ArchiveAboutContact

Category: འཛམ་གླིང་གནས་ཚུལ།

World News

སྲིད་འཛིན་ཊམ་གྱིས་ བློན་ཆེན་མོ་དི་ལུ་ འཁྲུངས་སྟོན་གྱི་ཉིན་མར་ བཀྲིས་བདེ་ལེགས་ཀྱི་བརྒྱུད་འཕྲིན།

བི་བི་སི།ཡུ་ཨེཛ་དང་ རྒྱ་གར་ ༢ ཀྱི་བར་ན་ ཕྱིར་ཚོང་དང་ ནང་འདྲེན་གྱི་ ཁྲལ་ཚད་སྐོར་ལས་ ཁ་འཆམ་མ་ཚུགས་པར་ བདུན་ཕྲག་མང་རབས་ཅིག་ སོང་ཡོད་པའི་ དུས་སྐབས་ནང་ ཡུ་ཨེཛ་གི་སྲིད་འཛིན་ ཌོ་ནཱལ་ཊམ་གྱིས་ རྒྱ་གར་གྱི་བློན་ཆེན་ ན་རེན་ད་ར་ མོ་དི་ལུ་ འཁྲུངས་སྐར་དུས་སྟོན་ ཐེངས་ ༧༥ པའི་ སྔ་གོང་ལས་ བཀྲིས་བདེ་ལེགས་ཀྱི་ བརྒྱུད་འཕྲིན་གནང་ནུག།དེ་ཡང་ སྤྱི་ཟླ་ ༩ པའི་ཚེས་ ༡༧ ལུ་ སྲིད་འཛིན་ཊམ་གྱིས་ རྒྱལ་ཁབ་ ༢ ཀྱི་བར་ན་ མཐུན་ལམ་ལེགས་ཤོམ་འགྱོ་ནི་གི་ རྟགས་མཚན་བཟུམ་ཅིག་ཡོདཔ་བཞིན་དུ་ བརྒྱུད་འཕྲིན་དེ་ རྒྱལ་ཁབ་ ༢ ཀྱི་བར་ན་ ཚོང་འབྲེལ་འགྲིག་ཆའི་སྐོར་ལས་ གསུང་གྲོས་ཚུ་ གནང་ཡོདཔ་ཨིན་པས།དེ་གིཤུལ་ལས་ སྲིད་འཛིན་ཊམ་གྱིས་ མི་སྡེ་བརྡ་བརྒྱུད་ཨེགཛ་ནང་ བློན་ཆེན་མོ་དི་གིས་ ཕྱག་ལཱ་ཚུ་ ལེགས་ཤོམ་གནང་དོ་ཡོདཔ་སྦེ་ བཀོད་པའི་ཁར་ ར་ཤི་ཡ་དང་ ཡུ་ཀེ་རེན་གྱི་ དམག་འཁྲུག་འཇོམས་ཐབས་ལུ་ རྒྱབ་སྐྱོར་གནང་མི་ལུ་ཡང་ བཀྲིན་དགའ་ཚོར་ཡོད་ཟེར་བཀོད་ནུག།དེ་བཟུམ་སྦེ་ བློན་ཆེན་མོ་དི་གིས་ཡང་ ཁོང་ ༢ […]

World News

ནེ་པཱལ་གྱི་ ཁྲིམས་སྤྱི་བགྲེསཔ་ ཨམ་སུ་ཤི་ལ་ ཀར་ཀི་དེ་ གནས་སྐབས་ཀྱི་ བློན་ཆེན་སྦེ་བསྐོ་བཞག།

