ArchiveAboutContact

Category: འཛམ་གླིང་གནས་ཚུལ།

World News

ཨི་རཱན་རྒྱལ་ཁབ་ནང་ ས་ཡོམ་གྱིས་ མི་གྲངས་ ༥ ལུ་ ཤི་རྐྱེན་བྱུང་ཡོདཔ།

ཨེ་བི་སི།སྤྱི་ཟླ་ ༧ པའི་ཚེས་ ༢ ལུ་ ཨི་རཱན་རྒྱལ་ཁབ་ཀྱི་ ལྷོ་ཕྱོགས་ཁ་ཐུག་ལུ་ ས་ཡོམ་ཤུགས་ཚད་ མེག་ནི་ཅཱུད་ ༦.༣ འབད་མི་ཅིག་ རྐྱབ་ཡོདཔ་ལས་ མི་གྲངས་ ༥ དེ་ཅིག་ལུ་ ཤི་རྐྱེན་དང་ ༤༤ དེ་ཅིག་ལུ་ རྨ་སྐྱོན་བྱུང་ཡོདཔ་ཨིན་པས།དེ་ཡང་ མི་སེར་ ༣༠༠ དེ་ཅིག་སྡོད་མི་ ཧོར་མི་གན་མངའ་སྡེའི་ ས་ཡེག་ཁོཤ་ཟེར་མི་ གཡུས་ཚན་ཅིག་ནང་ བྱུང་ཡོདཔ་ལས་ སྲོག་སྐྱབས་འབད་མི་ སྡེ་ཚན་ཚུ་ བགོ་བཀྲམ་འབད་ནུག།དེ་སྦེ་ རྣམ་རྟོག་ལང་སི་སི་སྦེ་རྐྱབ་མི་ ས་ཡོམ་དེ་གིས་ སྒྲིང་ཁྱིམ་ཚུ་དང་ གཞི་རྟེན་མཁོ་ཆས་ མང་རབས་ཅིག་ལུ་ གནོད་སྐྱོན་བྱུང་ཡོདཔ་མ་ཚད་ ཁྱིམ་མཚེས་རྒྱལ་ཁབ་ ལེ་ཤ་ཅིག་གི་ནང་ཡང་ ས་ཡོམ་རྐྱབ་ཡོད་པའི་ ཚོར་སྣང་བྱུང་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

རྒྱ་གར་མ་ནི་པུར་ལུ་ ས་རུད་ཆད་མིའི་ནང་ མི་གྲངས་ ༢༧ ལུ་ཤི་རྐྱེན།

ཨིན་དུཛ་ཏཱན་ཊ་ཡེམཛ།སྤྱི་ཟླ་ ༧ པའི་ཚེས་ ༢ ལུ་ མི་རོ་ ༦ ཐོབ་མི་བརྩིས་ཏེ་ ད་ཚུན་གྱི་བར་ན་ རྒྱ་གར་མ་ནི་པུར་མངའ་སྡེའི་ ནོ་ནེ་རྫོང་ཁག་གི་ ས་གནས་མ་རང་ཅིང་ཟེར་སར་ རེལ་ལིའི་ལམ་ བཟོ་བསྐྲུན་འབད་སའི་ ས་ཁོངས་ནང་ ས་རུད་ཆད་མི་ནང་ལས་ མི་རོ་ ༢༧ ཐོབ་ཡོད་རུང་ བྱང་སྟོར་ཤོར་མི་ མི་གྲངས་ ༣༥ དེ་ཅིག་ འཚོལ་མ་ཐོབ་པར་ཡོད་ཟེར་ཨིན་པས།དེ་སྦེ་ ཤི་རྐྱེན་བྱུང་མི་ ༢༧ ལས་ ༢༠ དམག་མི་ཨིནམ་ད་ ས་རུད་དེ་ སྤྱི་ཟླ་ ༦ པའི་ཚེས་ ༢༩ དང་ ༣༠ ལུ་ ཆད་ཡོདཔ་ཨིན་པས།ག་དེ་སྦེ་ཨིན་རུང་ ས་རུད་ཆད་སའི་ ས་ཁོངས་ནང་ སྲོག་སྐྱབས་འབད་མི་ཚུ་གིས་ འཚོལ་ཞིབ་ཀྱི་ལཱ་ཚུ་ འཕྲོ་མཐུད་དེ་ར་འབད་བའི་གུ་ འཚོལ་ཞིབ་ཀྱི་དོན་ལས་ རོ་ཁྱི་ཚུ་ཡང་ བགོ་བཀྲམ་འབད་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

