ArchiveAboutContact

Category: འཛམ་གླིང་གནས་ཚུལ།

World News

རྒྱ་གར་ལུ་ ཚོགས་རྒྱན་འགོ་དང་པ་བཙུགས་མི་ ཨ་རྒས་གྱོངས་ཡོདཔ།

བི་བི་སི། རྒྱ་གར་གྱི་མངའ་སྡེ་ ཧི་མ་ཅཱལ་ པར་དེཤ་ལུ་ སྐྱེས་ལོ་ ༡༠༥ འབད་མི་ ཤེམ་ས་རཱན་ནེ་གི་ཟེར་མི་ ཨ་རྒས་ཀྱིས་ ཁོ་རའི་མངའ་སྡེའི་ནང་ ཚོགས་རྒྱན་བཙུགས་ཏེ་ ཉིན་གྲངས་ ༣ གྱི་ཤུལ་ལས་ སྤྱི་ཟླ་ ༡༡ པའི་ཚེས་ ༦ ལུ་ གྱོངས་སོངཔ་ཨིན་པས། དེ་ཡང་ རྒྱ་གར་གྱིས་ བི་རི་ཊིཤ་ལས་ རྒྱལ་ཁབ་རང་དབང་རང་བཙན་ ཐོབ་པའི་ཤུལ་ལས་ ཧི་མ་ཅཱལ་ པར་དེཤ་མངའ་སྡེའི་ནང་ སྤྱི་ལོ་ ༡༩༥༡ ལུ་ བཙག་འཐུའི་ལམ་ལུགས་ འགོ་བཙུགས་ཡོདཔ་བཞིན་དུ་ ཁོ་གིས་ཡང་ དེ་བསྒང་ ཚོགས་རྒྱན་འགོ་དང་པ་ བཙུགས་ནུག་ཟེར་ཨིན་པས། སློབ་དཔོན་བགྲེསཔ་ ཨ་རྒས་དེ་གིས་ ཁོར་འི་མི་ཚེའི་ནང་ བཙག་འཐུའི་དོན་ལས་ ཚོགས་རྒྱན་ཚུ་ ཚར་གཅིག་ཡང་མ་ཆད་པར་ བཙུགས་ཡོདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

ཏཱན་ཛི་ནི་ཡའི་ གནམ་གྲུ་ཅིག་ལུ་ ཐུག་རྐྱེན་བྱུང་སྟེ་ མཁའ་འགྲུལཔ་ ༡༩ ལུ་ཤི་རྐྱེན།

བི་བི་སི། ཏཱན་ཛི་ནི་ཡའི་ འགྲུལ་སྐྱེལ་གནམ་གྲུ་ཅིག་ བུ་ཀོ་བཱ་ ཁྲོམ་གྱི་སྦོ་ལོགས་ཁར་ཡོད་མི་ མཚོའི་མཐའ་མར་ ཆགས་ནི་འབདཝ་ད་ ཐུག་རྐྱེན་བྱུང་སྟེ་ མཁའ་འགྲུལཔ་ ༤༣ ལས་ ༡༩ ལུ་ ཤི་རྐྱེན་བྱུང་ནུག། དེ་སྦེ་ ཐུག་རྐྱེན་བྱུང་པའི་སྐབས་ལུ་ ས་ཁོངས་དེ་ནང་ ཉ་བཟུང་མི་ཚུ་གིས་ གནམ་གྲུའི་ནང་ལས་ མཁའ་འགྲུལཔ་ལེ་ཤ་ཅིག་ སྲོག་རྐྱབ་འབད་ཡོདཔ་ཨིན་པས། ཐུག་རྐྱེན་དེ་ སྤྱི་ཟླ་ ༡༡ པའིཚེས་ ༧ གྱི་དྲོ་པར་ ཆུ་ཚོད་ ༥ དང་སྐར་མ་ ༥༠ དེ་ཅིག་ཁར་ བྱུང་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

