ArchiveAboutContact

Category: འཛམ་གླིང་གནས་ཚུལ།

World News

ཊར་ཀི་ལུ་ ས་ཡོམ་གྱིས་ སྡོད་ཁྱིམ་མེད་པར་ ལུས་མི་དང་ ཉམ་ཐག་ཚུ་ལུ་གྲོགས་རམ།

རོའི་ཊརཛ། སྤྱི་ཟླ་ ༢ པའི་ཚེས་ ༡༧ ལུ་ ཊར་ཀི་རྒྱལ་ཁབ་ནང་ ས་ཡོམ་ཤུགས་སྦོམ་རྐྱབ་སྟེ་ མི་གྲངས་ས་ཡ་ལས་བཅད་མི་ཚུ་ སྡོད་ཁྱིམ་མེད་པར་ གུར་དང་ སློབ་ཁང་ དེ་ལས་ སློབ་གྲྭ་ཁག་དང་ སྣུམ་འཁོར་ཚུ་ནང་ ཉལ་དོ་ཡོདཔ་ད་ རྐྱེན་ངན་དེ་གིས་ མི་གྲངས་ ༤༢,༠༠༠ ལྷགཔ་ཅིག་ལུ་ ཤི་རྐྱེན་བྱུང་པའི་ཤུལ་ལས་ རྒྱལ་སྤྱིའི་གྲོགས་རམ་ལས་སྡེ་ཚུ་གིས་ གྲོགས་རམ་ཚུ་ ཡར་སེང་འབདཝ་ཨིན་པས།སྤྱི་ཟླ་ ༢ པའི་ཚེས་ ༡༦ ལུ་ མི་ངོམ་ ༢ གསོན་པོ་སྦེ་ རག་རོ་ནང་ལས་ བཏོན་ཡོདཔ་ད་ དེ་བཟུམ་མའི་ སྲོག་རྐྱབ་འབད་མི་དེ་ དཀོན་སུ་ཅིག་ཨིནམ་ལས་ མི་ཚུ་རེ་ཐག་ཆོད་དེ་ ཁོང་ཁྲོ་ལངས་པའི་ གཞི་ཅིག་ལུ་གྱུར་ནུག།ཊར་ཀིའི་ཤར་ལྷོ་ས་གནས་ ཀ་ར་མཱན་མ་རཱཛ་ལུ་ སྡོད་ཁྱིམ་རམ་འགྱོ་མིའི་ནང་ལས་ཡང་ བུམོ་སྐྱེས་ལོ་ ༡༧ འབད་མི་ཅིག་ཡང་ གསོན་པོ་སྦེ་ ཕྱིར་བཏོན་འབད་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

རྒྱ་གར་གྱི་ མཁའ་འགྲུལ་ལས་སྡེ་ ཨེ་ཡར་ཨིན་ཌ་ཡ་གིས་ གནམ་གྲུ་ ༨༤༠ མཁོ་མངགས།

ཨེན་ཌི་ཊི་ཝི། རྒྱ་གར་ལུ་ ཊ་ཊ་ལས་སྡེ་གི་ བདག་དབང་ཐོག་ལུ་ཡོད་མི་ ཨེ་ཡར་ཨིན་ཌི་ཡ་གིས་ གནམ་གྲུ་ཨེ་ཡར་བཱཛ་དང་ བོ་ཡིང་འཕྲུལ་ཁང་ལས་ གནམ་གྲུ་ ༨༤༠ མཁོ་མངགས་འབད་མི་ཚུ་གི་གྲས་ལས་ གནམ་གྲུ་ ༣༧༠ མཁོ་སྒྲུབ་ཀྱི་ གདམ་ཁ་ཡོདཔ་ཨིན་པས།དེ་ཡང་ སྤྱི་ཟླ་ ༢ པའི་ཚེས་ ༡༦ ལུ་ ཊ་ཊ་ལས་སྡེའི་ འགོ་དཔོན་ཅིག་གིས་ དེ་བཟུམ་མའི་ མཁོ་མངགས་འབད་མི་དེ་ རྒྱ་གར་གྱི་ མཁའ་འགྲུལ་ལས་སྡེའི་ནང་་ འབྱུང་རབས་ཅན་གྱི་ གནད་དོན་ཅིག་ཨིན་ཟེར་བཤད་ནུག།ཨེ་ཡར་ཨིན་ཌི་ཡའི་ ཚོང་འབྲེལ་དང་ གཞི་སྒྱུར་འགོ་དཔོན་གཙོ་འཛིན་ ནི་པུན་ཨ་གར་ཝཱལ་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ ཨེ་ཡར་བཱཛ་ནང་ལས་ གནམ་གྲུ་ ༢༥༠ དང་ བོ་ཡིང་ནང་ལས་ གནམ་གྲུ་ ༢༥༠ མཁོ་མངགས་འབད་དེ་ཡོད་ཟེར་ཨིན་པས།དེ་སྦེ་ མཁོ་མངགས་འབད་མིའི་ནང་ ཤུལ་མའི་ལོ་ངོ་བཅུ་ཐམ་གྱི་རིང་ལུ་ གནམ་གྲུ་ ༤༧༠ དང་ གདམ་ཁ་ ༣༧༠ གྱི་དོན་ལུ་ ཉོ་སྒྲུབ་ཀྱི་ བདག་དབང་ཚུ་ ཐོབ་སྟེ་ཡོདཔ་ད་ དེ་ཡང་ དེང་སང་གི་དུས་ལུ་ མཁའ་འགྲུལ་ལས་སྡེ་ཅིག་གིས་ གནམ་གྲུ་གྱངས་ཁ་མཐོ་ཤོས་ མཁོ་མངགས་འབད་མི་དེ་ […]

