ArchiveAboutContact

Category: འཛམ་གླིང་གནས་ཚུལ།

World News

རྒྱ་ནག་གི་སྲིད་འཛིན་ ཛི་ཇིན་པིང་ལུ་ དབང་ཚད་སྔར་བཞིན་ཡོད་པའི་ བརྡ་མཚོན་ལུ་ འགོ་ཁྲིདཔ་ཨང་ ༢ པ་ བཏོན་བཏང་ཡོདཔ།

བི་བི་སི།སྤྱི་ཟླ་ ༡༠ པའི་ཚེས་ ༢༢ ལུ་ རྒྱ་ནག་གི་ ཀ་མིའུ་ནིཛ་ སྲིད་ཚོགས་ཀྱིས་ རྒྱལ་ཁབ་སྐྱོང་ནི་གི་ དབང་ཚད་དེ་ ད་རུང་ཡང་ འཕྲོ་མཐུད་དེ་ར་ ལོ་ངོ་ ༥ གི་རིང་ལུ་ སྲིད་འཛིན་ཛི་ཇིན་པིང་ལུ་ རྒྱལ་ཁབ་འགོ་ཁྲིད་ཀྱི་ དབང་ཚད་སྔར་བཞིན་ཡོད་པའི་ བརྡ་དོན་ནན་བསྐྱར་སྤེལ་ནུག།རྒྱ་ནག་གི་ གཞུང་སྐྱོང་དབང་ཚད་དེ་ ཛི་ཇིན་པིང་ ཁོ་ར་ལུ་ཡོད་པའི་ བརྡ་མཚོན་ལུ་ རྒྱ་ནག་རྒྱལ་ཁབ་ནང་གི་ འཐུས་མི་ ༧ འབད་མི་ ཆེ་མཐོའི་འགོ་ཁྲིད་ཀྱི་ སྡེ་ཚན་ལས་ དབང་ཁྱབ་ཅན་གྱི་ འགོ་དཔོན་ ༢ པ་ གཞུང་གི་དབུ་ཁྲིད་ ལི་ཀེ་པིང་དང་སྦྲགས་ཏེ་ ཆེ་མཐོའི་འགོ་དཔོན་ ༤ བརྩིས་ཏེ་ ཆེ་མཐོའི་འགོ་ཁྲིདཔ་ ༥ བཏོན་བཏང་ཡོདཔ་ཨིན་པས།རྒྱ་ནག་གི་ ཀ་མིའུ་ནིཛ་ སྲིད་ཚོགས་ཀྱིས་ ཉིན་གྲངས་ ༧ གྱི་རིང་ལུ་ ཞལ་འཛོམས་ཅིག་ འཚོགས་ཡོདཔ་ད་ དེ་བསྒང་ དཔལ་འབྱོར་རྒྱ་སྐྱེད་དང་ དམག་སྡེའི་ལས་དོན་གསར་བཏོད་ཚུ་ སྲིད་ཚོགས་དེ་གི་ རྩ་ཁྲིམས་ནང་ བཙུགས་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