ར་ཤི་ཡ་གིས་ དྲག་ཐོག་དབང་བཙོང་ཐོག་ལས་ ཡུ་ཀེ་རེན་གྱི་ གློག་མེ་ལུ་གནོད་སྐྱོན།

བི་བི་སི།ར་ཤི་ཡའི་ དམག་མི་ཚུ་གིས་ དམག་གི་གདོང་ལན་ བཟེད་མ་ཚུགས་པའི་བསྒང་ལས་ དྲག་ཐོག་དབང་བཙོང་འབད་དེ་ མེ་དང་ ནུས་ཤུགས་ཚུ་ མེདཔ་བཏང་མས་ཟེར་ ཡུ་ཀེ་རེན་གྱི་སྲིད་འཛིན་ ཟེ་ལེནཛ་ཀི་གིས་ ཉེས་འཛུགས་བཀལ་ནུག།དེ་ཡང་ བདུན་ཕྲག་ ༡ གི་ཧེ་མར་ ར་ཤི་ཡ་གིས་ དྲག་ཐོག་དབང་བཙོང་ཐོག་ལས་ མི་ཛ་ཡེལ་བཏང་སྟེ་ གློག་མེའི་འཕྲུལ་ཨམ་གུ་ གནོདཔ་བཀལ་ཡོདཔ་ལས་ མི་སེར་ས་ཡ་ ༤.༥ དེ་ཅིག་ གློག་མེ་མེད་པར་ཡོདཔ་ཨིན་པས།སྲིད་འཛིན་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ ར་ཤི་ཡའི་ དམག་མི་ཚུ་གིས་ དམག་ག་དེ་སྦེ་ར་རྐྱབ་རུང་ བྱང་ཕྱད་མ་ལྕོགས་པའི་བསྒང་ལས་ དམག་མི་མེད་སའི་ མངའ་ཁོངས་ཚུ་ནང་ གློག་མེའི་གཞི་རྟེན་མཁོ་ཆས་ཚུ་ མེདཔ་བཏང་མས་ཟེར་ཨིན་པས།དེ་བཟུམ་སྦེ་ འདས་པའི་ཟླཝ་ནང་ཡང་ ཡུ་ཀེ་རེན་གྱི་ གློག་མེ་འཕྲུལ་ཁང་ལྟེ་བ་ ཨང་ ༣ པ་དེ་ མེདཔ་བཏང་ཡོདཔ་ལས་ ཡུ་ཀེ་རེན་གཞུང་གིས་ མི་སེར་ཚུ་ལུ་ གློག་མེ་ཉུང་སུ་སྦེ་ ལག་ལེན་འཐབ་དགོ་པའི་སྐོར་ལས་ སླབ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

འཛམ་གླིང་རྒྱལ་སྤྱིའི་ནང་ ནུས་ཤུགས་དང་ མ་དངུལ་གྱི་དཀའ་ངལ།

བི་བི་སི།གནམ་གཤིས་མཁས་མཆོག་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ སྤྱི་ལོ་ ༢༠༢༢ ལོར་ འཛམ་གླིང་རྒྱལ་སྤྱིའི་ནང་ ནུས་ཤུགས་དང་ མ་དངུལ་གྱི་ དཀའ་ངལ་སྦོམ་སྦེ་ར་ འཐོན་པ་ལུ་བརྟེན་ཏེ་ གནམ་གཤིས་འགྱུར་བགྲོད་དང་འབྲེལ་བའི་ ལཱ་འབད་དགོཔ་ཚུ་ མར་འབབ་སོང་ཡི་ཟེར་ཨིན་པས།དེ་ཡང་ བདུན་ཕྲག་ཧེ་མའི་ནང་ འཛམ་གླིང་སྤྱི་ཚོགས་ཀྱིས་ འཛམ་གླིང་འདི་ གློ་བུར་དུ་ འཇིག་རྐྱེན་འབྱུང་སྲིད་ནི་ཨིན་པའི་ ཉེན་བརྡ་འབད་ཡོད་རུང་ ཡུ་ཨེཛ་གིས་ ཁྲིམས་གསར་རྩོམ་འབད་མི་དང་ བཱ་ར་ཛིལ་གྱི་ གཞུང་སྐྱོང་སོར་ནི་དེ་གིས་ ཨེ་མ་ཟཱོན་གྱི་ ཆར་ལྡན་ནགས་ཚལ་ཚུ་ མེདཔ་གཏང་ནི་ལས་ རྒྱབ་འགལ་འབད་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།ག་དེ་སྦེ་ར་ཨིན་རུང་ བདུན་ཕྲག་ཤུལ་མའི་ནང་ རྒྱལ་ཁབ་ཀྱི་ དབུ་ཁྲིད་ཚུ་ ཨི་ཇིབ་ལུ་ ཀོབ་ ༢༧ ཟེར་མི་ ཞལ་འཛོམས་ནང་ འབྱོན་ནི་ཨིནམ་ལས་ དེ་བསྒང་ གསུང་གྲོས་གནང་ནི་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

