ArchiveAboutContact

Category: འཛམ་གླིང་གནས་ཚུལ།

World News

ཨ་མི་རི་ཀ་གིས་ ཏཱ་ཡེ་ཝཱན་ལུ་ མཁའ་དམག་གནམ་གྲུ་དང་ མཚོ་དམག་གྲུ་ཚུ་གཏང་ནི།

ཨཱལ་ཇ་ཟི་ར།ཨ་མི་རི་ཀ་གིས་ ཏཱ་ཡེ་ཝཱན་ལུ་ མཁའ་དམག་གནམ་གྲུ་དང་ མཚོ་དམག་གྲུ་ཚུ་ གཏང་ནི་གི་ འཆར་གཞི་ཡོདཔ་ད་ དེ་ཡང་ རྒྱ་ནག་གིས་ དམག་སྦྱོང་འབད་དེ་ རང་སྐྱོང་མཚོ་གླིང་རྒྱལ་ཁབ་ནང་ ཚ་གྱང་ལང་བཅུག་པའི་ ངན་ལན་འཇལ་ཐབས་ལུ་ཨིན་པས།རྒྱ་ནག་གིས་ ཁོང་གི་མངའ་ཁོངས་སྦེ་ རྩིས་འཇོག་འབད་མི་ ཏཱ་ཡེ་ཝཱན་ ནང་འཁོད་ལུ་ དམག་སྦྱོང་སྦོམ་སྦེ་ར་ ལག་ལེན་འཐབ་ཡོདཔ་ད་ རྒྱ་ནག་གིས་ དེ་སྦེ་ དམག་སྦྱོང་འབད་མི་དེ་ཡང་ བདུན་ཕྲག་ཧེ་མའི་ནང་ ཡུ་ཨེཛ་གི་ཚོགས་དཔོན་ ཨམ་ནན་སི་ པེ་ལོ་སི་གིས་ ཏཱ་ཡེ་ཝཱན་ལུ་ གཟིགས་སྐོར་གནང་ནི་དེ་གིས་ཨིན་པས།ད་ལས་ཕར་ ཡུ་ཨེཛ་གི་ཁ་ཐུག་ལས་ རྒྱལ་སྤྱིའི་ཁྲིམས་ལུགས་ནང་ འཕུར་འགྲུལ་འབད་ཆོག་མི་ མཁའ་དབྱིངས་ལུ་ མཁའ་དམག་གནམ་གྲུ་ཚུ་ འཕྲོ་མཐུད་དེ་ར་ འཕུར་འགྲུལ་འབད་ནི་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

