ArchiveAboutContact

Category: འཛམ་གླིང་གནས་ཚུལ།

World News

ཡུ་ཨེཛ་གིས་ ར་ཤི་ཡ་ལུ་ དམག་འཁྲུག་དང་འབྲེལ་བའི་ ཉེས་བྱ་བཀལ་དགོ་པའི་ནན་སྐུལ།

རོའི་ཊརཛ། རྒྱ་གར་ནིའུ་དིལླི་ལུ་ ཡུ་ཨེཛ་གི་ རྒྱལ་ཁམས་དྲུང་ཆེན་ ཨེན་ཊོ་ནི་ བི་ལིང་ཀེན་གྱིས་ རྒྱ་གར་དང་ རྒྱ་པཱན་ ཨཱཛ་ཊེ་ལི་ཡ་བཅས་ འཐུས་མི་རྒྱལ་ཁབ་ ༤ འབད་མི་ ཀོ་ཨཱཌ་སྡེ་ཚན་གྱི་ མཉམ་རོགས་ཚུ་དང་ ཕྱད་པའི་ཤུལ་ལས་ ར་ཤི་ཡ་གིས་ རང་དབང་ཐོག་ལུ་ ཐག་བཅད་ཀྱི་སྒོ་ལས་ དམག་འཁྲུག་ལང་བཅུག་ནི་ མི་འོང་ཟེར་བཤད་ནུག།དེ་ཡང་ སྤྱི་ཟླ་ ༣ པའི་ཚེས་ ༣ ལུ་ ཀོ་ཨཱཌ་སྡེ་ཚན་དེ་གིས་ གསལ་བསྒྲགས་ཅིག་ནང་ བཀོད་དོ་བཟུམ་འབད་བ་ཅིན་ ཡུ་ཀེ་རེན་ལུ་ རྡུལ་ཕྲན་ནུས་ཤུགས་ཀྱི་ མཚོན་ཆ་ཚུ་གི་ ཉེན་བརྡ་དང་ ལག་ལེན་དངོས་བསྟར་ཚུ་ འཐབ་མི་རུང་ཟེར་ཨིན་པས།ཧེ་མའི་ཟླཝ་ནང་ ར་ཤི་ཡའི་སྲིད་འཛིན་ ཝཱལ་ཌི་མིར་ པུ་ཊིན་གྱིས་ རྡུལ་ཕྲན་ནུས་ཤུགས་ཀྱི་ མཚོན་ཆ་ཚད་འཛིན་གྱི་ ཆིངས་ཡིག་དེ་ བཀག་ཆའི་ཐོག་ལུ་ རྡུལ་ཕྲན་ནུས་ཤུགས་ཀྱི་ མཚོན་ཆ་མོ་བཏབ་འབད་ནི་ཚུ་ ལོག་སྟེ་ར་ ལག་ལེན་འཐབ་ནི་ཨིན་པའི་ ཉེན་བརྡ་འབད་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

རྒྱལ་ཁབ་ ༢༠ གི་ ཞལ་འཛོམས་ནང་ ཡུ་ཨེཛ་དང་ ར་ཤི་ཡའི་བར་ན་ ཚོང་འབྲེལ་གྱི་སྐོར་ལས་ མ་སྒྲིགཔ་ཐོན་ཡོདཔ།