རྒྱ་གར་གྱི་རྒྱལ་ས་ དྷི་ལི་ལུ་ རླུང་མའི་སྤུས་ཚད་ མར་ཉམས་ཏེ་ དུག་རླུང་ཁྱབ་སྤེལ།

བི་བི་སི།རྒྱ་གར་གྱི་རྒྱལ་ས་ དྷི་ལི་ལུ་ རླུང་མའི་སྤུས་ཚད་ མར་ཉམས་ཏེ་ གནོད་ཉེན་ཅན་ཅིག་ལུ་ འགྱུར་ཡོདཔ་ལས་ སྲིད་ཚོགས་ཀྱི་ འགོ་འཁྲིདཔ་ཚུ་གིས་ གཅིག་གིས་གཅིག་ལུ་ རྫུན་ཁ་བཀལཝ་ཨིན་པས།དྷི་ལིའི་གཞུང་སྐྱོང་ཚོགས་པ་ ཨམ་ཨཱད་མིའི་ འཐུས་མི་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཁོང་གིས་ཕུལ་མི་ དཀའ་ངལ་སེལ་ཐབས་ཀྱི་ ལམ་སྟོན་ཚུ་ དབུས་གཞུང་གིས་ ཁས་ལེན་འབད་མ་བཏུབ་པའི་ ཁ་ཉེས་བཀལཝ་ཨིན་པས།དེ་ལས་ དབུས་གཞུང་གི་ བྷ་ར་ཏི་ཡ་ ཇ་ན་ཏ་ཚོགས་པའི་ མཐའ་འཁོར་བློན་པོ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཨམ་ཨཱད་མི་ཚོགས་པའི་ འགོ་འཁྲིདཔ་ཚུ་གིས་ དྷི་ལི་དེ་ དུག་རླུང་འཐོན་སའི་ ཁང་མིག་བཟུམ་ཅིག་སྦེ་ བཟོ་ཡོདཔ་སྦེ་ ཁ་བཏངམ་ཨིན་པས།དུག་རླུང་དེ་ཡང་ ཐལཝ་དང་ བཟོ་གྲྭ་ཁང་དང་ སྣུམ་འཁོར་གྱི་ དུ་པ་ཚུ་ལས་ ཐོན་པའི་ཁར་ གནམ་དགུན་གྱི་དུས་ལུ་ མི་སེར་སོ་ནམ་པ་ཚུ་གིས་ ལོ་ཐོག་བརྔ་ཤུལ་ཚུ་ མེར་བཏང་མི་དེ་གིས་ཡང་ གནམ་སྟོང་ནང་ ས་སྨུག་སྤུར་དོ་བཟུམ་སྦེ་ འགྱོཝ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

མ་ཡཱན་མར་གྱི་ ཁྲིམས་རྩོད་པ་བགྲེསཔ་ཅིག་ལུ་ ལོ་ངོ་ ༡༧༣ གྱི་ བཙོན་ཁྲིམས་བཀལ་ཡོདཔ།

ཨེ་བི་སི།མ་ཡན་མར་ལུ་ དྲག་པོའི་སྲིད་གཞུང་གི་ ཁྲིམས་ཁང་ཅིག་གིས་ གཞུང་སྐྱོང་ལས་ བཏོན་བཏང་མི་ ཨམ་ཨང་སན་སུ་ཀིའི་ སྲིད་ཚོགས་ནང་ལས་ཨིན་མི་ ཁྲིམས་རྩོད་པ་བགྲེསཔ་ཅིག་ལུ་ དྲག་ཐོག་དབང་བཙོང་གི་ ཉེས་འཛུགས་འབད་དེ་ ལོ་ངོ་ ༡༤༨ ཀྱི་ བཙོན་ཁྲིམས་བཀལ་མི་དེ་ ཧེ་མ་ལས་ བཙོན་ཁྲིམས་ཕོག་མི་རྩིས་ཏེ་ ལོ་ངོ་ ༡༧༣ གྱི་ བཙོན་ཁྲིམས་བཀལ་ཡོདཔ་ཨིན་པས།དེ་ཡང་ སྐྱེས་ལོ་ ༥༢ འབད་མི་ ཝིན་མིན་ལྷང་ལུ་ བཀལ་ཡོདཔ་ད་ བཙོན་ཁྲིམས་དེ་ སྤྱི་ལོ་ ༢༠༢༡ སྤྱི་ཟླ་ ༢ པའི་ཚེས་ ༡ ལུ་ དྲག་པོའི་སྲིད་གཞུང་ གསར་བཙུགས་ཐོག་ལས་ དོ་དམ་ནང་ཡོད་མི་ ཨམ་སུ་ཀིའི་གཞུང་དང་ སྲིད་ཚོགས་ཀྱི་ འཐུས་མི་གང་རུང་ལུ་བཀལ་མི་ བཙོན་ཁྲིམས་ཚུ་གི་གྲས་ལས་ དུས་ཡུན་རིང་ཤོས་ཅིག་ཨིནམ་ད་ སྲིད་དོན་ནང་ བརྩོན་ཤུགས་བསྐྱེད་མི་ མི་ངོམ་ ༤ ལུ་ཡང་ དྲག་ཐོག་དབང་བཙོང་གི་ ཉེས་འཛུགས་འབད་དེ་ སྲོག་ཐོག་གི་ ཉེས་ཁྲིམས་བཀལ་ནུག།ཨམ་སུ་ཀིའི་ སྲིད་ཚོགས་ཀྱི་ བརྡ་དོན་ཅིག་ནང་ བཀོད་དོ་བཟུམ་འབད་ཅིན་ དྲག་པོའི་སྲིད་གཞུང་གིས་ སྲིད་ཚོགས་ཀྱི་ […]

