ArchiveAboutContact

Category: འཛམ་གླིང་གནས་ཚུལ།

World News

རྒྱ་གར་གྱི་མངའ་སྡེ་ ཀཤ་མིར་ལུ་ གློ་བུར་དུ་ ས་རུད་ཆད་དེ་ མི་གྲངས་ ༤༦ ལུ་ཤི་རྐྱེན།

བི་བི་སི། སྤྱི་ཟླ་ ༨ པའི་ཚེས་ ༡༤ ལུ་ རྒྱ་གར་གྱི་མངའ་སྡེ་ ཀཤ་མིར་ལུ་ ཧིན་དུའི་གནས་སྐོར་པ་ཚུ་སྡོད་སའི་ གཡུས་ཚན་ནང་ གློ་བུར་དུ་ ས་རུད་ཐོན་ཏེ་ མི་གྲངས་ ༤༦ ལུ་ ཤི་རྐྱེན་བྱུང་ཡོདཔ་ད་ ས་རུད་དེ་ཡང་ གངས་རི་ཧི་མ་ལ་ཡ་ལུ་ ཡོངས་གྲགས་ཅན་གྱི་ ལྷ་ཁང་ཅིག་ཡོད་སར་ ཧིན་དུའི་ཆོས་ལུགས་འབད་མི་ཚུ་ གནས་སྐོར་ལུ་ འགྱོ་སའི་ལམ་ཁར་ གཡུས་ཚན་ཅོ་སི་ཊི་ཟེར་སར་ཐོན་ནུག། ཡོངས་འབྲེལ་ཐོག་ལས་ བརྙན་ཐུང་ཚུ་ ཁྱབ་སྤེལ་འབད་མིའི་ནང་ སྣུམ་འཁོར་ཚུ་ ས་རུད་ཀྱིས་ འཕྱགས་བདའ་ས་དང་ སྲོག་སྐྱབས་འབད་མི་ཚུ་གིས་ སྡོད་ཁྱིམ་མེདཔ་བཏང་ཡོད་མི་ཚུ་ནང་ གསོན་པོ་སྦེ་ཡོད་མི་ཚུ་ འཚོལ་ཞིབ་འབད་སར་ མཐོང་དོ་ཡོདཔ་ད་ གནས་སྐོར་པ་ཚུ་ཡང་ ཉེན་སྲུང་ཅན་གྱི་ས་ཁར་ སྤོ་བཤུད་འབད་ཡོད་རུང་ མི་གྲངས་ ༥༠ དེ་ཅིག་ བྱང་སྟོར་ཤོར་ཡོདཔ་ཨིན་པས། རྒྱ་མུ་དང་ ཀཤ་མིར་གྱི་ སྤྱི་ཚོགས་འཐུས་མི་ བློན་པོ་ཇི་ཏེན་ད་ར་སིང་གི་ས་ ས་རུད་དེ་ ཚབས་ཆེན་ཅིག་འབདཝ་ལས་ སྲོག་སྐྱབས་སྡེ་ཚན་ཚུ་ལུ་ འཛུལ་ཞུགས་ཀྱི་ དཀའ་ངལ་དང་ འཁོར་ལམ་ཅིག་ཡང་ འཕྱགས་བདའ་ཡོདཔ་ད་ གནམ་གཤིས་ཀྱིས་ གནམ་གྲུ་ཧེ་ལི་ཀོབ་ཊར་ […]