ཡུ་ཀེའི་རྒྱལ་ཁབ་ནང་ རེལ་ལིའི་དེད་གཡོགཔ་ སྟོང་ཕྲག་ལེ་ཤ་ཅིག་གིས་ ལཱ་བཤོལ་ངོ་རྒོལ།

ཨེ་བི་སི།སྤྱི་ཟླ་ ༨ པའི་ཚེས་ ༡༣ ལུ་ ཡུ་ཀེའི་རྒྱལ་ཁབ་ནང་ རེལ་ལིའི་དེད་གཡོགཔ་ སྟོང་ཕྲག་ལེ་ཤ་ཅིག་ གཡོག་ནང་ལས་ ཐོན་སོང་སྟེ་ ལཱ་གཡོག་དང་ དངུལ་ཕོགས་ གནས་སྟངས་ཚུ་ལུ་ ལཱ་བཤོལ་ངོ་རྒོལ་འབད་ཡོདཔ་ཨིན་པས།དེ་ཡང་ བཟའ་འཐུང་དང་ ས་སྣུམ་ཚུ་གི་ གོང་ཚད་ཡར་འཕར་འགྱོ་བའི་ གནད་ལུ་བརྟེན་ཏེ་ཨིནམ་ད་ ངོ་རྒོལ་དེ་ནང་ རེལ་ལིའི་འཕྲུལ་ཨམ་གྱི་ བཟོ་རིག་འགོ་དཔོན་ཚུ་དང་ མེ་བསད་སྡེ་ཚན་ཚུ་གིས་ ལཱོན་ཌཱོན་དང་ སི་ཀོཊ་ལེན་ དེ་ལས་ དུས་རྒྱུན་རེལ་ལི་འོ་ལོག་གི་ ཞབས་ཏོག་བྱིན་མི་ཚུ་གིས་ བཅའ་མར་གཏོགས་ནུག།དེ་བཟུམ་སྦེ་ རེལ་ལིའི་ལམ་འཕྱག་མི་ཚུ་དང་ བརྡ་སྟོན་འབད་མི་ རྒྱུན་སྐྱོང་གི་ ལཱ་འབད་མི་ཚུ་གིས་ཡང་ སྤྱི་ཟླ་ ༦ པ་དང་ ༧ པའི་ནང་ ཉིན་གྲངས་ ༡ གི་ ངོ་རྒོལ་འབད་ཡོདཔ་མ་ཚད་ ད་རུང་ བདུན་ཕྲག་ཤུལ་མའི་ནང་ཡང་ ངོ་རྒོལ་འབད་ནི་གི་ ལས་འཆར་ཡོདཔ་ཨིན་པས།དེ་འབདཝ་ལས་ ཡུ་ཀེ་རེལ་ཝེའི་ནང་ དངུལ་ཕོགས་ཀྱི་ རྩོད་རྙོག་དང་ ལཱ་གི་གནས་སྟངས་ དེ་ལས་ ལཱ་གཡོག་སྲུང་སྐྱོབ་ཚུ་གི་ གོམས་གཤིས་ཚུ་ བསྒྱུར་བཅོས་འབད་དགོཔ་ཡོད་ལུགས་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

ཏཱ་ལི་བཱན་ དམག་མི་ཚུ་གིས་ ངོ་རྒོལ་འབད་མི་ ཨམ་སྲུ་ཚུ་ལུ་བརྡུང་རྫོབ།

ཨེན་ཌི་ཊི་ཝི།སྤྱི་ཟླ་ ༨ པའི་ཚེས་ ༡༣ ལུ་ ཏཱ་ལི་བཱན་ དམག་མི་ཚུ་གིས་ ཨཱཕ་གྷ་ནིཛ་ཏཱན་གྱི་རྒྱལ་ས་ ཀ་བཱུལ་ལུ་ ངོ་རྒོལ་འབད་མི་ ཨམ་སྲུ་ཚུ་ལུ་ བརྡུང་རྫོབ་འབད་ཡོདཔ་མ་ཚད་ ནམ་མཁའ་ལུ་ ཀྲོབ་མདའ་ཚུ་ཡང་ རྐྱབ་ཡོདཔ་ཨིན་པས།དེ་ཡང་ ན་ཧིང་ སྤྱི་ཟླ་ ༨ པའི་ཚེས་ ༡༥ ལུ་ ཏཱ་ལི་བཱན་གྱིས་ གཞུང་དབང་བཙན་འཕྲོག་འབད་ཞིནམ་ལས་ཚུར་ ཧེ་མར་ ལོ་ངོ་བཅུ་ཕྲག་ ༢ ཀྱི་རིང་ལུ་ ཡུ་ཨེཛ་གིས་ བར་འཛུལ་འབད་དེ་བཞག་མི་ ཨམ་སྲུའི་རང་དབང་དེ་ ཆུང་ཀུ་ཅིག་ཡང་ མ་བཞག་པར་ ལོག་སྟེ་ར་ ཧེ་མའི་གནས་སྟངས་གུ་ ལྷོད་ཅི་ཟེར་ཨིན་པས།ཏཱ་ལི་བཱན་ དམག་མི་ཚུ་གིས་ ནམ་མཁའ་ལུ་ ཀྲོབ་མདའ་མ་རྐྱབ་པའི་ཧེར་མར་ ཨམ་སྲུ་ ༤༠ དེ་ཅིག་གིས་ རང་དབང་དགོ་པའི་སྐོར་ལས་ སྐད་རྐྱབ་སྟེ་ ཤེས་རིག་ལྷན་ཁག་གི་ ཡིག་ཚང་སྒྲིང་ཁྱིམ་གྱི་གདོང་ཁར་ ངོ་རྒོལ་འགྲེམ་སྟོན་འབད་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

