ArchiveAboutContact

Category: འཛམ་གླིང་གནས་ཚུལ།

World News

ཀོང་གོ་ལུ་ གོ་མཚོན་འབག་མི་ ངོ་རྒོལ་སྡེ་མཚན་གྱིས་ གནོད་འཚུབ་བཀལ་མིའི་ནང་ མི་སེར་ ༤༠༠ ལྷགཔ་ཅིག་དམར་བསད།

ཨེ་བི་སི། སྤྱི་ཟླ་ ༡༢ པའི་ཚེས་ ༡༡ ལུ་ ལུང་ཕྱོགས་འགོ་དཔོན་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ར་ཝཱན་ཌ་གིས་ རྒྱབ་སྐྱོར་ཐོག་ལས་ གོ་མཚོན་འབག་མི་ ངོ་རྒོལ་སྡེ་མཚན་གྱིས་ ཤར་ཕྱོགས་ཀོང་གོའི་མངའ་སྡེ་ ཀི་ཝུ་ལུ་ འཕྲོ་མཐུད་དེ་ར་ གནོད་འཚུབ་བཀལ་མིའི་ནང་ མི་སེར་ ༤༠༠ ལྷགཔ་ཅིག་ དམར་བསད་འབད་ནུག་ཟེར་ཨིན་པས། དེ་ཡང་ འདས་པའི་བདུན་ཕྲག་ནང་ ཝ་ཤིང་ཊཱོན་ལུ་སྦེ་ ཀོང་གོ་དང་ རུ་ཝཱན་ཌའི་ སྲིད་འཛིན་ ༢ ཀྱི་བར་ན་ ཞི་བདེའི་ཆིངས་ཡིག་གུ་ མཚན་རྟགས་བཀོད་ཡོད་རུང་ གོ་མཚོན་འབག་མི་ སྡེ་ཚན་དེ་གིས་ གནོད་འཚུབ་བཀལ་ཡོདཔ་སྦེ་བཀོད་ནུག། རྒྱལ་སྤྱི་གསར་ཤོག་གི་ཐོག་ལས་ རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཁ་གསལ་དང་ ཤེས་ཡོན་ ལམ་སྲོལ་ སྤྲོ་བ་ སྐད་ཡིག་ཤན་སྦྱར་ གསལ་བསྒྲགས་ལ་སོགས་པ་ཚུ་ གློག་རིག་སྒྲིག་བཀོད་ (PDF) ཐོག་ལུ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ […]

World News

མ་ཡན་མར་ལུ་ དྲག་པོའི་སྲིད་གཞུང་གིས་ མཁའ་དམག་ཐོག་ལས་ སྨན་ཁང་ཅིག་ལུ་ གནོད་འཚུབ་བཀལ་མིའི་ནང་ མི་གྲངས་ ༣༠ ལུ་ཤི་རྐྱེན།

རོའི་ཊརཛ། སྤྱི་ཟླ་ ༡༢ པའི་ཚེས་ ༡༡ ལུ་ ངོ་རྒོལ་སྡེ་ཚན་དང་ རོགས་རམ་སྡེ་ཚན་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ མ་ཡན་མར་གྱི་ དྲག་པོའི་སྲིད་གཞུང་གིས་ ནུབ་ཕྱོགས་མངའ་སྡེ་ ར་ཁིན་གྱི་ སྨན་ཁང་སྦོམ་ཅིག་ལུ་ མཁའ་དམག་ཐོག་ལས་ གནོད་འཚུབ་བཀལ་མིའི་ནང་ ནདཔ་ཚུ་བརྩིས་ཏེ་ མི་གྲངས་ ༣༠ དེ་ཅིག་ལུ་ ཤི་རྐྱེན་དང་ ༧༠ ལྷགཔ་ཅིག་ལུ་ རྨ་སྐྱོན་བྱུང་ནུག་ཟེར་ཨིན་པས། དེ་ཡང་ སྤྱི་ཟླ་ ༡༢ པའི་ཚེས་ ༡༠ གྱི་ ཕྱི་རོ་ཁམས་ཅིག་ཁར་ དམག་སྡེའི་གནམ་གྲུ་ཅིག་གིས་ ར་ཁིན་མངའ་སྡེའི་ མ་རུག་ཁྲོམ་ཁར་ཡོད་མི་ སྨན་ཁང་དེ་ཁར་ གནམ་གྲུའི་ཐོག་ལས་ རྫས་བམ་བཀོག་ཡོདཔ་སྦེ་བཀོད་ནུག། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ ཁ་གསལ་སྦེ་ གཟིགས་འདོད་ཡོད་མི་ཚུ་གིས་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