བི་རི་ཊེན་ བློན་ཆེན་གྱི་དོན་ལུ་ རི་ཤི་སུ་ནག་གིས་ སྣ་ཁྲིད་འབད་དོ་ཡོདཔ།

བི་བི་སི།རྒྱ་གར་གྱི་ མི་བརྒྱུད་ཨིན་མི་ རི་ཤི་སུ་ནག་དེ་ ཀཱན་སར་བེ་ཊིབ་ སྲིད་ཚོགས་ཀྱི་ ཤུལ་མའི་འགོ་ཁྲིདཔ་དང་ བློན་ཆེན་གྱི་དོན་ལས་ བཙག་འཐུའི་ནང་ གྲལ་གཏོགས་འབད་ནི་ལུ་ སྤྱི་ཚོགས་ཀྱི་ འཐུས་མི་ ༡༠༠ གིས་ གདམ་འཐུ་འགྲུབ་སག་སག་སྦེ་ཡོདཔ་ཨིན་པས།དེ་ཡང དངུལ་རྩིས་བློན་པོ་བགྲེསཔ་ རི་ཤི་སུ་ནག་དེ་ ཊོ་རིའི་སྤྱི་ཚོགས་འཐུས་མི་ ༩༣ གྱིས་ གདམ་འཐུ་གྲུབ་ཅི་ཟེར་ཨིན་རུང་ བསྐུལ་བསྒྲགས་ཅིག་དང་འཁྲིལ་བ་ཅིན་ འཐུས་མི་ ༡༠༠ གིས་ར་ གདམ་འཐུ་གྲུབ་སྟེ་ཡོད་ཟེར་ བི་བི་སི་ལུ་བཤད་ནུག།ཧེ་མའི་བློན་ཆེན་བགྲེསཔ་ བོ་རིཛ་ཇཱོན་སཱན་དེ་ འཐུས་མི་ ༤༤ གིས་ གདམ་འཐུ་གྲུབ་སྟེ་ ཨང་ ༢ པའི་ནང་ གནས་ཏེ་ཡོདཔ་ལས་ ཀ་རི་བི་ཡཱན་ལུ་ ངལ་གསོ་སྦེ་ འགྱོ་ས་ལས་ ལོག་འོང་དོ་ཡོདཔ་ཨིན་པས།གདམ་འཐུའི་ཐད་ཁར་ དང་པ་ར་ པེན་ནི་མོར་ཌཱོན་ལུ་ རྒྱབ་སྐྱོར་འབད་མི་ འཐུས་མི་ ༢༡ ཡོད་པའི་ གསལ་བསྒྲགས་འབད་ནུག།ཇཱོན་སཱན་ལུ་ རྒྱབ་སྐྱོར་འབད་མི་ ཚོང་འབྲེལ་བློན་པོ་ སར་ཇེམཛ་ཌ་ཌིཇ་གིས་ ཇཱོན་སཱན་དེ་ ལོག་སྟེ་ར་ བློན་ཆེན་གྱི་ བཙག་འཐུའི་ནང་ གྲལ་གཏོགས་འབད་ནིའི་དོན་ལུ་ ཀ་རི་བི་ཡཱན་ལས་ […]

gyalchi
World News

ཡུ་ཀེའི་བློན་ཆེན་ ཨམ་ལིཟ་ཊཛ་གིས་ མོ་རའི་དབང་ཆ་ལུ་ འུར་ཟིང་ཐོག་ལས་ ནུས་མེད་སོང་སྟེ་དགོངས་ཞུ།

བི་བི་སི།སྤྱི་ཟླ་ ༡༠ པའི་ཚེས་ ༢༠ ལུ་ ཨམ་ལིཟ་ཊཛ་གིས་ བི་རི་ཊེན་གྱི་ བློན་ཆེན་སྦེ་ དུས་ཡུན་ཐུང་ཀུ་ཅིག་གི་རིང་ལུ་ ཕྱག་ཞུ་བའི་བར་ན་ མོ་གི་སྲིད་བྱུས་ཚུ་ལུ་བརྟེན་ཏེ་ དངུལ་འབྲེལ་ཚོང་ལམ་ནང་ འུར་ཟིང་དང་ མོ་རའི་སྲིད་ཚོགས་ཀྱིས་ ངོ་རྒོལ་ཚུ་འབད་དེ་ དབང་ཚད་ནུས་མེད་ ཐལ་བའི་ཤུལ་ལུ་ དགོངས་ཞུ་འབད་ཡོདཔ་ཨིན་པས།མོ་གིས་ ཌའུ་ནིང་སི་ཊིཊ་ ཡིག་ཚང་གི་ཕྱི་ཁར་ གསལ་བཤད་ཐུང་ཀུ་ཅིག་འབད་མིའི་ནང་ མོ་རའི་སྲིད་ཚོགས་ཀྱིས་ དམིགས་བསལ་གྱི་ འགན་ཁུར་བཀལ་ཐོག་ལས་ བཙག་འཐུ་གྲུབ་མི་ འགན་ཁུར་ཚུ་ མོ་གིས་ འགྲུབ་མི་ཚུགས་ནི་ཨིན་པའི་ ཁས་ལེན་འབད་ནུག།ད་རེས་ ཨམ་ལིཟ་ཊཛ་གིས་ དགོངས་ཞུ་འབད་མི་དེ་བརྩིཝ་ད་ ཀཱན་སར་བེ་ཊིབ་ སྲིད་ཚོགས་ནང་ལས་ བློན་ཆེན་གྱི་ གོ་གནས་ལས་ དུས་ཡུན་མ་ཚང་པར་ དགོངས་ཞུ་འབད་མི་ བློན་ཆེན་ ༣ འགྱོཝ་ཨིན་པས།ཨམ་ལིཟ་ཊཛ་གིས་ དགོངས་ཞུ་འབད་བའི་ཤུལ་ལུ་ མོ་གི་སྲིད་ཚོགས་ནང་ཡང་ འུར་ཟིང་ལང་སྟེ་ མཐུན་ལམ་མེདཔ་ ཐལ་ཡོདཔ་ལས་ སྲིད་ཚོགས་དེ་ གཅིག་སྒྲིལ་ཅན་ བཟོ་ཐབས་ལུ་ བསྐྱར་གསོ་འབད་མི་ཅིག་ འཚོལ་ནི་གི་ བྱ་སྒོ་ལག་ལེན་ འགོ་བཙུགསཔ་ད་ ཉིན་གྲངས་དག་པ་ཅིག་གི་རིང་ལུ་ ཨམ་ལིཟ་ཊཛ་དེ་ ཡིག་ཚང་ནང་ར་ […]