ཧོང་ཀོང་གི་ འགོ་ཁྲིདཔ་གསརཔ་སྦེ་ ཇཱོན་ལི་ཀ་ཅིའུ་ གདམ་འཐུ་འབད་ཡོདཔ།

བི་བི་སི།ཧོང་ཀོང་གི་ ཧེ་མའི་སྲུང་སྐྱོབ་གཙོ་འཛིན་ སྐྱེས་ལོ་ ༦༤ འབད་མི་ ཇཱོན་ལི་ཀ་ཅིའུ་ཟེར་མི་ ཧོང་ཀོང་གི་ འགོ་ཁྲིད་གསརཔ་སྦེ་ གདམ་འཐུ་འབད་ཡོདཔ་བཞིན་དུ་ ཁས་བླངས་དམ་བཅའ་ ཕུལ་ཡོདཔ་ད་ ཧོང་ཀོང་ཁྲོམ་སྡེ་དེ་ རྒྱ་ནག་གཞུང་གི་ མངའ་འོག་ལུ་ འགྱུར་བ་འགྱོ་ནི་ཨིན་པས།འགོ་ཁྲིད་གསརཔ་ ཇཱོན་ལི་དེ་ ཧེ་མའི་འགོ་ཁྲིདཔ་ ཀེ་རི་ལམ་གྱི་ཚབ་སྦེ་ བསྐོས་ཡོདཔ་ད་ དེ་སྦེ་ འགོ་ཁྲིདཔ་བཙག་འཐུའི་སྐབས་ལུ་ མི་ངོམ་ཡང་ ཁོ་ར་རྐྱངམ་ཅིག་ར་ཨིན་པས།ཧོང་ཀོང་གི་ འགོ་ཁྲིད་གསརཔ་ གདམ་འཐུ་འབད་ནི་དེ་ མི་སེར་ཚུ་གི་ བློ་འདོད་ལྟར་དུ་མིན་པར་ རྒྱ་ནག་གཞུང་གི་ ཐུགས་འདོད་དང་འཁྲིལ་ཏེ་ གདམ་འཐུ་འབད་ནི་དེ་གིས་ མི་སེར་ཚུ་ལུ་ དུམ་གྲ་ཅིག་ ཁྱད་པར་ཆགས་ནི་ཨིནམ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།བ་

gyalchi
World News

ར་ཤི་ཡ་གིས་ ཡུ་ཀེ་རེན་གྱི་ ཨོ་ཌེ་ས་མངའ་སྡེ་ལུ་ མི་ཛ་ཡེལ་བཏང་པའི་ རྐྱེན་ངན་ནང་ མི་གྲངས་ ༡༨ ལུ་ཤི་རྐྱེན།

