ArchiveAboutContact

Category: འཛམ་གླིང་གནས་ཚུལ།

World News

ཏཱ་ཡེ་ཝཱན་ལུ་ ཨ་མི་རི་ཀའི་ འགོ་དཔོན་ལེ་ཤ་ཅིག་གིས་ བལྟ་སྐོར་འབདཝ་ལས་ སེམས་ཤུགས་ཧེང་སྐལ།

རེའུ་ཊརཛ།སྤྱི་ཟླ་ ༨ པའི་ཚེས་ ༢༦ ལུ་ ཏཱ་ཡེ་ཝཱན་གྱི་སྲིད་འཛིན་ ཨམ་ཙའི་ཨིན་ཝེན་གྱིས་ གསུངས་དོ་བཟུམ་འབད་བ་ཅིན་ འཕྲལ་ཁམས་ཅིག་ཁར་ ཡུ་ཨེཛ་ལས་ ཁྲིམས་བཟོའི་འཐུས་མི་ཅིག་གིས་ རྒྱ་ནག་གི་ བཀག་ཆ་ལུ་ སྣང་མེད་བསྐྱུར་ཏེ་ ཏཱ་ཡེ་ཝཱན་ རྒྱལ་ཁབ་ནང་ བལྟ་སྐོར་ལུ་ འོང་མི་དང་ ཕྱད་པའི་ཤུལ་ལས་ རྒྱལ་ཁབ་དེ་ ཉེན་སྲུང་འབད་ནི་ལུ་ སེམས་ཤུགས་ཐོབ་ཅི་ཟེར་ཨིན་པས།དེ་ཡང་ རྒྱ་ནག་གིས་ ཏཱ་ཡེ་ཝཱན་དེ་ ཁོང་གི་མངའ་འོག་ལུ་ཨིན་པའི་ ཐོབ་བརྗོད་བཀོད་དེ་ བཙག་འཐུ་ལས་གྲུབ་པའི་ དམངས་གཙོའི་གཞུང་ལུ་ བཀག་དམ་འབད་ཡོད་རུང་ སྤྱི་ཟླ་ ༨ པའི་ ཟླ་འགོ་ལུ་ ཡུ་ཨེཛ་གི་ཚོགས་དཔོན་ ཨམ་ནན་སི་ པེ་ལོ་སི་གིས་ ཏཱ་ཡེ་ཝཱན་ལུ་ བལྟ་སྐོར་འབད་བའི་ཤུལ་ལས་ རྒྱ་ནག་གིས་ ཏཱ་ཡེ་ཝཱན་ ཉེ་འདབས་ཀྱི་ རྒྱ་མཚོའི་ནང་ དྲག་དམག་གི་ འགྲེམས་སྟོན་ཚུ་འབད་ནུག།ཏཱ་ཡེ་ཝཱན་ལུ་ ཡུ་ཨེཛགི་ཚོགས་དཔོན་ ཨམ་ནན་སི་ པེ་ལོ་སི་གིས་ བལྟ་སྐོར་འབད་དེ་ བདུན་ཕྲག་ ༡ གི་རྒྱབ་ལས་ ཡུ་ཨེཛ་ཁྲིམས་བཟོའི་ འཐུས་མི་ ༥ དེ་ཅིག་ཡང་ […]

gyalchi
World News

མཐའ་ཡས་ལེན་གྱི་ ཁྲིམས་འདུན་མཐོ་ཤོས་ཀྱིས་ བློན་ཆེན་པ་ར་ཡཱུད་ ཅཱན་ཨོ་ཅ་དེ་ གཞུང་འབྲེལ་སྒྲིག་གཡོག་ནང་ལས་དགོངས་ཕོག།