gyalchi
World News

པ་ཀིཛ་ཏཱན་གྱི་ བློན་ཆེན་བགྲེསཔ་ ཨིམ་རཱན་ཁཱན་གྱིས་ ལོ་ངོ་ ༥ གི་རིང་ལུ་ མི་མང་ཡིག་ཚང་གི་ འགན་ཁུར་འཆང་ནི་བཀག་དམ།

ཨེ་བི་སི།སྤྱི་ཟླ་ ༡༠ པའི་ཚེས་ ༢༡ ལུ་ པ་ཀིཛ་ཏཱན་ བཙག་འཐུ་ལྷན་ཚོགས་ཀྱིས་ པ་ཀིཛ་ཏཱན་གྱི་ བློན་ཆེན་བགྲེསཔ་ ཨིམ་རཱན་ཁཱན་གྱིས་ ལོ་ངོ་ ༥ གི་རིང་ལུ་ མི་མང་ཡིག་ཚང་གི་ འགན་ཁུར་འཆང་ནི་ལས་ བཀག་དམ་འབད་ནུག།དེ་ཡང་ ཨིམ་རཱན་ཁཱན་དེ་ བློན་ཆེན་སྦེ་ སྡོད་པའི་སྐབས་ལུ་ རྒྱལ་ཁམས་ལུ་ཐོབ་མི་ གསོལ་རས་ཚུ་ བཙོངས་ཡོདཔ་མ་ཚད་ བདོག་གཏད་ཚུ་ཡང་ སྦ་གསང་ཐོག་ལུ་ བཞག་ནུག་ཟེར་ཨིན་པས།དེ་བཟུམ་མའི་ བཀག་དམ་ལུ་དེ་གིས་ ད་རེས་ རྒྱལ་ཁབ་ཀྱི་ དཔལ་འབྱོར་གནས་སྟངས་ མ་ལེགསཔ་ཐལ་མིའི་ནང་ སྔོན་ཆད་མ་བྱུང་པའི་ ཆུ་རུད་ཚུ་གིས་ བཟའ་འཐུང་གི་ དཀའ་ངལ་ཚུ་ཐོན་ཏེ་ མི་གྲངས་ ༡,༧༢༥ དེ་ཅིག་ལུ་ ཤི་རྐྱེན་བྱུང་པའི་ཁར་ མི་སེར་བརྒྱ་ཕྲག་ལེ་ཤ་ཅིག་ལུ་ སྡོད་ས་མེད་མི་ཚུ་དང་འབྲེལ་ཏེ་ སྲིད་དོན་གྱི་ གནོད་རྐྱེན་ཧེང་སྐལ་ར་ འབྱུང་ནི་མས་ཟེར་བཀོད་ནུག།བློན་ཆེན་ཁཱན་དེ་ དང་ཞག་ སྤྱི་ཟླ་ ༤ པའི་ནང་ ཡིད་ཆེས་མེད་པའི་ ཚོགས་རྒྱན་བཙུགས་ཏེ་ བློན་ཆེན་གྱི་ གོ་གནས་ལས་ གནས་དབྱུང་བཏང་ཡོད་རུང་ གཞུང་སྐྱོང་གི་དོན་ལས་ རྒྱབ་སྐྱོར་པ་ཚུ་ འཚོལ་སྒྲུབ་འབད་དེ་ […]

gyalchi
World News

ཨཕ་གྷན་གྱི་ ཨམ་སྲུ་ཚུ་ རྨགཔ་དང་གཅིག་ཁར་ ཡ་བྲལ་འབད་ནི་ལུ་ དབང་ཆ་མ་ཐོབ་པའི་གདོང་ལེན།

