ArchiveAboutContact

Category: འཛམ་གླིང་གནས་ཚུལ།

World News

ཨཱཛ་ཊེ་ལི་ཡ་ལུ་ ཨ་ལོ་སྐྱེས་ལོ་ ༡༦ མན་ཆད་ཀྱི་དོན་ལས་ མི་སྡེ་བརྡ་བརྒྱུད་བཀག་དམ།

བི་བི་སི། མེ་ཊ་ལས་སྡེ་གིས་ ཨཱཛ་ཊེ་ལི་ཡ་ལུ་ ཨ་ལོ་ན་ཆུང་ སྐྱེས་ལོ་ ༡༦ མན་ཆད་ཀྱི་དོན་ལས་ མི་སྡེ་བརྡ་བརྒྱུད་ ཨིནཛ་ཊེ་ག་རམ་དང་ ཕེཛ་བུག་ ཐེ་རེཌཛ་ཟེར་མི་ཚུ་ བཀག་དམ་འབད་ནི་གི་ ལཱ་འགོ་བཙུགས་ནུག། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ ཁ་གསལ་སྦེ་ གཟིགས་འདོད་ཡོད་མི་ཚུ་གིས་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

World News

མཐའ་ཡས་ལེན་ རྒྱལ་ཁབ་ནང་ བལྟ་བཤལ་ཡར་དྲག་གཏང་ཐབས་ལུ་ ཆང་རིགས་བཙོང་ཆོག་ནི།

བི་བི་སི།མཐའ་ཡས་ལེན་ རྒྱལ་ཁབ་ནང་ བལྟ་བཤལ་ལས་སྡེ་ཚུ་ ཡར་དྲག་གཏང་ཐབས་ལུ་ ལོ་ངོ་བཅུ་ཕྲག་མང་རབས་ཅིག་རིང་ལུ་ ཉིན་མར་ཆང་གི་རིགས་ཚུ་ བཙོང་མ་ཆོགཔ་སྦེ་ བཀག་དམ་འབད་དེ་ཡོད་མི་དེ་ ད་རེས་ནངས་པར་ གནས་སྐབས་ཅིག་གི་རིང་ལུ་ ཆ་མེད་བཏང་ནུག། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ ཁ་གསལ་སྦེ་ གཟིགས་འདོད་ཡོད་མི་ཚུ་གིས་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

World News

རྒྱ་གར་གྱི་རྒྱལ་ས་ དིལླི་ལུ་ བཙོག་རླུང་གི་གནས་ཚད་ ཡར་སེང་འགྱོ་མི་ལུ་བརྟེན་ཏེ་ མི་མང་གི་ འཕྲོད་བསྟེན་ལུ་དཀའ་ངལ།

བི་བི་སི། སྤྱི་ཟླ་ ༡༢ པའི་ཚེས་ ༣ ལུ་ རྒྱ་གར་དབུས་གཞུང་གིས་ བཤད་དོ་བཟུམ་འབད་བ་ཅིན་ སྤྱི་ལོ་ ༢༠༢༢ ལས་ ༢༠༢༤ ཚུན་གྱི་བར་ན་ རྒྱ་གར་གྱི་རྒྱལ་ས་ དིལླི་ལུ་ བཙོག་རླུང་གི་གནས་ཚད་ ཡར་སེང་འགྱོ་མི་ལུ་བརྟེན་ཏེ་ གཞུང་གི་སྨན་ཁང་ ༦ གི་ནང་ དབུགས་གཏོང་ལེན་གྱི་ ནད་གཞི་ཚབས་ཆེན་ཐོབ་མི་ ༢༠༠,༠༠༠ ལྷགཔ་ཅིག་ ཐོ་བཀོད་འབད་ཡི་ཟེར་ཨིན་པས། དེ་ཡང་ དིལླི་དང་ ཉེ་འདབས་ཀྱི་ ཁྲོམ་ཟུར་ཚུ་ནང་ ལོ་ངོ་ ༣ གྱི་ ནང་འཁོད་ལུ་ དབུགས་གཏོང་ལེན་གྱི་ ནད་གཞི་ཐོབ་མི་ ༣༠,༠༠༠ ལྷགཔ་ཅིག་ སྨན་ཁང་ནང་ བཞག་དགོཔ་བྱུང་ཡི་ཟེར་ཨིནམ་ད་ དེ་བཟུམ་མའི་ དཀའ་ངལ་ཚུ་ཡང་ དམིས་བསལ་གྱིས་ གནམ་དགུན་གྱི་སྐབས་ལུ་ འབྱུང་དོ་ཡོདཔ་སྦེ་བཀོད་ནུག། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཁ་གསལ་སྦེ་ གཟིགས་འདོད་ཡོད་མི་ཚུ་གིས་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