ཧི༌མ༌ལ་ཡཱན། ནེ་པཱལ་གཞུང་གིས་ མི་སྡེ་བརྡ་བརྒྱུད་ཚུ་ ལེ་ཤ་ཅིག་ར་ བཀག་དམ་འབད་བའི་ཤུལ་ལས་ ཇེན་ཟི་ཟེར་མི་ ན་གཞོན་ཚུ་གིས་ སྤྱི་ཟླ་ ༩ པའི་ཚེས་ ༨ དང་ ༩ ལུ་ ངོ་རྒོལ་འབད་མི་དེ་ ཁྲིམས་སྲུང་འགག་སྡེ་གིས་ ཚད་འཛིན་འབད་མིའི་ནང་ མི་གྲངས་ ༥༡ ལུ་ ཤི་རྐྱེན་དང་ ༡,༣༠༠ ལྷགཔ་ཅིག་ལུ་ རྨ་སྐྱོན་བྱུང་ནུག། མ་གཞི་ མི་སྡེ་བརྡ་བརྒྱུད་ བཀག་དམ་འབད་མི་ཚུ་ ན་གཞོན་ཚུ་གིས་ ངོ་རྒོལ་འགོ་བཙུགས་པའི་ཉིན་མ་ར་ ཡངས་ཆག་བཏང་ཡོད་རུང་ བློན་ཆེན་ཀེ་པི་ ཨོ་ལི་གིས་ དགོངས་ཞུ་མ་འབད་ཚུན་ ངོ་རྒོལ་མཚམས་འཇོག་ འབད་མ་བཏུབ་ཨིན་པས། ངོ་རྒོལ་དེ་ནང་ གཞུང་གི་སྒྲིང་ཁྱིམ་དང་ དམངས་སྒེར་གཉིས་ཆ་རའི་ སྒྲིག་བཀོད་ཚུ་ལུ་ གནོདཔ་བཀལ་ཡོདཔ་མ་ཚད་ སྤྱི་ཚོགས་ཀྱི་ སྒྲིང་ཁྱིམ་དང་ ལྷན་ཁག་ མངའ་སྡེའི་ཁྲིམས་ཁང་ མངའ་སྡེ་བདག་སྐྱོང་གི་ ཡིག་ཚང་ཚུ་ལུ་ཡང་ མེ་སྤར་ནུག། དེ་འབདཝ་ལས་ སྤྱི་ཟླ་ ༩ པའི་ཚེས་ ༡༢ ལུ་ ནེ་པཱལ་གྱི་སྲིད་འཛིན་ རམ་ཅཱན་ད་ར་ […]

World News

ཚེ་ཚད་སྐྱེས་ལོ་ ༡༠༠ ལྷག་མི་ མང་ཤོས་ར་ རྒྱ་པཱན་ལུ་ཡོད་པའི་ ཐོ་དེབ་གསལ་སྟོན།

བི་བི་སི། རྒྱ་པཱན་གཞུང་གིས་ གསལ་བསྒྲགས་ཅིག་ནང་ བཀོད་དོ་བཟུམ་འབད་བ་ཅིན་ རྒྱ་པཱན་ལུ་ སྐྱེས་ལོ་ ༡༠༠ ལས་ལྷག་མི་ ཧ་ལམ་འབུམ་ ༡ དེ་ཅིག་ཡོད་ཟེར་ཨིནམ་ད་ དེ་ཡང་ རྒྱ་པཱན་གྱི་ མི་སེར་ཚུ་གི་ གཟུགས་ཁམས་ལུ་འཕྲོད་པའི་ བཟའ་འཐུང་སྤྱོད་མི་དང་ སྤྱིར་བཏང་གི་ ནད་གཞི་ཉུང་སུ་འབད་མི་ དེ་ལས་ མཉམ་བསྡོམས་ཐོག་གི་ ལུས་སྦྱོང་གི་ ལམ་སྲོལ་ཚུ་ལུ་བརྟེན་ཏེ་ འོང་ནི་མས་ཟེར་ཨིན་པས།   སྤྱི་ཟླ་ ༩ པའི་ཚེས་ ༡༢ ལུ་ རྒྱ་པཱན་གྱི་ གསོ་བའི་ལྷན་ཁག་ལས་ ད་རེས་ནངས་པར་ རྒྱ་པཱན་ལུ་ སྐྱེས་ལོ་ ༡༠༠ ལས་ལྷག་མི་ ༩༩,༧༦༣ ཡོདཔ་སྦེ་ བཤད་ཡོདཔ་ད་ དེ་ཡང་ ཨམ་སྲུ་ ༨༧,༧༨༤ དང་ ཕོ་སྐྱེས་ ༡༡,༩༧༩ ཡོདཔ་སྦེ་བཀོད་ནུག། འཛམ་གླིང་ནང་ ཚེ་ཚད་རིང་ཤོས་ རྒྱ་པཱན་གྱི་ མི་སེར་ཚུ་ཨིན་རུང་ ཨ་ལོ་གསར་སྐྱེས་ཀྱི་ ཚད་གཞི་དེ་ ག་ནི་བ་ དམའ་སུ་སྦེ་ཡོདཔ་ད་ ལོ་ན་རྒས་ཤོས་ཀྱི་ཐེད་ཁར་ […]

