ArchiveAboutContact

Category: འཛམ་གླིང་གནས་ཚུལ།

World News

ཏཱ་ཡེ་ཝཱན་ མཚོ་གླིང་རྒྱལ་ཁབ་ནང་ རྒྱ་ནག་གི་ གནམ་གྲུ་ཚུ་དང་ དམག་གྲུ་ཚུ་གི་ སྟ་གོན་དྲག་བཅོམ།

རེའུ་ཊརཛ།སྤྱི་ཟླ་ ༨ པའི་ཚེས་ ༦ ལུ་ ཏཱ་ཡེ་ཝཱན་གྱི་ དབང་འཛིན་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཏཱ་ཡེ་ཝཱན་ལུ་ རྒྱ་ནག་གི་ གནམ་གྲུ་དང་ དམག་གྲུ་ཚུ་གིས་ སྟ་གོན་དྲག་བཅོམ་འབད་དོ་ཟེར་ཨིན་པས།དེ་ཡང་ རང་སྐྱོང་མཚོ་གླིང་ལུ་ ཨ་མི་རི་ཀའི་ཚོགས་དཔོན་ ཨམ་པེ་ལོ་སི་གིས་ བདུན་ཕྲག་འདི་ནང་ དུས་ཡུན་ཐུང་ཀུ་ཅིག་གི་དོན་ལས་ གཟིགས་སྐོར་གནང་མི་ལུ་བརྟེན་ཏེ་ རྒྱ་ནག་གིས་ མི་ཛ་ཡེལ་གྱིས་གཙོས་པའི་ དམག་སྦྱོང་འབད་ནི་ཚུ་ དེ་འཕྲལ་ལས་ འགོ་བཙུགས་ནུག།ཨ་མི་རི་ཀའི་ རྒྱལ་ཁམས་དྲུང་ཆེན་ ཨེན་ཊོ་ནི་ བི་ལིན་ཀེན་གྱིས་ རྒྱ་ནག་གི་ ཁ་ཐུག་ལས་ ཞི་བདེའི་ཐབས་ཤེས་ཚུ་ སྟོན་ནི་མིན་པར་ མཚོ་གླིང་རྒྱལ་ཁབ་ ཏཱ་ཡེ་ཝཱན་ལུ་ དམག་སྡེ་ལག་ལེན་འཐབ་མི་དེ་ ལེགས་ཤོམ་མིན་པའི་ ཁ་ཉེས་བཀལ་ཡོདཔ་ཨིན་པས།རྒྱ་ནག་གིས་ སྤྱི་ཟླ་ ༨ པའི་ཚེས་ ༤ ལས་ འགོ་བཙུགས་ཏེ་ ཏཱ་ཡེ་ཝཱན་གྱི་ ས་ཁོངས་ ༦ གི་ནང་ དེ་བཟུམ་མའི་ དམག་རྩལ་ལས་རིམ་ ལག་ལེན་འཐབ་མི་དེ་ སྤྱི་ཟླ་ ༨ པའི་ཚེས་ ༧ ལུ་ མཇུག་བསྡུ་ནི་གི་ […]

gyalchi
World News

ཀོ་རོ་ཤི་ཡ་ལུ་ སྐྱེལ་འདྲེན་བཱཛ་ཅིག་ལུ་ ཐུག་རྐྱེན་བྱུང་མིའི་ནང་ ལམ་འགྲུལཔ་ ༡༣ ལུ་ ཤི་རྐྱེན་དང་ ༣༡ ལུ་རྨ་སྐྱོན།