རྒྱ་ནག་གིས་ མཐའ་ཡས་ལེན་ལུ་ དམག་སྦྱོང་འབད་ནིའི་དོན་ལས་ མཁའ་དམག་གནམ་གྲུ།

ཨེ་བི་སི།སྤྱི་ཟླ་ ༨ པའི་ཚེས་ ༡༣ ལུ་ མཐའ་ཡས་ལེན་གྱི་ དམག་སྡེ་དང་གཅིག་ཁར་ མཉམ་འབྲེལ་ཐོག་ལས་ དམག་སྦྱོང་འབད་ནིའི་དོན་ལུ་ རྒྱ་ནག་མཁའ་དམག་གིས་ མཁའ་དམག་གནམ་གྲུ་དང་ རྫས་བམ་རྐྱབ་མི་ གནམ་གྲུ་ཚུ་ བཏང་ཡོདཔ་ཨིན་པས།དེ་ཡང་ རྒྱ་ནག་གི་ སྲུང་སྐྱོབ་ལྷན་ཁག་ལས་ བཤད་དོ་བཟུམ་འབད་བ་ཅིན་ དམག་སྦྱོང་དེ་ནང་ གནམ་གྲུའི་རྒྱབ་སྐྱོར་དང་ སྤང་ཐང་ནང་ དམིགས་གཏད་བསྐྱེད་དེ་ དྲག་རྒོལ་འབད་ཐངས་ དམག་མི་མང་ཉུང་ཐོག་ལུ་ བགོ་བཀྲམ་འབད་ཐངས་ཚུ་ཡང་ ཚུད་འོང་ཟེར་ཨིན་པས།རྒྱ་ནག་གིས་ དེ་བཟུམ་མའི་ དམག་སྦྱོང་འབད་མི་དེ་ གཙོ་བོ་ར་ ཨེ་ཤི་ཡ་དང་ པེ་སི་ཕིག་ ལུང་ཕྱོགས་ནང་ ཡུ་ཨེཛ་དང་ མཐུན་ཕྱོགས་རྒྱལ་ཁབ་ཚུ་གིས་ ཉེན་བརྡ་འབད་བའི་ཁར་ རྒྱལ་ཁབ་ ༢ ཀྱི་བར་ན་ དཔལ་འབྱོར་གྱི་ དོ་འགྲན་ལུ་ཡང་ ཚ་གྱང་ཡོད་ནི་དེ་གིས་ འོང་ནི་ཨིན་པས་ཟེར་བཀོད་ནུག།དེ་བཟུམ་སྦེ་ ཡུ་ཨེཛ་གིས་ཡང་ ཨིན་ཌོ་ནེ་ཤི་ཡ་དང་ ཨཱཛ་ཊེ་ལི་ཡ་ རྒྱ་པཱན་ སིངྒ་པོར་ཚུ་ མཉམ་འབྲེལ་ཐོག་ལས་ ཨིན་ཌོ་ནེ་ཤི་ཡ་ལུ་སྦེ་ དམག་སྦྱོང་ལས་རིམ་ཚུ་ འགོ་འདྲེན་འཐབ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