gyalchi
World News

ས་སྣུམ་གྱིས་ཕྱུག་པའི་ ནོར་ཝེ་རྒྱལ་ཁབ་ཀྱིས་ ཡུ་ཀེ་རེན་ལུ་ ཌོ་ལར་ཐེར་འབུམ་ ༧.༤ གི་གྲོགས་རམ།

ཨེ་བི་སི། སྤྱི་ཟླ་ ༢ པའི་ཚེས་ ༡༦ ལུ་ ས་སྣུམ་གྱིས་ཕྱུག་པའི་ ནོར་ཝེ་རྒྱལ་ཁབ་ཀྱིས་ ད་རེས་ནངས་པར་ དམག་འཁྲུག་ལང་བཞིན་དུ་ཡོད་མི་ ཡུ་ཀེ་རེན་རྒྱལ་ཁབ་ལུ་ ལོ་ངོ་ ༥ གི་དོན་ལས་ ཌོ་ལར་ཐེར་འབུམ་ ༧.༤ དེ་ཅིག་ ཞལ་འདེབས་སྦེ་ བྱིན་ནི་ཨིན་མི་དེ་ ད་ཚུན་གྱི་བར་ན་ ཡུ་ཀེ་རེན་ལུ་ གྲོགས་རམ་བྱིན་མི་ཚུ་གི་གྲས་ལས་ མཐོ་ཤོས་ཅིག་ཨིན་པས།དེ་འབདཝ་ལས་ ཡུ་ཀེ་རེན་གྱི་སྲིད་འཛིན་ ཝོ་ལོ་ཌི་མིར་ ཟེ་ལེནཛ་ཀི་གིས་ འཐུས་མི་ ༡༦༩ ཡོད་མི་ ནོར་ཝེའི་སྤྱི་ཚོགས་ལུ་ དངོས་མཐོང་གློག་འཕྲིན་ཐོག་ལས་ བཀའ་དྲིན་དགའ་ཚོར་ཡོད་ལུགས་ཚུ་བཤད་ནུག།ཞལ་འདེབས་དེ་གི་སྐོར་ལས་ ནོར་ཝེའི་སྲིད་ཚོགས་ རེཌ་པར་ཊི་ཟེར་མི་གིས་ ཞལ་འདེབས་དེ་གི་ ཆ་ཤས་ཅིག་ མཚོན་ཆའི་དོན་ལུ་ མ་བཏུབ་སྦེ་ བཀག་ཆ་འབད་ཡོད་རུང་ སྲིད་དོན་ཚོགས་པ་ གཞན་ ༡༠ གྱི་ འགོ་ཁྲིདཔ་ཚུ་གིས་ རྒྱབ་སྐྱོར་འབད་ཡོདཔ་ལས་ ཚོགས་རྒྱན་མ་བསྐྱུར་བར་ ཞལ་འདེབས་བྱིན་ནི་ལུ་ ཁ་འཆམས་ཡོདཔ་ཨིན་པས།ཞལ་འདེབས་ཀྱི་ མ་དངུལ་དེ་ དྲག་པོའི་དམག་སྡེ་དང་ འགྲོ་བ་མིའི་གྲོགས་རམ་ ༢ ཀྱི་དོན་ལུ་ འདྲ་མཉམ་སྦེ་ བགོ་བཤའ་རྐྱབ་ནི་ཨིནམ་ད་ […]