World News

འཛམ་གླིང་ནང་ ཨ་ལོའི་ལྗིད་ཚད་དམའ་མི་ལས་ ལྗིད་ཚད་མཐོ་མི་ མང་སུ་ཡོད་པའི་སྙ་ཞུ།

ཨེན་ཌི་ཊི་ཝི། སྤྱི་ཟླ་ ༩ པའི་ཚེས་ ༡༠ ལུ་ འཛམ་གླིང་བྱིས་པའི་མ་དངུལ་གྱི་ སྙན་ཞུ་གསརཔ་ཅིག་ནང་ བཀོད་དོ་བཟུམ་འབད་བ་ཅིན་ འཛམ་གླིང་ནང་ སློབ་གྲྭར་འཛུལ་ཞུགས་ཀྱི་ ལོ་ཚད་ལང་མི་དང་ གཞོན་ཅུང་ཚུ་གི་ནང་ན་ གཟུགས་ཀྱི་ལྗིད་ཚད་ འོས་ཚད་ལས་དམའ་བའི་ མི་བ་མཐོ་མི་ མང་སུ་ཡོད་དོ་བཟུམ་འདུག་ཟེར་ཨིན་པས།དེ་ཡང་ འཛམ་གླིང་བྱིས་པའི་མ་དངུལ་གྱིས་ སྤྱི་ལོ་ ༢༠༡༠ ལས་ སྤྱི་ལོ་ ༢༠༢༢ ཚུན་དང་ སྤྱི་ལོ་ ༢༠༢༢ ལས་ཚུར་བཅད་ཀྱི་ གནས་སྟངས་ལུ་ འགྱུར་བ་ཐོན་ཡོད་པའི་ གནས་སྡུད་ཚུ་ ལག་ལེན་འཐབ་སྟེ་ བརྟག་དཔྱད་འབད་བའི་སྐབས་ལུ་ འཛམ་གླིང་གསོ་བའི་ལས་ཚོགས་ཀྱི་ ཁྱད་ཚད་ཚུ་དང་བསྟུནམ་ད་ འཛམ་གླིང་ནང་ སློབ་གྲྭར་འཛུལ་ཞུགས་ཀྱི་ ལོ་ཚད་ལང་མི་དང་ གཞོན་ཅུང་ ༡༠ གྱི་གྲས་ལས་ ༡ འབདཝ་ད་ ཡོངས་བསྡོམས་ལུ་ མི་གྲངས་ས་ཡ་ ༡༨༨ དེ་ཅིག་ གཟུགས་ཀྱི་ལྗིད་ཚད་ མཐོ་དྲགས་ཐོན་ཡོདཔ་སྦེ་བཀོད་ནུག།དེ་བཟུམ་མའི་ གནས་སྟངས་ལུ་བརྟེན་ཏེ་ ན་གཞོན་ཚུ་ལུ་ ཚེ་ཐེངས་གཅིག་ར་ གུ་རམ་གྱི་ ནད་གཞི་དང་ དོན་ཧིང་གི་ ནད་གཞི་ཚུ་ […]