World News

ཡུ་ཀེ་རེན་དང་ ར་ཤི་ཡའི་ ཕྱད་མདའ་དེ་ མཇུག་བསྡུ་དགོ་པའི་ གསུང་གྲོས་གནང་མི་ཚུ་ མཐར་འཁྱོལ་མེདཔ་སྦེ་ མཇུགབསྡུ་ཡོདཔ།

ཨཱལ་ཇ་ཟི་ར། སྤྱི་ཟླ་ ༡༢ པའི་ཚེས་ ༣ ལུ་ ར་ཤི་ཡའི་ འགོ་དཔོན་ཅིག་གིས་ བཤད་དོ་བཟུམ་འབད་བ་ཅིན་ མོཛ་ཀོ་ལུ་ ཡུ་ཨེཛ་གི་ ཆེ་མཐོའི་འགོ་དཔོན་ཚུ་དང་ ར་ཤི་ཡའི་སྲིད་འཛིན་ པུ་ཊིན་གྱི་བར་ན་ ཡུ་ཀེ་རེན་དང་ ར་ཤི་ཡའི་ ཕྱད་མདའ་དེ་ མཇུག་བསྡུ་དགོ་པའི་སྐོར་ལས་ གསུང་གྲོས་ཚུ་ གནང་ཡོད་རུང་ ཡུ་ཀེ་རེན་གྱི་ས་ཁོངས་ ར་ཤི་ཡ་གིས་ དབང་ཁྱབ་འབད་མི་དང་འབྲེལ་ཏེ་ མོས་མཐུན་བྱུང་མ་ཚུགས་ཟེར་ཨིན་པས།  རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཁ་གསལ་སྦེ་ གཟིགས་འདོད་ཡོད་མི་ཚུ་གིས་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

World News

པ་ཀིཛ་ཏཱན་ལུ་ རང་སྲོག་བཅད་ཐོག་ལས་ རྫས་བམ་ཅིག་ འགས་བཅུག་མིའི་ནང་ ཁྲིམས་སྲུང་འགག་སྡེའི་ འགོ་དཔོན་ཅིག་ལུ་ཤི་རྐྱེན།

ཨེ་བི་སི། སྤྱི་ཟླ་ ༡༢ པའི་ཚེས་ ༡ ལུ་ འགོ་དཔོན་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ པ་ཀིཛ་ཏཱན་གྱི་ ནུབ་བྱང་ཁ་ཐུག་ལུ་ ཨཕ་གྷ་ནིཛ་ཏཱན་དང་ མཐུན་སྦྲེལ་ཡོད་མི་ ས་མཚམས་ཁར་ རང་སྲོག་བཅད་ཐོག་ལས་ རྫས་བམ་ཅིག་ འགས་བཅུག་མིའི་ནང་ ཁྲིམས་སྲུང་འགག་སྡེའི་ འགོ་དཔོན་ཅིག་ལུ་ ཤི་རྐྱེན་བྱུང་ཡོདཔ་མ་ཚད་ གཞན་མི་ལེ་ཤ་ཅིག་ལུ་ཡང་ རྨ་སྐྱོན་བྱུང་ནུག་ཟེར་ཨིན་པས། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཁ་གསལ་ཚུ་ གློག་རིག་སྒྲིག་བཀོད་ (PDF) ཐོག་ལུ་ གཟིགས་འདོད་ཡོད་མི་ཚུ་གིས་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

World News

ཨིན་ཌོ་ནེ་ཤི་ཡ་ལུ་ ཆུ་རུད་ལུ་བརྟེན་པའི་ ཤི་རྐྱེན་དེ་ མི་གྲངས་ ༥༠༠ ལྷགཔ་ཅིག་ལུ་ཡར་སེང་།