gyalchi
World News

ཡུ་ཀེ་རེན་སྲིད་འཛིན་གྱིས་ མཐུན་གྲོགས་རྒྱལ་ཁབ་ཚུ་ལུ་ དམག་གི་གྲོགས་རམ་ཚུ་ གང་མགྱོགས་བཏང་དགོ་པའི་ནན་བསྐུལ།

རོའི་ཊརཛ། སྤྱི་ཟླ་ ༢ པའི་ཚེས་ ༡༥ ལུ་ བྱང་ཨེཊ་ལེན་ཊིག་ ཆིངས་ཡིག་ཚོགས་པའི་ སྲུང་སྐྱོབ་བློན་པོ་ཚུ་གི་བར་ན་ ཞལ་འཛོམས་གནང་མི་དང་བསྟུན་ཏེ་ ར་ཤི་ཡ་གིས་ དམག་འཁྲུག་གི་ གནས་སྐབས་གསར་བརྩམས་ཐོག་ལས་ ཡུ་ཀེ་རེན་གྱི་ ཤར་ཕྱོགས་ཁ་ཐུག་ལུ་ རྫས་བམ་གྱི་ གནོད་འཚུབ་བཀལ་ཡོདཔ་ལས་ ཡུ་ཀེ་རེན་གྱི་སྲིད་འཛིན་ ཝོ་ལོ་ཌོ་མིར་ ཟེ་ལེནཛ་ཀི་གིས་ མཐུན་གྲོགས་རྒྱལ་ཁབ་ཚུ་ལུ་ དམག་གི་གྲོགས་རམ་ཚུ་ གང་མགྱོགས་ར་ བཏང་དགོ་པའི་ ནན་བསྐུལ་འབད་ནུག།ར་ཤི་ཡ་གིས་ རྫས་བམ་ཚུ་ སྲིད་འཛིན་པུ་ཊིན་གྱིས་ དམིགས་གཏད་དང་འཁྲིལ་ཏེ་ ཌོ་ནེ་ཊཛ་མངའ་སྡེའི་ཁྲོམ་ བཱག་མུཊ་ལུ་ དམིགས་ཚད་བསྐྱེད་དེ་ བཀོག་དོ་ཡོདཔ་ལས་ ཁྲོམ་ལམ་བདའ་སྟེ་ དམག་འཁྲུག་ལང་དགོཔ་ འཐོན་ནི་བཟུམ་ཅིག་ཡོདཔ་ཨིན་པས།གལ་སྲིད་ བཱག་མུཊ་ཁྲོམ་དེ་ ར་ཤི་ཡ་ལུ་ ཤོར་སོང་པ་ཅིན་ ཌོ་ནེ༌ཊཛ་མངའ་སྡེའི་ཁྲོམ་ ཀར་མ་ཊོརཛ་དང་ སི་ལོ་བི་ཡནཛ་ ༢ ཀྱི་ནང་ ར་ཤི་ཡའི་ དམག་མི་ཚུ་ལུ་ བཙན་འཛུལ་འབད་ནི་གི་ གོ་སྐབས་འཐོབ་ནི་ཨིན་པས།སྤྱི་ཟླ་ ༢ པའི་ཚེས་ ༡༤ ལུ་ བྱང་ཨེཊ་ལེན་ཊིག་ ཆིངས་ཡིག་ཚོགས་པའི་ སྲུང་སྐྱོབ་བློན་པོ་ཚུ་ དམག་འཁྲུག་བཀག་དམ་དང་ […]

gyalchi
World News

རྒྱ་ནག་གིས་ ཇ་པཱན་གྱི་ མཁའ་དབྱིངས་ལུ་ ལྒང་ཕུ་བཏང་མི་དེ་ ཁྲིམས་འགལ་ཨིན་པའི་ངོས་ལེན།