བི་བི་སི།སྤྱི་ཟླ་ ༨ པའི་ཚེས་ ༦ ལུ་ ཀོ་རོ་ཤི་ཡའི་ རྒྱལ་ཁབ་ནང་ ལྟ་བཤལཔ་འབག་མི་ སྐྱེལ་འདྲེན་བཱཛ་ཅིག་ལུ་ ཐུག་རྐྱེན་བྱུང་ཡོདཔ་ལས་ ལམ་འགྲུལཔ་ ༡༣ ལུ་ ཤི་རྐྱེན་དང་ གཞན་མི་ ༣༡ ལུ་ རྨ་སྐྱོན་བྱུང་ནུག།དེ་སྦེ་ རྨ་སྐྱོན་བྱུང་མི་ ལམ་འགྲུལཔ་ཚུ་ སྨན་ཁང་ནང་ བསྐྱལ་ཡོད་རུང་ གནས་སྟངས་འཚུབ་དྲགས་སྦེ་ཡོད་ཟེར་ དབང་འཛིན་ཚུ་གིས་ བཤད་ཡོདཔ་ཨིན་པས།པོ་ལེན་ལས་ཨིན་མི་ ལམ་འགྲུལཔ་ཚུ་ག་ར་ ན་ལོན་ཙང་ཙང་ཨིནམ་ད་ ཁོང་ཆ་ཁྱབ་ མེཌ་ཇུ་གོར་ཇི་ལུ་ཡོད་མི་ ཡེ་ཤུའི་ལྷ་ཁང་ཅིག་ནང་ གནས་སྐོར་ལུ་ འགྱོ་བའི་སྐབས་ལུ་ ས་གནས་ཀྱི་ དྲོ་པའི་ཆུ་ཚོད་ ༥.༤༠ དེ་ཅིག་ཁར་ ཐུག་རྐྱེན་བྱུང་ནུག།དེ་བཟུམ་མའི་ རྐྱེན་ངན་ནང་ ཤི་རྐྱེན་བྱུང་མི་ཚུ་གི་ ནང་མི་བཟའ་ཚང་ཚུ་ལུ་ ཀོ་རོ་ཤི་ཡའི་ བློན་ཆེན་གྱིས་ མྱ་ངན་གྱི་ སེམས་གསོ་ཡོད་ལུགས་ གསུངས་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

མཐའ་ཡས་ལེན་ལུ་ མེ་རྐྱེན་ཅིག་ བྱུང་མིའི་ནང་ མི་གྲངས་ ༡༣ ལུ་ ཤི་རྐྱེན་དང་ ༤༠ ལུ་རྨ་སྐྱོན།

ཨེན་ཌི་ཊི་ཝི།སྤྱི་ཟླ་ ༨ པའི་ཚེས་ ༥ ལུ་ མཐའ་ཡས་ལེན་གྱི་ ནུབ་མོའི་སྤྲོ་སྟོན་ཁང་ཅིག་ནང་ མེ་རྐྱེན་བྱུང་སྟེ་ མི་གྲངས་ ༡༣ ལུ་ ཤི་རྐྱེན་དང་ གཞན་མི་ ༤༠ ལུ་ རྨ་སྐྱོན་བྱུང་ནུག།དེ་ཡང་ མཐའ་ཡས་ལེན་གྱི་མངའ་སྡེ་ ཅཱོན་བ་རི་ ས་ཏ་ཧིབ་ རྫོང་ཁག་ནང་ དྲོ་པའི་ཆུ་ཚོད་ ༡ དེ་ཅིག་ཁར་ བྱུང་ཡོདཔ་ད་ རྐྱེན་ངན་དེ་ནང་ གནོད་སྐྱོན་བྱུང་མི་ཚུ་ག་ར་ མཐའ་ཡས་ལེན་གྱི་ མི་ཁུངས་ཙང་ཙང་ར་ཨིན་པའི་ ངོས་འཛིན་བྱུང་ཡི་ཟེར་ ཁྲིམས་སྲུང་འགག་སྡེའི་ འགོ་དཔོན་ཅིག་གིས་ བཤད་ཡོདཔ་ཨིན་པས།དེ་སྦེ་ ཤི་རྐྱེན་བྱུང་མི་ཚུ་ཡང་ ཨམ་སྲུ་ ༤ དང་ ཕོ་སྐྱེས་ ༩ ཨིནམ་ད་ ཤི་རྐྱེན་བྱུང་མི་ཚུ་གི་ ཕུངམོ་མང་ཤོས་ར་ ཆབ་གསང་གི་སྒོ་ཁར་ སྤུངས་འཛོམས་འབད་ས་ལས་ ཐོབ་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