ཡུ་ཀེ་རེན་གྱི་ གོ་མཚོན་འཕྲུལ་ཁང་ལུ་ རྫས་བམ་བཀོག་ནི་མེད་པའི་ཉེན་བརྡ།

ཨཱལ་ཇ་ཟི་ར།འཛམ་གླིང་སྤྱི་ཚོགས་ཀྱི་ ཡོངས་ཁྱབ་དྲུང་ཆེན་མཆོག་གིས་ ར་ཤི་ཡ་དང་ ཡུ་ཀེ་རེན་ ༢ ཀྱི་བར་ན་ གཅིག་གིས་གཅིག་ལུ་ ཁ་ཉེས་བཀལ་མི་ ཡུ་རོབ་ལུང་ཕྱོགས་ ཡུ་ཀེ་རེན་གྱི་ ཤར་ལྷོ་ཁ་ཐུག་ལུ་ཡོད་མི་ གོ་མཚོན་འཕྲུལ་ཁང་དེ་ དེ་འཕྲལ་ལས་ སྒོ་བསྡམ་དགོཔ་སྦེ་གསུངས་ནུག།དེ་ཡང་ སྤྱི་ཟླ་ ༨ པའི་ཚེས་ ༡༡ ལུ་ར་ འོད་རླབས་ཅན་གྱི་ རྒྱུ་དངོས་བཞག་སའི་ ཉེ་འདབས་རྩིས་ཏེ་ ཟ་པོ་རིཟ་ཞི་ཡའི་ ས་ཁོངས་ནང་ ལན་ཐེངས་ ༣ དེ་ཅིག་ དྲག་བཅོམ་འབད་ནི་དེ་གིས་ འོང་ནི་ཨིན་པས།འཛམ་གླིང་སྤྱི་ཚོགས་ ཉེན་སྲུང་ཚོགས་སྡེའི་ ཞལ་འཛོམས་ཀྱི་ སྙན་ཞུ་དང་འཁྲིལ་ཏེ་ འཛམ་གླིང་སྤྱི་ཚོགས་ཀྱི་ ཡོངས་ཁྱབ་དྲུང་ཆེན་ ཨེར་ཊེ་ནིའོ་ ག་ཊར་རེཛ་གིས་ ལུང་ཕྱོགས་དེ་ནང་ གནོད་སྐྱོན་འབྱུང་བཅུག་ནི་ མི་འོང་ནི་ཨིན་པའི་ ཉེད་བརྡ་མཛད་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

རྒྱ་པཱན་བློན་ཆེན་གྱིས་ དཔལ་འབྱོར་གྱི་ དཀའ་ངལ་ལུ་ ཐབས་ཤེས་གསརཔ་ སྟོན་ནི་གི་ཁས་བླངས།

རེའུ་ཊརཛ།སྤྱི་ཟླ་ ༨ པའི་ཚེས་ ༡༢ ལུ་ རྒྱ་པཱན་གྱི་བློན་ཆེན་ ཕུ་མིའོ་ཀི་ཤི་ད་གིས་ གསུངས་དོ་བཟུམ་འབད་བ་ཅིན་ མར་ཁུ་དང་ བཟའ་འཐུང་གི་ གོང་ཚད་ཚུ་ ཡར་འཕར་འགྱོ་མི་ཚུ་ བསྐྱར་གསོའི་ཐབས་ལམ་གྱི་ རྒྱབ་སྣོན་ཕུལ་དགོཔ་སྦེ་ གསུངས་འོང་ཟེར་ཨིན་པས།དེ་ཡང་ སྤྱི་ཟླ་ ༨ པའི་ཚེས་ ༡༥ ལུ་ འཚོགས་ནི་ཨིན་མི་ གཞུང་གི་བསླབ་སྟོན་གྲོས་ཚོགས་ཅིག་ནང་ སིལ་ཚོང་རྐྱབ་མི་ཚུ་དང་ བཟའ་ཚང་ཚུ་ལུ་ འཚོ་བའི་གོང་ཚད་ཚུ་ ཡར་སེང་འགྱོ་མིའི་སྐོར་ལས་ གསུང་གྲོས་གནང་སྟེ་ བཀའ་རྒྱ་གཏོན་ནི་ཨིན་པའི་ ཁས་བླངས་ཡང་མཛད་ནུག།དེ་མ་ཚད་ ནུས་ཤུགས་དང་ བཟའ་འཐུང་གི་ གོང་ཚད་ཡར་འཕར་ འགྱོ་མི་ཚུ་ གློ་བུར་གྱི་ འཚབ་ཆེན་ཅིག་སྦེ་ ངོས་ལེན་མཛད་ཐོག་ལུ་ དཀའ་ངལ་སེལ་ཐབས་འབད་ནི་གི་ བཀའ་རྒྱ་གཏོན་ནི་ཨིན་པའི་སྐོར་ལས་ཡང་ གསུངས་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