བི་བི་སི།ཡུ་ཀེ་རེན་གྱི དབང་འཛིན་འགོ་དཔོན་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཡུ་ཀེ་རེན་གྱི་ ལྷོ་ཕྱོགས་མངའ་སྡེ ཨོ་ཌེ་ས་ལུ་ ར་ཤི་ཡ་གིས་ མི་ཛ་ཡེལ་ བཏང་ཡོདཔ་ལས་ ཨ་ལོ་ ༡ རྩིས་ཏེ་ མི་གྲངས་ ༡༨ དེ་ཅིག་ལུ་ ཤི་རྐྱེན་བྱུང་ནུག་ཟེར་ཨིན་པས།དེ་བཟུམ་སྦེ་ འདས་པའི་ཉིན་ཞག་དག་པ་ཅིག་གི་ ཧེ་མ་ཡང་ ར་ཤི་ཡ་གིས་ ཡུ་ཀེ་རེན་གྱི་ ཁྲོམ་སྡེ་ཚུ་ནང་ མི་ཛ་ཡེལ་ ལེ་ཤ་ཅིག་ བཏང་ཡོདཔ་མ་ཚད་ ར་ཤི་ཡའི་ དམག་མི་ཚུ་གི་ ཕད་ཅུང་ནང་ ཉམས་རྒུདཔ་ཨ་ལོ་ཅིག་གི་ གཟུགས་བཟུམ་ཅིག་ཡང་ འབག་སར་མཐོང་ཡོདཔ་སྦེ་བཤད་ནུག།དེ་མ་ཚད་ ར་ཤི་ཡ་གིས་ མཁའ་དམག་གནམ་གྲུ་ཡོད་ས་ལས་ བེ་ལེག་རྒྱ་མཚོའི་ནང་ཡང་ མི་ཛ་ཡེལ་ བཏང་ཡོདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

དམག་མི་ཚུ་གིས་ ཀོང་གོའི་ཨམ་སྲུ་ཅིག་ བཙན་ཁྲིད་འབད་བའི་ཤུལ་ལུ་ མི་ཤ་ཟ་བཅུག་ཡོདཔ།

ཧིན་དྷཱུཛ་ཊཱན།ཨཕ་རི་ཀའི་ དབུས་ཕྱོགས་ལུ་ཡོད་མི་ ཀོང་གོ་རྒྱལ་ཁབ་ཀྱི་ ཨམ་སྲུ་ཅིག་ ཀོང་གོ་མི་སེར་དམངས་གཙོའི་ དམག་མི་ཚུ་གིས་ ལན་ཐེངས་ ༢ དེ་རེ་ བཙན་ཁྲིད་འབད་དེ་ དབང་བཙོང་ལུས་འབྲེལ་ ལོག་ཅི་ར་འབད་བའི་གུ་ བཞེས་སྒོའི་ཚབ་ལུ་ མི་ཤ་ཡང་ ཟ་བཅུག་ནུག་ཟེར་ཨིན་པས།དེ་ཡང་ སྤྱི་ཟླ་ ༦ པའི་ཚེས་ ༢༩ ལུ་ ཀོང་གོའི་དབང་ཆ་སྡེ་ཚན་གྱིས་ འཛམ་གླིང་སྤྱི་ཚོགས་ སྲུང་སྐྱོབ་ཚོགས་སྡེ་ལུ་ སྙན་ཞུ་འབད་མིའི་ནང་ བཀོད་ཡོདཔ་ད་ ཨམ་སྲུ་དབང་ཆ་སྡེ་ཚན་གྱི་ཁྲི་འཛིན་ ཇུ་ལི་ཡཱན་ ལུ་སེནཇ་གིས་ ཨམ་སྲུ་དེ་ ད་རུང་ བཙན་ཁྲིད་འབད་མི་ ཨམ་སྲུ་གཞན་ཅིག་གི་ བཟའ་ཚང་ལུ་ སྲོག་རིན་འཇལ་བར་ འགྱོ་བའི་སྐབས་ལུ་ཡང་ དམག་མི་ཚུ་གིས་ བཙན་ཁྲིད་འབད་ནུག་ཟེར་ཨིན་པས།བཙན་ཁྲིད་འབད་དེ་ཁྱིད་མི་ ཨམ་སྲུ་དེ་གིས་འབད་བ་ཅིན་ དམག་མི་ཚུ་གིས་ ཕོ་སྐྱེས་ཅིག་གི་ ཨོལ་ལྐོག་བཏོག་བཏང་པའི་གུ་ རྒྱུམ་ནང་ཁྲོལ་ཚུ་ཡང་ ཕྱི་ཁར་བཏོན་ཏེ་ མོ་ལུ་ བཙོ་དགོཔ་སྦེ་ སླབ་ཡོདཔ་མ་ཚད་ ཆུའི་ཧོད་ ༢ དེ་ཅིག་ཡང་ མོ་གི་གདོང་ཁར་ བསྐྱལ་བཞག་ཏེ་ བཞེས་སྒོ་གཞན་ཡང་ མོ་གིས་འབད་དགོཔ་སྦེ་ སླབ་ཞིནམ་ལས་ ས་གནས་དེ་ཁར་ཡོད་མི་ […]