World News

སྲིད་འཛིན་ཊཱམ་གྱིས་ ཡུ་རོབ་མཐུན་ཚོགས་ལུ་ རྒྱ་ནག་དང་ རྒྱ་གར་ལུ་ ཁྲལ་བརྒྱ་ཆ་ ༡༠༠ རེ་བཀལ་ཏེ་ ར་ཤི་ཡ་ལུ་ ཨེབ་ཤུགས་ཀྱི་ནན་སྐུལ།

བི་བི་སི། ཡུ་ཨེཛ་གི་སྲིད་འཛིན་ ཌཱོ་ནལ་ཊཱམ་གྱིས་ ཡུ་རོབ་མཐུན་ཚོགས་ལུ་ ར་ཤི་ཡའི་ སྲིད་འཛིན་པུ་ཊིན་གྱིས་ ཡུ་ཀེ་རེན་ལུ་ དམག་འཁྲུག་མཇུག་བསྡུ་ཐབས་ལུ་དམིགས་ཏེ་ ཡུ་རོབ་མཐུན་ཚོགས་ཀྱི་ཁ་ཐུག་ལས་ རྒྱ་ནག་དང་ རྒྱ་གར་ལུ་ ཁྲལ་བརྒྱ་ཆ་ ༡༠༠ ཚུན་ བཀལ་དགོ་པའི་ ནན་སྐུལ་འབད་ནུག།དེ་ཡང་ སྤྱི་ཟླ་ ༩ པའི་ཚེས་ ༩ ལུ་ ཡུ་ཨེཛ་དང་ ཡུ་རོབ་མཐུན་ཚོགས་ཀྱི་ འགོ་དཔོན་ཚུ་གི་བར་ན་ ར་ཤི་ཡའི་ རྒྱབ་འགལ་ལུ་ དཔལ་འབྱོར་གྱི་ཨེབ་ཤུགས་ ཡར་སེང་འབད་ཐབས་ཚུ་གི་སྐོར་ལས་ གྲོས་བསྟུན་འབད་བའི་སྐབས་ལུ་ ཌོ་ནཱལ་ཊམ་གྱིས་ དེ་བཟུམ་མའི་ ནན་སྐུལ་འབད་ཡོདཔ་ད་ གྲོས་འཆར་དེ་ ར་ཤི་ཡ་གིས་ ཡུ་ཀེ་རེན་ལུ་ གནོད་འཚུབ་ཡར་སེང་ཐོག་ལས་ བཀལ་ནི་དང་ ཊཱམ་ཁོ་ར་གིས་ ར་ཤི་ཡ་དང་ ཡུ་ཀེརེ་ན་གྱི་བར་ན་ ཞི་བདེའི་འགྲིག་ཆ་བཟོ་ནི་ལུ་ བརྩོན་ཤུགས་བསྐྱེད་པའི་ དུས་སྐབས་དང་བསྟུན་ཏེ་ཨིནམ་སྦེ་ བཀོད་ཡོདཔ་ཨིན་པས།འདས་པའི་བདུན་ཕྲག་ནང་ ར་ཤི་ཡ་གིས་ ཀི་ཡེབ་ལུ་ཡོདམི་ ཡུ་ཀེ་རེན་གཞུང་གི་ སྒྲིང་ཁྱིམ་གཙོ་བོ་གུ་ མི་ཛ་ཡེལ་ལག་ལེན་ཐོག་ལས་ གནོད་འཚུབ་བཀལ་ཡོདཔ་ད་ དེ་ཡང་ ར་ཤི་ཡའི་ཁ་ཐུག་ལས་ གནོད་འཚུབ་ཡར་སེང་ གལ་ཅན་ཅིག་སྦེ་ བརྩི་དོ་ཡོདཔ་སྦེ་བཀོད་ནུག།ཡུ་ཀེ་རེན་གྱི་ […]

World News

ར་ཤི་ཡ་གིས་ ཡུ་ཀེ་རེན་ལུ་ མཁའ་དམག་ཐོག་ལས་ གནོད་འཚུབ་བཀལ་ཏེ་ སྒྲིང་ཁྱིམ་ལེ་ཤ་ཅིག་ལུ་གནོད་སྐྱོན།