World News

ར་ཤི་ཡ་གིས་ མི་སྡེ་བརྡ་བརྒྱུད་ ཝཱཛ་ཨེབ་དང་ ཊེ་ལི་ག་རམ་བཀག་དམ།

ཨཱལ་ཇ་ཟི་ར། སྤྱི་ཟླ་ ༨ པའི་ཚེས་ ༡༤ ལུ་ ར་ཤི་ཡ་གིས་ མི་སྡེ་བརྡ་བརྒྱུད་ ཝཱཛ་ཨེབ་ཀྱི་ཐོག་ལས་ ལོ་རྒྱུས་སླབ་ནི་དང་ ཊེ་ལི་ག་རམ་བརྒྱུད་དེ་ བརྡ་འཕྲིན་སྤེལ་ནི་ཚུ་ བཀག་དམ་འབད་ནི་ཨིན་པའི་ གསལ་བསྒྲགས་འབད་ནུག། བཀག་དམ་དེ་གིས་ ཟླ་རིམ་བཞིན་དུ་ ཝཱཛ་ཨེབ་ལག་ལེན་འཐབ་མི་ ས་ཡ་ ༩༦ དང་ ཊེ་ལི་ག་རམ་སྤྱོད་མི་ ས་ཡ་ ༨༩ དེ་ཅིག་ལུ་ གནོད་པ་འབྱུང་ནི་ཨིན་པས་ཟེར་ ར་ཤི་ཡའི་ བརྡ་བརྒྱུད་བལྟ་རྟོག་སྡེ་ཚན་གྱིས་ བཤད་ཡོདཔ་ཨིན་པས།  དེ་ཡང་ ར་ཤི་ཡའི་ བརྡ་བརྒྱུད་དང་ ཡོངས་འབྲེལ་སྒྲིག་འཛིན་ལས་སྡེ་ རོཛ་ཀོམ་ནཱཌ་ཛོར་གྱིས་འབད་བ་ཅིན་ ཐབས་ལམ་དེ་ཡང་ ཉེས་ལས་ཚད་འཛིན་གྱི་དོན་ལུ་ དགོས་དོན་ཡོད་ལུགས་དང་ ཁྲིམས་ལུགས་བསྟར་སྤྱོད་ལས་སྡེ་དང་ མི་སེར་ལེ་ཤ་ཅིག་གིས་ ཊེ་ལི་ག་རམ་དང་ ཝཱཛ་ཨེབ་ ༢ ཀྱི་ ཞབས་ཏོག་ཚུ་ གཡོ་སྒྱུ་དང་ དངུལ་ཟོལ་གྱི་དོན་ལུ་ ལག་ལེན་འཐབ་དོ་ཡོདཔ་སྦེ་བཤད་ནུག། དེ་མ་ཚད་ མི་སྡེ་བརྡ་བརྒྱུད་ ༢ ཀྱིས་ ར་ཤི་ཡའི་ མི་སེར་ཚུ་ལུ་ གནོདཔ་བཀལ་ནི་དང་ དྲག་ཐོག་དབང་བཙོང་གི་ ལཱ་ཚུ་འབད་ནི་ལུ་ […]

World News

ཨིཛ་རེལ་གྱིས་ ག་ཟ་ལུ་ གནོད་འཚུབ་བཀལ་ཏེ་ དུས་ཡུན་ཆུ་ཚོད་ ༢༤ གི་ ནང་འཁོད་ལུ་ མི་གྲངས་ ༡༢༣ དམར་བསད།

རོའི་ཊརཛ། སྤྱི་ཟླ་ ༨ པའི་ཚེས་ ༡༣ ལུ་ ཨིཛ་རེལ་གྱི་ དམག་མི་ཚུ་གིས་ ཁྲོམ་ཚོགས་ག་ཟ་ལུ་ གནོད་འཚུབ་བཀལ་ཏེ་ མི་གྲངས་ ༡༢༣ དམར་བསད་འབད་ཡོདཔ་ད་ ངོ་རྒོལ་དམག་སྡེ་ ཧ་མཱཛ་གིས་ ཕྱད་མདའི་སྐོར་ལས་ ཨི་ཇིབ་རྒྱལ་ཁབ་ཀྱི་ འདུམ་འགྲིག་པ་ཚུ་དང་ གྲོས་གླེང་ཚུ་འབད་ནུག། དེ་ཡང་ ཨིཛ་རེལ་དང་ ཧ་མཱཛ་གི་བར་ན་ ཕྱད་མདའ་ལང་སྟེ་ ལོ་ངོ་ ༢ དེ་ཅིག་གི་རིང་ལུ་ ཉིནམ་ ༡ གི་ནང་ དེ་བཟུམ་མའི་ དམར་བསད་འབད་མི་དེ་ འགོ་དང་པ་ཨིནམ་ད་ ད་ཚུན་གྱི་བར་ན་ མི་རློབས་ས་ཡ་ ༢ ལྷགཔ་ཅིག་སྡོད་མི་ ག་ཟ་ཁྲོམ་ཚོགས་ཀྱི་ སྡོད་ཁྱིམ་ཚུ་ཡང་ གཏོར་བཏང་ཡོདཔ་སྦེ་ཨིན་པས། ཨིཛ་རེལ་གྱི་བློན་ཆེན་ བེན་ཇ་མིན་ ནེ་ཏ་ནི་ཡ་ཧུ་གིས་ པེ་ལིཛ་ཊིན་གྱི་ མི་སེར་ཚུ་ ག་ཟ་ལས་ འཐོན་འགྱོ་དགོཔ་སྦེ་ ཡང་བསྐྱར་བཤད་མི་ལུ་ ཡུ་ཨེཛ་གི་སྲིད་འཛིན་ ཌོ་ནཱལ་ཊཱམ་གྱིས་ཡང་ རྒྱབ་སྐྱོར་ཡོད་ལུགས་ཚུ་བཤད་ནུག། ཨིཛ་རེལ་གྱི་ བློན་ཆེན་གྱིས་འབད་བ་ཅིན་ པེ་ལིཛ་ཊིན་གྱི་ མི་སེར་ཚུ་ བཏོན་གཏང་ནི་སྦེ་མེན་པར་ […]

