ArchiveAboutContact

Category: འཛམ་གླིང་གནས་ཚུལ།

World News

ཡུ་ཨེཛ་ལུ་ རྒྱ་ནག་གིས་ འཛམ་གླིང་ནང་བཏང་མི་ ལྒང་ཕུའི་གྲས་ལས་ ༡ ཨིན་པའི་ཡིད་ཆེས།

བི་བི་སི། ཡུ་ཨེཛ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཁོང་གི་ས་ཁོངས་ཀྱི་ མཁའ་དབྱིངས་ལུ་ རྒྱ་ནག་གི་ གསང་ཞིབ་ཨིན་པའི་ དོགས་པ་བསྐྱེད་དེ་ ས་ཁར་ཕབ་བཏང་མི་ ལྒང་ཕུ་དེ་ གླིང་ཆེན་ ༥ ལུ་ ཁྱབ་སྤེལ་འབད་མི་ ལྒང་ཕུ་ཚུ་གི་གྲས་ལས་ ༡ ཨིན་པའི་ ཡིད་ཆེས་བསྐྱེདཔ་ཨིན་པས།དེ་ཡང་ ཡུ་ཨེཛ་གི་ རྒྱལ་ཁམས་གཞུང་དྲུང་ཆེན་ ཨེན་ཊོ་ནི་ བི་ལིང་ཀེན་གྱིས་ དེ་བཟུམ་མའི་ ལྒང་ཕུའི་ལས་རིམ་དེ་ ཁྱབ་ཆེ་བའི་ ལས་རིམ་ཅིག་འབདཝ་ལས་ ཡུ་ཨེཛ་རྐྱངམ་གཅིག་ལུ་ བཏང་བཏངམ་མིན་པས་ཟེར་བཤད་ནུག།ཡུ་ཨེཛ་གི་ འགོ་དཔོན་ཚུ་གིས་ ལྒང་ཕུ་དེ་གི་རིང་ཚད་ མི་ཊར་ ༦༠ དེ་ཅིག་དང་ ལྗིད་ཚད་པ་འོནཌ་ སྟོང་ཕྲག་ལས་བཅད་དེ་ འོང་ནི་ཨིནམ་སྦེ་ བཤད་ཡོདཔ་ཨིན་པས།རྒྱ་ནག་གི་ ཁ་ཐུག་ལས་ ལྒང་ཕུ་དེ་ གསང་ཞིབ་ཀྱི་དོན་ལུ་མིན་པར་ གནམ་གཤིས་བརྟག་དཔྱད་ཀྱི་ ལྒང་ཕུ་ཨིནམ་སྦེ་བཤད་ནུག།ད་རེས་ ཡུ་ཨེཛ་གིས་ གསང་ཞིབ་ཀྱི་དོན་ལུ་ཨིན་པའི་ དོགས་པ་ཡོད་མི་ ལྒང་ཕུ་དེ་ཚུ་ ལྷོ་ཨ་མི་རི་ཀ་དང་ བྱང་ཨ་མི་རི་ཀ་ ཤར་ལྷོ་ཨེ་ཤི་ཡ་ ཤར་ཨེ་ཤི་ཡ་དང་ ཡུ་རོབ་ཚུ་ནང་ ལག་ལེན་འཐབ་ཡོདཔ་སྦེ་ བཤད་ཡོདཔ་ད་ དེ་འབདཝ་ལས་ ཡུ་ཨེཛ་དང་ […]