བི་བི་སི། སྤྱི་ཟླ་ ༨ པའི་ཚེས་ ༢༤ ལུ་ མཐའ་ཡས་ལེན་གྱི་ ཁྲིམས་འདུན་མཐོ་ཤོས་ཀྱིས་ བློན་ཆེན་པ་ར་ཡཱུད་ ཅཱན་ཨོ་ཅ་དེ་ གཞུང་འབྲེལ་སྒྲིག་གཡོག་ནང་ལས་ དགོངས་ཕོག་བཏོན་ནུག། དེ་ཡང་ བློན་ཆེན་དེ་ གནས་ཡུན་ལས་ལྷག་སྟེ་ ཡིག་ཚང་ནང་ སྡོད་ནི་དེ་གིས་ ལྡོག་ཕྱོགས་ཚོགས་པ་ཚུ་གིས་ ཁྲིམས་འདུན་ལུ་ ཉོག་བཤད་བཀོད་པའི་ཤུལ་ལས་ དགོངས་ཕོག་བཏང་ཡོདཔ་ཨིན་པས། མ་གཞི་ མཐའ་ཡས་ལེན་གྱི་ རྩ་ཁྲིམས་ཆེན་མོ་དང་འཁྲིལ་བ་ཅིན་ བློན་ཆེན་གྱི་ གོ་གནས་གུ་ ལོ་ངོ་ ༨ ལས་ སྡོད་མ་ཆོག་པའི་ཁར་ དམག་སྡེ་གཞུང་གི་ བཙག་འཐུའི་ལམ་སྟོན་ཅིག་དང་འཁྲིལ་རུང་ གནས་ཡུན་ལས་ ལྷག་སོང་ནུག་ཟེར་ཨིན་པས། དམག་སྡེ་གིས་ སྤྱི་ལོ་ ༢༠༡༤ སྤྱི་ཟླ་ ༥ པའི་ནང་ གཞུང་དབང་བཙན་འཕྲོག་འབད་བའི་ཤུལ་ལུ་ དམག་སྤྱི་པ་ར་ཡཱུད་ ཅཱན་ཨོ་ཅ་གིས་ བློན་ཆེན་གྱི་ འགན་འཁྲི་འབག་མི་ གནས་ཡུན་དེ་ཡང་ སྤྱི་ལོ་ ༢༠༡༩ ལུ་ ཚང་ཡོདཔ་ཨིན་པས། དེ་འབདཝ་ལས་ ངོ་རྒོ་འབད་མི་ཚུ་ ཚོགས་ཁང་གི་ཕྱི་ཁར་ འཛོམས་ཐོག་ལས་ བློན་ཆེན་པ་ར་ཡཱུད་ […]

gyalchi
World News

ར་ཤི་ཡ་གིས་ འཛམ་གླིང་སྤྱི་ཚོགས་ཀྱི་ དབང་འཛིན་ཚུ་ལུ་ ཟ་པོ་རིཟ་ཞི་ཡ་ གོ་མཚོན་ས་ཁོངས་ནང་ ཞིབ་དཔྱད་འབད་ཆོག་པའི་ གནང་བ་བྱིན་ནི།

བི་བི་སི།ར་ཤི་ཡའི་སྲིད་འཛིན་ ཝི་ལ་ཌི་མིར་ པུ་ཊིན་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ འཛམ་གླིང་སྤྱི་ཚོགས་ཀྱི་ དབང་འཛིན་ཚུ་ལུ་ ཟ་པོ་རིཟ་ཞི་ཡ་ གོ་མཚོན་ས་ཁོངས་ནང་ ཞིབ་དཔྱད་འབད་ཆོག་པའི་ གནང་བ་བྱིན་འོང་ཟེར་ཨིན་པས།དེ་ཡང་ སྲིད་འཛིན་པུ་ཊིན་དང་ ཕ་རཱནཛ་གི་སྲིད་འཛིན་ ཨིམ་མ་ནུལ་ མེག་ཀོ་རཱོན་ ༢ མཇལ་ཕྲད་མཛད་པའི་ཤུལ་ལུ་ གསལ་བསྒྲགས་འབད་ཡོདཔ་ད་ གོ་མཚོན་འཕྲུལ་ཁང་གི་ ཉེ་འདབས་ས་ཁོངས་ནང་ དམག་འཁྲུག་འཕྲོ་མཐུད་དེ་ར་ ལང་བཞིན་དུ་ཡོདཔ་ལས་ ར་ཤི་ཡ་གིས་ རྫས་བམ་བཀོག་ནི་དེ་གིས་ ཞི་བའི་མི་སེར་ ༤ ལུ་ རྨ་སྐྱོན་བྱུང་ནུག།དེ་སྦེ་ ཟ་པོ་རིཟ་ཞི་ཡ་ གོ་མཚོན་ས་ཁོངས་ནང་ ཞིབ་དཔྱད་འབད་ཆོག་པའི་ གནང་བ་བྱིན་མི་དེ་ གཙོ་བོ་ར་ སྤྱི་ཟླ་ ༨ པའི་ཚེས་ ༡༩ ལུ་ ཡུ་ཨེཛ་གིས་ ཡུ་ཀེ་རེན་ལུ་ གོ་མཚོན་ཧེང་སྐལ་གཏང་ནི་སྦེ་ ཁས་བླངས་འབད་ནི་དེ་གིས་ཨིན་པས།ཡུ་ཀེ་རེན་གྱི་ ཟ་པོ་རིཟ་ཞི་ཡ་ གོ་མཚོན་འཕྲུལ་ཁང་དེ་ སྤྱི་ཟླ་ ༣ པའི་ནང་ ར་ཤི་ཡ་གིས་ བཙན་དབང་འབད་མི་ ས་ཁོངས་ནང་ཡོད་རུང་ ད་ཚུན་གྱི་བར་ན་ ར་ཤི་ཡའི་ བཀོད་རྒྱ་དང་འཁྲིལ་ཏེ་ ཡུ་ཀེ་རེན་ འཕྲུལ་རིགཔ་ཚུ་གིས་ ལག་ལེན་འཐབ་ཨིན་པས་ཟེར་ […]