རོའི་ཊརཛ། སྤྱི་ཟླ་ ༢ པའི་ཚེས་ ༡༥ ལུ་ རྒྱ་པཱན་གཞུང་གི་ མགྲིན་ཚབ་ཅིག་གིས་ རྒྱ་པཱན་གྱི་ མཁའ་དབྱིངས་ལུ་ རྒྱ་ནག་གིས་ ཁྲིམས་འགལ་ཐོག་ལས་ མི་མེད་པའི་ གསང་ཞིབ་ལྒང་ཕུ་ཚུ་ བཏང་ནི་དེ་ རྩ་ལས་ར་ ངོས་ལེན་མ་རུང་བའི་ གནད་དོན་ཅིག་ཨིནམ་སྦེ་ གསལ་བཤད་འབད་ནུག།དེ་ཡང་ རྒྱ་པཱན་གྱི་ སྲུང་སྐྱོབ་ལྷན་ཁག་ལས་ བཤད་དོ་བཟུམ་འབད་བ་ཅིན་ སྤྱི་ལོ་ ༢༠༡༩ ལས་ཚུར་ རྒྱ་ནག་གི་ གསང་ཞིབ་ལྒང་ཕུ་ ཉུང་ཤོས་ར་ ཚར་ ༣ དེ་ཅིག་ ཁོང་གི་མཁའ་དབྱིངས་ལུ་ བཏང་ཡོད་པའི་ དོགས་པ་ཡོད་ཟེར་ཨིན་པས།རྒྱ་པཱན་ལྷན་རྒྱས་གཞུང་ཚོགས་ཀྱི་ དྲུང་ཆེན་གཙོ་འཛིན་ ཧི་རོ་ཀ་ཟུ་ མ་ཙུ་ནོ་གིས་ གནས་ཚུལ་ཞལ་འཛོམས་ཅིག་ནང་ བཤད་དོ་བཟུམ་འབད་བ་ཅིན་ རྒྱ་པཱན་གྱི་ མཁའ་དབྱིངས་ལུ་ བཟོ་དབྱིབས་ལྒང་ཕུ་བཟུམ་མའི་ མཁའ་ཐོག་ཅ་ལ་ཚུ་ལུ་ ཞིབ་དཔྱད་འབད་བའི་ཤུལ་ལས་ རྒྱ་ནག་གི་ མི་མེད་པའི་ གསང་ཞིབ་ལྒང་ཕུ་ཨིན་པའི་ དོགས་པ་སྦོམ་ཡོད་ཟེར་ཨིན་པས།རྒྱ་པཱན་གཞུང་གིས་ ཁོང་གི་མཁའ་དབྱིངས་ལུ་ ཧམ་འཛུལ་འབད་མི་ཚུ་ལས་ ཉེན་སྲུང་འབད་ཐབས་ལུ་ ལག་ལེན་འཐབ་དགོ་མི་ གོ་མཚོན་ཚུ་ དམ་འཛིན་ཡངས་ཆག་གཏང་ནི་གི་ གྲོས་འཆར་ཡང་བཀོད་ནུག།ཞིབ་དཔྱད་དེ་ཡང་ […]