World News

སྲིད་འཛིན་ཌོ་ནཱལ་ཊཱམ་གྱིས་ ཝ་ཤིང་ཊཱོན་ལུ་ རྒྱལ་ཡོངས་སྲུང་སྐྱོབ་དམག་མི་བཀྲམ་སྤེལ།

ཨཱལ་ཇ་ཟི་ར། ཡུ་ཨེཛ་གི་སྲིད་འཛིན་ ཌོ་ནཱལ་ཊཱམ་མཆོག་གིས་ ཝ་ཤིང་ཊཱོན་ཌི་སི་དེ་ གནས་སྐབས་ཅིག་ དམ་འཛིན་འབད་ནི་ཨིན་པའི་ གསལ་བསྒྲགས་འབད་མི་དང་འཁྲིལ་ཏེ་ ཁྲིམས་སྲུང་འགག་སྡེ་ལས་ཁུངས་ཀྱིས་ ཁྲོམ་སྡེའི་ནང་ རྒྱལ་ཡོངས་སྲུང་སྐྱོབ་དམག་མི་ ༨༠༠ བཀྲམ་སྤེལ་འབད་ནུག། དེ་ཡང་ ཡུ་ཨེཛ་གི་རྒྱལ་ས་ ཝ་ཤིང་ཊཱོན་ཌི་སི་ལུ་ ཁྲིམས་འགལ་གྱི་ བྱ་ངན་འབད་མི་ ཡར་འཕར་འགྱོ་མི་དེ་ ཉེན་སྲུང་འབད་ཐབས་ལུ་ཨིན་ཟེར་ གསལ་བསྒྲགས་ནང་ བཀོད་ཡོདཔ་ཨིན་པས། དུས་ཡུན་སྐར་མ་ ༧༨ ཀྱི་རིང་ལུ་ གནས་ཚུལ་ཞལ་འཛོམས་ཅིག་ ཚོགས་པའི་སྐབས་ལུ་ སྲིད་འཛིན་ཊཱམ་མཆོག་གིས་ ཀོ་ལུམ་བི་ཡའི་ རྫོང་ཁག་ནང་ གཞུང་གི་ཁ་ཐུག་ལས་ དམ་འཛིན་འབད་ཐབས་ལུ་ ཁྲོམ་སྡེའི་ཁྲིམས་སྲུང་འགག་སྡེ་གིས་ བྱ་ངན་འབད་མི་ཚུ་ འཚོལ་ཞིབ་འབད་ནི་ཨིན་པའི་ གསལ་བཤད་གནང་ནུག། སྲིད་འཛིན་མཆོག་གིས་ རྒྱལ་ཁམས་ཀྱི་ རྒྱལ་ས་འདི་ བྱ་ངན་དང་ རྨ་བཏོན་ཁྲག་བཏོན་ གནས་སྟངས་སྐྱོ་དྲགས་ཚུ་ལས་ ཉེན་སྐྱོབ་འབད་ཐབས་ལུ་ འབྱུང་རབས་ཅན་གྱི་ ཐབས་ཤེས་སྟོན་དོ་ཡོད་པའི་སྐོར་ལས་ གསུངས་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