gyalchi
World News

ཏཱ་ཡེ་ཝཱན་ལུ་ རྒྱ་ནག་གི་ མཁའ་དམག་གནམ་གྲུ་ ༡༧ དང་ མཚོ་གྲུ་ ༥ ཡོད་པའི་རྗེས་དཔག།

ཨེན་ཌི་ཊི་ཝི།ཏཱ་ཡེ་ཝཱན་གྱི་ རྒྱལ་ཡོངས་སྲུང་སྐྱོབ་བློན་པོ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཏཱ་ཡེ་ཝཱན་ ནང་འཁོད་ཀྱི་ མཚོ་མཐུད་ས་མཚམས་ཁར་ རྒྱ་ནག་གི་ མཁའ་དམག་གནམ་གྲུ་ ༢༡ དང་ མཚོ་དམག་གྲུ་ ༥ གནམ་གྲུ་ཇེཏ་ ༨ སྡོད་ནུག་ཟེར་ཨིན་པས།དེ་མ་ཚད་ རྒྱ་ནག་གི་ མཁའ་དམག་གནམ་གྲུ་ ༡༧ དང་ མཚོ་གྲུ་ ༥ དང་བཅསཔ་སྦེ་ རྒྱ་ནག་གི་ དམག་མི་ཚུ་ཡང་ སྤྱི་ཟླ་ ༨ པའི་ཚེས་ ༡༩ ལུ་ ས་གནས་ཀྱི་ ཕྱི་རོའི་ཆུ་ཚོད་ ༥ དེ་ཅིག་ཁར་ སྡོད་ཡོདཔ་སྦེ་ སྲུང་སྐྱོབ་བློན་པོ་གིས་བཤད་ནུག།དེ་བཟུམ་མའི་ དམག་ཆས་ཡར་འཕར་འགྱོ་མི་དེ་ ཨ་མི་རི་ཀའི་ཚོགས་དཔོན་ ཨམ་ནན་སི་པེ་ལོ་སི་གིས་ ཏཱ་ཡེ་ཝཱན་ རྒྱལ་ཁབ་ནང་ གཟིགས་སྐོར་གནང་ནི་དེ་གིས་ ངལ་མ་རངས་པར་ཨིནམ་སྦེ་ བཤདཔ་ཨིན་པས།དེ་ལས་ ད་རིས་ སྤྱི་ཟླ་ ༨ པའི་ཚེས་ ༢༡ ལུ་ཡང་ ཨ་མི་རི་ཀའི་ འཐུས་མི་སྐུ་ཚབ་ཚུ་ ཏཱ་ཡེ་ཝཱན་ལུ་ ལྷོད་ནི་ཨིནམ་ལས་ ཚ་གྱང་ཧེང་བཀལ་ར་ ལང་དགོཔ་འབྱུང་ནི་ཨིན་པས་ཟེར་ […]

gyalchi
World News

རྒྱ་གར་གྱི་མངའ་སྡེ་ ཧི་མ་ཅཱལ་པར་དེཤ་ལུ་ ཆུ་རུད་དང་ ས་རུད་ཀྱིས་ མི་ ༦ ལུ་ཤི་རྐྱེན།

