཛམ་གླིང་དང་ འགྲོ་བ་མི་གཉིས་ཆ་ར་ལུ་ གནོད་ཉེན་ཚབས་ཆེན་ཡོད་རུང་ ངོས་ལེན་མིན་འདུག་ཟེར་ཨིན་པས། དེ་ཡང་ རྒྱལ་སྤྱིའི་མཁས་མཆོག་སྡེ་ཚན་ཅིག་གིས་ རྩོམ་སྒྲིག་འབད་མི་ སྙན་ཞུའི་ནང་ གྱིབ་ཆས་ལུ་ གནོད་ཉེན་ཅན་གྱི་ རྫས་སྦྱོར་མང་རབས་ཅིག་ཡོདཔ་ལས་ ཨ་ལོ་ཆུང་ཀུ་ལས་ འགོ་བཟུང་སྟེ་ རྒན་རྒས་ཚུན་ལུ་ གནོད་པ་དང་ ཤི་རྐྱེན་ཚུ་ ཡར་སེང་ཅན་སྦེ་ར་ འབྱུང་དོ་ཡོདཔ་སྦེ་བཀོད་ནུག། གྱིབ་ཆས་ཀྱི་ བཙོག་ལྷད་ལུ་བརྟེན་ཏེ་ ལོ་བསྟར་བཞིན་དུ་ དཔལ་འབྱོར་ལུ་ཡང་ ཌོ་ལར་དུང་ཕྱུར་ཁྲི་ ༡༥ དེ་རེ་ གྱོང་རྒུད་ཕོག་དོ་ཡོདཔ་ད་ སྙན་ཞུ་དེ་ནང་ འགྲོ་བ་མི་ལུ་ གནོད་ཉེན་བྱུང་ཚུལ་དང་ སྒྲུབ་བྱེད་ཚུ་ རྒྱས་ཤིང་རྒྱསཔ་སྦེ་ བཀོད་དེ་ཡོད་མིའི་ནང་ གྱིབ་ཆས་བཟོ་བཏོན་ལས་ འགོ་བཟུང་སྟེ་ བཀོ་གཏང་པའི་ གནས་རིམ་ཚུན་ལུ་ གནོད་པ་ཚུ་གི་སྐོར་ལས་ བཀོད་དེ་ཡོདཔ་ཨིན་པས། གྱིབ་ཆས་བཟོ་བཏོན་སྐབས་ལུ་ཐོན་མི་ བཙོག་རླུང་ནང་ དུག་རླུང་སཱལ་ཕར་ཌའི་ཨོག་ས་ཡིཌ་དང་ ནའི་ཊོ་ཇེན་ཨོག་ས་ཡིཌ་ཚུ་གིས་མ་དོ་བར་ གྱིབ་ཆས་བཟོ་མི་ཚུ་ལུ་གནོད་པའི་ […]

World News

རྒྱ་པཱན་རྒྱལ་ཁབ་ནང་ སྐྱེས་ལོ་ ༡༡༤ འབད་མི་ ཌོག་ཊར་ཤི་གི་ཀོ་ ཀ་ག་ཝ་དེ་ མི་རྒས་ཤོས་ལུ་གྱུར་ཡོདཔ།

ཀརྨ་རྡོ་རྗེ།  ཨེ་བི་སི།   སྤྱི་ཟླ་ ༨ པའི་ཚེས་ ༤ ལུ་ རྒྱ་པཱན་གྱི་ གསོ་བ་དང་ ལཱ་གཡོག་ ཕན་བདེ་ལྷན་ཁག་ལས་ བཤད་དོ་བཟུམ་འབད་བ་ཅིན་ སྐྱེས་ལོ་ ༡༡༤ འབད་མི་ མི་ཡོ་ཀོ་ ཧི་རོ་ཡ་སུ་ ཤི་བའི་ཤུལ་ལུ་ ན་ར་མངའ་སྡེ་ལས་ སྐྱེས་ལོ་ ༡༡༤ འབད་མི་ ཌོག་ཊར་ཤི་གི་ཀོ་ ཀ་ག་ཝ་དེ་ མི་རྒས་ཤོས་ལུ་ གྱུར་ཡོདཔ་ཨིན་པས། ཨང་རྒས་ཀ་ག་ཝ་དེ་ འཛམ་གླིང་དམག་ཆེན་ ༢ པའི་ཧེ་མར་ གསོ་བའི་སློབ་གྲྭ་ལས་ ཤེས་ཡོན་མཐར་འཁྱོལ་ཏེ་ དམག་འཁྲུག་གི་སྐབས་ལུ་ ཨོ་ས་ཀའི་ སྨན་ཁང་ནང་ ཕྱག་ཞུ་བའི་ཤུལ་ལས་ མོ་རའི་བཟའ་ཚང་གི་ སྨན་ཁང་ཅིག་ནང་ མོ་ནད་མཁས་མཆོག་ཅིག་སྦེ་ ལཱ་འབད་དེ་ སྐྱེས་ལོ་ ༨༦ ལུ་ དགོངས་ཞུ་འབད་ནུག། དེ་ལས་ སྐྱེས་ལོ་ ༡༠༩ ལངམ་ད་ སྤྱི་ལོ་ ༢༠༢༡ ལོར་ ཊོ་ཀི་ཡོའི་ ཨོ་ལིམ་པིག་ རྩེད་མགྲན་སྐབས་ལུ་ ཨོ་ལིམ་པིག་གི་ […]