gyalchi
World News

རྒྱ་གར་ལུ་ ཊ་ཊ་ལས་སྡེ་གིས་ དམག་སྡེའི་དོན་ལས་ གནམ་གྲུ་བཟོ་བསྐྲུན།

བི་བི་སི།རྒྱ་གར་ལུ་ ཊ་ཊ་ལས་སྡེ་གིས་ དམག་སྡེའི་དོན་ལས་ གནམ་གྲུ་བཟོ་བསྐྲུན་འབད་ནི་ འགོ་བཙུགས་མི་དེ་ སྒེར་སྡེའི་ལས་འགུལ་ འགོ་དང་པ་ཨིན་པས།དེ་ཡང་ རྒྱ་གར་གཞུང་གིས་ གསལ་བསྒྲགས་འབད་བའི་ནང་གསལ་ ཊ་ཊ་ལས་སྡེ་དང་ ཨེ་ཡར་བཱཛ་ ༢ མཉམ་རུབ་ཐོག་ལས་ རྒྱ་གར་གྱི་ དམག་མི་ཚུ་ སྐྱེལ་འདྲེན་གྱི་དོན་ལུ་ གནམ་གྲུ་སི་-༢༩༥ བཟོ་བསྐྲུན་འབད་ནི་ འགོ་བཙུགས་ནུག།ལས་འགུལ་དེ་ལུ་ མ་དངུལ་རུ་པི་ཐེར་འབུམ་ ༢༡༩ གནས་ནི་ཨིནམ་ད་ རྒྱ་གར་གྱི་ ནུབ་ཕྱོགས་མངའ་སྡེ་ གུ་ཇཱ་རཱཏ་ལུ་ གཞི་བཙུགས་འབད་དེ་ཡོད་མི་ བཟོ་བསྐྲུན་སྡེ་ཕྲན་དེ་ སྤྱི་ཟླ་ ༡༠ པའི་ཚེས་ ༣༡ ལུ་ རྒྱ་གར་གྱི་བློན་ཆེན་ ན་རེན་ད་ར་ མོ་དི་མཆོག་གིས་ གཞུང་འབྲེལ་ཐོག་ཏུ་ འགོ་འབྱེད་མཛད་ནི་ཨིན་པས།རྒྱ་གར་ལུ་ སྒེར་སྡེ་གིས་ དེ་བཟུམ་མའི་ གནམ་གྲུ་བཟོ་བསྐྲུན་འབད་མི་དེ་ འགོ་དང་པ་ཨིནམ་ད་ ད་ཚུན་གྱི་བར་ན་ དམག་སྡེའི་གནམ་གྲུ་ཚུ་ གཞུང་དབང་ལས་སྡེ་ ཧིན་དུཛ་ཏཱན་ མཁའ་འགྲུལ་རིག་པ་གིས་ བཟོ་བསྐྲུན་འབདཝ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

རྒྱ་ནག་གིས་ ནེ་དར་ལེན་ལུ་ ཁྲིམས་འགལ་ཐོག་ལས་ ཁྲིམས་སྲུང་འགག་སྡེའི་ ཡིག་ཚང་གཞི་བཙུགས།