ཨཱལ་ཇ་ཟི་ར།ཨཕ་གྷ་ནིཛ་ཏཱན་གྱི་ ཨམ་སྲུ་ཚུ་ ཧེ་མ་ལས་ རྨགཔ་དང་གཅིག་ཁར་ ཁ་བྱལ་ནི་གི་ དབང་ཆ་མ་ཐོབ་པར་ དུས་ཡུན་རིངམོ་སྦེ་ར་ ལཱ་ཁག་བཏང་པའི་ཤུལ་ལས་ ཏཱ་ལི་བཱན་ དབང་ཚད་ནང་ ལྷོད་ཞིནམ་ལས་ཚུར་ གནས་སྟངས་དེ་ ཧེང་སྐལ་ར་ སྐྱོ་དྲགས་སོང་ཡོདཔ་ཨིན་པས།ཨཕ་གྷ་ནིཛ་ཏཱན་གྱི་ རྒྱལ་ས་ཀ་བཱུལ་ལུ་ ཨམ་སྲུ་ཚུ་གིས་ ངོ་རྒོལ་འགྲེམ་སྟོན་གྱི་ ཤོག་བྱང་ཚུ་འབག་སྟེ་ ཏཱ་ལི་བཱན་དང་འཐབ་མི་ ཧེ་མའི་ཨམ་སྲུ་དང་འབྲེལ་བའི་ བློན་པོ་འགྲེསཔ་ལུ་ དབང་ཆ་དགོ་པའི་སྐོར་ལས་ ཞུ་གཏུགས་འབད་ནུག།སྐྱེས་ལོ་ ༣༢ འབད་མི་ ཨཕ་གྷན་གྱི་ ཨམ་སྲུ་ཅིག་གིས་ སྙིང་སྟོབས་སྐྱེད་དེ་ ན་ཧིང་གི་ལོ་ནང་ ཡ་བྲལ་འགྱོ་ནི་ཨིན་པའི་ གནད་དོན་སྐོར་ལས་ བྱང་ཤར་ཨཕ་གཱན་ལུ་ཡོད་མི་ ཁྲིམས་ཀྱི་འདུན་སར་ བཤེར་ཡིག་བཙུགས་ཡོདཔ་ཨིན་པས།དེ་སྦེ་ བཤེར་ཡིག་བཙུགས་མི་དེ་ཡང་ རྨག་པ་གིས་ ཉིན་བསྟར་བཞིན་དུ་ དྲང་པ་གིས་མ་ཚད་པར་ ནུབ་མོར་ཡང་ ཨ་རྟག་ར་ དབང་བཙོང་འདོད་སྤྱོད་འབད་དེ་ ལོ་ ༤ དེ་ཅིག་ སོང་ཡི་ཟེར་ཨིནམ་ད་ ད་རུང་ དེ་སྦེ་ རྒྱབ་འགལ་འབདཝ་ཨིནམ་ ཤེས་པ་ཅིན་ ཁོ་གིས་ བརྡུང་རྫོབ་འབད་འོང་ཟེར་ བཤད་པའི་སྐོར་ལས་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

རྒྱ་གར་ལུ་ བཟོ་བསྐྲུན་འབད་མི་ གློ་སྨན་ཚུ་ལུ་ ཉེན་སྲུང་མེད་པའི་ གྲུབ་འབྲས་མངོན་གསལ།