World News

ཡུ་ཨེཛ་གི་ གོ་མཚོན་ཚུ་ ཡུ་ཀེ་རེན་ལུ་ གཏང་ནིའི་དོན་ལས་ སུའི་ཌེན་དང་ ནོར་ཝེ་ ཌེན་མཱག་ཚུ་གིས་ ཌོ་ལར་ས་ཡ་ ༥༠༠ བྱིན་ནི།

རོའི་ཊརཛ། སྤྱི་ཟླ་ ༨ པའི་ཚེས་ ༥ ལུ་ ཡུ་ཨེཛ་གིས་ ཡུ་ཀེ་རེན་ལུ་ མི་ཛ་ཡེལ་ཚུ་བརྩིས་ཏེ་ གོ་མཚོན་ཚུ་ མཁོ་སྤྲོད་འབད་ནི་ལུ་ ལྷན་ཐབས་ཀྱི་དོན་ལས་ སུའི་ཌེན་དང་ ནོར་ཝེ་ ཌེན་མཱག་རྒྱལ་ཁབ་ཚུ་གིས་ ཌོ་ལར་ས་ཡ་ ༥༠༠ བྱིན་ནི་སྦེ་ཨིནམ་ད་ དེ་ཡང་ ཡུ་ཀེ་རེན་ རྒྱལ་ཁབ་དེ་ ར་ཤི་ཡ་ལས་ སྲུང་སྐྱོབ་འབད་ཐབས་ལུ་ཨིན་པས། ཡུ་ཨེཛ་གི་སྲིད་འཛིན་ ཌོ་ནཱལ་ཊཱམ་གྱིས་ ཡུ་ཨེཛ་ཁ་ཐུག་ལས་ གོ་མཚོན་ཚུ་ ཡུ་རོབ་མཐུན་འབྲེལ་རྒྱལ་ཁབ་ཚུ་གིས་ རིན་གོང་སྤྲོད་ཐོག་ལས་ མཁོ་སྤྲོད་འབད་ནི་ཨིནམ་སྦེ་ བཤད་ཡོད་རུང་ ཐབས་ལམ་ག་ཅི་བཟུམ་ཅིག་ ལག་ལེན་འཐབ་ནི་ཨིན་ནའི་སྐོར་ལས་ བརྡ་སྟོན་འབདཝ་སྦེ་བཀོད་ནུག།  ནོར་ཝེའི་སྲུང་སྐྱོབ་བློན་པོ་ ཊོ་རེ་ཨོ་སཱན་བིག་གིས་ བརྗོད་དོན་ཅིག་ནང་ ཁོང་གིས་ ཡུ་ཀེ་རེན་ལུ་ དགོས་མཁོ་ཆེ་བའི་ གོ་མཚོན་ཚུ་ ག་དེ་མགྱོགས་མགྱོགས་ འཐོབ་ཐབས་བཟོ་ནི་ཨིནམ་མ་ཚད་ ཡུ་ཀེ་རེན་གྱི་ སྲུང་སྐྱོབ་དང་ ཞི་བདེའི་དོན་ལུ་ཡང་ བྱང་ཨེཊ་ལེན་ཊིག་ ཆིངས་ཡིག་ཚོགས་པའི་ མཉམ་འབྲེལ་དེ་ཡང་ བཙན་ཐབས་འབད་ནི་ཨིན་ཟེར་ བཀོད་དེ་ཡོདཔ་ཨིན་པས། ཡུ་ཀེ་རེན་གྱི་སྲིད་འཛིན་ ཝོ་ལོ་ཌི་མིར་ ཟེ་ལེནཛ་ཀི་གིས་ གོ་མཚོན་གྲོགས་རམ་དེ་གིས་ […]