gyalchi
World News

ཡུ་ཨེཛ་གི་ ཁ་ཐུག་ལས་ ཡུ་རོབ་རྒྱལ་ཁབ་ཚུ་ནང་ དམག་སྡེ་ཡར་སེང་འབད་ནི།

བི་བི་སི། ར་ཤི་ཡ་གིས་ ཡུ་ཀེ་རེན་ རྒྱལ་ཁབ་ནང་ བཙན་འཛུལ་འབད་མི་ལུ་ གདོང་ལན་འབད་ནིའི་དོན་ལས་ ནེ་ཊོ་རྒྱལ་ཁབ་ཚུ་གི་བར་ན་ ཞལ་འཆམ་བྱུང་ཡོདཔ་བཞིན་དུ་ ཡུ་ཨེཛ་གིས་ ཡུ་རོབ་རྒྱལ་ཁབ་ཚུ་ནང་ དམག་སྡེ་ཡར་སེང་འབད་ནི་ཨིན་པས། དེ་འབདཝ་ལས་ པོ་ལེན་རྒྱལ་ཁབ་ནང་ གཏན་འཇགས་ཀྱི་ དམག་མིའི་ཡིག་ཚང་ཅིག་ གཞི་བཙུགས་འབད་ཞིནམ་ལས་ ཡུ་ཨེཛ་གི་ དམག་གྲུ་གསརཔ་ཚུ་ སི་པེན་ལུ་དང་ མཁའ་དམག་གནམ་གྲུ་ཚུ་ ཡུ་ཀེ་ལུ་འགྱོ་ནི་དང་ ས་ཐོག་དམག་མི་ཚུ་ རོ་མ་ནི་ཡ་ལུ་ འགྱོ་ནི་ཨིན་པས། ཡུ་ཨེཛ་གི་སྲིན་འཛིན་ ཇཱོ་བའི་ཌེན་གྱིས་ ནེ་ཊོ་ཟེར་ ཡུ་རོབ་རྒྱལ་ཁབ་ ༣༠ ལྷགཔ་ཅིག་ གཅིག་བསྡོམས་ཚོགས་པ་དེ་ཁར་ དུས་ཨ་རྟག་བ་ཡང་ལྷགཔ་སྦེ་ ད་རེས་ དགོས་མཁོ་སྦོམ་སྦེ་ར་ འཐོན་སོང་ནུག་ཟེར་ཨིན་པས། དེ་བཟུམ་མའི་ འཆར་གཞི་གསརཔ་དེ་ ར་ཤི་ཡ་གིས་ བཙན་འཛུལ་འབད་མི་ལུ་ གདོང་ལན་འབད་ནིའི་དོན་ལས་ཨིནམ་ད་ ད་ཚུན་ དམག་མི་རུ་ཁག་ ༤༠,༠༠༠ ཡོད་ས་ལས་ ༣༠༠,༠༠༠ ལྷགཔ་ཅིག་ལུ་ ཡར་སེང་ཐོག་ལས་ སང་ཕོད་ཀྱི་དོན་ལུ་ གྲ་སྒྲིག་འབད་དེ་ བཞག་ནི་ཨིན་པས། དབུ་ཁྲིད་ཞལ་འཛོམས་གནང་ས་ སི་པེན་གྱི་རྒྱལ་ས་ མ་ཌེཌ་ལུ་ སྲིད་འཛིན་བའི་ཌེན་གྱིས་ ས་དམག་དང་ […]