World News

ལྷོ་ཕྱོགས་རྒྱ་ནག་ལུ་ ཁང་ཚན་ཡོད་མི་ སྒྲིང་ཁྱིམ་ཅིག་ལུ་ མེ་རྐྱེན་བྱུང་སྟེ་ མི་གྲངས་ ༡༢ ལུ་ཤི་རྐྱེན།

ཨེན་ཌི་ཊི་ཝི། སྤྱི་ཟླ་ ༡༢ པའི་ཚེས་ ༡༠ ལུ་ གཞུང་འབྲེལ་བརྡ་བརྒྱུད་ནང་ བཀོད་དོ་བཟུམ་འབད་བ་ཅིན་ ལྷོ་ཕྱོགས་རྒྱ་ནག་ལུ་ ཁང་ཚན་ཡོད་མི་ སྒྲིང་ཁྱིམ་ཅིག་ལུ་ མེ་རྐྱེན་བྱུང་ཡོདཔ་ལས་ མི་གྲངས་ ༡༢ ལུ་ ཤི་རྐྱེན་བྱུང་ནུག་ཟེར་ཨིན་པས། དེ་ཡང་ སྤྱི་ཟླ་ ༡༢ པའི་ཚེས་ ༩ ལུ་ ཕྱི་རོའི་ཆུ་ཚོད་ ༩.༢༠ དེ་ཅིག་ཁར་ གུང་དོང་མངའ་སྡེའི་ ས་གནས་ཤཱན་ཏེའུ་ལུ་ ཐོག་ཚད་ ༤ འབད་མི་ སྒྲིང་ཁྱིམ་ཅིག་ལུ་ མེ་རྐྱེན་བྱུང་ཡོད་མི་དེ་ ཕྱི་རོའི་ཆུ་ཚོད་ ༡༠ དེ་ཅིག་ཁར་ བསད་ཚུགས་ཡོདཔ་སྦེ་ ས་གནས་ཀྱི་ མེ་བསད་ལས་ཁུངས་ཀྱིས་ གསལ་བཤད་འབད་ནུག། མེ་རྐྱེན་དེ་ གུང་དོང་མངའ་སྡེའི་ ཁྱིམ་ཚང་ཨིན་མི་ ཧོང་ཀོང་ལུ་ འདས་པའི་ཟླཝ་ནང་ ཁང་ཚན་ཡོད་མི་ སྒྲིང་ཁྱིམ་ཐོག་ཚད་རིངམོ་ཅིག་ལུ་ མེ་རྐྱེན་བྱུང་སྟེ་ མི་གྲངས་ ༡༦༠ དེ་ཅིག་ལུ་ ཤི་རྐྱེན་བྱུང་པའི་ཤུལ་ལས་ བྱུང་ཡོདཔ་ཨིན་པས། ཅའུ་ནཱན་རྫོང་ཁག་ནང་ སྒྲིང་ཁྱིམ་ཐོག་ཚད་ ༤ […]