བི་བི་སི། སྤྱི་ཟླ་ ༡༢ པའི་ཚེས་ ༡ ལུ་ དབང་འཛིན་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ འདས་པའི་བདུན་ཕྲག་ནང་ ཨིན་ཌོ་ནེ་ཤི་ཡ་ལུ་ ཆུ་རུད་ཐོན་མི་དེ་གིས་ ད་ཚུན་གྱི་བར་ན་ ཤི་རྐྱེན་གྱི་ གྱངས་ཁ་དེ་ མི་གྲངས་ ༥༠༠ ལྷགཔ་ཅིག་ལུ་ ཡར་སེང་སོང་ཡོདཔ་མ་ཚད་ གཞན་མི་ ༥༠༠ དེ་ཅིག་ཡང་ བྱང་སྟོར་ཤོར་ཡོདཔ་སྦེ་ཨིན་པས། དེ་ཡང་ མ་ལ་ཀ་ མཚོ་གླིང་ནང་ ག་ནི་བ་ དཀོན་དྲགས་ཅིག་ཨིན་མི་ རླུང་འཚུབ་དེ་ལུ་བརྟེན་ཏེ་ མངའ་སྡེ་ ༣ གྱི་ནང་ ཆུ་རུད་ཐོན་ནི་དེ་གིས་ མི་སེར་ས་ཡ་ ༡.༤ དེ་ཅིག་ལུ་ གནོད་སྐྱོན་བྱུང་ཡོདཔ་སྦེ་བཀོད་ནུག།

World News

ཨེ་ཤི་ཡའི་ རྒྱལ་ཁབ་ཚུ་ནང་ ཆུ་རུད་དང་ ས་རུད་ཚུ་གིས་ མི་སེར་ ༡,༠༠༠ ལྷགཔ་ཅིག་ལུ་ཤི་རྐྱེན།

སི་ཨེན་ཨེན། ཨེ་ཤི་ཡའི་རྒྱལ་ཁབ་ ཨིན་ཌོ་ནེ་ཤི་ཡ་དང་ མཐའ་ཡས་ལེན་ མ་ལེ་ཤི་ཡ་ ཤྲཱི་ལངྐ་ཚུ་ནང་ རླུང་འཚུབ་དང་ ཆརཔ་ཤུགས་སྦེ་ རྐྱབ་མི་ལུ་བརྟེན་ཏེ་ ཆུ་རུད་དང་ ས་རུད་ཚུ་གིས་ མི་སེར་ ༡,༠༠༠ ལྷགཔ་ཅིག་ལུ་ ཤི་རྐྱེན་བྱུང་ཡོདཔ་མ་ཚད་ མི་སེར་བརྒྱ་ཕྲག་བཅད་དེ་ བྱང་སྟོར་ཤོར་མི་ཚུ་ཡང་ སྲོག་སྐྱབས་འབད་མི་ཚུ་གིས་ འཚོལ་ཞིབ་འབད་དོ་ཡོདཔ་ཨིན་པས། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཁ་གསལ་ཚུ་ གློག་རིག་སྒྲིག་བཀོད་ (PDF) ཐོག་ལུ་ གཟིགས་འདོད་ཡོད་མི་ཚུ་གིས་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་ཟེར་ ཞུ་ནི་ཨིན་ལགས།

World News

ཨཱཕ་གྷ་ནིཛ་ལས་ ཏ་ཇི་ཀིཛ་ཏཱན་ལུ་ གནོད་འཚུབ་བཀལ་མིའི་ནང་ མི་ ༥ ལུ་ཤི་རྐྱེན།

རོའི་ཊརཛ། སྤྱི་ཟླ་ ༡༢ པའི་ཚེས་ ༡ ལུ་ ཏ་ཇི་ཀིཛ་ཏཱན་ སྲིད་འཛིན་གྱི་ གནས་ཚུལ་ལས་སྡེའི་ནང་ལས་ བཤད་དོ་བཟུམ་འབད་བ་ཅིན་ འདས་པའི་བདུན་ཕྲག་ནང་ ཁྱིམ་ཚང་རྒྱལ་ཁབ་ གནོད་འཚུབ་ལན་ཐེངས་ ༢ བཀལ་མི་ལུ་བརྟེན་ཏེ་ མི་གྲངས་ ༥ ལུ་ ཤི་རྐྱེན་དང་ གཞན་མི་ ༥ ལུ་ རྨ་སྐྱོན་བྱུང་ནུག་ཟེར་ཨིན་པས། རྒྱལ་སྤྱི་གསར་ཤོག་གི་ཐོག་ལས་ རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཁ་གསལ་དང་ ཤེས་ཡོན་ ལམ་སྲོལ་ སྤྲོ་བ་ སྐད་ཡིག་ཤན་སྦྱར་ གསལ་བསྒྲགས་ལ་སོགས་པ་ཚུ་ གློག་རིག་སྒྲིག་བཀོད་ (PDF) ཐོག་ལུ་ གཟིགས་འདོད་ཡོད་མི་ཚུ་གིས་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་ཟེར་ ཞུ་ནི་ཨིན་ལགས།