བི་བི་སི། རྒྱ་གར་དིལླི་ལུ་ རྒྱལ་ཁབ་ ༢༠ འབད་མི་ སྡེ་ཚན་གྱི་བར་ན་ གསུང་གྲོས་གནང་པའི་སྐབས་ལུ་ རྒྱ་གར་གྱི་ བློན་ཆེན་གྱིས་ ཕྱི་འབྲེལ་བློན་པོ་ཚུ་གིས་ རང་སོའི་བར་ན་ མ་སྒྲིག་པའི་ གནད་དོན་ཚུ་ གསུང་གྲོས་ནང་ མ་བཙུགས་པར་ བཞག་དགོ་པའི་ ནན་སྐུལ་འབད་དེ་ཡོད་རུང་ ར་ཤི་ཡ་དང་ ཡུ་ཀེ་རེན་གྱི་ དམག་འཁྲུག་སྐོར་ལས་ གནད་དོན་གཙོ་བོ་ཅིག་སྦེ་ ཐོན་ཡོདཔ་ཨིན་པས།ཡུ་ཨེཛ་གི་ རྒྱལ་ཁམས་དྲུང་ཆེན་ ཨེན་ཊོ་ནི་ བི་ལིང་ཀེན་གྱིས་ ར་ཤི་ཡ་གིས་ རྒྱུན་མཚན་དང་ བདེན་ཁུངས་མེད་པའི་ དམག་འཁྲུག་ལང་མི་དེ་གིས་ ཞལ་འཛོམས་ལུ་ བར་ཆད་རྐྱབ་མས་ཟེར་ བཤད་ཡོདཔ་ཨིན་པས།ར་ཤི་ཡའི་ ཕྱི་འབྲེལ་བློན་པོ་གིས་ ནུབ་ཕྱོགས་རྒྱལ་ཁབ་ཚུ་གིས་ ཡུ་ཀེ་རེན་གྱི་ འབྲུ་སྣ་ཕྱིར་ཚོང་དང་འབྲེལ་བའི་ ཚོང་འབྲེལ་གྱི་ གནད་དོན་ཚུ་ སྦ་གསང་ཐོག་ལུ་ བཞག་ཡོད་པའི་ ཁ་ཉེས་བཀལ་ནུག།རྒྱལ་ཁབ་ ༢༠ འབད་མི་ སྡེ་ཚན་དེ་ནང་ འཛམ་གླིང་ནང་གི་ རྒྱལ་ཁབ་ཕྱུག་ཤོས་ ༡༩ ཡོདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

མའུ་རི་ཤི་ཡཱཛ་ལུ་འཕུར་མི་ གནམ་གྲུ་ཅིག་ གནམ་ཁར་རླུང་འཚུབས་དང་ ཁ་ཐུག་རྐྱབ་ལས་ མཁའ་འགྲུལཔ་ཚུ་ལུ་རྨ་སྐྱོན།

བི་བི་སི། སྤྱི་ཟླ་ ༣ པའི་ཚེས་ ༢ ལུ་ ཇར་མ་ནིའི་ ཕེ་རེང་ཕཱཊ་ གནམ་ཐང་ལས་ མའུ་རི་ཤི་ཡཱཛ་ལུ་འཕུར་མི་ ཀཱོན་ཌོར་གནམ་གྲུ་སྡེ་ཚན་གྱི་ གནམ་གྲུ་ཅིག་ མཁའ་རླུང་འཚུབས་ཅན་ཅིག་དང་ ཁ་ཐུག་རྐྱབ་ཡོདཔ་ལས་ མཁའ་འགྲུལཔ་ ༡༧ ལུ་ རྨ་སྐྱོན་བྱུང་ཡོད་པའི་ནང་ལས་ མཁའ་འགྲུལཔ་ ༢ ལུ་ རྨ་སྐྱོན་ཚབས་ཆེན་སྦེ་ར་བྱུང་ནུག།དེ་ཡང་ གནམ་གྲུ་དེ་ མའུ་རི་ཤི་ཡཱཛ་ལུ་ མ་ཆགསཔ་ཅིག་ཁར་ མ་ཌ་གཱཛ་ཀར་གྱི་ ཉེ་འདབས་ལུ་ བྱུང་ཡོདཔ་ད་ དེ་བསྒང་ གནམ་གྲུའི་ནང་འཁོད་ལུ་ཡང་ གནོད་པ་བྱུང་ཡོདཔ་སྦེ་ཨིན་པས།མཁའ་འགྲུལཔ་ ༢༧༠ འབག་མི་ གནམ་གྲུ་དེ་ མའུ་རི་ཤི་ཡཱཛ་ རྒྱལ་སྤྱི་གནམ་གྲུ་ཐང་ནང་ གློ་བུར་དུ་ ཆགས་དགོཔ་བྱུང་སྟེ་ རྨ་སྐྱོན་བྱུང་མི་ མཁའ་འགྲུལཔ་ཚུ་ ཁྲིམས་སྲུང་དམག་མི་ཚུ་གིས་ ཉེ་འདབས་ཀྱི་ སྨན་ཁང་ནང་བསྐྱལ་ནུག།མའུ་རི་ཤི་ཡཱཛ་ལུ་ བདུན་ཕྲག་ཧེ་མའི་ནང་ཡང་ རླུང་འཚུབས་ཕེ་རེ་ཌི་ཟེར་མི་ འཕུ་བ་ལུ་བརྟེན་ཏེ་ གནམ་གྲུ་ཚུ་ འཕུར་འགྲུལ་འབད་ནི་ལས་ བཀག་ཆ་འབད་དགོཔ་ བྱུང་ཡོདཔ་ད་ ཨཱཕ་རི་ཀའི་ ལུང་ཕྱོགས་ནང་ འཕྲལ་ཁམས་ཀྱི་ བདུན་ཕྲག་ཚུ་ནང་ ཆརཔ་ཡང་ཤུགས་སྦེ་ར་ […]