ཡུ་རོབ་གླིང་ཆེན་རྒྱལ་ཁབ་ཚུ་ནང་ ནགས་ཚལ་ལུ་ མེ་རྐྱེན་ཚབས་ཆེན་ བྱུང་ཡོད་པའི་དཀའ་ངལ།

རོའི་ཊརཛ། སྤྱི་ཟླ་  ༨ པའི་ཚེས་ ༡༣ ལུ་ དབང་འཛིན་འགོ་དཔོན་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ སི་པེན་གྱི་རྒྱལ་ས་ མ་ཌིད་ཀྱི་ཉེ་འདབས་ལུ་ ནགས་མེ་གིས་ རྟ་རས་ཅིག་ འཚིགས་མི་དེ་ནང་ ལཱ་འབད་མི་ཅིག་ལུ་ ཤི་རྐྱེན་བྱུང་ཡོད་པའི་སྐོར་ལས་དང་ ནགས་མེ་དེ་ སྡོད་ཁྱིམ་དང་ སོ་ནམ་ས་ཞིང་ཚུ་ནང་ ལྷོད་ཅི་ཟེར་ཨིན་པས། དེ་ཡང་ ཡུ་རོབ་གླིང་ཆེན་རྒྱལ་ཁབ་ སི་པེན་དང་ པོར་ཊུ་གཱལ་ གི་རིཛ་ ཊར་ཀི་ བཱལ་ཀཱན་ཚུ་ནང་ དྲོད་ཤུགས་ཀྱི་ཚད་ སེལ་ཤི་ཡཱཛ་ ༤༠ ལས་ལྷག་སྟེ་ ཡར་སེང་སོང་ཡོདཔ་ལས་ ནགས་ཚལ་ཚུ་ནང་ མེ་རྐྱེན་བྱུང་དོ་ཡོདཔསྦེ་ ཚན་རིག་པ་ཚུ་གིས་ གསལ་བཤད་འབད་ནུག། དེ་བཟུམ་སྦེ་ ཨཱལ་བ་ནི་ཡ་ལུ་ཡང་ སྐྱེས་ལོ་ ༦༡ འབད་མི་ ཧང་ག་རིའི་ མི་ཁུངས་ཅིག་ ཤིང་འབྲས་བཏོག་སྡོདཔ་ད་ མེ་རྐྱེན་དེ་གིས་ ཤི་རྐྱེན་བྱུང་ཡོདཔ་ད་ མོན་ཊེ་ནི་གོར་གྱི་ གངས་རི་ཅན་གྱི་ས་ཁོངས་ ཀུ་ཅི་ཟེར་སར་ཡང་ མེ་རྐྱེན་སྲུང་སྐྱོབ་ཀྱི་ ཆུ་འདྲེན་སྣུམ་འཁོར་ཅིག་ རྦོབ་རིལ་སོང་སྟེ་ དམག་མི་ ༡ ལུ་ ཤི་རྐྱེན་དང་ […]

World News

ནེ་པཱལ་གྱི་ གངས་རི་ ༡༠༠ དེ་ཅིག་ལུ་ གངས་འཛེགས་ཀྱི་ ཆོག་ཐམ་འཐུས་དགོངས་ཡངས།

རོའི་ཊརཛ། སྤྱི་ཟླ་ ༨ པའི་ཚེས་ ༡༡ ལུ་ དབང་འཛིན་འགོ་དཔོན་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ གོང་འཕེལ་ཉུང་སུ་ཅིག་ལས་མ་འགྱོ་མི་ ནུབ་བྱང་ཧི་མ་ལ་ཡའི་ ནེ་པཱལ་རྒྱལ་ཁབ་ནང་ གངས་འཛེགས་འབད་མི་ མང་སུ་འོང་ཐབས་ལུ་ ཤུལ་མའི་ལོ་ངོ་ ༢ ཀྱི་དོན་ལས་ གངས་རི་ ༡༠༠ དེ་ཅིག་ལུ་ གངས་འཛེགས་ཀྱི་ ཆོག་ཐམ་འཐུས་ཚུ་ དགོངས་ཡངས་བཏང་ཡི་ཟེར་ཨིན་པས། རྒྱལ་ཁབ་དེ་ནང་ གངས་རི་ ༤༩༡ དེ་ཅིག་ སྒོ་ཕྱེ་ཡོད་རུང་ ད་ཚུན་གྱི་བར་ན་ འཛམ་གླིང་ནང་ གངས་རི་མཐོ་ཤོས་ཨིན་མི་ གངས་རི་ཨེ་ཝ་རེཛ་བརྩིས་ཏེ་ བྱང་ཤར་དང་ དབུས་ཕྱོགས་ཀྱི་ གངས་རི་ ༢༥ ལུ་མ་གཏོགས་ གངས་འཛེགས་འབད་མི་ མ་ཐོན་པས་ཟེར་བཀོད་ནུག། བལྟ་བཤལ་ལས་ཁུངས་ཀྱི་ དབང་འཛིན་འགོ་དཔོན་ ཧི་མཱལ་གའུ་ཏམ་གྱིས་ བཤད་དོ་བཟུམ་འབད་བ་འབད་བ་ཅིན་ ཀར་ན་ལི་དང་ ས་ཐག་རིང་སའི་ ནུབ་ཕྱོགས་མངའ་སྡེ་ཚུ་ནང་ཡོད་མི་ མཐའ་ཟུར་གྱི་ གངས་རི་ཆུང་ཀུ་ མཐོ་ཚད་མི་ཊར་ ༥,༨༧༠ ལས་ ༧,༡༣༢ ཀྱི་བར་ན་འབད་མི་ གངས་རི་ ༩༧ ལུ་ […]