gyalchi
World News

རྒྱ་གར་རྒྱལ་ཁབ་ནང་ ཨ་ལོ་ ༡༠,༠༠༠ ལྷགཔ་ཅིག་ ཁྲོམ་ལམ་བདའ་སྟེ་ སྡོད་དོ་ཡོདཔ།

ཨེན་ཌི་ཊི་ཝི། རྒྱ་གར་རྒྱལ་ཁབ་ནང་ ཨ་ལོ་ ༡༠,༠༠༠ ལྷགཔ་ཅིག་ ཁོང་རའི་བཟའ་ཚང་ཚུ་དང་གཅིག་ཁར་ ཁྲོམ་ལམ་བདའ་སྟེ་ སྡོདཔ་ཨིན་པས།དེ་ཡང་ སྤྱི་ཟླ་ ༢ པའི་ཚེས་ ༡༠ ལུ་ རྒྱ་གར་གྱི་ ཚོགས་ཁང་འོག་མའི་ནང་ དྲི་བ་བཀོད་པའི་ལན་ལུ་ ཨམ་སྲུ་དང་ ཨ་ལོ་གོང་འཕེལ་ལྷན་ཁག་གི་ བློན་པོ་གིས་ ཁྲོམ་ལམ་བདའ་སྟེ་སྡོད་མི་ ཨ་ལོའི་གྲངས་དཔྱད་སྡེ་ཚན་ བཱལ་རཱཇི་སོ་ཝ་རཱཇ་ཟེར་མི་ ཡོངས་འབྲེལ་ནང་ལས་ གནད་སྡུད་ཚུ་ སྟོན་ཐོག་ལས་ གསལ་བཤད་འབད་ནུག།གནད་སྡུད་དེ་ནང་ ཨ་ལོ་ ༡༩,༥༤༦ དེ་ཅིག་ ཁྲོམ་ལམ་བདའ་སྟེ་ཡོད་མིའི་གྲས་ལས་ རང་སོའི་བཟའ་ཚང་དང་གཅིག་ཁར་ ཨ་ལོ་ ༡༠,༤༠༡ དང་ ཉིན་མར་ཁྲོམ་ལམ་བདའ་སྟེ་ སྡོད་ཞིནམ་ལས་ ཕྱི་རུ་དབུལ་ཕོངས་ཅན་གྱི་ སྡོད་སྒར་ཚུ་ནང་ རང་སོའི་བཟའ་ཚང་ཡོད་སར་ལོག་མི་ ཨ་ལོ་ ༨,༢༦༣ ཡོདཔ་ཨིན་པས།ཨིན་རུང་ ཨ་ལོ་ ༨༨༢ དེ་ཅིག་ བདག་འཛིན་འཐབ་མི་ ག་ཡང་མེད་པར་ ཁྲོམ་ལམ་བདའ་སྟེ་ རང་རྐྱང་སྦེ་ སྡོདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

སི་རི་ཡའི་ ནུབ་བྱང་ལུ་ ས་ཡོམ་གྱིས་ གནོད་སྐྱོན་བྱུང་མི་ ས་གནས་ཚུ་ནང་ བཟའ་ཆས་ཀྱིས་ མི་ལང་ནི་ཨིན་པའི་ཉེན་བརྡ།

རོའི་ཊརཛ། སི་རི་ཡའི་ ནུབ་བྱང་ས་ཁོངས་ཚུ་ནང་ བཟའ་ཆས་ཚུ་ མི་ལང་ནི་གི་ ཉེན་ཁ་ཡོདཔ་ལས་ འཛམ་གླིང་བཟའ་འཐུང་ལས་རིམ་གྱིས་ ཊར་ཀིའི་ས་མཚམས་བདའ་སྟེ་ འགྲུལ་ལམ་མང་སུ་ སྒོ་ཕྱེ་དགོཔ་སྦེ་ སླབ་ཡོདཔ་ཨིན་པས།འཛམ་གླིང་ཤར་དབུས་དང་ བྱང་ཨཕ་རི་ཀ་ ཤར་ཡུ་རོབ་ཚུ་གི་ འཛམ་གླིང་བཟའ་འཐུང་ལས་རིམ་གྱི་ ལུང་ཕྱོགས་མདོ་ཆེན་ ཀོ་རིན་ཕེལ་ཅར་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ སི་རི་ཡའི་ ནུབ་བྱང་ས་ཁོངས་ནང་ འགྲོ་བ་མིའི་གྲོགས་རམ་ལུ་ གཞི་བརྟེན་འབད་མི་ བརྒྱ་ཆ་ ༩༠ དེ་ཅིག་ཡོདཔ་ལས་ ཚ་གྱང་ཅན་གྱི་ གཞི་ཅིག་ལུ་ འགྱུར་ཏེ་ཡོད་ཟེར་ཨིན་པས།ལས་རིམ་དེ་ མི་ཚུ་ཡོད་སར་ ལྷོད་དེ་འབད་རུང་ བཟའ་ཆས་ཚུ་ རྫོགས་ཁམས་ལུ་ ལྷོད་ཡོདཔ་ལས་ བཟའ་ཆས་ཁ་སྐོང་ བསྐྱལ་ཐབས་ལུ་ ས་མཚམས་བདའ་སྟེ་ འགྲུལ་ལམ་གསརཔ་ ཕྱེ་དགོཔ་འདུག་ཟེར་ཨིན་པས།དེ་ཡང་ ད་རེས་ ཊར་ཀི་དང་ སི་རི་ཡའི་ ལྡོག་ཕྱོགས་ཀྱི་ བདག་དབང་ཐོག་ལུ་ཡོད་མི་ ནུབ་བྱང་ས་མཚམས་ཀྱི་བར་ན་ འགྲུལ་ལམ་གཅིག་ལས་བརྒལ་ཏེ་ མེད་ནི་དེ་གིས་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