བི་བི་སི།རྒྱ་གར་ལུ་ ཨ་ལོ་དྲོད་འབར་རྐྱབ་སྟེ་ གློ་འཁོག་མི་ཚུ་ ས་གནས་ཀྱི་ དྲུང་འཚོ་ཚུ་གིས་ སྨན་ཡིག་བྱིན་མི་དང་འཁྲིལ་ཏེ་ གློ་སྨན་མངར་ཁུ་དེ་ བྱིན་མི་དེ་གིས་ ཨ་ལོ་ཚུ་ དྲག་ནི་མིན་པར་ ཧེང་སྐལ་ར་ ཁ་ལས་སྐྱུག་སྟེ་ དྲོད་འབར་རྐྱབ་པའི་སྟབས་ཀྱིས་ མཁལ་རྡོག་གིས་ ལཱ་འབད་མ་བཏུབ་ཨིན་པས།ཨིན་རུང་ རྒྱུ་རྐྱེན་དེ་གི་སྐོར་ལས་ ཤེས་མ་ཚུགས་པའི་བར་ན་ ཨ་ལོ་ཟླ་ངོ་ ༢ ལས་ སྐྱེས་ལོ་ ༦ གི་བར་ན་འབད་མི་ ཨ་ལོ་ ༡༡ ལུ་ ཤི་རྐྱེན་བྱུང་ནུག།རྒྱ་གར་གྱི་ སྨན་བཟོ་ལས་སྡེ་ ཌི་ཇི་ཊཱལ་ བི་ཞཱན་ཟེར་མི་གིས་ བཟོ་སྐྲུན་འབད་ཡོད་མི་ གློ་སྨན་གྱི་ དཔེ་ཚད་ ༣ དེ་ཅིག་ བརྟག་དཔྱད་འབད་བའི་ཤུལ་ལས་ སྨན་གྱི་རང་བཞིན་དེ་ ཚོས་གཞི་དམརཔོ་ བཟོ་ནིའི་དོན་ལུ་ སྣག་རྩི་དམརཔོ་བླུགས་ཏེ་ བཟོ་ཡོད་པའི་ གྲུབ་འབྲས་བྱུང་ཡོདཔ་ཨིན་པས།གནད་དོན་དེ་གི་སྐོར་ལས་ སྤྱི་ཟླ་ ༡༠ པ་ འགོ་བཙུགས་ཁམས་ཅིག་ཁར་ གེམ་བི་ཡ་ལུ་ ཨ་ལོ་ ༦༦ ལུ་ ཤི་རྐྱེན་བྱུང་ཡོདཔ་ལས་ འཛམ་གླིང་གསོ་བའི་ལས་སྡེ་གིས་ རྒྱ་གར་གྱི་ གློ་སྨན་དཔེ་ཚད་ ༤ […]

gyalchi
World News

ར་ཤི་ཡ་གིས་ དྲག་བཅོམ་ཐོག་ལས་ ཡུ་ཀེ་རེན་གྱི་ གློག་མེ་ལུ་གནོད་སྐྱོན།

བི་བི་སི། ར་ཤི་ཡའི་ དམག་མི་ཚུ་གིས་ ད་རུང་ཡང་ ཡུ་ཀེ་རེན་གྱི་ གློག་མེ་མཐུན་རྐྱེན་ཡོད་སའི་ ས་སྒོ་ནང་ རྫས་བམ་བཀོག་སྟེ་ རྒྱལ་ས་ཀིབ་དང་ ཁྲོམ་སྡེ་གཞན་ཚུ་གི་ནང་ གློག་མེ་མེདཔ་བཏང་ནུག། དེ་ཡང་ སྤྱི་ཟླ་ ༡༠ པའི་ཚེས་ ༡༨ ལུ་ དྲོ་པའི་ཆུ་ཚོད་ ༩ དེ་ཅིག་ཁར་ ཌོ་ནི་པོར་ གཙང་ཆུའི་མཐའ་མར་ཡོད་མི་ གློག་མེ་ཨམ་གྱི་ སྦོ་ལོགས་ཁ་ལས་ དུ་པ་གནམ་མེད་ས་མེད་ ཐོན་པའི་ཤུལ་ལུ་ ཆུ་དང་ མེ་གི་མཐུན་རྐྱེན་ཚུ་ མེདཔ་བཏང་ནུག་ཟེར་ཨིན་པས། གནོད་འཚུབ་དེ་ ཀིབ་ལུ་ ཀ་མ་ཀ་ཟི་ རང་འགུལ་གནམ་གྲུ་ཆུང་བ་ཚུ་གི་ཐོག་ལས་ དྲག་བཅོམ་འབད་ཚར་ཏེ་ ཆུ་ཚོད་ ༢༤ གི་རྒྱབ་ལས་བཀལ་ནུག། རང་འགུལ་གནམ་གྲུ་ཆུང་བའི་གུ་ མིང་རྟགས་ཚུ་ ག་ནི་ཡང་ བྲིས་ཏེ་མེད་རུང་ ཨི་རཱན་གྱིས་ བཟོ་ཡོད་པའི་དོགས་པ་ཡོདཔ་ཨིན་པས། གནོད་འཚུབ་དེ་གིས་ རྒྱལ་ས་ཀིབ་ལུ་ མི་ ༥  དང་ བྱང་ཁ་ཐུག་གི་ཁྲོམ་སྡེ་ སུ་མེ་ཟེར་མིའི་ནང་ མི་ ༤ ལུ་ ཤི་རྐྱེན་དང་ ཁྱིམ་དང་ […]