རྒྱ་ནག་གིས་ ཏཱ་ཡེ་ཝཱན་ལུ་ མི་ཛ་ཡེལ་ལག་ལེན།

བི་བི་སི།ཨ་མི་རི་ཀའི་ སྤྱི་ཚོགས་ཀྱི་ཚོགས་དཔོན་ ཨམ་ནེན་སི་པེ་ལོ་སི་གིས་ ཏཱ་ཡེ་ཝཱན་རྒྱལ་ཁབ་ནང་ གཟིགས་སྐོར་གནང་པའི་ཤུལ་ལུ་ ཏཱ་ཡེ་ཝཱན་དམག་སྡེའི་ དམག་སྦྱོང་ས་ཁོངས་ཀྱི་ ཉེ་འདབས་ལུ་ རྒྱ་ནག་གིས་ མི་ཛ་ཡེལ་ཚུ་ ལག་ལེན་འཐབ་ནུག།དེ་ཡང་ ཏཱ་ཡེ་ཝཱན་གྱི་ བྱང་ཤར་དང་ ལྷོ་ནུབ་མཚོ་འགྲམ་ཚུ་ནང་ མི་ཛ་ཡེལ་ ༡༡ བཏང་ཡོདཔ་སྦེ་ བཤད་པའི་ཁར་ རྒྱ་པཱན་གྱི་ གཙང་ཆུའི་ནང་ཡང་ མི་ཛ་ཡེལ་ ༥ བཏང་ཡོདཔ་ལས་ དེ་སྦེ་ བསྟར་སྤྱོད་འབད་ནི་ཚུ་ མཚམས་འཇོག་འབད་དགོ་པའི་སྐོར་ལས་ རྒྱ་པཱན་གྱིས་ བཤད་ཡོདཔ་ཨིན་པས།འདི་བཟུམ་མའི་ གོ་མཚོན་ལག་ལེན་འཐབ་མི་དེ་ཡང་ རྒྱ་ནག་གིས་ ཁོང་གི་མངའ་འོག་ལུ་ཨིནམ་སྦེ་ རྩིས་འཇོག་འབད་མི་ མཚོ་གླིང་རྒྱ་ཁབ་ནང་ ཨ་མི་ཀའི་ཚོགས་དཔོན་ ཨམ་པེ་ལོ་སི་གིས་ གཟིགས་སྐོར་གནང་མི་ལུ་ གདོང་ལན་བཟུམ་ཅིག་སྦེ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

ཡུ་ཀེ་རེན་གྱི་ དམག་འཁྲུག་ལུ་བརྟེན་ཏེ་ ནུས་ཤུགས་ཀྱི་ ལས་སྡེ་ཚུ་ལུ་ དམིགས་བསལ་གྱི་ཁེ་སང་།