gyalchi
World News

བྱང་ཀོ་རི་ཡའི་སྲིད་འཛིན་ ཀིམ་ཇོང་ཨཱན་གྱིས་ དྲག་པོའི་དམག་སྡེ་ལུ་བསྟོད་བསྔགས།

རོའི་ཊརཛ། བྱང་ཀོ་རི་ཡའི་ དམག་སྡེ་གིས་ འཕྲལ་ཐོག་གི་ གོ་མཚོན་ཚུ་ རུ་སྒྲིག་ཐོག་ལས་ འགྲེམ་སྟོན་འབད་ནི་སྦེ་ སྡོད་པའི་བར་ན་ བྱང་ཀོ་རི་ཡའི་དབུ་ཁྲིད་ ཀིམ་ཇོང་ཨཱན་གྱིས་ དམག་སྡེ་ཚུ་དང་ མཇལ་འཕྲད་མཛད་དེ་ རྒྱལ་ཁབ་ཀྱི་ དམག་སྡེ་དེ་ སྒྲིང་སྒྲིང་བཟོ་དགོ་ཟེར་ གསུངས་ཡོདཔ་མ་ཚད་ དམག་སྡེ་ལུ་ བཀའ་དྲིན་ལེགས་སོ་ཡང་ གསུངས་ཡོདཔ་ཨིན་པས།དེ་མ་ཚད་ སྤྱི་ཟླ་ ༢ པའི་ཚེས་ ༦ ལུ་ ཀོ་རི་ཡའི་ མི་མང་དམག་སྡེ་ གཞི་བཙུགས་ཀྱི་ ལོ་བསྟར་དུས་སྟོན་ ཐེངས་ ༧༥ པ་ བརྩི་སྲུང་དང་འབྲེལ་བའི་ ཚོགས་སྟོན་ནང་ ཀིམ་ཇོང་ཨཱན་གྱི་ ཨམ་དང་ བུམོ་གིས་ཡང་ བཅའ་མར་གཏོགས་གནང་ནུག།དེ་བསྒང་ སྲིད་འཛིན་ཀིམ་གྱིས་ གསུང་བཤད་གནང་པའི་ནང་གས་ ང་བཅས་རའི་ དམག་སྡེ་འདི་ བཙན་ཐབས་དང་ གོང་འཕེལ་གྱི་དོན་ལུ་ སྔར་ལས་ལྷག་པའི་ བརྩོན་ཤུགས་བསྐྱེད་དེ་ རྒྱལ་ཁབ་འདི་ ལོངས་སྤྱོད་དང་ལྡནམ་སྦེ་ གོང་འཕེལ་གཏང་དགོ་ཟེར་ཨིན་པས།གསུང་བཤད་དེ་ཡང་ ཁོ་གིས་ དྲག་པོའི་དམག་སྦྱོང་ རྒྱ་སྐྱེད་གཏང་སྟེ་ རྡུལ་ཕྲན་མཚོན་ཆའི་ཐོག་ལས་ དམག་རྐྱབ་ནི་ལུ་ གྲ་སྒྲིག་འབད་ནི་སྦེ་ ཁས་ལེན་མཛད་པའི་ […]

gyalchi
World News

ཡུ་ཨེཛ་གི་ མཁའ་དབྱིངས་ལུ་ རྒྱ་ནག་གི་ གསང་ཞིབ་ལྒང་ཕུ་མཐོང་ཡོདཔ།

བི་བི་སི། རྒྱ་ནག་གི་ ལྒང་ཕུ་སྦོམ་ཅིག་ ཡུ་ཨེཛ༌གི༌ ཤར་ཕྱོགས་ཁ་ཐུག་ལུ་ གནམ་ཁར་ལྡིང་ཡོདཔ་སྦེ་ མཐོང་མིའི་སྐོར་ལས་ རྩོད་གླེང་དེ་ སེམས་ཞི་བའི་སྒོ་ལས་ ལག་ལེན་འཐབ་དགོ་པའི་ ནན་བསྐུལ་འབདཝ་ཨིན་པས།དེ༌ཡང༌ ཡུ་ཨེཛ༌གི༌ རྒྱལ༌ཁམས༌དྲུང་ཆེན་ ཨེན་ཊོ་ནི་ བི་ལིང་ཀེན་གྱིས་ དེ་བཟུམ་མའི་ གསང་ཞིབ་ཀྱི་ ལྒང་ཕུ་བཏང་མི་དེ་ འགན་ཁུར་སྣང་མེད་བསྐྱུར་བའི་ གཞི་ཅིག་ཨིན་པས་ཟེར་ རྒྱ༌ནག༌ལུ་ བལྟ་སྐོར་གྱི༌ ལས༌རིམ༌ཡོད༌མི༌དེ༌ ཆ་མེད་བཏང་པའི་ཤུལ་ལུ་ ད་རུང་ཡང་ རྒྱ་ནག་གི༌ ལྒང་ཕུ་ ༡ ལེ་ཊིན་ཨ་མེ་རི་ཀའི་གུ་ལས་ཕར་ ལྡིང་སར་མཐོང་ནུག།རྒྱ་ནག་གིས་ ལྒང་ཕུ་དེ་ གནམ་གཤིས་བརྟག་དཔྱད་དང་འབྲེལ་བའི་ མཁའ་གྲུ་ཨིནམ་སྦེ་ བཤད་ཡོདཔ་ད་ དེ་ཡང་ རླུང་མ་གིས་ ལོགས་གཅིག་ཁར་ བཀལ་ཡོདཔ་ལས་ འཛོལ་བ་དེ་ལུ་ ཡུ་ཨེཛ་གིས་ བཟོད་པ་བཞེས་དགོ་ཟེར་ཨིན་པས།ཡུ་ཨེཛ་གིས་ དེ་བཟུམ་མའི་ མཁའ་གྲུ་དེ་ནང་ལས་ ཚིག་རོ་ཚུ་ ས་ཁར་འབུད་སྲིད་ནི་གི་ ཉེན་ཁ་ལུ་བརྟེན་ཏེ་ ཀྲོབ་མདའ་རྐྱབ་སྟེ་ ཕབ་མ་བཏང་ཟེར་ཨིནམ་ད་ སྤྱི་ཟླ་ ༢ པའི་ཚེས་ ༤ ལུ་ རྒྱ་ནག་གི་ ཕྱི་འབྲེལ་ལྷན་ཁག་ལས་ […]