ཨཱལ་ཇ་ཟི་ར། ར་ཤི་ཡ་གིས་ ཡུ་ཀེ་རེན་ལུ་ དམག་འཁྲུག་འགོ་བཙུགས་ཞིནམ་ལས་ཚུར་ ད་ཚུན་གྱི་བར་ན་ མཁའ་དམག་ཐོག་ལས་ གནོད་འཚུབ་སྦོམ་བཀལ་མིའི་ནང་ མི་ ༤ ལུ་ ཤི་རྐྱེན་བྱུང་ཡོདཔ་མ་ཚད་ རྒྱལ་ས་ཀི་ཡེབ་ལུ་ གཞུང་གི་ཡིག་ཚང་གཙོ་བོ་བརྩིས་ཏེ་ སྒྲིང་ཁྱིམ་ལེ་ཤ་ཅིག་ མེ་བཏང་ཡོདཔ་སྦེ་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།དེ་ཡང་ སྤྱི་ཟླ་ ༩ པའི་ཚེས་ ༧ གྱི་ནུབ་མོར་ ར་ཤི་ཡའི་ དམག་སྡེ་གིས་ ཌཱོན་ ༨༡༠ དང་ མི་ཛ་ཡེལ་ ༡༣ གྱི་ཐོག་ལས་ ཁྲོམ་ཚོགས་ཟ་པོ་རི་ཞི་ཡ་དང་ ཀིར་བི་རི་ ཨོ་དེ་ས་ཚུ་བརྩིས་ཏེ་ རྒྱལ་ཁབ་ཀྱི་ ཤར་ནུབ་དང་ ལྷོ་ཕྱོགས་ཀྱི་ ས་ཁོངས་ཚུ་ནང་ གནོད་འཚུབ་བཀལ་ཡོདཔ་སྦེ་བཀོད་ནུག།ཡུ་ཀེ་རེན་གྱི་ བློན་ཆེན་གྱིས་ དགྲ་བྱང་ཕྱད་ཀྱིས་ གཞུང་གི་སྒྲིང་ཁྱིམ་གྱི་ ཐོག་གོང་མ་ཚུ་དང་ ཁྱིམ་ཐོག་ཚུ་ མེདཔ་གཏང་མི་དེ་ འགོ་དང་པ་ཨིན་ཟེར་ བཤད་ཡོདཔ་ད་ སྲིད་འཛིན་ཝོ་ལོ་ཌི་མིར་ ཟེ་ལེན་ཀི་གིས་ དེ་བཟུམ་མའི་ གནོད་འཚུབ་ལུ་བརྟེན་ཏེ་ མཐུན་ཕྱོགས་རྒྱལ་ཁབ་ཚུ་གིས་ མཁའ་དབྱིངས་ཀྱི་ སྲུང་སྐྱོབ་སྒྲིང་སྒྲིང་ བཟོ་བྱིན་དགོ་པའི་ ནན་སྐུལ་འབད་ཡོདཔ་ཨིན་པས།གཞན་དལ་གཞིར་ […]