gyalchi
World News

རྒྱ་ནག་གིས་ མཁའ་དམག་ཐོག་ལས་ ཏ་ཡེ་ཝཱན་གྱི་ མཁའ་དབྱིངས་ལུ་ཧམ་འཛུལ།

ཨཱལ་ཇ་ཟི་ར། ཏ་ཡེ་ཝཱན་གྱིས་ སྙན་ཞུ་འབད་མི་དང་འཁྲིལ་བ་ཅིན་ ཁོང་གི་ཉེན་སྲུང་མཁའ་དབྱིངས་ལུ་ རྒྱ་ནག་གི་ མཁའ་དམག་གིས་ ཉིན་གྲངས་ ༢ ཀྱི་རིང་ལུ་ ཧམ་འཛུལ་འབད་ཡོདཔ་ཨིན་པས།དེ་ཡང་ ཡུ་ཨེཛ་གིས་ ཏ་ཡེ་ཝཱན་ལུ་ ཌོ་ལར་ས་ཡ་ ༦༡༩ གནས་མི་ དེང་རབས་འཕྲུལ་རིག་གི་ མི་ཛ་ཡེལ་དང་ མཁའ་དམག་གནམ་གྲུ་ཚུ་དང་སྦྲགས་ཏེ་ མཚོན་ཆ་ཚུ་ བཙོང་ནི་ལུ་ གནང་བ་གྲོལ་ཏེ་ཡོད་མི་དང་ དུས་མཉམ་སྦེ་ རྒྱ་ནག་གིས་ ཧམ་འཛུལ་འབད་ནུག།.སྤྱི་ཟླ་ ༣ པའི་ཚེས་ ༢ ལུ་ རྒྱ་ནག་གི་ མཁའ་དམག་གནམ་གྲུ་ ༢༡ ཏ་ཡེ་ཝཱན་གྱི་ ལྷོ་ནུབ་མཁའ་དབྱིངས་སྲུང་སྐྱོབ་ཀྱི་ ངོས་འཛིན་མཁའ་དབྱིངས་ནང་ བཙན་འཛུལ་འབད་ཡོདཔ་སྦེ་ ཏ་ཡེ་ཝཱན་གྱི་ སྲུང་སྐྱོབ་ལྷན་ཁག་ལས་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

ར་ཤི་ཡ་གིས་ དམག་འཁྲུག་ཚབས་ཆེན་སྦེ་ ལང་སྟེ་འབད་རུང་ བྷག་མུཏ་ཁྲོམ་སྡེ་ ཡུ་ཀེ་རེན་གྱི་ དམག་མི་ཚུ་གི་ བདག་ཐོག་ལུ་ར་ཡོདཔ།