gyalchi
World News

ཡུ་ཨེཛ་གིས་ ཡུ་ཀེ་རེན་ལུ་ འཕྲལ་ཁམས་ཀྱི་ གྲོགས་རམ་གྱི་གྲས་ཁར་ རྒྱང་རིང་མི་ཛ་ཡེལ་བྱིན་ནི།

བི་བི་སི། ཡུ་ཨེཛ་གིས་ ཡུ་ཀེ་རེན་ལུ་ དྲག་པོའི་གྲོགས་རམ་ཁ་སྐོང་ ཡུ་ཨེཛ་ཌོ་ལར་ ཐེར་འབུམ་ ༢.༢ དེ་ཅིག་ བྱིན་ནི་ཨིན་མིའི་ནང་ ས་ཐག་རིང་སར་ ལོག་བལྟབ་ཀྱིས་ ལྷོད་ཚུགས་མི་ རྒྱང་རིང་མི་ཛ་ཡེལ་ཚུ་ཡང་ ཚུདཔ་ཨིན་པས།སྤྱི་ལོ་ ༢༠༢༢ སྤྱི་ཟླ་ ༢ པ་ལས་ཚུར་ ད་ཚུན་གྱི་བར་ན་ ད་རེས་ བྱིན་ནི་སྦེ་ཡོད་མི་ གྲོགས་རམ་བརྩིས་ཏེ་ ཡུ་ཀེ་རེན་ལུ་ དྲག་པོའི་གྲོགས་རམ་ ཌོ་ལར་ཐེར་འབུམ་ ༢༩.༣ ལྷགཔ་ཅིག་ཨིནམ་ད་ ད་རེས་ བྱིན་ནི་སྦེ་ཡོད་མི་ གྲོགས་རམ་ནང་ ཀི་ལོ་མི་ཊར་ ༡༥༠ ཚུན་ལུ་ ལྷོད་ཚུགས་པའི་ ནུས་ཤུགས་ཡོད་མི་ ས་ཁ་ལས་བཏང་ནི་གི་ རྫས་བམ་ཚུ་ཡང་ཡོདཔ་ཨིན་པས།མཚོན་ཆ་དེ་ཚུ་ བཙན་དབང་འབད་དེ་ཡོད་མི་ ཀིར་མི་ཡའི་ ས་གནས་ཚུ་ནང་ གནོད་འཚུབས་ཀྱི་དོན་ལས་ ལག་ལེན་འཐབ་ནི་ཨིན་པའི་ དོགས་པ་ཡོད་མི་ལུ་ འགོ་དཔོན་ཚུ་གིས་ ངོས་ལེན་འབད་མ་བཏུབ་ཨིན་པས།མ་གཞི་ ཡུ་ཀེ་རེན་གྱི་ ལག་ལེན་འཆར་གཞིའི་ཐེད་ཁར་ ཁོང་ར་གིས་ ཐག་བཅད་ནི་ཨིན་རུང་ རྒྱང་རིང་མཚོན་ཆ་ བྱིན་མི་དེ་གིས་ ཡུ་ཀེ་རེན་ལུ་ ཁོང་གི་རང་དབང་ས་ཆ་ ར་ཤི་ཡ་གིས་ བཙན་བཟུང་འབད་དེ་ཡོད་མི་ཚུ་ […]

gyalchi
World News

ཀེ་ན་ཌ་ལུ་ ཨ་ལོ་བུམོ་ཅིག་གིས་ རྩེད་ཐེངས་དང་པའི་ནང་ རྒྱན་ཤོག་གི་གསོལ་རས་ ཌོ་ལར་ས་ཡ་ ༤༨ ཐོབ་ཡོདཔ།