བི་བི་སི།ནེ་དར་ལེན་ལུ་ རྒྱ་ནག་གཞུང་གིས་ ཁྲིམས་ལུགས་ལས་འགལ་བའི་ ཁྲིམས་སྲུང་འགག་སྡེའི་ ཡིག་ཚང་ ༢ གཞི་བཙུགས་འབད་ཡོད་པའི་ ཁ་ཉེས་ཕོག་ནུག།དེ་ཡང་ ཌཱཆ་བརྡ་བརྒྱུདཔ་ཚུ་གིས་ སྒྲུབ་བྱེད་ཐོབ་མི་དང་འཁྲིལ་པ་ཅིན་ ཕྱི་རྒྱལ་དང་འབྲེལ་བའི་ ཞབས་ཏོག་ལྟེ་བ་ཟེར་མི་ ཕྱི་འབྲེལ་སྲིད་སྐྱོང་གི་ ཡིག་ཚང་ནང་ རྒྱ་ནག་གཞུང་གིས་ ཡུ་རོབ་ལུ་ ཁྲིམས་ལུགས་དང་མ་མཐུན་པའི་ ལཱ་ཚུ་འབད་དེ་འདུག་ཟེར་ཨིན་པས།དེ་སྦེ་ གཞུང་གི་གནང་བ་མེད་པར་ ཁྲིམས་སྲུང་འགག་སྡེའི་ ཡིག་ཚང་གཞི་བཙུགས་འབད་མི་དེ་ ཁྲིམས་འགལ་ཨིན་ཨིན་པའི་སྐོར་ལས་ ཌཱཆ་ཕྱི་འབྲེལ་ལྷན་ཁག་ལས་ གསལ་བཤད་འབད་ནུག།ཨིན་རུང་ ནེ་དར་ལེན་ལུ་ཡོད་མི་ རྒྱ་ནག་གཞུང་ཚབ་ ཡིག་ཚང་ལས་ བཤད་དོ་བཟུམ་འབད་བ་ཅིན་ གནད་དོན་དེ་གི་སྐོར་ལས་ ཁོང་གིས་ ག་ནི་ཡང་མི་ཤེས་ཟེར་ཨིནམ་ད་ ག་དེ་སྦེ་ར་ཨིན་རུང་ ད་ལྟོ་ ཞིབ་དཔྱད་འབད་བའི་བསྒང་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

ནོར་ཝེ་ལུ་ ར་ཤི་ཡའི་ཧོངས་ལས་ བྱ་ལྟ་མི་ཨིན་པའི་ ཉེས་འཛུགས་ཐོག་ལུ་ ཕོ་སྐྱེས་ཅིག་འཛིན་བཟུང་།

བི་བི་སི། ནོར་ཝེ་ལུ་ཡོད་མི་ ཉེན་སྲུང་ལས་སྡེ་གིས་ གཙུག་ལག་སློབ་སྡེའི་ནང་ ལེགས་སྦྱར་བ་ཨིན་མི་ ཕོ་སྐྱེས་ཅིག་ ར་ཤི་ཡའི་ཧོངས་ལས་ བྱ་ལྟ་མི་ཨིན་པའི་ ཉེས་འཛུགས་ཐོག་ལུ་ འཛིན་བཟུང་འབད་ཡོདཔ་ཨིན་པས།དེ་ཡང་ རྒྱལ་ཡོངས་ཀྱི་ གཞི་རྩ་ལུ་ གནོད་ཉེན་འོང་སྲིད་ནི་ཨིནམ་ལས་ ཨོཛ་ལོ་ནང་འཁོད་ ཉེན་སྲུང་ལས་སྡེ་གིས་ བྱ་ལྟ་མི་ ངེས་ཏིག་ཨིནམ་སྦེ་ ངོས་འཛིན་འབད་བའི་ཤུལ་ལུ་ ལཱ་གཡོག་ནང་འགྱོ་བའི་ ལམ་ཁ་ལས་ འཛིན་བཟུང་འབད་ནུག།དོགས་པ་ཅན་དེ་ བཱ་ར་ཛིལ་ལས་ ཤེསཡོན་སྦྱང་ཡོདཔ་སྦེ་ གསལ་སྟོན་འབད་ཡོད་རུང་ གཞུང་འབྲེལ་ལུ་ མི་ཁུངས་ངོ་མ་ ར་ཤི་ཡཱན་ཨིནམ་སྦེ་ ངོས་འཛིན་བྱུང་ཡོདཔ་ཨིན་པས།ཨོཛ་ལོ་ལུ་ཡོད་མི་ ར་ཤི་ཡའི་ གཞུང་ཚབ་ཡིག་ཚང་ལས་ བཤད་དོ་བཟུམ་འབད་བཅིན་ དོགས་པ་ཅན་དེ་ རྒྱལ་ཁབ་ག་ཏེ་ལས་ཨིན་ན་ ཏན་ཏན་ཅིག་སྦེ་ ཤེས་མི་ཚུགས་པས་ཟེར་ཨིན་པས།ཨིན་རུང་ དོགས་པ་ཅན་དེ་ སྤྱི་ལོ་ ༢༠༢༡ ལས་ ནོར་ཝེ་རྒྱལ་ཁབ་ཀྱི་ བྱང་ཕྱོགས་ཁ་ཐུག་ལུ་ ཊོམ་སོ་གཙུག་ལག་སློབ་སྡེའི་ནང་ ཞིབ་འཚོལཔ་སྦེ་ སྡོད་ནུག་ཟེར་ཨིནམ་ད་ ཁོ་གི་ཁྲིམས་རྩོདཔ་གིས་ དེ་སྦེ་ ཉེས་འཛུགས་བཀལ་མི་ལུ་ ཁོ་གིས་ ཁ་བཟེད་མ་བཏུབ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