སྔོ་ལྗང་སོར་ཆུད་ཀྱིས་ ལྷོ་ཨེ་ཤི་ཡའི་ ལུང་ཕྱོགས་ནང་ སྤྱི་ལོ་ ༢༠༣༠ ལས་ ལཱ་གཡོག་ས་ཡ་ ༣༠ ལྷགཔ་ཅིག་ བཟོ་ཚུགས་ནི། 

ཨེ་ཤི་ཡ་ གོང་འཕེལ་དངུལ་ཁང་གི་ སྙན་ཞུ་ལྟར་དུ་འབད་བ་ཅིན་ ལྷོ་ཨེ་ཤི་ཡའི་ ལུང་ཕྱོགས་ནང་ ནད་ཡམས་ལས་ སྔོ་ལྗང་དང་ལྡན་པའི་ སོར་ཆུད་ལས་རིམ་ནང་ ཡུ་ཨེས་ཌོ་ལར་ ཐེར་འབུམ་ ༡༧༢ དེ་ཅིག་ ཟད་འགྲོ་གཏང་ནི་གི་ འོས་འབབ་ཡོད་པ་ལུ་བརྟེན་ཏེ་ སྤྱི་ལོ་ ༢༠༣༠ ལས་ ལཱ་གཡོག་གི་གོ་སྐབས་ ས་ཡ་ ༣༠ ལྷགཔ་ཅིག་ བཟོ་ཚུགས་ནི་ཨིན་པས། ལྷོ་ཨེ་ཤི་ཡའི་ ལུང་ཕྱོགས་ནང་ ནད་ཡམས་ལས་ སྔོ་ལྗང་དང་ལྡན་པའི་ སོར་ཆུད་ཀྱི་ ལས་འཆར་བསྟར་སྤྱོད་འབད་མི་དེ་ ནད་ཡམས་ལུ་བརྟེན་ཏེ་ བྱེམ་ཕོག་མི་ལས་ དཔལ་འབྱོར་གནས་སྟངས་ སྔོ་ལྗང་དང་ལྡནམ་སྦེ་ གོང་འཕེལ་གཏང་ནི་ལུ་ ཁེ་ཕན་འབྱུང་ནི་ཨིན་མས། དེ་ཡང་ ནད་ཡམས་ལས་ སྔོ་ལྗང་དང་ལྡན་པའི་ སོར་ཆུད་ཀྱི་ ལས་འཆར་བསྟར་སྤྱོད་འབད་ནི་འདི་ ཐོན་སྐྱེད་ཅན་དང་ བསྐྱར་ལོག་ཅན་གྱི་སོ་ནམ་ཐོན་སྐྱེད་ འཕྲོད་བསྟེན་དང་ ཐོན་སྐྱེད་ཅན་གྱི་རྒྱམཚོ་ དེ་ལས་ ཡུན་བརྟན་གྱི་ ཁྲོམ་ཚོགས་གོང་འཕེལ་དང་ སྐྱེལ་འདྲེན་བཟོ་བཀོད་ ནུས་ཤུགས་ཅན་གྱི་ གློག་མེ་ཚུ་ནང་ཨིན་gས། ཨེ་ཤི་ཡ་ གོང་འཕེལ་དངུལ་ཁང་གི་ སྲིད་བྱུས་གཞན་མི་དེ་ རང་བཞིན་གནས་སྟངས་ལུ་ གནོད་པ་ཉུང་པའི་ འཕྲུལ་རིག་དང་ […]

gyalchi
World News

རྒྱ་ནག་གིས་ དབང་གནོན་འབད་མི་ལས་ སྲུང་སྐྱོབ་ཀྱི་དོན་ལུ་ ཏཱ་ཡེ་ཝཱན་གྱིས་ དམག་སྦྱོང་ལས་རིམ་བསྟར་སྤྱོད། 

