
ཡུ་ཨེཛ་གི་མངའ་སྡེ་ ཕོ་ལོ་རི་ཌ་གིས་ ཨ་ལོ་ཚུ་ལུ་ སྨན་ཁབ་ཚུ་ ངེས་པར་དུ་ བཙུགས་དགོཔ་ཡོད་མི་ཆ་མེད།
བི་བི་སི། སྤྱི་ཟླ་ ༩ པའི་ཚེས་ ༤ ལུ་ ཡུ་ཨེཛ་གི་མངའ་སྡེ་ ཕོ་ལོ་རི་ཌ་གིས་ ཨ་ལོ་ཚུ་ མི་མང་སློབ་གྲྭ་ཚུ་ནང་ འཛུལ་ཞུགས་ཀྱི་དོན་ལས་ རྩ་སྐམ་ནད་གཞི་དང་འདྲ་བའི་ ནད་རིགས་སྔོན་འགོག་གི་ སྨན་ཁབ་ཚུ་ ངེས་པར་དུ་ བཙུགས་དགོཔ་སྦེ་ཡོད་མི་དེ་ ཆ་མེད་བཏང་ནུག། ཕོ་ལོ་རི་ཌའི་ འགོ་དཔོན་ཚུ་གིས་ དེ་སྦེ་ ཆ་མེད་བཏངདགོ་པའི་ དུས་ཚོད་དང་ ཁ་གསལ་ཚུ་ ག་ནི་ཡང་ མ་བཤད་པར་ཡོདཔ་ད་ མ་གཞི་ ཆ་མེད་ལ་ལོ་ཅིག་ རེ་པབ་ལི་ཀཱན་ སྲིད་ཚོགས་ཀྱི་ འགོ་ཁྲིད་ཐོག་ལུ་ ཁྲིམས་བཟོ་ཚོགས་སྡེའི་ནང་ ཚོགས་རྒྱན་བསྐྱུར་ཏེ་ ཆ་མེད་གཏང་ཆོག་ནི་ཨིན་རུང་ གཞན་མི་ཚུ་ མངའ་སྡེའི་གསོ་བའི་ལས་ཁུངས་ཀྱིས་ ཆ་མེད་བཏང་ཚུགས་ནི་ཨིན་པས། གནད་དོན་དེ་གི་སྐོར་ལས་ གཤག་བཅོས་མཁས་མཆོག་ཡོངས་ཁྱབ་ ལ་དཱ་པོ་གིས་ སྤྱི་ཟླ་ ༩ པའི་ཚེས་ ༣ ལུ་ གནས་ཚུལ་ཞལ་འཛོམས་ཅིག་ནང་ སྨན་ཁབ་བཙུགས་དགོཔ་ཡོད་མི་ཚུ་ག་ར་ ཆ་མེད་གཏང་ནི་ཨིན་པའི་ ཁས་བླངས་ཡང་འབད་ནུག། ཡུ་ཨེཛ་མངའ་སྡེ་ཚུ་ནང་ ཨ་ལོ་ཚུ་ མི་མང་སློབ་གྲྭ་ཚུ་ནང་ འཛུལ་ཞུགས་ཀྱི་དོན་ལས་ སྨན་ཁབ་ཚུ་བཙུགས་དགོཔ་ཨིན་རུང་ མངའ་སྡེ་རང་སོ་ལུ་ དགོས་མཁོ་དེ་ […]