བི་བི་སི།འཛམ་གླིང་སྤྱི་ཚོགས་ཀྱི་ ཡོངས་ཁྱབ་དྲུང་ཆེན་ ཨཱན་ཊོ་ནིའོ་ གུ་ཊར་རཱཛ་མཆོག་གིས་ གསུངས་དོ་བཟུམ་འབད་བ་ཅིན་ ས་སྣུམ་དང་ མེ་རླུང་གི་ ལས་སྡེ་ཚུ་ལུ་ དམིགས་བསལ་གྱི་ ཁྱལ་བཀལ་དགོཔ་འདུག་ཟེར་ཨིན་པས།དེ་ཡང་ སྤྱི་ཟླ་ ༢ པའི་ནང་ལས་ ར་ཤི་ཡ་གིས་ ཡུ་ཀེ་རེན་ལུ་ བཙན་འཛུལ་འབད་དེ་ དམག་འཁྲུག་ལང་པ་ལུ་བརྟེན་ཏེ་ ནུས་ཤུགས་ཀྱི་ གོང་ཚད་ཚུ་ ཡར་སེང་ཐོག་ལས་ ལས་སྡེ་ཚུ་ལུ་ ཁེ་སང་སྦོམ་སྦེ་ར་ ཐོབ་ནི་དེ་གིས་ཨིན་ཟེར་གསུངས་ནུག།ད་རུང་ ཡོངས་ཁྱབ་དྲུང་ཆེན་གྱིས་ གསུངས་དོ་བཟུམ་འབད་བ་ཅིན་ ཁྱིམ་ནང་གི་ བཟའ་ཚང་ཚུ་ལུ་ ནུས་ཤུགས་ཀྱི་ གོང་ཚད་ཚུ་ ཡར་སེང་ཐོག་ལས་ སྤྲོད་དགོཔ་འབྱུང་བཞིན་དུ་ཡོད་རུང་ ལས་སྡེ་ཚུ་གིས་ ཁེ་སང་སྦོམ་སྦེ་ར་ བཟོ་དོ་ཟེར་ཨིན་པས།ག་དེ་སྦེ་ཨིན་རུང་ འདས་པའི་ལོ་ངོ་ ༡༤ གི་ ཁེ་སང་དེ་ ཟླ་ངོ་ ༣ གྱི་ ནང་འཁོད་ལུ་ བཟོ་ཡོད་མི་དེ་ཡང་ སྤྱི་ཟླ་ ༤ པ་ལས་ ༦ པ་ཚུན་ལུ་ ནུས་ཤུགས་ཀྱི་ ལས་སྡེ་སྦོམ་ཤོས་ ༤ བསྡོམས་ཏེ་ ཌོ་ལར་ཐེར་འབུམ་ ༥༡ དེ་ཅིག་ […]

gyalchi
World News

ཡུ་ཀེ་རེན་དམག་སྡེ་གིས་ ར་ཤི་ཡའི་ དམག་མི་ཚུ་ དམར་བསད་དང་ རྫས་བམ་བཞག་སའི་ མཛོད་ཁང་ ༢ བརླགས་གཏོར།

རེའུ་ཊརཛ།སྤྱི་ཟླ་ ༧ པའི་ཚེས་ ༣༠ ལུ་ ཡུ་ཀེ་རེན་དམག་སྡེ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཁེར་སཱན་ལུང་ཕྱོགས་ནང་ དམག་འཛིང་ལངས་པའི་སྐབས་ལུ་ ཡུ་ཀེ་རེན་དམག་སྡེ་གིས་ ར་ཤི་ཡའི་ དམག་མི་ལེ་ཤ་ཅིག་ བསད་ཡོདཔ་མ་ཚད་ རྫས་བམ་བཞག་སའི་ མཛོད་ཁང་ ༢ ཡང་ གཏོར་བཏང་ཡི་ཟེར་ཨིན་པས།དེ་མ་ཚད་ ར་ཤི་ཡ་གིས་ ཁེར་སཱན་བརྒྱུད་དེ་ གོ་མཚོན་བཀྲམ་སྤེལ་འབད་སའི་ རེལ་ལིའི་ལམ་དང་ གཙང་ཆུའི་ཟམ་ཚུ་ཡང་ མེདཔ་བཏང་ཡོདཔ་ལས་ ར་ཤི་ཡའི་ དམག་མི་ཚུ་ ལུང་ཕྱོགས་དེ་ཁར་ རང་རྐྱང་སྦེ་ ལུས་སོང་ནུག།དེ་བསྒང་ ཡུ་ཀེ་རེན་ དམག་མི་ཚུ་གིས་ ནུབ་ཕྱོགས་རྒྱལ་ཁབ་ཚུ་ལས་ བཀྲམ་སྤེལ་འབད་མི་ ཐག་རིང་མི་ཛ་ཡེལ་རིམ་ལུགས་ཚུ་ ལག་ལེན་འཐབ་ཐོག་ལས་ ཟམ་ ༣ མེདཔ་བཏང་ནི་དེ་གིས་ ཁེར་སཱན་ཁྲོམ་སྡེའི་ནང་ རྒྱུན་འགྲུལ་འཐབ་ས་མེདཔ་ བཟོ་ཡོདཔ་ཨིན་པས།བི་རི་ཊིཤ་ སྲུང་སྐྱོབ་འགོ་དཔོན་ཚུ་གིས་ བརྟག་ཞིབ་འབད་མི་དང་འཁྲིལ་བ་ཅིན་ ནུབ་ཕྱོགས་ཆུ་འགྲམ་དེ་ཁར་ ར་ཤི་ཡའི་ དམག་མི་ཚུ་གི་ དམག་སྒར་ ༤༩ པ་ཨིན་པས་ཟེར་བཀོད་ནུག།དེ་ལས་ ར་ཤི་ཡ་གིས་ སྐྱེལ་འདྲེན་འབད་ས་ གཙོ་བོ་ཅིག་སྦེ་ བཙན་བཟུང་འབད་མི་ ས་ཁོངས་དེ་ཁའི་ རེལ་ལི་ལམ་གྱི་ […]