World News

ཨཱཕ་རི་ཀའི་ གྲུ་ཆུང་ཅིག་ ཡེ་མན་ཉེ་འདབས་ཀྱི་ རྒྱ་མཚོའི་ནང་ མ་སོངཔ་ལས་ འགྲུལ་པ་ ༦༠ ལྷགཔ་ཅིག་ལུ་ཤི་རྐྱེན། 

སི་ཨེན་ཨེན། སྤྱི་ཟླ་ ༨ པའི་ཚེས་ ༤ ལུ་ འཛམ་གླིང་སྤྱི་ཚོགས་ གནས་སྤོ་ལས་སྡེ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཡེ་མན་ཉེ་འདབས་ཀྱི་ རྒྱ་མཚོའི་ནང་ གྲུ་ཆུང་ ༡ ཐིམ་སོངཔ་ལས་ ཨཱཕ་རི་ཀའི་ མི་ཁུངས་ ༦༨ ལུ་ ཤི་རྐྱེན་བྱུང་ཡོདཔ་ད་ གཞན་མི་ ༧༤ འཚོལ་མ་ཐོབ་ཨིན་པས། ཡེ་མན་ཉེ་འདབས་ཀྱི་ རྒྱ་མཚོའི་ནང་ གྲུ་ཟིང་མང་རབས་ཅིག་ལུ་ ཐུག་རྐྱེན་བྱུང་མི་ཚུ་ནང་ འགྲུལ་པ་བརྒྱ་ཕྲག་ལས་བཅད་མི་ཚུ་ལུ་ ཤི་རྐྱེན་བྱུང་ཡོདཔ་ད་ དེ་ཡང་ ཨཱཕ་རི་ཀའི་ མི་སེར་ཚུ་ ཁོང་རའི་རྒྱལ་ཁབ་ནང་ དབུལ་ཕོངས་དང་ ཟིང་འཁྲུག་གི་ དཀའ་ངལ་ཚུ་ བྱུང་མི་ལུ་བརྟེན་ཏེ་ ཨ་རབ་རྒྱལ་ཁབ་ཚུ་ནང་ བདེ་སྐྱིད་ལོངས་སྤྱོད་ཀྱི་ རེ་འདུན་ཐོག་ལུ་ བྱོག་འགྱོ་དོ་ཡོདཔ་སྦེ་བཀོད་ནུག། དེ་སྦེ་ རྒྱ་མཚོའི་ནང་ཐིམ་མི་ གྲུ་ཆུང་ནང་ ཨི་ཐི་ཡོ་པི་ཡའི་ རྒྱལ་ཁབ་ལས་ མི་གྲངས་ ༡༥༤ ཡང་ཡོདཔ་ད་ ཤི་རྐྱེན་བྱུང་མི་ ༥༤ གི་ཕུངམོ་ཚུ་ མཚོ་རླབས་ཀྱིས་ མཚོ་འགྲམ་ལུ་ འཕྱག་སྟེ་བསྐྱལ་ཡོདཔ་ཨིན་པས། དེ་ལས་ […]