World News

ནིའུ་ཟི་ལེན་ལུ་ རང་གི་ཨ་ལོ་ ༢ དམར་བསད་འབད་བའི་ ཉེས་འཛུགས་ཀྱི་རྩོད་བཤེར།

བི་བི་སི། ནིའུ་ཟི་ལེན་ལུ་ ཨམ་སྲུ་ཅིག་གིས་ མོ་རའི་ཨ་ལོ་ ༢ དམར་བསད་འབད་དེ་ རོ་དེ་ཚུ་ ཆས་སྒམ་ཚུ་ནང་ སྦ་བཞག་ཡོད་པའི་ ཉེས་འཛུགས་ཐོག་ལུ་ རྩོད་བཤེར་འགོ་བཙུགས་ཡོད་མི་དེ་ དར་ཁྱབ་ཆེ་བའི་ གནད་དོན་ཅིག་ལུ་ གྱུར་ཡོདཔ་ལས་ རྒྱལ་ཁབ་ནང་གི་ མི་སེར་ཚུ་ག་ར་ རྣམ་རྟོག་ལང་དགོཔ་བྱུང་ནུག།དེ་ཡང་ ཉེས་འཛུགས་ ༢ ཕོག་མི་ ཨམ་ཧག་ཡུང་ལི་དེ་ སྤྱི་ལོ་ ༢༠༢༢ ལུ་ ལྷོ་ཀོ་རི་ཡ་ལས་ ཁྲིམས་མཐུན་འཛིན་བཟུང་ཐོག་ལས་ ནིའུ་ཟི་ལེན་ལུ་ བསྐྱལ་ཡོདཔ་ད་ མོ་གིས་ ཁྲིམས་འདུན་ལུ་ ཞུ་དོ་བཟུམ་འབད་བ་ཅིན་ མོ་ལུ་ ཉེས་པ་མེད་ཟེར་ཨིན་པས།ཨམ་ཧག་ཡུང་ལི་གིས་ ཨ་ལོ་ ༢ ཀྱི་ཕུངམོ་དེ་ ཨོག་ལེན་ལུ་ མཛོད་ཁང་བཀོ་བཞག་མི་ཅིག་གི་ ཅ་ཆས་ཚུ་ རིན་བསྡུར་ཐོག་ལས་ བཙོང་པའི་སྐབས་ལུ་ ཅ་ཆས་ཚུ་ཉོ་མི་ བཟའ་ཚང་ཅིག་གིས་ ཉོ་འབག་པའི་སྐབས་ལུ་ ཆས་སྒམ་ཚུ་གི་ནང་ལས་ ཐོབ་ཡོདཔ་ད་ ཕུངམོ་ཚུ་ཡང་ ལོ་ངོ་དག་པ་ཅིག་གི་རིང་ལུ་ མཛོད་ཁང་དེ་ནང་ སྦ་བཞག་ཡོད་པའི ཡིད་ཆེས་བསྐྱེད་ནུག།ཁྲིམས་འདུན་གྱིས་ སྤྱི་ཟླ་ ༩ པའི་ཚེས་ ༨ […]

World News

ཏ་ཡེ་ཝཱན་ལུ་ འཛུལ་ཞུགས་མཚོ་འགྲམ་བརྒྱུད་དེ་ ཀེ་ན་ཌ་དང་ ཨཱཛ་ཊྲེ་ལི་ཡའི་ དམག་གྲུ་འགྲུལ་བསྐྱོད།

རོའི་ཊརཛ།སྤྱི་ཟླ་ ༩ པའི་ཚེས་ ༦ ལུ་ རྒྱ་ནག་གི་ གཞུང་འབྲེལ་བརྡ་བརྒྱུད་ནང་ བཀོད་དོ་བཟུམ་འབད་བ་ཅིན་ ཀེ་ན་ཌ་དང་ ཨཱཛ་ཊྲེ་ལི་ཡའི་ དམག་གྲུ་ ༢ ཏ་ཡེ་ཝཱན་ལུ་འཛུལ་ཞུགས་ཀྱི་ མཚོ་འགྲམ་བརྒྱུད་དེ་ འགྲུལ་བསྐྱོད་འབད་ནུག་ཟེར་ཨིན་པས།དེ་ཡང་ ཀེ་ན་ཌའི་དམག་གྲུ་ ཝིལ་ཌེ་ཀུའི་བེག་དང་ ཨཱཛ་ཊྲེ་ལི་ཡའི་ མི་ཛ་ཡེལ་ བཟློག་ཐབས་དམག་གྲུ་ བི་རིཛ་བཱེན་ ༢ རྒྱ་ནག་དང་ ཏ་ཡེ་ཝཱན་གྱི་ ས་མཚམས་རྒྱ་མཚོའི་ནང་ འཛུལ་ཞུགས་འབད་ཡོདཔ་སྦེ་བཀོད་ནུག།ཨིན་རུང་ ཏ་ཡེ་ཝཱན་ སྲུང་སྐྱོབ་ལྷན་ཁག་གིས་ གནད་དོན་དེ་གི་སྐོར་ལས་ བསམ་འཆར་ག་ནི་ཡང་ སླབ་མི་ཚུགས་ཟེར་ བཤད་ཡོདཔ་ད་ དེ་བཟུམ་སྦེ་ ཀེ་ན་ཌ་དང་ ཨཱཛ་ཊྲེ་ལི་ཡའི་ དམག་སྡེ་ ༢ ཀྱིས་ཡང་ དྲི་བ་བཀོད་མི་ལུ་ ལན་གསལ་བཤད་མ་བཏུབ་ཨིན་པས།དེ་འབདཝ་ད་ རྒྱ་ནག་དམག་སྡེ་གིས་ གནས་སྟངས་ཚུ་ ལེགས་ཤོམ་སྦེ་ རྒྱུན་སྐྱོང་འཐབ་སྟེ་ དམག་གྲུ་ ༢ མཚོ་འགྲམ་བརྒྱུད་དེ་ འགྲུལ་བསྐྱོད་མཇུག་མ་བསྡུ་ཚུན་ཚོད་ར་ གསང་ཞིབ་དང་ ལྟ་རྟོགས་འབད་ཡོདཔ་སྦེ་བཀོད་ནུག།མ་གཞི་ ཡུ་ཨེཛ་དང་ ཡུ་ཨེཛ་གི་ མཐུན་འབྲེལ་རྒྱལ་ཁབ་ ཀེ་ན་ཌ་དང་ བི་རི་ཊེན་ […]