ཊར་ཀི་ལུ་ ས་ཡོམ་རྐྱབ་སྟེ་ ཆུ་ཚོད་ ༡༠༤ གི་ཤུལ་ལས་ ཨམ་སྲུ་ཅིག་ རག་རོ་ནང་ལས་ གསོནམ་སྦེ་བཏོན་ཡོདཔ།

རོའི་ཊརཛ། ས་ཡོམ་རྐྱབ་སྟེ་ དུས་ཡུན་ཆུ་ཚོད་ ༡༠༤ གི་རྒྱབ་ལས་ སྤྱི་ཟླ་ ༢ པའི་ཚེས་ ༡༠ ལུ་ སྲོག་སྐྱབས་ཀྱི་ ལཱ་འབད་མི་ཚུ་གིས་ ཊར་ཀིའི་ཀི་རི་ཁཱན་ཁྲོམ་ནང་ སྒྲིང་ཁྱིམ་རམ་འགྱོ་མིའི་ནང་ལས་ ཨམ་སྲུ་ཅིག་ གསོནམ་སྦེ་བཏོན་ནུག།དེ་ཡང་ ཇར་མ་ནིའི་ གློ་བུར་ལས་མི་ཚུ་གིས་ སྐྱེས་ལོ་ ༤༠ འབད་མི་ ཨམ་ཟེ་ནེབ་ཀ་ར་མཱན་དེ་ རྩི་ས་དང་ ལྕགས་རོ་ཚུ་གི་ནང་ལས་བཏོན་ཏེ་ ནདཔ་སྐྱེལ་འདྲེན་གྱི་ སྣུམ་འཁོར་ནང་སྦེ་ བསྐྱལ་བཏང་ཡོདཔ་ཨིན་པས།ལོ་ངོ་བཅུ་ཕྲག་གི་ཤུལ་ལས་ ས་ཡོམ་དེ་ལུ་བརྟེན་ཏེ་ ཊར་ཀིའི་ལྷོ་ཕྱོགས་དང་ སི་རི་ཡའི་ ནུབ་བྱང་ས་ཁོངས་ཚུ་ནང་ སྤྱི་ཟླ་ ༢ པའི་ཚེས་ ༡༠ ཚུན་ལུ་ མི་གྲངས་བསྡོམས་ ༢༡,༠༠༠ དེ་ཅིག་ལུ་ ཤི་རྐྱེན་བྱུང་ནུག།དེ་མ་ཚད་ མི་གྲངས་སྟོང་ཕྲག་ལེ་ཤ་ཅིག་ཡང་ གནམ་དགུན་གྱི་ དུས་ཚོད་ཁར་ སྡོད་ས་དང་ བཟའ་འཐུང་ཚུ་ མེད་པར་ཡོདཔ་ལས་ དཀའ་སྡུག་སེལ་ཐབས་ལུ་ རྒྱལ་སྤྱི་རྒུད་གསོའི་གྲོགས་རམ་ཚུ་ ཚབས་ཆེན་སྦེ་ར་ དགོས་མཁོ་ཡོདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

བྱང་ཀོ་རི་ཡ་ལུ་ དམག་སྡེ་རུ་སྒྲིག་ཐོག་ལས་ རྡུལ་ཕྲན་མཚོན་ཆའི་འགྲེམ་སྟོན།

རོའི་ཊརཛ། སྤྱི་ཟླ་ ༢ པའི་ཚེས་ ༨ ཀྱི་ནུབ་མོར་ བྱང་ཀོ་རི་ཡ་ལུ་ དམག་སྡེ་རུ་སྒྲིག་ཐོག་ལས་ གླིང་ཆེན་ཚུ་ནང་ ལྷོད་ཚུགས་མི་ བེ་ལིཛ་ཊིག་ མི་ཛ་ཡེལ་ཟེར་མི་ རྡུལ་ཕྲན་མཚོན་ཆ་ མང་རབས་ཅིག་ འགྲེམ་སྟོན་འབད་ནུག།མ་གཞི་ འཛམ་གླིང་སྤྱི་ཚོགས་ སྲུང་སྐྱོབ་ཚོགས་སྡེ་ལས་ དེ་བཟུམ་མའི་ གོ་མཚོན་ཚུ་ བཀག་དམ་གྱི་ གྲོས་ཆོད་བཏོན་ཏེ་ཡོད་རུང་ བྱང་ཀོ་རི་ཡ་གིས་ གྲོས་ཆོད་དེ་ལུ་ མ་གནས་པར་ རྡུལ་ཕྲན་མཚོན་ཆའི་ བརྟག་དཔྱད་ལས་རིམ་ཚུ་ འཕྲོ་མཐུད་དེ་ར་ ལག་ལེན་འཐབ་དོ་ཡོདཔ་ཨིན་པས།དེ་སྦེ་ རུ་སྒྲིག་ཐོག་ལས་ འགྲེམ་སྟོན་འབད་མི་ མཚོན་ཆའི་གྲས་ཁར་ བྱང་ཀོ་རི་ཡའི་ གོ་མཚོན་སྦོམ་ཤོས་ ཧུ་ཝ་སོང་ ༡༧ ཟེར་མི་ཡང་ འགྲེམ་སྟོན་འབད་ཡོདཔ་ད་ མི་ཛ་ཡེལ་དེ་ཚུ་ལུ་ འཛམ་གླིང་གི་ ས་གནས་ག་ཏེ་ཡང་ ལྷོད་ཚུགས་པའི་ ཤུགས་ཚད་ཡོདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