ཨེན་ཌི་ཊི་ཝི། སྤྱི་ཟླ་ ༨ པའི་ཚེས་ ༩ ལས་ ཏཱ་ཡེ་ཝཱན་ལུ་ རྒྱ་ནག་གིས་ དབང་གནོན་འབད་ནི་ལས་ སྲུང་སྐྱོབ་འབད་ཐབས་ལུ་ ཏཱ་ཡེ་ཝཱན་གྱིས་ དམག་སྦྱོང་ལས་འཆར་ བསྟར་སྤྱོད་འབད་ནི་ འགོ་བཙུགས་ཡོདཔ་ཨིན་པས། དེ་ཡང་ འདས་པའི་བདུན་ཕྲག་ནང་ལས་ ཨ་མི་རི་ཀའི་ཚོགས་དཔོན་ ཨམ་ནེན་སི་ པོ་ལོ་སི་གིས་ ཏཱ་ཡེ་ཝཱན་ མཚོ་གླིང་རྒྱལ་ཁབ་ནང་ གཟིགས་སྐོར་གནང་པའི་ཤུལ་ལུ་ རྒྱ་ནག་གིས་ དྲག་པོའི་གདོང་ལན་བཟུམ་ཅིག་སྦེ་ དམག་སྦྱོང་ལས་རིམ་ འགོ་བཙུགས་ནུག། ཏཱ་ཡེ་ཝཱན་དམག་སྡེའི་ མགྲིན་ཚབ་ཅིག་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཏཱ་ཡེ་ཝཱན་ རྒྱལ་ཁབ་ཀྱི་ལྷོ་ཕྱོགས་ ས་གནས་པིང་ཏུང་ལུ་ ཀྲོབ་མདའ་དང་ སྟོབས་མཚོན་ཚུ་ ལག་ལེན་འཐབ་ཐོག་ལས་ དམག་སྦྱོང་རིག་རྩལ་ འགོ་འདྲེན་འཐབ་དོ་ཟེར་ཨིན་པས། རྒྱ་ནག་གིས་ ཞི་བདེའི་ཐོག་ལས་ འགྱོ་མ་བཏུབ་པ་ཅིན་ དབང་བཙོང་གི་སྒོ་ལས་ རྒྱ་མིའི་མངའ་འོག་ལུ་ བཙུགས་ནི་སྦེ་ཡོད་མི་ ཏཱ་ཡེ་ཝཱན་ རྒྱལ་ཁབ་དེ་ དུས་རྒྱུན་ར་ འཇིགས་སྐུལ་གྱི་འོག་ལུ་ སྡོད་དགོཔ་བྱུངམ་ཨིན་པས། དེ་འབདཝ་ལས་ ཏཱ་ཡེ་ཝཱན་ དམག་སྦྱོང་གི་ ལས་འཆར་དེ་ གྲ་སྒྲིག་ཐོག་ལུ་ཡོད་རུང་ རྒྱ་ནག་གི་ དམག་སྦྱོང་བསྟར་སྤྱོད་ལུ་ […]

gyalchi
World News

ལྷོ་ཀོ་རི་ཡའི་རྒྱལ་ས་ སེ་འཱུལ་ལུ་ ཆུ་རུད་ཐོན་ཏེ་ མི་གྲངས་ ༨ དེ་ཅིག་ལུ་ ཤི་རྐྱེན་དང་ གཞན་མི་ ༡༤ ལུ་རྨ་སྐྱོན།