gyalchi
World News

ཡུ་ཨེཛ་གི་མངའ་སྡེ་ ཀེན་ཊུག་ཀེ་ལུ་ ཆུ་རུད་ཀྱིས་ མི་གྲངས་ ༡༦ ལུ་ཤི་རྐྱེན།

བི་བི་སི།སྤྱི་ཟླ་ ༧ པའི་ཚེས་ ༢༩ ལུ་ ཡུ་ཨེཛ་གི་མངའ་སྡེ་ ཀེན་ཊུག་ཀེའི་ ཤར་ཁ་ཐུག་ལུ་ ཆུ་རུད་ཐོན་ཏེ་ མི་གྲངས་ ༡༦ དེ་ཅིག་ལུ་ ཤི་རྐྱེན་བྱུང་ཡོདཔ་སྦེ་ མངའ་སྡེའི་གཙོ་འཛིན་གྱིས་ བཤད་ཡོདཔ་ཨིན་པས།དེ་ཡང་ ཨ་ལོ་ཆུང་ཀུ་ སྐྱེས་ལོ་ ༡ འབད་མི་ཅིག་དང་ ཨ་ལོ་ན་ཆུང་ ༦ ལུ་ ཤི་རྐྱེན་བྱུང་ཡོདཔ་མ་ཚད་ མངའ་སྡེ་དེ་ནང་ མི་སེར་ ༢༣,༠༠༠ ལྷགཔ་ཅིག་ཡང་ གློག་མེ་མེད་པར་ ལུས་ཡོདཔ་ཨིན་པས།དེ་མ་ཚད་ མངའ་སྡེའི་གཙོ་འཛིན་གྱིས་ མི་སེར་ག་དེམ་ཅིག་ལུ་ གནོད་སྐྱོན་བྱུང་ཡི་ག་དང་ ག་དེམ་ཅིག་ འཚོལ་མ་ཐོབ་པར་ཡོདཔ་ཨིན་ན་ ད་ལྟོ་ གཏན་འཁེལ་སྦེ་ མི་ཤེས་པས་ཟེར་ བཤད་ཡོདཔ་མ་ཚད་ མངའ་སྡེ་ ༢༨ དེ་ཅིག་གི་ནང་ཡང་ འཁོར་ལམ་ཚུ་ལུ་ གནོད་སྐྱོན་བྱུང་ཡོདཔ་ལས་ ས་ཁོངས་ལ་ལོ་ཅིག་ནང་ འབྲེལ་བ་འཐབ་མ་ཚུགས་པར་ཡོདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