gyalchi
World News

ར་ཤི་ཡ་དང་ ཡུ་ཀེ་རེན་གྱི་ དམག་འཁྲུག་དེ་ ལོ་མཇུག་ལུ་ ཞི་འཇམ་བཟོ་དགོ་པའི་ཞུ་བ།

ཨེན་ཌི་ཊི་ཝི། ཡུ་ཀེ་རེན་གྱི་སྲིད་འཛིན་ ཝོ་ལོ་ཌེ་མིར་ ཟེ་ལེནཛ་ཀེ་གིས་ རྒྱལ་ཁབ་ ༧ གྱི་ དབུ་ཁྲིད་ཞལ་འཛོམས་ནང་ དུས་ཅི་གི་ ལོ་མཇུག་ལུ་ དམག་འཁྲུག་དེ་ཡང་ མཇུག་བསྡུ་ཚུགསཔ་སྦེ་ བཟོ་གནང་དགོ་པའི་ ཞུ་བ་ཕུལ་ནུག། སྲིད་འཛིན་ཝོ་ལོ་ཌེ་མིར་ ཟེ་ལེནཛ་ཀེ་གིས་འབད་བ་ཅིན་ ར་ཤི་ཡ་གིས་ དམག་འཁྲུག་འགོ་བཙུགས་མི་ལུ་བརྟེན་ཏེ་ ཁོ་གི་དམག་མི་ཚུ་ གི་ གནས་སྟངས་དེ་ ལཱ་ཁག་ཅིག་ལུ་ འགྱུར་ནི་མས་ཟེར་ཨིན་པས། དེ་མ་ཚད་ དམག་འཁྲུག་དེ་ལུ་བརྟེན་ཏེ་ གནམ་དགུན་གྱི་ དུས་ཚོད་ཁར་ ར་ཤི་ཡ་གིས་ ཧེང་སྐལ་ར་ བརྙས་བཅོས་འབད་ནི་གི་ ཉེན་ཁ་ཡོད་པའི་སྐོར་ལས་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

ཡུ་ཀེ་རེན་གྱི་ ཚོང་འབྲེལ་ལྟེ་བ་ཅིག་ནང་ ར་ཤི་ཡ་གིས་ མི་ཛ་ཡེལ་བཏང་སྟེ་ མི་སེར་ ༡༦ དམར་བསད།

བི་བི་སི། སྤྱི་ཟླ་ ༦ པའི་ཚེས་ ༢༨ ལུ་ ཡུ་ཀེ་རེན་གྱི་ ཀེ་རེ་མེན་ཅུག་ཁྲོམ་སྡེའི་ ཚོང་འབྲེལ་ལྟེ་བའི་ནང་ ར་ཤི་ཡ་གིས་ མི་ཛ་ཡེལ་བཏང་སྟེ་ དྲག་བཅོམ་འབདཝ་ལས་ མི་སེར་ ༡༦ དེ་ཅིག་ལུ་ ཤི་རྐྱེན་བྱུང་ནུག། དེ་བསྒང་ འུར་བྱེལ་འཐབ་མི་ ཚོང་འབྲེལ་ལྟེ་བ་དེ་ནང་ ཞི་བའི་མི་སེར་ ༡,༠༠༠ དེ་ཅིག་ཡོད་པའི་ ཚོད་རྩིས་བཏོན་ཡོདཔ་སྦེ་ སྲིད་འཛིན་ཝོ་ལོ་ཌེ་མིར་ ཛི་ལེནཛ་ཀེ་གིས་ གསུངས་ཡོདཔ་ཨིན་པས། ད་རེས་ ཇར་མ་ནི་ལུ་ རྒྱལ་ཁབ་ཕྱུག་ཤོས་ ༧ གྱི་ དབུ་ཁྲིད་ཚུ་གི་བར་ན་ ཞལ་འཛོམས་ཅིག་ འཚོགས་པའི་བསྒང་ཡོདཔ་ལས་ དབུ་ཁྲིད་དེ་ཚུ་གིས་ ར་ཤི་ཡ་གིས་ དེ་བཟུམ་མའི་ གནོདཔ་བཀལ་མི་དེ་ རྩ་ལས་ར་ ངོས་ལེན་འབད་མ་ཚུགས་པའི་ བྱ་ངན་ཅིག་ཨིན་པའི་ ཁ་བཏང་ནུག། དབུ་ཁྲིད་ཚུ་གིས་ མཉམ་འབྲེལ་གསལ་བཤད་ཅིག་ནང་ བཀོད་དོ་བཟུམ་འབད་བ་ཅིན་ བརྟག་དཔྱད་མ་འབད་བར་ ཉེས་པ་མེད་པའི་ ཞི་བའི་མི་སེར་ཚུ་ལུ་ གནོདཔ་བཀལ་མི་དེ་ དམག་གི་ཁྲིམས་འགལ་ཨིནམ་སྦེ་ རྩིས་འཇོག་འབད་འོང་ཟེར་ཨིན་པས། དེ་མ་ཚད་ དྲག་བཅོམ་དེ་ལུ་བརྟེན་ཏེ་ ཡུ་ཀེ་རེན་གྱི་ མི་སེར་ […]