World News

ཊར་ཀིའི་མངའ་སྡེ་ བ་ལི་ཀི་ཛར་ལུ་ ས་ཡོམ་རྐྱབ་པའི་ རྐྱེན་ངན་ནང་ ཨང་རྒས་ ༡ ལུ་ ཤི་རྐྱེན་དང་ གཞན་མི་ ༢༩ ལུ་རྨ་སྐྱོན།

བི་བི་སི། སྤྱི་ཟླ་ ༧ པའི་ཚེས་ ༡༠ གྱི་ཕྱི་རུ་ ཊར་ཀིའི་ནུབ་བྱང་མངའ་སྡེ་ བ་ལི་ཀི་ཛར་ལུ་ ས་ཡོམ་ཤུགས་ཚད་ ༦.༡ འབད་མི་ཅིག་རྐྱབ་པའི་ རྐྱེན་ངན་ནང་ ཨང་རྒས་ ༡ ལུ་ ཤི་རྐྱེན་བྱུང་ནུག། ཊར་ཀིའི་ནང་སྲིད་བློན་པོ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ས་ཡོམ་དེ་ གཙོ་བོ་ར་ ཁྲོམ་སྡེ་སིན་དིར་གི་ཟེར་སར་ རྐྱབ་ཡོདཔ་ལས་ སྐྱེས་ལོ་ ༨༡ འབད་མི་ ཨང་རྒས་དེ་ རག་རོའི་ནང་ལས་ ཕྱི་ཁར་བཏོན་པའི་ཤུལ་ལུ་ གྱོངས་སོང་ཡི་ཟེར་ཨིན་པས། དེ་མ་ཚད་ སྒྲིང་ཁྱིམ་ ༡༦ རམ་ཡར་སོངཔ་ལས་ མི་གྲངས་ ༢༩ དེ་ཅིག་ལུ་ཡང་ རྨ་སྐྱོན་བྱུང་ཡོདཔ་ད་ ས་གནས་ཀྱི་ ཕྱི་རུའི་ཆུ་ཚོད་ ༨ དེ་ཅིག་ཁར་ ས་ཡོམ་རྐྱབ་མི་དེ་ ཊར་ཀིའི་ཁྲོམ་སྡེ་ ཨིཛ་ཊེན་བཱུལ་ལུ་ཡང་ ཚོར་ཡོདཔ་སྦེ་བཤད་ནུག། ཊར་ཀིའི་སྲིད་འཛིན་ རེ་སེབ་ཊ་ཡེབ་ ཨིར་ཌོ་གཱན་མཆོག་གིས་ གསལ་བསྒྲགས་ཅིག་ནང་ སྲོག་སྐྱབས་ཀྱི་ ལཱ་ཚུ་འབད་དོ་ཡོདཔ་ལས་ གནོད་སྐྱོན་བྱུང་མི་ཚུ་ག་ར་ ལེགས་ཤོམ་སྦེ་ བསྐྱར་གསོ་འབད་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས། […]