ཨཱལ་ཇ་ཟི་ར། ལོ་ངོ་ཕྱེད་དེ་ཅིག་གི་རིང་ལུ་ ར་ཤི་ཡ་གིས་ བཙན་འཕྲོག་འབད་ཐབས་བསྒྲིགས་ཏེ་ དམག་འཁྲུག་རྒྱུན་ཆད་མེད་པར་ ལང་སྟེ་ཡོདཔ་ལས་ གནོད་སྐྱོན་ཚབས་ཆེན་སྦེ་ རྐྱབ་སྟེ་ཡོད་མི་ ཡུ་ཀེ་རེན་ ཤར་ཕྱོགས་ཀྱི་ཁྲོམ་ བྷག་མུཏ་དེ་ ར་ཤི་ཡའི་ དབང་ལུ་མ་ཤོར་བར་ ཡུ་ཀེ་རེན་གྱི་ དམག་མི་ཚུ་གི་ བདག་ཐོག་ལུ་ར་ཡོདཔ་ཨིན་པས།ར་ཤི་ཡ་གིས་ བྷག་མུཏ་ཁྲོམ་དེ་ ཁོང་གི་ལག་པར་ཚུད་པ་ཅིན་ ཌོན་བཱཛ་གི་ བཟོ་གྲྭའི་ས་ཁོངས་གཞན་ཚུ་ཡང་ འཐོབ་ནི་ལུ་ ཐབས་བྱུས་ཅན་གྱི་ ས་གནས་ཅིག་འབདཝ་ལས་ ཁོང་གི་དམིགས་དོན་གཙོ་བོ་ར་ བྷག་མུཏ་གི་ ཕྱད་མདའ་ལས་ རྒྱལ་ཁབ་འཐོབ་དགོཔ་དེ་ཨིན་ཟེར་བཤད་ནུག།ཨིན་རུང་ ཡུ་ཀེ་རེན་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ བྷག་མུཏ་ཁྲོམ་དེ་ ཐབས་བྱུས་ཚད་ཅིག་ལས་མེད་པའི་ ས་གནས་ཅིག་ཨིན་རུང་ ར་ཤི་ཡའི་དམག་ལུ་ རྒྱབ་འགལ་འབད་དེ་ར་ཡོད་ཟེར་ཨིན་པས།ད་རེས་ བྷག་མུཏ་ཁྲོམ་དེ་ནང་ མི་སེར་ ༤,༥༠༠ དེ་ཅིག་ལས་མེདཔ་ད་ ཡུ་ཀེ་རེན་གྱི་ མི་སེར་ཚུ་གིས་ བྷག་མུཏ་ཁྲོམ་དེ་ འཕྲོ་མཐུད་དེ་ར་ ཉེན་སྲུང་འབད་ཚུགས་པའི་ ཡིད་ཆེས་སྐྱེདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

རྒྱ་ནག་དང་ བེ་ལ་རུཛ་ རྒྱལ་ཁབ་ ༢ ཀྱིས་ ཡུ་ཀེ་རེན་ རྒྱལ་ཁབ་ནང་ ཞི་བདེ་བཟོ་ནི་གི་དང་འདོད།