gyalchi
World News

པ་ཀིཛ་ཏཱན་ལུ་ དྲག་ཐོག་དབང་བཙོང་ ཡར་འཕར་འགྱོ་མི་དེ་ བློན་ཆེན་བགྲེསཔ་ལུ་བརྟེན་ཏེ་ཨིན་པའི་ ཁ་ཉེས་བཀལ་ཡོདཔ།

བི་བི་སི། སྤྱི་ཟླ་ ༦ པའི་ཚེས་ ༢༦ ལུ་ པ་ཀིཛ་ཏཱན་གྱི་བློན་ཆེན་ ཤེ་བཱཛ་ཤ་རིཕ་གིས་ ཞལ་འཛོམས་ཅིག་ནང་ པ་ཀིཛ་ཏཱན་ རྒྱལ་ཁབ་ནང་ དྲག་ཐོག་དབང་བཙོང་གི་སྐོར་ལས་ རྒྱལ་ཡོངས་དང་ལེན་འཆར་གཞི་ལྟར་དུ་ ལག་ལེན་འཐབ་ནི་ལུ་ འཐུས་ཤོར་འབྱུང་མི་དང་ འདས་པའི་ལོ་ངོ་ ༤ གི་ ནང་འཁོད་ལུ་ དྲག་ཐོག་དབང་བཙོང་དང་འབྲེལ་བའི་ ལཱ་ངན་ཡར་འཕར་འགྱོ་མིའི་ རྒྱུ་རྐྱེན་དེ་  བློན་ཆེན་བགྲེསཔ་ ཨིམ་རཱན་ཁཱན་ལུ་བརྟེན་ཏེ་ཨིན་ཟེར་ གསུངས་ཡོདཔ་ཨིན་པས། བློན་ཆེན་ཤ་རིཕ་གིས་ དྲག་ཐོག་དབང་བཙོང་འབད་མི་དེ་ རྩ་མེད་བཏང་མ་ཚུགས་ཚུན་ཚོད་ འཕྲོ་མཐུད་དེ་ར་ རྩ་འགེངས་ནི་ཨིན་ཟེར་ གསུངས་ཡོདཔ་མ་ཚད་ པ་ཀིཛ་ཏཱན་ རྒྱལ་ཁབ་ཀྱི་ སྲུང་སྐྱོབ་དང་ ཉེན་སྲུང་གི་དོན་ལུ་ རྩ་ལས་ར་ བདེ་ལེན་མི་ཚུགས་ཟེར་ཡང་གསུངས་ནུག། འདས་པའི་ལོ་ངོ་ ༤ གི་ ནང་འཁོད་ལུ་མེད་པའི་ གྲུབ་འབྲས་མེད་མི་ དམིགས་བསལ་ཤེས་ཡོན་སློབ་སྦྱོང་གྱི་ དང་ལེན་འཆར་གཞིའི་ ཕྱག་འགན་དེ་ཡང་ བློན་ཆེན་ཤ་རིཕ་གིས་ བསྐྱར་གསོ་མཛད་ནི་ཨིན་པའི་ ཞལ་བཞེས་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