World News

ཨཱཛ་ཊེ་ལི་ཡ་ལུ་ ཨ་ལོ་ན་ཆུང་ཚུ་གི་དོན་ལས་ མི་སྡེ་བརྡ་བརྒྱུད་ཚུ་བཀག་དམ།

བི་བི་སི། སྤྱི་ཟླ་ ༡༢ པའི་ཚེས་ ༡༠ ལས་ འགོ་བཙུགས་ཏེ་ ཨཱཛ་ཊེ་ལི་ཡའི་ རྒྱལ་ཁབ་ནང་ ཨ་ལོ་སྐྱེས་ལོ་ ༡༦ མན་ཆད་ཀྱི་དོན་ལས་ མི་སྡེ་བརྡ་བརྒྱུད་ཚུ་ བཀག་དམ་འབད་མི་དེ་ འཛམ་གླིང་ནང་ འགོ་དང་པ་ཨིན་པས། དེ་ཡང་ ཨ་ལོ་ན་ཆུང་ཚུ་གི་ འགྲུལ་འཕྲིན་ནང་ དྲོ་པ་ལས་ར་ མི་སྡེ་བརྡ་བརྒྱུད་ཀྱི་ ཁ་བྱང་ཚུ་མེདཔ་སྦེ་ མཐོང་ཡོད་རུང་ གཞུང་གི་ཁ་ཐུག་ལས་ སྔོན་གོང་ལས་ར་ གོ་བརྡ་སྤྲོད་གནང་ནི་དེ་གིས་ རྣམ་རྟོག་ལང་དགོཔ་ མ་བྱུང་པས་ཟེར་བཀོད་ནུག། ཁྲིམས་གསརཔ་དེ་གིས་ ན་ཆུང་ཚུ་གི་དོན་ལས་ མེ་ཊ་དང་ ཊིག་ཊོག་ ཡི་ཊུབ་ཚུ་གིས་གཙོས་པའི་ མི་སྡེ་བརྡ་བརྒྱུད་ཚུ་ བཀག་དམ་འབད་ཡོདཔ་ལས་ ཨཱཛ་ཊེ་ལི་ཡའི་ མི་སེར་ཚུ་གིས་ འོས་འབབ་ཅན་གྱི་ ཐབས་ལམ་ཚུ་ གཏོན་དགོཔ་སྦེ་ བཤདཔ་ཨིན་པས། ཨཱཛ་ཊེ་ལི་ཡའི་ རྒྱལ་ཁབ་ནང་ ཨ་ལོ་ཚུ་གི་ ཉེན་སྲུང་གི་དོན་ལས་ གནོད་ཉེན་ཆེ་བའི་ མི་སྡེ་བརྡ་བརྒྱུད་ཚུ་ བཀག་དམ་འབད་མི་ལུ་ འཛམ་གླིང་རྒྱལ་སྤྱིའི་ དབུ་ཁྲིདཔ་ཚུ་གིས་ དགའ་ཚོར་བསྐྱེདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

ཨཕ་ག་ནིཛ་དང་ པ་ཀིཛ་ཏཱན་གྱི་ ས་མཚམས་ཁར་ གཡིབ་དམག་ཚུ་གིས་ དམག་མི་ ༦ དམར་བསད།

རོའི་ཊརཛ། སྤྱི་ཟླ་ ༡༢ པའི་ཚེས་ ༩ ལུ་ ཨཕ་ག་ནིཛ་ཏཱན་གྱི་ ས་མཚམས་སྦོ་ལོགས་ཁར་ པ་ཀིཛ་ཏཱན་གྱི་ ནུབ་བྱང་ཁ་ཐུག་ལུ་ གཡིབ་དམག་ཚུ་གིས་ དམག་མི་ ༣ དང་ ཁྲིམས་སྲུང་འགག་པ་ ༣ དམར་བསད་ཡོདཔ་ཨིན་པས། དེ་ཡང་ དུས་ཅི་ སྤྱི་ཟླ་ ༡༠ པའི་ནང་ ས་མཚམས་ཁར་ ཟིང་འཁྲུག་ལང་སྟེ་ མི་གྲངས་ ༡༠ དེ་ཅིག་ དམར་བསད་འབད་བའི་ཤུལ་ལས་ པ་ཀིཛ་ཏཱན་དང་ ཨཕ་གྷ་ནིཛ་ཏཱན་ ༢ ཀྱི་བར་ན་ ཞི་བདེ་བཞག་ནི་ལུ་ དཀའ་ངལ་སྦོམ་སྦེ་ར་བྱུང་ནུག། གཡིབ་དམག་ཚུ་གིས་ པ་ཀིཛ་ཏཱན་གྱི་ ས་མཚམས་བདའ་སྟེ་ སྲུང་སྐྱོབ་དམག་མི་ཚུ་ལུ་ གནོདཔ་བཀལ་ནིའི་དོན་ལས་ ཨཕ་གྷ་ནིཛ་ཏཱན་གྱི་ ས་གཞི་ལག་ལེན་འཐབ་དོ་ཡོད་པའི་ ཁ་ཉེས་བཀལ་ཡོད་རུང་ ཨཕ་གྷ་ནིཛ་ཏཱན་གྱིས་ ངོས་ལེན་མ་འབད་བར་ཡོདཔ་ཨིན་པས། དུས་ཅི་ སྤྱི་ཟླ་ ༡༠ པའི་ནང་ལས་ ཨཕ་གྷ་ནིཛ་ཏཱན་དང་ པ་ཀིཛ་ཏཱན་ ༢ དུས་ཡུན་རིངམོ་སྦེ་ མཐུན་ཕྱོགས་སྦེ་ སྡོད་པའི་ཤུལ་ལས་ བདུན་ཕྲག་ཧེ་མའི་ནང་ […]