བི་བི་སི། རྒྱ་ནག་དང་ བེ་ལ་རུཛ་ རྒྱལ་ཁབ་ཀྱི་ དབུ་ཁྲིད་ ༢ ཀྱིས་ ཡུ་ཀེ་རེན་གྱི་དོན་ལུ་ ཞི་བདེ་ཐོག་ལས་ བྱེལཝ་འཇོམས་ནིའི་ནང་ དང་འདོད་སྦོམ་སྦེ་ར་ཡོད་ཟེར་ བཤད་ཡོདཔ་ཨིན་པས།དེ་ཡང་ ར་ཤི་ཡའི་སྲིད་འཛིན་ ཝེལ་ཌི་མིར་ པུ་ཊིན་དང་ མཐུན་འབྲེལ་དམ་ཟབ་ཡོད་མི་ རྒྱ་ནག་གི་ སྲིད་འཛིན་དང་ བེ་ལ་རུཛ་གི་འགོ་ཁྲིདཔ་ ཨ་ལེག་ཟཱན་ཌར་ ལུ་ཀ་ཤེང་ཀོ་གིས་ བེ་ཇིང་ལུ་ གསུང་གྲོས་གནང་པའི་ཤུལ་ལས་ གསལ་བཤད་འབད་ནུག།རྒྱ་ནག་གིས་ རྒྱལ་ཁབ་རང་དབང་ལུ་ གུས་ཞབས་འབད་དགོ་ཟེར་བའི་ ནན་སྐུལ་ཐོག་ལུ་ གསལ་བསྒྲགས་འབད་ཡོད་མི་ ཞི་བདེའི་གསུང་གྲོས་ཀྱི་ འཆར་གཞི་ལུ་ ལུ་ཀ་ཤེང་ཀོ་གིས་ཡང་ བེ་ཇིང་གི་ འཆར་གཞི་དེ་ལུ་ རྒྱབ་སྐྱོར་ཧྲིལ་བུ་ཡོད་ཟེར་ཨིན་པས།རྒྱ་ནག་དང་ བེ་ལ་རུཛ་རྒྱལ་ཁབ་ཀྱི་ དབུ་ཁྲིད་ ༢ ཀྱི་བར་ན་ གསུང་གྲོས་དེ་ཡང་ རྒྱ་ནག་གིས་ ཆེ་མཐོའི་གཞུང་ཚབ་ ཝང་ཡི་ཟེར་མི་དེ་ པུ་ཊིན་དང་ མཇལ་ཕྲད་ཀྱི་དོན་ལུ་ བཏང་པའི་ཤུལ་ལས་གནང་ནུག།ལུ་ཀ་ཤེང་ཀོ་དང་ ཟི་ཇིན་པིང་གི་ ཞལ་འཛོམས་དེ་ ཡུ་ཨེཛ་གི་ རྒྱལ་ཁམས་དྲུང་ཆེན་ ཨེན་ཊོ་ནི་ བི་ལིང་ཀེན་གྱི་ ཨེ་ཤི་ཡའི་ དབུས་ཕྱོགས་ས་གནས་ཚུ་ནང་ ཡུ་ཀེ་རེན་གྱི་ དམག་འཁྲུག་དང་འབྲེལ་ཏེ་ […]

gyalchi
World News

ནད་ཡམས་ཀོ་ཝིཌ་གི་ ནད་འབུབ་དེ་ རྒྱ་ནག་གི་ བརྟག་དཔྱད་ཁང་ཅིག་ལས་ ཤོར་ཡོད་པའི་དོགས་ཟོན།