World News

མཐའ་ཡས་ལེན་གྱི་ ས་སྲུང་དམག་མི་ ༣ ལུ་ ས་འོག་གི་ རྫས་བམ་གས་ཏེ་རྨ་སྐྱོན།

ཨཱལ་ཇ་ཟི་ར།མཐའ་ཡས་ལེན་དང་ ཀམ་བོ་ཌི་ཡའི་བར་ན་ འདས་པའི་ཟླཝ་ནང་ ཉིན་གྲངས་ ༥ གི་རིང་ལུ་ ཕྱད་མདའ་ཚབས་ཆེན་སྦེ་ རྐྱབ་པའི་ཤུལ་ལས་ ཕྱད་མདའ་མཚམས་འཇོག་འབད་ཡོད་རུང་ མཐའ་ཡས་ལེན་གྱི་ ས་སྲུང་དམག་མི་ཚུ་ ས་མཚམས་སྐོར་སྲུང་སྐབས་ལུ་ ས་འོག་རྫས་བམ་གས་ཏེ་ དམག་མི་ ༣ ལུ་ རྨ་སྐྱོན་བྱུང་ནུག།དེ་ཡང་ སྤྱི་ཟླ་ ༨ པའི་ཚེས་ ༩ ལུ་ མཐའ་ཡས་ལེན་གྱི་ས་གནས་ སི་ས་ཀེཊ་དང་ ཀམ་བོ་ཌི་ཡའི་ས་གནས་ པི་རི་ཡ་བི་ཧར་ཟེར་སར་ སྐོར་སྲུང་སྐབས་ལུ་ དམག་མི་ཅིག་གིས་ ས་འོག་རྫས་བམ་གུ་ རྐངམ་བཀལ་ནི་དང་ ཁ་ཐུག་རྐྱབ་ཡོདཔ་ལས་ དམག་མི་ ༡ གིས་ རྐངམ་ཡ་ ༡ བཏོག་བཏང་ཡོདཔ་མ་ཚད་ གཞན་མི་ ༢ ལུ་ཡང་ རྨ་སྐྱོན་བྱུང་ཡོདཔ་ཨིན་པས།ཨིན་རུང་ ཀམ་བོ་ཌི་ཡའི་ ཁ་ཐུག་ལས་ ག་ནི་ཡང་ བཤད་མ་བཏུབ་པར་ཡོདཔ་ད་ ཧེ་མ་ཡང་ དེ་བཟུམ་མའི་ རྐྱེན་ངན་ལན་ཐེངས་ ༢ ཐོན་པའི་ཤུལ་ལུ་ རྒྱལ་ཁབ་ ༢ ཀྱི་ སྐུ་ཚབ་ཡིག་ཚང་གི་ གནས་ཚད་ཕབ་བཏང་ནུག།མདང་ཞག་ […]

World News

པ་ཀིཛ་ཏཱན་གྱི་ སྲུང་སྐྱོབ་དམག་མི་ཚུ་གིས་ ངོ་རྒོལ་འབད་མི་ ༣༣ དམར་བསད།

ཨཱལ་ཇ་ཟི་ར།སྤྱི་ཟླ་ ༨ པའི་ཚེས་ ༨ ལུ་ པ་ཀིཛ་ཏཱན་གྱི་ ལྷོ་ནུབ་ས་ཁོངས་ བ་ལོ་ཅིཛ་ཏཱན་ལུ་ འཛུལ་ནི་འབད་མི་ མི་གྲངས་ ༣༣ པ་ཀིཛ་ཏཱན་གྱི་ སྲུང་སྐྱོབ་དམག་མི་ཚུ་གིས་ དམར་བསད་འབད་ནུག།དེ་མ་ཚད་ ངོ་རྒོལ་དམག་མི་ཚུ་ལས་ མཚོན་ཆ་དང་ ཀྲོབ་མདའི་ལྡེའུ་ རྫས་བམ་ཚུ་ཡང་ ཐོབ་ཡོདཔ་ད་ བློན་ཆེན་ཤེ་བཱཛ་ཤ་རིཕ་གིས་ སྲུང་སྐྱོབ་དམག་སྡེ་གིས་ ངོ་རྒོལ་དམག་མི་ཚུ་ མཐར་འཁྱོལ་ཅན་སྦེ་ ཕམ་བཏང་མི་ལུ་ ངལ་རངས་ཡོད་ཟེར་ཨིན་པས།དེ་ཡང་ ས་གཏེར་གྱིས་ཕྱུག་པའི་ ས་གནས་བ་ལོ་ཅིཛ་ཏཱན་ལས་ གཏེར་རྫས་ཚུ་ལས་ ཁེབ་སང་གི་ བགོ་བཤའ་མང་སུ་དགོ་ནི་སྦེ་ ངོ་རྒོལ་འབད་མི་ཚུ་ ཡར་སེང་འགྱོ་དོ་ཡོདཔ་ལས་ འདས་པའི་ཟླཝ་ཚུ་ནང་ ངོ་རྒོལ་སྡེ་ཚན་ཚུ་གིས་ པ་ཀིཛ་ཏཱན་གྱི་ དམག་མི་ཚུ་ལུ་ གནོད་འཚུབ་བཀལ་དོ་ཡོདཔ་སྦེ་བཀོད་ནུག།དེ་བཟུམ་མའི་ གནོད་འཚུབ་ཚུ་གི་སྐོར་ལས་ པ་ཀིཛ་ཏཱན་གྱིས་ ཨཱཕ་གྷ་ནིཛ་ཏཱན་གྱི་ ཏ་ལི་བཱན་གཞུང་ལུ་ ཁ་ཉེས་བཀལ་མི་དེ་ཡང་ ཨཱཕ་གྷ་ནིཛ་ཏཱན་གྱིས་ རྒྱལ་ཁབ་ ༢ ཀྱི་ ས་མཚམས་ལུ་ཡོད་མི་ ངོ་རྒོལ་དམག་མི་ཚུ་ ཐང་བཏང་བཞག་དོ་ཡོདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