gyalchi
World News

ཨཕ་གྷ་ནིཛ་ཏཱན་ལུ་ ཨམ་སྲུ་ཚུ་གི་དོན་ལས་ གཙུག་ལག་སློབ་སྡེའི་ ཆོས་ཚན་མང་ཤོས་ཅིག་བཀག་དམ།

བི་བི་སི། ཨཕ་གྷ་ནིཛ་ཏཱན་ལུ་ ཏཱ་ལི་བཱན་གཞུང་གིས་ ཨམ་སྲུ་ཚུ་ གཙུག་ལག་སློབ་སྡེའི་ ཆོས་ཚན་མང་ཤོས་ར་ ལྷབ་ནི་མེད་པའི་ བཀག་དམ་འབད་ནུག། དེ་ཡང་ ཨཕ་གྷན་གྱི་ སློབ་ཕྲུག་བུམོ་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ མཐོ་རིམ་ཤེས་ཡོན་ ལྷབ་ནིའི་དོན་ལུ་ ཆོས་ཚན་གདམ་ཁ་མེདཔ་ལས་ ཁོང་ར་གིས་ མནོ་མི་དང་ དགའ་མི་ ཆོས་ཚན་ཚུ་ བཀག་དམ་འབད་ཡི་ཟེར་ཨིན་པས། སློབ་ཕྲུག་བུམོ་ཅིག་གིས་ བརྡ་བརྒྱུད་ཤེས་ཡོན་ ལྷབ་ནི་སྦེ་ཨིན་རུང་ ཏཱ་ལི་བཱན་ སྲིད་སྐྱོང་གི་ ལམ་ལུགས་དང་འཁྲིལཝ་ད་ གནོད་ཉེན་ཅན་གྱི་ ཆོས་ཚན་ཚུ་ ལྷབ་དགོཔ་སྦེ་ སླབ་སྟེ་ཡོད་ཟེར་ཨིན་པས། སྤྱི་ལོ་ ༢༠༢༡ ལས་ ཏཱ་ལི་བཱན་གྱིས་ རྒྱལ་ཁབ་སྐྱོང་ནི་ འགོ་བཙུགས་པའི་ཤུལ་ལུ་ བུམོ་མང་ཤོས་ཅིག་ སློབ་གྲྭའི་ནང་ འགྱོ་ནི་ལས་བཀག་དམ་ཡོདཔ་མ་ཚད་ སྒེར་སྡེ་གཙུག་ལག་སློབ་གྲྭའི་ནང་ འཛུལ་ཞུགས་འབད་མི་ བུམོ་ཚུ་ལུ་ཡང་ ཆོས་ཚན་ཚུ་ གཞུང་གིས་ ཚད་འཛིན་འབད་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

ར་ཤི་ཡ་གིས་ ཡུ་ཀེ་རེན་གྱི་ ལུང་ཕྱོགས་ ༤ ཁོང་གི་འོག་ལུ་ བཙུགས་ནི་འབད་མི་ལུ་ འཛམ་གླིང་སྤྱི་ཚོགས་ཀྱི་ ཡོངས་ཁྱབ་ཚོགས་འདུའི་ལས་ ངོས་ལེན་མེདཔ།