World News

མཐའ་ཡས་ལེན་ རྒྱལ་ཁབ་ནང་ འདས་པའི་ལོ་ངོ་ ༢ ཀྱི་ ནང་འཁོད་ལུ་ བློན་ཆེན་ཨང་གསུམ་པ་གདམ་འཐུ།

བི་བི་སི།མཐའ་ཡས་ལེན་གྱིས་ འདས་པའི་ལོ་ངོ་ ༢ ཀྱི་ ནང་འཁོད་ལུ་ རྒྱལ་ཁབ་ཀྱི་ བློན་ཆེན་ ༢ ཕྱིར་དབྱུངས་འབད་བའི་ཤུལ་ལས་ ད་རེས་ ད་རུང་ཡང་ སྤྱི་ཚོགས་ནང་ལས་ ཚོང་པ་འབྱོར་ལྡན་ ཨ་ནུ་ཊིན་ ཅཱན་ཝི་ར་ཀུལ་དེ་ བློན་ཆེན་སྦེ་ གདམ་འཐུ་གྲུབ་ཡོདཔ་ཨིན་པས།མཐའ་ཡས་ལེན་གྱི་ སྲིད་དོན་ནང་ དབང་ཤུགས་ཅན་གྱི་མི་བརྒྱུད་ པེ་ཏོང་ཏ་རཱན་ ཤི་ན་ཝ་ཏ་ར་དེ་ ཀམ་བོ་ཌི་ཡ་དང་གཅིག་ཁར་ ས་མཚམས་ཟིང་འཁྲུག་གི་སྐོར་ལས་ བཟང་སྤྱོད་ལས་འགལ་བའི་ ལཱ་བྱ་འཐབ་པ་ལུ་བརྟེན་ཏེ་ འདས་པའི་བདུན་ཕྲག་ནང་ རྩ་ཁྲིམས་ཅན་གྱི་ ཁྲིམས་འདུན་ལས་ ཕྱིར་དབྱུངས་འབད་ནུག།ཨ་ནུ་ཊིན་གྱི་ བྷུམ་ཇའི་སྲིད་ཚོགས་དེ་ ཤི་ན་ཝ་ཏ་རའི་ ཕིའུ་མཐའ་ཡས་སྲིད་ཚོགས་དང་ མཉམ་བསྡོམས་འབད་དེ་ཡོད་ས་ལས་ ཕྱིར་ཐོན་འབད་དེ་ ཨ་ནུ་ཊིན་ ཅཱན་ཝི་ར་ཀུལ་གྱིས་ བློན་ཆེན་གྱི་ གོ་གནས་དོན་ལས་ སེམས་སྐུལ་འབད་བའི་ཤུལ་ལུ་ སྤྱི་ཚོགས་ནང་ལས་ རྒྱབ་སྐྱོར་ཐོབ་ཡོདཔ་ཨིན་པས།ཨིན་རུང་ འཕྲལ་ཁམས་ཅིག་ཁར་ མཐའ་ཡས་ལེན་གྱི་ ཁྲིམས་འདུན་ལས་ གཞུང་སྐྱོང་ཆ་མེད་དང་ དམག་སྡེའི་གཞུང་སྐྱོང་དབང་བཟུང་ཚུ་ ཚར་ལེ་ཤ་ཅིག་ར་ ལག་ལེན་འཐབ་མི་དང་བསྟུནམ་ད་ མཐའ་ཡས་ལེན་གྱི་ གནས་སྟངས་དེ་ ངེས་མེད་ཅན་ཅིག་ལུ་ འགྱུར་ཡོདཔ་སྦེ་བཀོད་ནུག།སྤྱི་ལོ་ ༢༠༠༡ ལུ་ པེ་ཏོང་ཏ་རཱན་གྱི་ཨ་པ་ […]