བི་བི་སི།ཀེ་ན་ཌ་ལུ་ སྐྱེས་ལོ་ ༡༨ འབད་མི་ བུམོ་ཅིག་གིས་ རྩེད་ཐེངས་དང་པའི་ནང་ར་ རྒྱན་ཤོག་གི་ གསོལ་རས་སྦོམ་ ཐོབ་ཡོདཔ་ལས་ དེ་སྦེ་ གསོལ་རས་ཐོབ་པའི་འཕྲལ་ལས་ མོ་གིས་ ཨ་པ་ཟེར་འབོ་མི་ དངུལ་འབྲེལ་རྩིས་འཛིན་པ་ལུ་ བརྡ་ལེན་འབད་ནུག།བུམོ་དེ་གིས་ རྒྱན་ཤོག་གསོལ་རས་ ཌོ་ལར་ས་ཡ་ ༤༨ ཐོབ་ནི་དེ་ ཀེ་ན་ཌའི་ རྒྱལ་ཁབ་ནང་ མཐོ་ཤོས་ཅིག་དང་ ལོ་ན་གཞོན་ཤོས་ཨིནམ་ད་ གཙུག་ལག་སློབ་གྲྭའི་ སློབ་ཕྲུག་ཨིན་མི་ ཇུ་ལིཊ་ལེ་མོར་གྱིས་ གསོལ་རས་དེ་ མོ་རའི་ཤེས་ཡོན་གྱི་དོན་ལུ་ ཟད་འགྲོ་བཏང་སྟེ་ ཌོག་ཊར་འབད་ནི་གི་ འཆར་གཞི་ཡོད་ཟེར་ཨིན་པས།ཨོན་ཌེ་རི་ཡོ་ རྒྱན་ཤོག་དང་ རྩེད་རིགས་ལས་འཛིན་ནང་སྦེ་ འདས་པའི་ཟླཝ་ནང་ཐོབ་མི་ གསོལ་རས་ཀྱི་ རྟེན་འབྲེལ་བརྩི་སྲུང་འབད་སར་ མོ་གིས་ བཤད་དོ་བཟུམ་འབད་བ་ཅིན་ རྒྱན་ཤོག་གསོལ་རས་ ཐོབ་པའི་སྐབས་ལུ་ སྔུ་དགོཔ་བྱུང་ཡོདཔ་མ་ཚད་ ད་ལྟོ་ཡང་ དེ་བཟུམ་མའི་ གསོལ་རས་ཐོབ་མི་དེ་ བདེན་རྫུན་རེ་མ་ཚུགས་པར་ཡོད་ཟེར་ཨིན་པས།ལེ་མོར་གྱིས་ སྤྱི་ཟླ་ ༡ པའི་ཚེས་ ༧ ལུ་ གསལ་སྟོན་འབད་མི་ རྒྱན་ཤོག་གསོལ་རས་དེ་ མོ་གིས་ཐོབ་ནུག་ཟེར་ མ་གོ་ཚུན་ལུ་ རྒྱན་ཤོག་གི་སྐོར་ལས་ […]

gyalchi
World News

ཡུ་ཀེ་རེན་གྱིས་ བྷག་མུཊ་རྫོང་གཞིས་དེ་ བདག་བཟུང་ཐོག་ལུ་ བཞག་ནིའི་དོན་ལས་ བརྩོན་ཤུགས་བསྐྱེད་དོ་ཡོདཔ།