བི་བི་སི།འཛམ་གླིང་སྤྱི་ཚོགས་ཀྱི་ ཡོངས་ཁྱབ་ཚོགས་འདུའི་ནང་ལས་ ར་ཤི་ཡ་གིས་ ཡུ་ཀེ་རེན་གྱི་ ལུང་ཕྱོགས་ ༤ ཁོང་གི་མངའ་འོག་ལུ་ ཚུདཔ་ཨིན་ཟེར་ སླབ་མི་དེ་ ངོས་ལེན་མེདཔ་སྦེ་ འཐུས་མི་ཡོངས་ཀྱིས་ ཚོགས་རྒྱན་བསྐྱུར་ནུག།དེ་ཡང་ རྒྱལ་ཁབ་ ༡༤༣ དང་ མངའ་སྡེ་ ༣༥ གིས་ ངོས་ལེན་མེད་པའི་ ཚོགས་རྒྱན་བསྐྱུར་ཡོད་རུང་ རྒྱ་ནག་དང་ རྒྱ་གར་ ༢ ཀྱིས་ འཛེམ་སྡོད་ཡོདཔ་ད་ བེ་ལ་རུཛ་དང་ བྱང་ཀོ་རི་ཡ་ སི་རི་ཡ་ ནི་ཀ་ར་གུ་ཝ་ རྒྱལ་ཁབ་ ༤ གིས་ ཚོགས་རྒྱན་མ་བསྐྱུར་བར་ ཟུར་ཁར་ཐོན་ཏེ་ སྡོད་ཡོདཔ་ཨིན་པས།ར་ཤི་ཡ་གིས་ ཡུ་ཀེ་རེན་གྱི་ རྒྱལ་ཁབ་འཕྱོག་ནི་ འགོ་བཙུགས་ཞིནམ་ལས་ཚུར་ ད་ཚུན་གྱི་རིང་ལུ་ ར་ཤི་ཡའི་ རྒྱབ་འགལ་ལུ་ ཚོགས་རྒྱན་བསྐྱུར་མི་དེ་ མཐོ་ཤོས་ཅིག་ཨིནམ་མ་ཚད་ ར་ཤི་ཡ་གིས་ ར་ཁུངས་མེད་པར་ ཡུ་ཀེ་རེན་གྱི་ ལུང་ཕྱོགས་ ༤ ཁོང་གི་མངའ་འོག་ལུ་ ཚུདཔ་ཨིན་ཟེར་ སླབ་མི་དེ་ལུ་ཡང་ ངོ་ཚ་དགོཔ་ཅིག་ཨིནམ་སྦེ་ འཐུས་མི་ཚུ་གིས་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

རྒྱ་ནག་གི་ ཁྲོམ་སྡེ་ཚུ་ནང་ གློག་བརྟེན་འགྲུལ་འཁོར་ཚུ་ ཚར་གཅིག་གུ་ཡར་འཕར།

བི་བི་སི། ལོ་ ༥ གི་ཧེ་མར་ རྒྱ་ནག་གི་ ཁྲོམ་སྡེ་ཚུ་ནང་ མར་ཁུ་བླུགས་དགོ་མི་ གླ་འཁོར་ཚུ་ ག་དེ་དྲག་དྲག་ བཀག་དམ་འབད་དེ་ གློག་ཤུགས་ལུ་བརྟེན་པའི་ གླ་འཁོར་མང་སུ་ བཙུགས་དགོཔ་སྦེ་ བཤད་མི་དང་འཁྲིལ་ཏེ་ ད་རེས་ནངས་པར་ ཁྲོམ་སྡེ་ཚུ་ནང་ གློག་ཤུགས་ལུ་བརྟེན་པའི་ གླ་འཁོར་མང་རབས་ཅིག་ མཐོང་ཚུགསཔ་ཨིན་པས། དེ་མ་ཚད་ ཁྲོམ་སྡེ་མང་ཤོས་ཅིག་ནང་ གློག་བརྟེན་གླ་འཁོར་གྱི་ དེད་གཡོགཔ་ཚུ་ གློག་ཤུགས་བསྐྱར་གསོའི་དོན་ལུ་ དུས་ཡུན་ཆུ་ཚོད་ ༢ དེ་རེ་ སྒུག་མ་དགོ་པར་ ས་གོ་ཚུ་གི་ནང་ལས་ འཕྲུལ་ལྟོ་ཚུ་ཡང་ བརྗེ་སོར་གྱི་དོན་ལུ་ འཐོབ་ཆོག་ཆོག་ཡོདཔ་ཨིན་པས། ད་རེས་ནངས་པར་ རྒྱ་ནག་ལུ་ དུས་ནམ་ཡང་ བྱུང་མ་མྱོང་པའི་ དེ་བཟུམ་མའི འཕྲུལ་རིག་ཚར་གཅིག་གུ་ཐོན་ཏེ་ གཞུང་འཁོར་དང་ གླ་འཁོར་ཚུ་གིས་མ་ཚད་པར་  སྒེར་མི་ལེཤ་ཅིག་གིས་ཡང་ གློག་བརྟེན་འགྲུལ་འཁོར་ཚུ་ མཁོ་མངགས་འབདཝ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
Online now: 7 Today: 753 Total visitors: 10783