རྒྱ་ནག་གིས་ ཕི་ལི་པིན་ལུ་ ཏ་ཡེ་ཝཱན་དང་འབྲེལ་བའི་ཉེན་བརྡ།

ཨཱལ་ཇ་ཟི་ར། ཕི་ལི་པིན་གྱི་སྲིད་འཛིན་ ཕར་ཌི་ནེན་ མར་ཀོཛ་ ཇུ་ནི་ཡར་གྱིས་ རྒྱ་ནག་དང་ ཏ་ཡེ་ཝཱན་གྱི་བར་ན་ དམག་འཁྲུག་འཐོན་པ་ཅིན་ ཕུ་ལི་པིན་དེ་ཡང་ དམག་འཁྲུག་དེ་ནང་ ཚུད་སྲིད་ནི་ཨིནམ་སྦེ་ བཤད་ཡོད་པའི་སྐོར་ལས་ རྒྱ་ནག་གིས་ ཕི་ལི་པིན་གྱི་ སྲིད་འཛིན་ལུ་ ཉེན་བརྡ་དང་ བརྙས་བཅོས་འབད་ནུག། དེ་ཡང་ ཕི་ལི་པིན་གྱི་ སྲིད་འཛིན་དེ་ འདས་པའི་བདུན་ཕྲག་ནང་ རྒྱ་གར་ལུ་ གཟིགས་སྐོར་གནང་པར་ བྱོན་པའི་སྐབས་ལུ་ ཕི་ལི་པིན་དེ་ ཏ་ཡེ་ཝཱན་གྱི་ ཉེ་འདབས་ལུ་དང་ ཏ་ཡེ་ཝཱན་གྱི་ མི་སྡེ་ལེ་ཤ་ཅིག་ ཕི་ལི་པིན་ལུ་ཡོདཔ་ལས་ གལ་སྲིད་ རྒྱ་ནག་དང་ ཏ་ཡེ་ཝཱན་གྱི་བར་ན་ དམག་འཁྲུག་ལང་པ་ཅིན་ ཕི་ལི་པིན་དེ་ཡང་ བྱ་ཐབས་མེད་པར་ དམག་འཁྲུག་ནང་ གྲལ་གཏོགས་འབད་དགོཔ་ འཐོན་ནི་ཨིན་པས་ཟེར་ བཤད་ཡོདཔ་ཨིན་པས། དེ་གི་ལན་ལུ་ རྒྱ་ནག་གི་ ཕྱི་འབྲེལ་ལྷན་ཁག་ལས་ སྤྱི་ཟླ་ ༨ པའི་ཚེས་ ༨ ལུ་ ཕི་ལི་པིན་གྱི་ ཁ་ཐུག་ལས་ མེ་དང་རྩེ དམོ་མ་རྩེ་ཟེར་བའི་ ཚིག་དང་བཅསཔ་སྦེ་ བརྙས་བཅོས་ཅན་གྱི་ བརྗོད་དོན་ཅིག་ […]

Online now: 12 Today: 3322 Total visitors: 13352