བི་བི་སི། ཡུ་ཨེཛ་གཞུང་གི་ དབྱེ་ཞིབ་ལས་སྡེ་ ཨེཕ་བི་ཨའི་གི་གཙོ་འཛིན་ ཀི་རིཛ་ཊོ་ཕར་རེ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ནད་ཡམས་ཀོ་ཝིཌ་གི་ ནད་འབུབ་དེ་ འགོ་དང་པ་ རྒྱ་ནག་གི་ གཞུང་དབང་བརྟག་དཔྱད་ཁང་ཅིག་ལས་ ཐོན་ཐོནམ་བཟུམ་ཅིག་འདུག་ཟེར་ཨིན་པས།དེ་ཡང་ ཡུ་ཨེཛ་གཞུང་གི་ དབྱེ་ཞིབ་ལས་སྡེ་དེ་གིས་ དུས་ཡུན་རིངམོ་སྦེ་ར་ ནད་ཡམས་ཀྱི་ འབྱུང་ཁུངས་ཚུ་ བརྟག་དཔྱད་འབད་མི་དང་འཁྲིལཝ་ད་ ནད་འབུབ་ཕྱི་ཁར་ ཤོར་མི་དེ་ རྒྱ་ནག་གི་ བརྟག་དཔྱད་ཁང་ཅིག་ལུ་ གནོད་སྐྱོན་ཞུགས་མི་ལས་ ཐོན་ནུག་ཟེར་ཨིན་པས།ད་རེས་ ཡུ་ཨེཛ་གཞུང་གི་ དབྱེ་ཞིབ་ལས་སྡེ་གིས་ ནད་འབུབ་དེ་ འགོ་དང་པ་ ག་ཏེ་ལས་ ཐོན་ཐོནམ་ཨིན་ནའི་སྐོར་ལས་ མི་མང་ལུ་ བརྡ་དོན་གཏན་འཁེལ་སྦེ་ ཁྱབ་སྤེལ་འབད་མི་དེ་ འགོ་དང་པ་ཨིན་པས།ཨིན་རུང་ རྒྱ་ནག་གིས་འབད་བ་ཅིན་ འུ་ཧཱན་གྱི་ བརྟག་དཔྱད་ཁང་ནང་ལས་ ནད་འབུབ་ཐོན་ཡོད་པའི་ ཁ་ཉེས་བཀལ་མི་དེ་ བདེན་ཁུངས་མེད་ཟེར་ཨིན་པས།ག་དེ་སྦེ་ཨིན་རུང་ ཡུ་ཨེཛ་གིས་ ནད་འབུབ་ཀྱི་ འབྱུང་ཁུངས་གཏན་འཁེལ་ བཟོ༌ནིའི༌དོན༌ལས༌ བརྟག་དཔྱད་འབད་བའི་སྐབས་ལུ་ རྒྱ་ནག་གིས་ བར་ཆད་ག་དེ་དྲག་དྲག་ རྐྱབ་ཐབས་འབད་ཡོདཔ་སྦེ་ དབྱེ་ཞིབ་ལས་སྡེའི་ གཙོ་འཛིན་གྱིས་ བཤད་ཡོདཔ་ཨིན་པས།དེ་བཟུམ་མའི་ ཞིབ་འཇུག་ལ་ལོ་ཅིག་དང་འཁྲིལཝ་ད་ ནད་འབུབ་དེ་ རྒྱ་ནག་གི་ ས་གནས་འུ་ཧཱན་ལུ་ […]

gyalchi
World News

གི་རིཛ་ལུ་ རེ་ལི་ཐུག་རྐྱེན་བྱུང་མིའི་ནང་ མི་གྲངས་ ༤༣ དེ་ཅིག་ལུ་ཤི་རྐྱེན།

རོའི་ཊརཛ། སྤྱི་ཟླ་ ༢ པའི་ཚེས་ ༢༨ ཀྱི་ནུབ་མོར་ གི་རིཛ་རྒྱལ་ཁབ་ནང་ འགྲུལ་པའི་རེ་ལི་ཅིག་དང་ དོ་ཆས་རེ་ལི་ཅིག་ གདོང་ཐུག་རྐྱབ་པའི་ རྐྱེན་ངན་ནང་ ཉུང་ཤོས་ར་ མི་གྲངས་ ༤༣ དེ་ཅིག་ལུ་ ཤི་རྐྱེན་བྱུང་ཡོདཔ་མ་ཚད་ གཞན་མི་ལེ་ཤ་ཅིག་ལུ་ཡང་ རྨ་སྐྱོན་བྱུང་ཡོདཔ་ཨིན་པས།དེ་སྦེ་ ཤི་རྐྱེན་བྱུང་མི་ མང་ཤོས་ཅིག་ར་ ཡུན་རིང་གི་ ངལ་གསོ་ལས་ རང་སོའི་གཙུག་ལག་སློབ་སྡེ་ཚུ་ནང་ལོག་མི་ སློབ་ཕྲུག་ཚུ་ཨིནམ་ད་ དེ་ཡང་ རེ་ལི་ཐུག་རྐྱེན་སྐབས་ལུ་ དེ་འཕྲལ་ལས་ མེ་རྐྱེན་བྱུང་སྟེ་ འགྲུལ་པ་ཚུ་ འཚིགས་ཡོདཔ་མ་ཚད་ རེ་ལི་ ༢ ཡང་ རང་སོའི་འགྲུལ་ལམ་ལས་ འབྱིད་ཡར་སོངཔ་ཨིན་པས།དེ་གི་ནངས་པ་ལས་ སྲོག་སྐྱབས་འབད་མི་ཚུ་གིས་ ཅ་ཆས་འཐུ་མི་ འཕྲུལ་ཆའི་སྒོ་ལས་ རེ་ལིའི་ཁང་མིག་ཚུ་འཐུ་སྟེ་ འགྲུལ་པ་ཚུ་ འཚོལ་དོ་ཡོདཔ་ད་ ཤི་རྐྱེན་གྱི་ གྱངས་ཁ་དེ་ ད་རུང་ཡང་ ཡར་སེང་འགྱོ་སྲིད་ནི་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