ཡུ་ཀེ་རེན་གྱི་ མི་སེར་ཚུ་ དུས་རྒྱུན་ར་ སེམས་སྡུག་བསྔལ་ནང་ སྡོད་དགོ་པའི་གནས་སྟངས།

བི་བི་སི།ཡུ་ཀེ་རེན་ སྲིད་འཛིན་གྱི་ཨམ་ ཨོ་ལེ་ན་ ཛེ་ལེནཛ་ཀ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཡུ་ཀེ་རེན་ལུ་ ར་ཤི་ཡ་གིས་ དྲག་དམག་ཐོག་ལས་ བཙན་འཛུལ་འབད་བའི་ཉིན་མ་ལས་ ཡུ་ཀེ་རེན་གྱི་ མི་སེར་དང་ དམག་མི་ཚུ་གི་ སེམས་ཁམས་འཕྲོད་བསྟེན་ལུ་ གནོད་ཉེན་ག་དེ་སྦེ་ར་ བྱུང་ཡོདཔ་ཨིན་ནའི་སྐོར་ལས་ གོ་བ་བརྡ་སྤྲོད་ཅི་ཟེར་ཨིན་པས།དེ་ཡང་ སྤྱི་ཟླ་ ༢ པའི་ཚེས་ ༢༤ ལས་ འགོ་བཟུང་སྟེ་ ཡུ་ཀེ་རེན་གྱི་ མི་སེར་རེ་རེ་བཞིན་དུའི་སེམས་ཁར་ དུས་ཨ་རྟག་ར་ སངས་ནི་མེད་པའི་ སྡུག་བསྔལ་ནང་ སྡོད་དོ་ཡོདཔ་སྦེ་ འཛམ་གླིང་རྒྱལ་སྤྱིའི་ གནས་ཚུལ་ཚུ་ནང་ བཤད་ཡོདཔ་ཨིན་པས།ད་རུང་ ཨམ་ཛེ་ལེནཛ་ཀ་གིས་ ཡུ་ཀེ་རེན་གྱི་ མི་སེར་རེ་རེ་བཞིན་དུ་གིས་ དེ་བཟུམ་མའི་ སྡུག་བསྔལ་ནང་ སྡོད་ནིའི་དོན་ལས་ སྦྱང་བ་ཡང་འབད་དགོ་པའི་ཁར་ མི་སེར་ག་ར་གིས་ སེམས་ཁམས་སྒྲིང་སྒྲིང་སྦེ་ སྡོད་དགོཔ་དེ་ཡང་ གལ་ཆེ་ལུགས་ བཤད་པའི་སྐོར་ལས་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

པ་ཀིཛ་ཏཱན་གཞུང་གི་ དམག་མི་ ༡ དང་ ངོ་ལོགཔ་ ༦ ལུ་ཤི་རྐྱེན།

ཨེ་བི་སི།སྤྱི་ཟླ་ ༧ པའི་ཚེས་ ༣༠ ལུ་ པ་ཀིཛ་ཏཱན་གྱི་ ལྷོ་ནུབ་མངའ་སྡེ་ བ་ལུ་ཅིཛ་ཏཱན་ཟེར་སར་ དམག་འཛིང་ལངས་པའི་སྐབས་ལུ་ དམག་མི་ ༡ དང་ ངོ་ལོགཔ་ ༦ ལུ་ ཤི་རྐྱེན་བྱུང་ནུག།དེ་ཡང་ ས་གནས་ཀེཆ་ལས་ མཱཛ་ཏང་ཟེར་སར་ ངོ་ལོགཔ་སྡེ་ཚན་ཅིག་ མོ་ཊར་སའི་ཀཱལ་གུ་སྦེ་ འགྲུལ་སྐྱོད་འབད་དོ་ཡོད་པའི་སྐོར་ལས་ པ་ཀིཛ་གཞུང་གི་ དམག་མི་ཚུ་ལུ་ སྙན་ཞུ་ཐོབ་པའི་ཤུལ་ལས་ དམག་འཛིང་ལངས་ཡོདཔ་ཨིན་པས།དེ་བསྒང་ ངོ་ལོགཔ་ཚུ་གིས་ དམག་མི་ཚུ་ལུ་ ཀྲོབ་མདའ་ག་ལྷོད་རྐྱབ་པ་ལུ་བརྟེན་ཏེ་ དམག་མི་ཚུ་གིས་ཡང་ ལན་ལོག་རྐྱབ་ནི་དེ་གིས་ ངོ་ལོགཔ་ ༦ ལུ་ ཤི་རྐྱེན་བྱུང་ཡོདཔ་ད་ དམག་འཛིང་དེ་ འཕྲོ་མཐུད་དེ་ར་ ལང་བཞིན་དུ་ཡོདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