World News

རྒྱ་ནག་གི་ གཅེས་སྐྱོང་ལྟེ་བ་ཅིག་ནང་ ཆར་ཆུ་ལུ་བརྟེན་ཏེ་ མི་གྲངས་ ༦༠ ལུ་ཤི་རྐྱེན།

རོའི་ཊརཛ། རྒྱ་ནག་བྱང་ཕྱོགས་ཀྱི་ ས་ཁོངས་ཚུ་ནང་ ཆརཔ་སྦོམ་སྦེ་ར་ རྐྱབ་དོ་ཡོདཔ་ལས་ རྒྱལ་ས་བེ་ཇིང་གི་ ཁྲོམ་ཁར་ཡོད་མི་ རྒན་རྒས་གཅེས་སྐྱོང་ལྟེ་བའི་ནང་ སྡོད་མི་ཚུ་བརྩིས་ཏེ་ མི་གྲངས་བསྡོམས་ ༦༠ ལུ་ ཤི་རྐྱེན་བྱུང་ནུག།དེ་བཟུམ་སྦེ་ འདས་པའི་བདུན་ཕྲག་ནང་ བེ་ཇིང་ལུ་ མི་གྲངས་ ༤༤ དང་ ཉེ་འདབས་ཀྱི་ ཧོ་བེ་མངའ་སྡེ་ནང་ མི་གྲངས་ ༣༡ དེ་ཅིག་ འཚོལ་མ་ཐོབ་པར་ཡོདཔ་ཨིན་པས།དེ་ལས་ ཁྲོམ་ཚོགས་མི་ཡུན་ཏའི་ཤི་ཏུན་ཟེར་སར་ གཅེས་སྐྱོང་ལྟེ་བ་ཅིག་གི་ནང་ མི་གྲངས་ ༣༡ ལུ་ ཤི་རྐྱེན་བྱུང་ཡོདཔ་ད་ མ་གཞི་ མི་ཡུན་ཆུ་མཛོད་ཀྱི་ འགོ་དཔོན་ཚུ་གིས་ མི་ཡུན་ཁྲོམ་ཚོགས་ལུ་ ཉེན་བརྡ་སྤེལ་ཡོད་རུང་ ཆར་ཤུགས་ལུ་བརྟེན་ཏེ་ དུས་ཚོད་ཁར་ སྲོག་སྐྱབས་ཀྱི་ ལཱ་ཚུ་འབད་མ་ཚུགསཔ་སྦེ་བཀོད་ནུག།མི་ཡུན་ཆུ་མཛོད་ཁང་གི་དོན་ལས་ ཆུ་འདྲངས་སའི་ གཙང་ཆུ་ཀིང་ཤུའི་ཟེར་མི་དེ་ཡང་ ཨ་རྟག་དང་ཕྱདཔ་ད་ གནམ་མེད་ས་མེད་སྦོམ་ཐལ་ཡོདཔ་ལས་ མི་གྲངས་ ༣༠༠,༠༠༠ ལྷགཔ་ཅིག་དང་ སྡོད་ཁྱིམ་ ༢༤,༠༠༠ དེ་ལས་ ཟམ་ ༢༤༢ དང་ འཁོར་ལམ་ཀི་ལོ་མི་ཊར་ ༧༥༦ དེ་ཅིག་ལུ་ […]

World News

ཨི་རཱན་གྱིས་ ས་མཚམས་ཕྱི་ཁར་ དམར་བསད་ཀྱི་ གྱོས་ངན་བརྩམ་དོ་ཡོད་པའི་ཁ་ཉེས།

ཨཱལ་ཇ་ཟི་ར། ཡུ་ཀེ་དང་ ཁོང་གི་མཐུན་འབྲེལ་རྒྱལ་ཁབ་ ༡༣ གྱིས་ ཨི་རཱན་གྱི་ གསང་ཞིབ་ཞབས་ཏོག་གི་ ཁ་ཐུག་ལས་ ཡུ་རོབ་དང་ བྱང་ཨ་མི་རི་ཀ་ལུ་ཡོད་མི་ མི་ངོམ་ཚུ་གི་ རྒྱབ་འགལ་ལུ་ འཇིགས་སྐུལ་དང་འབྲེལ་བའི་ དམར་བསད་དང་ འཛིན་བཟུང་འབད་ནི་གི་ གྱོས་ངན་བརྩམ་དོ་ཡོད་པའི་ ཁ་ཉེས་བཀལ་ཡོདཔ་ཨིན་པས།དེ་ཡང་ ཡུ་ཨེཛ་དང་ ཕ་རཱནཛ་ ཇར་མ་ནི་ ཀེ་ན་ཌ་ རྒྱལ་ཁབ་ཚུ་གིས་ མཉམ་འབྲེལ་བརྗོད་དོན་ཅིག་ནང་ ཨི་རཱན་གྱིས་ ཁོང་རའི་ས་མཚམས་ཀྱི་ཕྱི་ཁར་ དེ་བཟུམ་མའི་གྱོས་ངན་བརྩམ་མི་དེ་ རྒྱལ་ཁབ་རང་སོའི་ རང་དབང་གི་ གཞི་རྩ་དང་ འགལ་བ་ཨིནམ་སྦེ་བཀོད་ནུག།བརྗོད་དོན་དེ་ཁར་ མིང་རྟགས་བཀོད་མིའི་གྲས་ཁར་ ཨཱལ་བ་ནི་ཡ་དང་ ཨཱཛ་ཊྲི་ཡ་ བེལ་ཇི་ཡམ་ ཛེག་རེ་པབ་ལིག་ ཌེན་མཱག་ ཕིན་ལེན་ ནེ་དར་ལེན་ སི་པེན་ སུའི་ཌེན་ ཡུ་ཀེ་རྒྱལ་ཁབ་ཚུ་ཡོདཔ་ཨིན་པས།ཨིན་རུང་ ཨི་རཱན་གྱི་ ཕྱི་འབྲེལ་ལྷན་ཁག་ལས་ ཡུ་ཀེ་དང་ ཡུ་རོབ་རྒྱལ་ཁབ་ཚུ་གིས་ ཁ་ཉེས་བཀལ་མི་དེ་ལུ་ བདེན་ཁུངས་མེདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

Online now: 8 Today: 95 Total visitors: 13458