World News

མཐའ་ཡས་ལེན་གྱིས་ ཀམ་བོ་ཌི་ཡ་ལུ་ མཁའ་དམག་ཐོག་ལས་ གནོདཔ་བཀལ་ཡོདཔ།

རོའི་ཊརཛ། སྤྱི་ཟླ་ ༡༢ པའི་ཚེས་ ༨ ལུ་ དྲོ་པའི་ཆུ་ཚོད་ ༥ དེ་ཅིག་ལས་ མཐའ་ཡས་ལེན་དང་ ཀམ་པོ་ཌི་ཡའི་བར་ན་ རྩོད་རྙོག་ཅན་གྱི་ ས་མཚས་ཁར་ ས་གནས་ཁག་ལེ་ཤ་ཅིག་ནང་ མཐའ་ཡས་ལེན་གྱིས་ མཁའ་དམག་ཐོག་ལས་ གནོད་འཚུབ་བཀལ་ཡོདཔ་ད་ དེ་བསྒང་ མཐའ་ཡས་ལེན་གྱི་ དམག་མི་ ༡ ལུ་ ཤི་རྐྱེན་བྱུང་པའི་ཁར་ གཞན་མི་ ༨ ལུ་ཡང་ རྨ་སྐྱོན་བྱུང་ནུག། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ ཁ་གསལ་སྦེ་ གཟིགས་འདོད་ཡོད་མི་ཚུ་གིས་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

World News

ལྷོ་ཨཕ་རི་ཀ་ལུ་ ཀྲོབ་མདའ་གར་ལྷོད་རྐྱབ་སྟེ་ མི་གྲངས་ ༡༡ ལུ་ ཤི་རྐྱེན་དང་ ༡༤ ལུ་རྨ་སྐྱོན།

བི་བི་སི།སྤྱི་ཟླ་ ༡༢ པའི་ཚེས་ ༦ གི་དྲོ་པ་ ལྷོ་ཨཕ་རི་ཀ་ལུ་ པེ་རེ་ཊོ་རི་ཡའི་ ནུབ་ཕྱོགས་ཁྲོམ་སྡེ་ ས་འཱུལ་སི་ཝི་ལེ་ཟེར་སར་ ཉལ་ཁྱིམ་ཅིག་ནང་ ཀྲོབ་མདའ་འབག་མི་ སྡེ་ཚན་ཅིག་གིས་ ཀྲོབ་མདའ་གར་ལྷོད་ རྐྱབ་ཡོདཔ་ལས་ མི་གྲངས་ ༡༡ ལུ་ ཤི་རྐྱེན་དང་ ༡༤ ལུ་ རྨ་སྐྱོན་བྱུང་ནུག། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ ཁ་གསལ་སྦེ་ གཟིགས་འདོད་ཡོད་མི་ཚུ་གིས་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