རྒྱ་གར་གྱི་ མི་བརྒྱུད་ཨིན་མི་ རི་ཤི་སུ་ནག་དེ་ བི་རི་ཊེན་གྱི་ བློན་ཆེན་གསརཔ་སྦེ་བསྐོ་བཞག།

ཨེ་བི་སི། རྒྱ་གར་གྱི་ མི་བརྒྱུད་ཨིན་མི་ རི་ཤི་སུ་ནག་དེ་ ལོ་ངོ་ ༡ གི་ ནང་འཁོད་ལུ་ བི་རི་ཊེན་གྱི་ བློན་ཆེན་ ༣ པ་སྦེ་ བཙག་འཐུ་གྲུབ་ཡོདཔ་ད་ དེ་ཡང་ རྒྱལ་ཁབ་དེ་ནང་ མ་དངུལ་གྱི་ དཀའ་ངལ་ཚུ་ལུ་བརྟེན་ཏེ་ དཔལ་འབྱོར་གྱི་ གནས་སྟངས་དེ་ ཉེན་ཁ་ཅན་ཅིག་ལུ་ གྱུར་ཡོདཔ་ལས་ མི་སེར་ས་ཡ་ལས་ བཅད་མི་ཚུ་ལུ་ བཟའ་འཐུང་དང་ ནུས་ཤུགས་ཀྱི་ཁྲལ་ཚུ་ བཏབ་ནི་ལུ་ཡང་ དཀའ་ངལ་སྦོམ་ ཐོན་ཏེ་ཡོད་མི་ཚུ་ བསལ་ནི་གི་ འགན་ཁུར་འཁྲིཝ་ཨིན་པས།སྤྱི་ཟླ་ ༡༠ པའི་ཚེས་ ༢༥ ལུ་ རི་ཤི་སུ་ནག་དེ་ བ་ཀིང་ཧམ་ ཕོ་བྲང་ནང་ རྒྱལ་པོ་ཅཱལཛ་ ༣ པའི་ སྐུ་མདུན་ལུ་ བཅར་ཡོདཔ་བཞིན་དུ་ རྒྱལཔོ་མཆོག་གིས་ གཞུང་སྐྱོང་འབད་མི་ ཀཱན་སར་བེ་ཊིབ་ སྲིད་ཚོགསཀྱི་ འགོ་ཁྲིད་གསརཔ་དེ་གིས་ ལམ་ལུགས་དང་འཁྲིལ་ཏེ་ གཞུང་བཙུགས་དགོ་པའི་ བཀའ་རྒྱ་གནང་ནུག།དེ་གི་ཧེ་མར་ ཨམ་ལིཟ་ཊཱཛ་གི་ དུས་ཡུན་ཐུང་ཀུ་ཅིག་གི་རིང་ལུ་ བློན་ཆེན་གྱི་ གོ་གནས་འཆང་བའི་ དུས་སྐབས་ནང་ […]

gyalchi
Online now: 6 Today: 830 Total visitors: 10860