ཨེན་ཌི་ཊི་ཝི།སྤྱི་ཟླ་ ༨ པའི་ཚེས་ ༢༠ ལུ་ རྒྱ་གར་ཧི་མ་ཅཱལ་ པར་དེཤ་མངའ་སྡེའི་ནང་ ཆརཔ་མ་ཆད་པར་ རྐྱབ་ནི་དེ་གིས་ ཆུ་རུད་དང་ ས་རུད་ཐོན་ཏེ་ མི་གྲངས་ ༦ ལུ་ ཤི་རྐྱེན་བྱུང་ཡོདཔ་མ་ཚད་ གཞན་མི་ ༡༣ ཡང་ ཤི་སོངཔ་བཟུམ་ཅིག་འདུག་ཟེར་ཨིན་པས།ཨིན་རུང་ མངའ་སྡེ་དེ་གི་ ཧ་མི་པུར་རྫོང་ཁག་ནང་ མི་གྲངས་ ༢༢ དེ་ཅིག་ ཆུ་རུད་དང་ ས་རུད་ཀྱི་ རྐྱེན་ངན་ནང་ལས་ སྲོག་སྐྱབས་འབད་ཚུགས་ཅི་ཟེར་ ཧི་མ་ཅཱལ་པར་དེཤ་མངའ་སྡེའི་ དབང་འཛིན་འགོ་དཔོན་ཚུ་གིས་ བཤད་ཡོདཔ་ཨིན་པས།དེ་མ་ཚད་ ཅམ་བཱ་རྫོང་ཁག་ནང་ཡང་ ས་རུད་ཀྱིས་ སྡོད་ཁྱིམ་འཕྱག་བདའ་ཡོདཔ་ལས་ མི་གྲངས་ ༣ དེ་ཅིག་ལུ་ ཤི་རྐྱེན་བྱུང་ཡོདཔ་སྦེ་ དབང་འཛིན་འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

སོ་མ་ལི་ཡ་ལུ་ ཨིཛ་ལ་མིག་ གཡིབ་དམག་ཚུ་གིས་ མི་གྲངས་ ༡༠ དམར་བསད།

ཨེ་བི་སི།སོ་མ་ལི་ཡ་ལུ་ ཨིཛ་ལ་མིག་ གཡིབ་དམག་ཚུ་གིས་ དྲག་བཅོམ་འབདཝ་ད་ མི་གྲངས་ ༡༠ དེ་ཅིག་ལུ་ ཤི་རྐྱེན་དང་ གཞན་མི་ལེ་ཤ་ཅིག་ལུ་ རྨ་སྐྱོན་བྱུང་ཡོད་རུང་ ཉེན་སྲུང་དམག་མི་ཚུ་གིས་ མི་མང་རབས་ཅིག་ སྲོག་སྐྱབས་འབད་ནུག།དེ་ཡང་ སྤྱི་ཟླ་ ༨ པའི་ཚེས་ ༢༠ ལུ་ སོ་མ་ལི་ཡའི་རྒྱལ་ས་ མ་ག་ཌི་ཤུ་ལུ་ཡོད་མི་ ཧ་ཡཱཏ་བཟའ་ཁང་གི་ སྒྲིང་ཁྱིམ་ནང་ མ་འཛུལ་བའི་ཧེ་མར་ ཀྲོབ་མདའ་འབག་མི་ཚུ་གིས་ བཟའ་ཁང་གི་ཕྱི་ཁར་ རྫས་བམ་གས་བཅུག་ནུག་ཟེར་ཨིན་པས།དེ་བཟུམ་མའི་ བྱ་ངན་འབད་མི་དེ་ ཨཱལ་ཤ་བབ་ཟེར་མི་ ཨིཛ་ལ་མིག་ གཡིབ་དམག་ཨིནམ་སྦེ་ ཁ་བཟེད་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