World News

པ་ཀིཛ་ཏཱན་དང་ ཨཕ་གྷ་ནིཛ་ཏཱན་གྱི་ ཏ་ལི་བཱན་ དམག་སྡེའི་བར་ན་ འཐབ་འཛིང་ལང་ཡོདཔ།

བི་བི་སི།སྤྱི་ཟླ་ ༡༢ པའི་ཚེས་ ༦ ལུ་ དབང་འཛིན་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ པ་ཀིཛ་ཏཱན་དང་ ཨཕ་གྷ་ནིཛ་ཏཱན་གྱི་ ཏ་ལི་བཱན་ དམག་སྡེའི་བར་ན་ ས་མཚམས་ཁར་ འཐབ་འཛིང་ལང་པའི་ཤུལ་ལུ་ ཁ་གྱེས་ཡོད་རུང་ འཐབ་འཛིང་དེ་གི་སྐོར་ལས་ ཕྱོགས་གཉིས་ཆ་ར་གིས་ གཅིག་གིས་གཅིག་ལུ་ ཁ་ཉེས་བཀལ་ཡོདཔ་ཨིན་པས། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ ཁ་གསལ་སྦེ་ གཟིགས་འདོད་ཡོད་མི་ཚུ་གིས་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

World News

རྒྱ་གར་རྒྱལ་ཁབ་ནང་ ར་ཤི་ཡའི་སྲིད་འཛིན་ ཝ་ལ་ཌི་མིར་ པུ་ཊིན་གྱི་ གཞུང་དོན་གཟིགས་སྐོར།

ཨེན་ཌི་ཊི་ཝི།ར་ཤི་ཡའི་སྲིད་འཛིན་ ཝ་ལ་ཌི་མིར་ པུ་ཊིན་དེ་ རྒྱ་གར་ལུ་ ཉིན་གྲངས་ ༢ ཀྱི་ གཞུང་དོན་གཟིགས་སྐོར་ལུ་ བྱོན་ཡོདཔ་བཞིན་དུ་ སྤྱི་ཟླ་ ༡༢ པའི་ཚེས་ ༥ གི་དྲོ་པར་ རྒྱ་གར་རྒྱལ་ཁབ་ནང་ ཕེབས་པའི་སྐབས་ལུ་ རཱཤ་ཏ་ར་པ་ཏི་བྷ་ཝཱན་ནང་ རྒྱ་གར་གྱི་སྲིད་འཛིན་ ཌའུ་པ་ཏི་མུར་མུ་དང་ བློན་ཆེན་ན་རེན་ད་ར་མོ་དི་ ཕྱི་འབྲེལ་བློན་པོ་ ཨེཛ་ཇ་ཡེ་ཤང་ཀར་ སྲུང་སྐྱོབ་གཙོ་འཛིན་ དམག་སྤྱི་ཨ་ནིལ་ཅའུ་ཧཱན་ཚུ་གི་ སྐུ་མདུན་ལུ་སྦེ་ དྲག་དམག་ཚུ་གིས་ བསྟི་སྭ་ཞུ་ནུག། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ ཁ་གསལ་སྦེ་ གཟིགས་འདོད་ཡོད་མི་ཚུ་གིས་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

World News

ཨེ་ཤི་ཡ་ལུ་ ཆུ་རུད་དང་ ས་རུད་ཐོན་པའི་ རྐྱེན་ངན་ནང་ ཤི་རྐྱེན་ཡར་སེང་།

ཨེ་བི་སི།སྤྱི་ཟླ་ ༡༢ པའི་ཚེས་ ༤ ལུ་ དབང་འཛིན་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ འདས་པའི་བདུན་ཕྲག་ནང་ ཨེ་ཤི་ཡའི་ རྒྱལ་ཁབ་ཁག་གི་ ས་གནས་ཚུ་ནང་ ཆུ་རུད་དང་ ས་རུད་ཀྱི་ རྐྱེན་ངན་ལུ་བརྟེན་ཏེ་ ཤི་རྐྱེན་བྱུང་མིའི་ གྱངས་ཁ་དེ་ ༡,༥༠༠ ལྷགཔ་ཅིག་ལུ་ ཡར་སེང་སོང་ནུག་ཟེར་ཨིན་པས། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ ཁ་གསལ་སྦེ་ གཟིགས་འདོད་ཡོད་མི་ཚུ་གིས་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

Online now: 35 Today: 1491 Total visitors: 11521