World News

ཨིན་ཌོ་ནེ་ཤི་ཡ་ལུ་ ས་ཡོམ་དང་ ཆུ་རུད་ཀྱིས་ མི་གྲངས་ ༢༤༨ དེ་ཅིག་ལུ་ཤི་རྐྱེན།

ཨེ་བི་སི།སྤྱི་ཟླ་ ༡༡ པའི་ཚེས་ ༢༩ ལུ་ སྲོག་སྐྱབས་འབད་མི་ཚུ་ ས་ཡོམ་དང་ ཆུ་རུད་ཀྱིས་ གནོད་སྐྱོན་བྱུང་མི་ ཨིན་ཌོ་ནེ་ཤི་ཡའི་ ས་ཁོངས་ལེ་ཤ་ཅིག་ནང་ འགྱོ་མ་ཚུགས་པའི་ དཀའ་ངལ་བྱུང་ཡོདཔ་ད་ དབང་འཛིན་ཚུ་གིས་འབད་བ་ཅིན་ རྐྱེན་ངན་དེ་ལུ་བརྟེན་ཏེ་ མི་གྲངས་ ༢༤༨ དེ་ཅིག་ལུ་ ཤི་རྐྱེན་བྱུང་ནུག་ཟེར་ཨིན་པས། རྒྱལ་སྤྱི་གསར་ཤོག་གི་ཐོག་ལས་ རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཁ་གསལ་དང་ ཤེས་ཡོན་ ལམ་སྲོལ་ སྤྲོ་བ་ སྐད་ཡིག་ཤན་སྦྱར་ གསལ་བསྒྲགས་ལ་སོགས་པ་ཚུ་ གློག་རིག་སྒྲིག་བཀོད་ (PDF) ཐོག་ལུ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་གནང་ཐོག་ལས་ རྒྱུན་མངག་མཛད་དེ བཀའ་དྲིན་བསྐྱང་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ གློག་འཕྲིན་ཁ་བྱང་ gyalchi.cir@gmail.com དང་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་ཟེར་ […]

World News

ཤྲཱི་ལངྐ་ལུ་ ཆུ་རུད་དང་ ས་རུད་ཀྱིས་ མི་གྲངས་ ༡༢༣ དེ་ཅིག་ལུ་ ཤི་རྐྱེན་དང་ གཞན་མི་ ༡༣༠ དེ་ཅིག་བྱང་སྟོར།

སྤྱི་ཟླ་ ༡༡ པའི་ཚེས་ ༢༩ ལུ་ དབང་འཛིན་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཤྲཱི་ལངྐ་ལུ་ ཆརཔ་ཤུགས་སྦེ་ རྐྱབ་པའི་ཁར་ རླུང་འཚུབ་ལུ་བརྟེན་པའི་ ཆུ་རུད་དང་ ས་རུད་ཀྱིས་ མི་གྲངས་ ༡༢༣ དེ་ཅིག་ལུ་ ཤི་རྐྱེན་བྱུང་པའི་ཁར་ གཞན་མི་ ༡༣༠ དེ་ཅིག་ཡང་ བྱང་སྟོར་ཤོར་ཡོདཔ་སྦེ་ཨིན་པས། རྒྱལ་སྤྱི་གསར་ཤོག་གི་ཐོག་ལས་ རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཁ་གསལ་དང་ ཤེས་ཡོན་ ལམ་སྲོལ་ སྤྲོ་བ་ སྐད་ཡིག་ཤན་སྦྱར་ གསལ་བསྒྲགས་ལ་སོགས་པ་ཚུ་ གློག་རིག་སྒྲིག་བཀོད་ (PDF) ཐོག་ལུ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་གནང་ཐོག་ལས་ རྒྱུན་མངག་མཛད་དེ བཀའ་དྲིན་བསྐྱང་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ གློག་འཕྲིན་ཁ་བྱང་ gyalchi.cir@gmail.com དང་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ […]

Online now: 23 Today: 1717 Total visitors: 11747