World News

ཨཕ་གྷ་ནིཛ་ཏཱན་ལུ་ ས་ཡོམ་ལན་ཐེངས་ ༣ པ་ རྐྱབ་ཡོདཔ་ལས་ ཤི་རྐྱེན་ཡར་སེང་།

བི་བི་སི།ཨཕ་གྷ་ནིཛ་ཏཱན་གྱི་ ཤར་ལྷོའི་ས་གནས་ མཐའ་ཟུར་ཅིག་ནང་ ས་ཡོམ་རྐྱབ་ཡོདཔ་ལས་ ཤི་རྐྱེན་བྱུང་མི་ ཡར་སེང་འགྱོ་བའི་བར་ན་ སྤྱི་ཟླ་ ༩ པའི་ཚེས་ ༤ གི་ཕྱི་རུ་ ད་རུང་ཡང་ ས་ཡོམ་ཤུགས་ཚད་ ༥.༦ འབད་མི་ཅིག་ རྐྱབ་ཡོད་མི་དེ་ ཉིནམ་ ༦ གི་ ནང་འཁོད་ལུ་ ས་ཡོམ་ལན་ཐེངས་ ༣ པ་ཨིན་པས།ས་ཡོམ་དེ་ ནཱང་གར་ཧར་དང་ ཀུ་ནར་མངའ་སྡེའི་ནང་ ས་གནས་ཀྱི་ ཕྱི་རུའི་ཆུ་ཚོད་ ༨.༥༦ ལུ་ རྐྱབ་ཡོདཔ་ལས་ མི་ཚུ་འདྲོག་བྱེལ་འཐབ་སྟེ་ སྡོད་ཁྱིམ་ནང་ལས་ ཐོན་ཡར་སོང་ནུག།གཡུས་ཚན་ ༢༥ ལས་ སྙན་ཞུ་ཚུ་ ལྷོད་ཡོད་མི་དང་འཁྲིལ་ཏེ་ འཛམ་གླིང་སྤྱི་ཚོགས་ཀྱི་ འགྲོ་བ་མིའི་འགོ་འདྲེན་ལས་དོན་གྱིས་ སྤྱི་ཟླ་ ༨ པའི་ཚེས་ ༣༡ ལུ་ ས་ཡོམ་རྐྱབ་མིའི་ནང་ མི་གྲངས་ ༡,༣༦༨ ལུ་ ཤི་རྐྱེན་དང་ གཞན་མི་ ༢,༡༨༠ ལུ་ རྨ་སྐྱོན་བྱུང་ཡོདཔ་སྦེ་ བཤདཔ་ཨིན་པས།ཨཕ་གྷ་ནིཛ་ཏཱན་དེ་ རྒྱ་གར་དང་ […]

Online now: 17 Today: 2884 Total visitors: 12914