ར་ཤི་ཡ་གིས་ བཙན་བཟུང་འབད་མི་ ས་ཁོངས་ནང་ ཡུ་ཀེ་རེན་གྱིས་ རྫས་བམ་གས་བཅུག་ཡོདཔ།

ཨཱལ་ཇ་ཟི་ར།སྤྱི་ཟླ་ ༨ པའི་ཚེས་ ༡༩ ལུ་ ར་ཤི་ཡ་གིས་ བཙན་བཟུང་འབད་མི་ ཡུ་ཀེ་རེན་གྱི་ ས་ཁོངས་དང་ ར་ཤི་ཡའི་ མངའ་སྡེ་ནང་འཁོད་ལུ་ཡོད་མི་ དམག་སྒར་གྱི་ སྦོ་ལོགས་ཁར་ ཡུ་ཀེ་རེན་གྱིས་ རྫས་བམ་གས་བཅུག་ནུག།དེ་ཡང་ ར་ཤི་ཡའི་ དམག་མི་ཚུ་གི་གདོང་ཁར་ ཡུ་ཀེ་རེན་གྱི་ དམག་མི་ཚུ་གི་ ལྕོགས་གྲུབ་ཚུ་ གསལ་སྟོན་འབད་བའི་ མཐོང་སྣང་བཟུམ་ཅིག་སྦེ་ འགྲེམ་སྟོན་འབད་ཡོདཔ་ཨིན་པས།ཡུ་ཀེ་རེན་གྱིས་ དེ་བཟུམ་མའི་ ལཱ་བྱ་འཐབ་མི་དེ་ ཨ་མི་རི་ཀ་དང་ ཡུ་རོབ་གཅིག་སྡོམ་ཚོགས་པའི་ ཁ་ཐུག་ལས་ སེམས་ཤུགས་བྱིན་ནི་དེ་གིས་ཨིན་ཟེར་ ར་ཤི་ཡའི་ ཕྱི་འབྲེལ་བློན་པོ་འོགམ་གིས་ བཤད་ཡོདཔ་ཨིན་པས།དེ་མ་ཚད་ ར་ཤི་ཡ་དང་ ཡུ་ཀེ་རེན་གྱི་ དམག་འཁྲུག་ནང་ ཨ་མི་རི་ཀ་དེ་ ཡུ་ཀེ་རེན་གྱི་ ཁ་ཐུག་ལས་ ཐད་ཀར་དུ་ གྲལ་གཏོགས་ཡོདཔ་སྦེ་ཡང་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

ཡུ་ཀེ་རེན་གྱི་ གོ་མཚོན་འཕྲུལ་ཁང་ལུ་ གནོདཔ་བཀལ་བ་ཅིན་ རང་སྲོག་བཅད་ཡོདཔ་སྦེ་ ཆ་གནས་འབད་ནི།

བི་བི་སི།འཛམ་གླིང་སྤྱི་ཚོགས་ཀྱི་ ཡོངས་ཁྱབ་དྲུང་ཆེན་ ཨན་ཊོ་ནིའོ་ ག་ཊར་རེཛ་གིས་ གསུངས་དོ་བཟུམ་འབད་བ་ཅིན་ ཡུ་ཀེ་རེན་གྱི་ ལྷོ་ཁ་ཐུག་ལུ་ཡོད་མི་ ཟ་པོ་རིཟ་ཞི་ཡ་ གོ་མཚོན་འཕྲུལ་ཁང་གི་ སྦོ་ལོགས་ཁར་ དམག་འཁྲུག་ལང་མི་ལུ་བརྟེན་ཏེ་ ཚ་གྱང་སྦོམ་ཡོད་ཟེར་ཨིན་པས།དེ་ཡང་ ཡོངས་ཁྱབ་དྲུང་ཆེན་ ཨན་ཊོ་ནིའོ་ ག་ཊར་རེཛ་གིས་ ཡུ་ཀེ་རེན་གྱི་སྲིད་འཛིན་ ཝོ་ལོ་ཌི་མིར་ ཟེ་ལེན་ཀེ་དང་ ཊར་ཀིའི་སྲིད་འཛིན་ རེ་སིབ་ཊེ་ཡིབ་ ཨིར་ཊོ་གན་དང་ཅིག་ཁར་ ས་གནས་ལོ་ཝིའུ་ལུ་སྦེ་ ཞལ་འཛོགས་ཅིག་ འཚོགས་པའི་སྐབས་ལུ་གསུངས་ནུག།དེ་མ་ཚད་ ཡོངས་ཁྱབ་དྲུང་ཆེན་མཆོག་གིས་ མཐུན་རྐྱེན་ཡོད་མི་ ཟ་པོ་རིཟ་ཞི་ཡ་ལུ་ གནོདཔ་བཀལ་བ་ཅིན་ རང་སྲོག་བཅད་ཡོདཔ་སྦེ་ ཆ་གནས་མཛད་ནི་ཨིན་པའི་ ཉེན་བརྡ་ཡང་ མཛད་ཡོདཔ་ཨིན་པས།ག་དེ་སྦེ་ཨིན་རུང་ སྤྱི་ཟླ་ ༣ པའི་ནང་ ར་ཤི་ཡ་གིས་ བཙན་དབང་འབད་མི་ ས་ཁོངས་དེ་ནང་ འཕྲལ་ཁམས་ཅིག་ཁ་ལས་ དམག་འཁྲུག་ལང་བཞིན་དུ་ཡོད་མི་ལུ་ ཡུ་ཀེ་རེན་དང་ ར་ཤི་ཡ་གིས་ གཅིག་གིས་གཅིག་ལུ་ ཁ་ཉེས་བཀལཝ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