བི་བི་སི། ལྷོ་ཀོ་རི་ཡའི་རྒྱལ་ས་ སེ་འཱུལ་གྱི་ ས་གནས་ཆ་ཤས་ཅིག་ནང་ འདྲེ་ཆར་ལུ་བརྟེན་པའི་ ཆུ་རུད་ཐོན་ཡོདཔ་ལས་ མི་གྲངས་ ༨ དེ་ཅིག་ལུ་ ཤི་རྐྱེན་དང་ གཞན་མི་ ༡༤ དེ་ཅིག་ལུ་ རྨ་སྐྱོན་བྱུང་ནུག། དེ་ཡང་ སྤྱི་ཟླ་ ༨ པའི་ཚེས་ ༨ ཀྱི་ནུབ་མོར་ ཆུ་རུད་ཐོན་མི་དེ་གིས་ འཁོར་ལམ་ཚུ་ ཆུ་ནང་བྱིང་པའི་ཁར་ རེལ་ལི་འབབ་ཚུགས་ཚུ་ལུ་ གནོད་སྐྱོན་བྱུང་ཡོདཔ་མ་ཚད་ ཁྲོམ་སྡེའི་ནང་འཁོད་དང་ ཉེ་འདབས་ཀྱི་ མངའ་སྡེ་ཚུ་གི་ནང་ཡང་ གནམ་གནག་དུང་དུང་ སོང་ཡོདཔ་ཨིན་པས། ས་གནས་ལ་ལོ་ཅིག་ནང་ དེ་བཟུམ་མའི་ ཆུ་རུད་ཐོན་མི་དེ་ མི་ལོ་ ༨༠ གི་ ནང་འཁོད་ལུ་ འགོ་དང་པ་ཨིནམ་ད་ གནམ་གཤིས་དབང་འཛིན་ཚུ་གིས་ ད་རུང་ཡང་ ཉིནམ་དག་པ་ཅིག་གི་རིང་ལུ་ འཕྲོ་མཐུད་དེ་ར་ ཆརཔ་རྐྱབ་ནི་བཟུམ་ཅིག་ཡོདཔ་སྦེ་ བཤདཔ་ཨིན་པས་ཟེར་ མཀོད་འདུག་པའི་གནས་ཚུལ།

gyalchi
World News

སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལུ་ ལ་དྭགས་ཀྱི་ ཞི་བའི་རྟགས་མ་མཐོ་ཤོས་ཕུལ་ཡོདཔ།

ཨིན་ཌེ་ཡན་ཨེགཛ་པེ་རེཛ།བོད་ཆོས་ཀྱི་དབུ་ཁྲིད་ སྐྱབས་མགོན་རིན་པོ་ཆེ་ ཏཱ་ལའི་བླ་མ་མཆོག་ལུ་ ལ་དྭགས་རང་སྐྱོང་རི་ལྡན་ གོང་འཕེལ་ཚོགས་སྡེ་གིས་ ལ་དྭགས་ཀྱི་ ཞི་བའི་རྟགས་མ་མཐོ་ཤོས་ དཔལ་རྔམ་དུས་སྟོན་ཟེར་མི་ ཕུལ་ཡོདཔ་ཨིན་པས།དེ་ཡང་ སྤྱི་ཟླ་ ༨ པའི་ཚེས་ ༦ ལུ་ ལ་དྭགས་ཀྱི་ དབང་འཛིན་ཚུ་གིས་ བཤད་ཡོདཔ་ད་ དེ་བཟུམ་མའི་ ཆེས་མཐོའི་རྟགས་མ་ ཕུལ་དགོ་མི་དེ་ སྐྱབས་མགོན་རིན་པོ་ཆེ་མཆོག་གིས་ ལུང་ཕྱོགས་དེ་ནང་ བསམ་གྱིས་མི་ཁྱབ་པའི་ ཕན་འདེབས་མཛད་གནང་ནི་དེ་གིས་ཨིན་ཟེར་ དབང་འཛིན་གྱིས་བཤད་ནུག།དགུང་ལོ་ ༨༧ བཞེས་མི་ སྐྱབས་མགོན་རིན་པོ་ཆེ་མཆོག་ སྤྱི་ཟླ་ ༧ པའི་ཚེས་ ༡༥ ལས་ ལུང་ཕྱོགས་དེ་ཁར་ ཆིབས་བསྐྱོད་གནང་སྟེ་ བཀའ་ཆོས་ཟབ་མོ་ཚུ་ གནང་ཡོད་པའི་སྐོར་ལས་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
Online now: 5 Today: 2370 Total visitors: 9590