ཊར་ཀིའི་སྲིད་འཛིན་ ཨེར་ཌོ་གཱན་གྱིས་ རྒྱལ་ཁབ་ནང་ ས་ཡོམ་གྱིས་ དཀའ་ངལ་བྱུང་མི་ལུ་ངོས་ལེན།

བི་བི་སི། ཊར་ཀིའི་སྲིད་འཛིན་ རི་སེབ་ཏ་ཡིབ་ ཨེར་ཌོ་གཱན་གྱིས་ ཁོང་གི་རྒྱལ་ཁབ་ནང་ ས་ཡོམ་ཤུགས་ཅན་སྦེ་ ལན་ཐེངས་ ༢ རེ་རྐྱབ་པའི་ རྐྱེན་ངན་གྱི་ ཚད་གཞི་དང་བསྟུན་ཏེ་ གཞུང་གིས་ ངོས་ལེན་འབད་ནི་ལུ་ གྲ་སྒྲིག་འབད་ཐབས་ རྩ་ལས་ར་ མ་བྱུང་པའི་ བདེན་ཁུངས་བཀལ་ནུག།ཊར་ཀི་དང་ སི་རི་ཡའི་ བྱང་ཕྱོགས་ལུ་ ས་ཡོམ་རྐྱབ་མི་དེ་གིས་ ཉུང་ཤོས་ར་ མི་གྲངས་ ༡༦,༠༠༠ ལྷགཔ་ཅིག་ལུ་ ཤི་རྐྱེན་བྱུང་ཡོདཔ་ད་ བརྟག་ཞིབ་འབད་མི་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ གཞུང་གིས་ གློ་བུར་གྱི་ ངོས་ལེན་འབད་ནི་ལུ་ གྲ་སྒྲིག་མེད་པའི་ཁར་ གློ་བུར་གྱི་ ཞབས་ཏོག་ཚུ་ཡང་ དུས་ཚོད་ཁར་ བྱིན་མ་ཚུགས་པས་ཟེར་ཨིན་པས།སྲིད་འཛིན་ཨེར་ཌོ་གཱན་གྱིས་ གཞུང་ལུ་ དཀའ་ངལ་དག་པ་ཅིག་ བྱུང་ཡོད་རུང་ ད་རེས་ གནས་སྟངས་དེ་ ལེགས་ཤོམ་ཡོད་ལུགས་སྦེ་ བཤད་མི་ལུ་ ལྡོག་ཕྱོགས་སྲིད་ཚོགས་ གཙོ་བོའི་འགོ་ཁྲིདཔ་ ཀེ་མཱལ་ཀ་ལི་ཌ་རོག་ལུ་གིས་ ངོས་ལེན་འབད་མ་བཏུབ་པར་ཡོདཔ་ད་ ཁོ་གིས་འབད་བ་ཅིན་ རྐྱེན་ངན་དེ་གི་ འགན་ཁུར་དེ་ སྲིད་འཛིན་ཨེར་ཌོ་གཱན་ ཉག་གཅིག་ལུ་ ཕོག་ཟེར་བཤད་ནུག།སྲིད་འཛིན་གྱི་ ཁ་ཐུག་ལས་ དེ་བཟུམ་མའི་ གནས་སྟངས་ནང་ […]

gyalchi
Online now: 35 Today: 2201 Total visitors: 12231