བྱང་ཀོ་རི་ཡ་གིས་ མཐུན་འབྲེལ་རྒྱལ་ཁབ་ཚུ་གིས་ དམག་སྦྱོང་འབད་མི་ལུ་ གདོང་ལེན་འབད་ནི།

རོའི་ཊརཛ། སྤྱི་ཟླ་ ༢ པའི་ཚེས་ ༡༧ ལུ་ བྱང་ཀོ་རི་ཡ་གིས་ ལྷོ་ཀོ་རི་ཡ་དང་ ཡུ་ཨེཛ་གིས་ འཆར་གཞི་དང་འཁྲིལ་ཏེ་ དམག་སྦྱོང་ཚུ་ ལག་ལེན་འཐབ་པ་ཅིན་ སྔོན་ཆད་མ་བྱུང་པའི་ གདོང་ལན་འབད་ནི་ཨིན་པའི་ ཉེན་བརྡ་འབད་ནུག།དེ་མ་ཚད་ བྱང་ཀོ་རི་ཡ་གིས་ ལུང་ཕྱོགས་དེ་ནང་ མ་མཐུན་པའི་ གནས་སྟངས་དེ་ཡང་ མཐུན་འབྲེལ་རྒྱལ་ཁབ་ཚུ་ལུ་བརྟེན་ཏེ་ བྱུངམ་ཨིན་པའི་ ཁ་ཉེས་ཡང་བཀལ་ཡོདཔ་ཨིན་པས།བྱང་ཀོ་རི་ཡའི་ ཕྱི་འབྲེལ་ལྷན་ཁག་ལས་་ གལ་སྲིད་ ཡུ་ཨེཛ་གིས་ རྒྱུད་བསྐུལ་ཐོག་ལས་ འཛམ་གླིང་སྤྱི་ཚོགས་ སྲུང་སྐྱོབ་ལྷན་ཚོགས་ཀྱིས་ པི་ཡོང་ཡང་ལུ་ ཨུ་ཚུགས་འཕྲོ་མཐུད་འབད་བ་ཅིན་ ཁོང་གི་ཁ་ཐུག་ལས་ཡང་ དྲག་དམག་གི་ ལག་ལེན་ཁ་སྐོང་ཚུ་གི་སྐོར་ལས་ བསམ་ཞིབ་འབད་འོང་ཟེར་བཤད་ནུག།དེ་བཟུམ་མའི་ ལོ་རྒྱུས་དེ་ཡང་ ལྷོ་ཀོ་རི་ཡ་དང་ ཡུ་ཨེཛ་གིས་ བྱང་ཀོ་རི་ཡའི་ ཡར་སེང་ཅན་གྱི་ རྡུལ་ཕྲན་མཚོན་ཆ་དང་ མི་ཛ་ཡེལ་ཚུ་གི་ ཉེན་ཁའི་གདོང་ལན་ལུ་ བརྩོན་ཤུགས་ཀྱི་ ཆ་ཤས་ཅིག་སྦེ་ ལོ་བསྟར་དམག་སྦྱོང་གི་དོན་ལུ་ གྲ་སྒྲིག་འབད་བའི་ དུས་མཉམ་སྦེ་ ཐོན་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