ར་ཤི་ཡ་དང་ ཡུ་ཀེ་རེན་གྱི་ དམག་འཁྲུག་ལུ་བརྟེན་ཏེ་ མི་འབོར་ས་ཡ་ ༤༠ ལས་ ༥༠ ལྷགཔ་ཅིག་ལུ་ བཞེས་སྒོ་མ་ཐོབ་པའི་ གནས་སྟངས་ལུ་འགྱུར་ནི།

ཨེན་ཌི་ཊི་ཝི།སྤྱི་ཟླ་ ༦ པའི་ཚེས་ ༢༥ ལུ་ ཨ་མི་རི་ཀའི་ རྒྱལ་ཁམས་དྲུང་ཆེན་ ཨེན་ཊོ་ནེ་ བི་ལིན་ཀེན་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ ནུབ་ཕྱོགས་རྒྱལ་ཁབ་ཚུ་གིས་ བཀག་དམ་འབད་མི་ལུ་བརྟེན་ཏེ་མིན་པར་ ར་ཤི་ཡ་དང་ ཡུ་ཀེ་རེན་གྱི་ དམག་འཁྲུག་ལུ་བརྟེན་ཏེ་ཡང་ མི་འབོར་ས་ཡ་ ༤༠ ལས་ ༥༠ ལྷགཔ་ཅིག་ལུ་ བཞེས་སྒོ་མ་ཐོབ་པའི་ གནས་སྟངས་ལུ་ ཐུག་ནི་མས་ཟེར་ཨིན་པས།དེ་ཡང་ སྲིད་དོན་གྱི་ དབང་ལུ་བཏང་སྟེ་ ར་ཤི་ཡ་གིས་ ཡུ་ཀེ་རེན་ལུ་ ཚོང་འབྲེལ་ལམ་བཀག་འབད་མི་དང་ ར་ཤི་ཡའི་ འབྲུ་སྣ་ཚུ་ ཕྱིར་ཚོང་འཐབ་མ་བཏུབ་མི་ལུ་བརྟེན་ཏེ་ཨིནམ་སྦེ་ བར་ལིན་ལུ་ གནས་ཚུལ་མཉམ་འབྲེལ་གྱི་ གྲོས་ཚོགས་ཅིག་ནང་ ཨ་མི་རི་ཀའི་ རྒྱལ་ཁམས་དྲུང་ཆེན་གྱིས་ བཤད་ཡོདཔ་ཨིན་པས།ད་རུང་ བེ་ཡར་བོག་ཟེར་མི་གིས་ཡང་ ར་ཤི་ཡའི་ ལོག་པར་ལྟ་བའི་ཐད་ལས་ ཁོང་གི་འབྲུ་སྣ་ཚུ་ ཡུན་བརྟན་མེདཔ་ བཟོ་ནི་དང་ ཡིག་ཐོག་ངན་བསྐུལ་འབད་ནི་ཚུ་ ལག་ལེན་འཐབ་མ་ཚུགསཔ་སྦེ་ བཟོ་ནིའི་དོན་ལུ་ ཟློག་ཐབས་ཀྱི་སྐོར་ལས་ རྒྱལ་སྤྱིའི་ཚོང་རོགས་ཚུ་ མཉམ་རུབ་ཀྱི་ཐོག་ལུ་ ལཱ་འབད་དོ་ཡོད་པའི་སྐོར་ལས་ཡང་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
Online now: 10 Today: 1721 Total visitors: 8941