རྒྱ་གར་ལུ་ ཕོ་སྐྱེས་ཅིག་གིས་ བུ་ལོན་སྤྲོད་ནིའི་དོན་ལས་ སྡོད་ཁྱིམ་མ་བཙོང་པའི་ཧེ་མར་ རྒྱན་ཤོག་གི་ གསོལ་རས་ཐོབ་ཡོདཔ།

བི་བི་སི།རྒྱ་གར་ཀེ་ར་ལ་ལུ་ ཕོ་སྐྱེས་ཅིག་གིས་ བུ་ལོན་མང་རབས་ཅིག་ སྤྲོད་མ་ཚུགས་པའི་ གནད་ལུ་བརྟེན་ཏེ་ བཟའ་ཚང་ཚུ་གིས་ ཁོང་རའི་སྡོད་ཁྱིམ་བཙོང་ནི་སྦེ་ གྲོས་ཐག་བཅད་ཡོད་རུང་ མཐའ་མཇུག་ལུ་ བཙོང་མ་དགོ་པའི་ དུས་སྐབས་བཟང་པོ་ཅིག་ཤར་ནུག།དེ་ཡང་ རྒྱ་གར་གྱི་ ལྷོ་ཕྱོགས་མངའ་སྡེ་ ཀེ་ར་ལའི་ ཀ་སར་གོཌ་ གཡུས་ཚན་ནང་སྡོད་མི་ མོ་ཧཱམ་མཱཌ་ བི་ཝ་གིས་ ཧ་ལམ་ལོ་ ༡ གི་རིང་ལུ་ རྒྱན་ཤོག་ལོ་ཊི་རི་ ཉོ་བའི་ཤུལ་ལས་ གསོལ་རས་རུ་པི་ས་ཡ་ ༡༠ ཐོབ་ནི་དེ་གིས་ཨིན་པས།མ་གཞི་ སྤྱི་ཟླ་ ༧ པའི་ཚེས་ ༢༥ ལུ་ ཕྱི་རོའི་ཆུ་ཚོད་ ༥.༣༠ དེ་ཅིག་ཁར་ ཁྱིམ་ཉོ་མི་ཅིག་དང་ འཕྱད་ཐོག་ལས་ གོང་ཚད་གཏན་འཁེལ་བཟོ་ནི་སྦེ་ བློ་སླབ་ཡོད་རུང་ དེ་གི་ཧེ་མར་ ཆུ་ཚོད་ ༣.༢༠ དེ་ཅིག་ཁར་ རྒྱན་ཤོག་གི་ གསོལ་རས་ཐོབ་ཡོདཔ་སྦེ་ ཆ་རོགས་ཅིག་ལས་ བརྒྱུད་འཕྲིན་ལྷོད་ནུག།རྒྱན་ཤོག་ལོ་ཊི་རིའི་ གསོལ་རས་དེ་ གཞུང་ཁྲལ་བཏོག་པའི་ཤུལ་ལུ་ རུ་པི་ས་ཡ་ ༦.༣ དེ་ཅིག་ འཐོབ་ནི་ཨིནམ་ལས་ བུ་ལོན་བདའ་མི་ཚུ་གིས་ཡང་ ཁྱིམ་སྒོ་བརྡུང་སྟེ་ འོང་ནི་དེ་ […]

gyalchi
Online now: 13 Today: 2297 Total visitors: 9517