རྒྱ་ནག་ལུ་ ཆུ་རུད་ཐོན་ཏེ་ རྐྱེན་ངན་ནང་ མི་གྲངས་ ༡༦ ལུ་ ཤི་རྐྱེན་དང་ གཞན་མི་ ༡༨ བྱང་སྟོར།

ཨེ་བི་སི།རྒྱ་ནག་གི་ ནུབ་ཁ་ཐུག་ལུ་ འདྲེ་ཆར་ཧང་ཏོམ་མར་རྐྱབ་པའི་ རྐྱེན་ངན་ནང་ མི་གྲངས་ ༡༦ དེ་ཅིག་ལུ་ ཤི་རྐྱེན་བྱུང་ཡོདཔ་མ་ཚད་ གཞན་མི་ ༡༨ དེ་ཅིག་ཡང་ བྱང་སྟོར་ཤོར་ནུག།ད་རེས་ གནམ་བྱཱར་གྱི་ དུས་ཚོད་འདི་ཁར་ རྒྱ་ནག་གི་ ས་གནས་ལ་ལོ་ཅིག་ནང་ ཆརཔ་དང་ ཆུ་རུད་ལུ་བརྟེན་ཏེ་ དཀའ་ངལ་བྱུང་པའི་ཁར་ ལུང་ཕྱོགས་ལ་ལོ་ཅིག་ནང་ ཆར་ཆུ་མེད་པར་ ཚ་དྲོད་ལུ་བརྟེན་པའི་ དཀའ་ངལ་ཡང་ཡོདཔ་ཨིན་པས།དེ་བཟུམ་མའི་ ཆར་ཆུ་མེད་པར་ ཚ་དྲོད་ཀྱི་ དཀའ་ངལ་ཐོན་མི་དེ་ མི་ལོ་ ༦༠ གི་རིང་ལུ་ འགོ་དང་པ་ཨིནམ་ད་ དེ་བཟུམ་སྦེ་ བདུན་མཐའ་ཧེ་མའི་ནང་ཡང་ རྒྱ་ནག་གི་ ལྷོ་ནུབ་མངའ་སྡེ་ སི་ཅུ་ཧཱན་ཟེར་སར་ ཆུ་བྲེས་ཏེ་ མི་གྲངས་ ༧ ལུ་ཡང་ ཤི་རྐྱེན་བྱུང་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

ཨཱཕ་གྷ་ནིཛ་ཏཱན་ལུ་ རྫས་བམ་གས་བཅུག་མིའི་ནང་ མི་གྲངས་ ༢༡ ལུ་ ཤི་རྐྱེན་དང་ གཞན་མི་ ༣༣ ལུ་རྨ་སྐྱོན།

བི་བི་སི། སྤྱི་ཟླ་ ༨ པའི་ཚེས་ ༡༧ ལུ་ ཨཱཕ་གྷ་ནིཛ་ཏཱན་གྱི་རྒྱལ་ས་ ཀ་བཱུལ་ལུ་ རྫས་བམ་ཅིག་ གས་བཅུག་མིའི་ནང་ མི་གྲངས་ ༢༡ ལུ་ ཤི་རྐྱེན་དང་ གཞན་མི་ ༣༣ དེ་ཅིག་ལུ་ རྨ་སྐྱོན་བྱུང་ནུག། དེ་ཡང་ མི་སེར་ཚུ་ ཁ་ཆེའི་ལྷ་ཁང་ཅིག་ནང་ ཕྱི་རོའི་ཁ་ཐུན་བཏང་སྟེ་ སྡོད་པའི་སྐབས་ལུ་ གས་བཅུག་ཡོདཔ་ད་ དེ་སྦེ་ ཤི་རྐྱེན་བྱུང་མིའི་གྲས་ཁར་ ཁ་ཆེའི་བླམ་ཅིག་ཡང་ཡོདཔ་ཨིན་པས། རྐྱེན་ངན་དེ་གི་སྐོར་ལས་ སྡེ་ཚན་ག་གིས་ཡང་ ཁ་མ་བཟེད་པར་ཡོདཔ་ད་ རྐྱེན་ངན་བྱུང་སའི་ ས་ཁོངས་དེ་ ཁྲིམས་སྲུང་འགག་སྡེ་གིས་ བཀག་དམ་འབད་དེ་ བཞག་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
Online now: 15 Today: 168 Total visitors: 10198