འཛམ་གླིང་ནུབ་ཕྱོགས་ཀྱི་ འགོ་ཁྲིདཔ་ཚུ་ལུ་ ཡུ་ཀེ་རེན་གྱིས་ མཚོན་ཆའི་མཁོ་འདོད།

རོའི་ཊརཛ། སྤྱི་ཟླ་ ༢ པའི་ཚེས་ ༡༧ ལུ་ འཛམ་གླིང་ནུབ་ཕྱོགས་ཀྱི་ རྒྱལ་ཁབ་ཁག་གི་ འགོ་ཁྲིདཔ་ཚུ་གི་བར་ན་ མིའུ་ནིག་ཟེར་སར་ ཞལ་འཛོམས་ཅིག་ ཚོགས་པའི་སྐབས་ལུ་ ཡུ་ཀེ་རེན་གྱི་ ཤར་ཕྱོགས་ཁྲོམ་སྡེ་ བཱག་མུཏ་ལུ་ ར་ཤི་ཡའི་ དམག་མི་ཚུ་ བཙན་འཛུལ་ལས་ བཀག་ཆ་འབད་དེ་ཡོད་མི་ ཡུ་ཀེ་རེན་དམག་མི་ཚུ་གིས་ ཕྱིའི་རྒྱལ་ཁབ་ཚུ་ལས་ མཚོན་ཆའི་དགོས་མཁོ་ཚུ་བཀོད་ནུག།ད་རེས་ ཡུ་ཀེ་རེན་དང་ ར་ཤི་ཡའི་བར་ན་ དམག་འཁྲུག་ལང་སྟེ་ ལོ་ ༡ ལང་དོ་ཡོདཔ་ད་ ར་ཤི་ཡའི་ དམག་མི་ཚུ་གིས་ ཡུ་ཀེ་རེན་གྱི་ ཤར་ཕྱོགས་ཁ་ཐུག་ལས་ དམག་མི་ཚུ་ རྒྱ་སྐྱེད་འབདཝ་ཨིན་པས།ཡུ་ཀེ་རེན་གྱིས་ གནམ་སེར་ཁར་ ར་ཤི་ཡའི་ དམག་མི་ཚུ་ལུ་ གདོང་ལན་འབད་ནི་གི་ འཆར་གཞི་རྩམ་པའི་བསྒང་ཡོདཔ་ལས་ དེ་གི་དོན་ལུ་ ས་ཐག་རིང་སར་ ལྷོད་ཚུགས་མི་ གོ་མཚོན་ཆ་ཚུ་ དགོས་མཁོ་ཡོད་ལུགས་སྦེ་ འཛམ་གླིང་ནུབ་ཕྱོགས་ཀྱི་ མཐུན་འབྲེལ་རྒྱལ་ཁབ་ཚུ་ལུ་ ཞུ་བ་འབད་ནུག།ཡུ་ཀེ་རེན་དང་ ར་ཤི་ཡའི་ དམག་འཁྲུག་ལུ་བརྟེན་ཏེ་ མི་གྲངས་སྟོང་ཕྲག་ལེ་ཤ་ཅིག་ལུ་ ཤི་རྐྱེན་བྱུང་ཡོདཔ་མ་ཚད་ རྒྱལ་སྤྱིའི་གནས་སྟངས་ནང་ཡང་ དཔལ་འབྱོར་གྱི་ དཀའ་ངལ་ཚུ་ འཐོན་ཏེ་ཡོདཔ་ལས་ […]

gyalchi
Online now: 11 Today: 2405 Total visitors: 12435