རོའི་ཊརཛ། སྤྱི་ཟླ་ ༢ པའི་ཚེས་ ༣ ལུ་ སྲིད་འཛིན་ཟེ་ལེནཛ་ཀི་གིས་ ཡུ་ཀེ་རེན་གྱི་ ཤར་ཕྱོགས་རྫོང་གཞིས་ ཀྱི་བྷག་མུཊ་ཁྲོམ་སྡེ་དེ་ ག་དེམ་ཅིག་ འབད་ཚུགས་ཚུགས་ བདག་བཟུང་འབད་ནི་ཨིན་ཟེར་ བཤད་ཡོདཔ་མ་ཚད་ ཌཱོན་བཱཛ་ལུང་ཕྱོགས་ནང་ལས་ ར་ཤི་ཡའི་ དམག་མི་ཚུ་ བཏོན་བཏང་ཐབས་ལུ་ཡང་ ནུབ་ཕྱོགས་རྒྱལ་ཁབ་ཚུ་གིས་ རྒྱང་རིང་གོ་མཚོན་ཚུ་གི་ གྲོགས་རམ་འབད་དགོ་པའི་ ནན་བསྐུལ་འབད་ནུག།ཀི་ཡེབ་ལུ་ ཡུ་རོབ་རྒྱལ་ཚོགས་ཀྱི་ དབུ་ཁྲིད་ཞལ་འཛོམས་ འཚོགས་པའི་ཤུལ་ལས་ ཟེ་ལེནཛ་ཀི་གིས་ རྒྱལ་ཚོགས་ཀྱི་ འགོ་ཁྲིདཔ་ཚུ་ལུ་ བཤད་དོ་བཟུམ་འབད་བ་ཅིན་ བྷག་མུཊ་རྫོང་གཞིས་དེ་ རྩ་འགེངས་ཏེ་ བདག་བཟུང་ཐོག་ལུ་ར་ བཞག་ནི་ཨིནམ་ད་ བྷག་མུཊ་དེ་ ང་བཅས་ཀྱི་ རྫོང་གཞིས་སྦེ་ར་ རྩིས་དོ་ཟེར་ཨིན་པས།གལ་སྲིད་ རྒྱང་རིང་གོ་མཚོན་ཚུ་ འཐོབ་པ་ཅིན་ ཡུ་ཀེ་རེན་གྱིས་ བྷག་མུཊ་རྫོང་གཞིས་དེ་ བདག་བཟུང་འབད་ཚུགས་པའི་ཁར་ ད་རེས་ ར་ཤི་ཡ་གིས་ བཙན་འཛུལ་འབད་དེ་ཡོད་མི་ ཌཱོན་བཱཛ་ལུང་ཕྱོགས་དེ་ཡང་ ལོག་འཐོབ་ཚུགས་ཟེར་བཤད་ནུག།བྷག་མུཊ་རྫོང་གཞིས་དེ་ ཡུ་ཀེ་རེན་གྱིས་ གདོང་ལེན་འབད་ནི་གི་ གཙོ་རིམ་ཅན་ཅིག་ལུ་ གྱུར་ཏེ་ཡོད་རུང་ ར་ཤི་ཡའི་ དམག་མི་ཚུ་གིས་ ཕྱོགས་དག་པ་ཅིག་ལས་ར་ བྷག་མུཊ་མཐའ་བསྐོར་ཏེ་ […]

gyalchi
World News

རྒྱ་གར་གྱི་ ཨིན་ཌི་གོ་ གནམ་གྲུ་ཅིག་ནང་ བི་ཧར་ལུ་འགྱོ་མི་ མཁའ་འགྲུལཔ་ཅིག་ ར་ཇེཛ་ཐཱན་ལུ་ ལྷོད་མི་ལུ་ཞིབ་དཔྱད།

ཨེན་ཌི་ཊི་ཝི།པཱད་ན་ལུ་ འགྱོ་ནིའི་དོན་ལས་ རྒྱ་གར་གྱི་ ཨིན་ཌི་གོ་ མཁའ་འགྲུལ་ལས་སྡེའི་ གནམ་གྲུ་ཅིག་ནང་འཛུལ་མི་ མཁའ་འགྲུལཔ་ཅིག་ ཨིན་ཌི་གོ་ གནམ་གྲུ་གཞན་ཅིག་ནང་འཛུལ་ཏེ་ ཁོ་ར་འགྱོ་སའི་ ས་གོ་ལས་ ཀི་ལོ་མི་ཊར་ ༡,༤༠༠ དེ་ཅིག་གི་ས་ཁར་ ཨུ་དའི་པུར་ གནམ་ཐང་ནང་ ལྷོད་ཡོད་པའི་སྐོར་ལས་ ཞི་བའི་མཁའ་འགྲུལ་གྱི་ ཡོངས་ཁྱབ་མདོ་ཆེན་ ཡིག་ཚང་ལས་ དབྱེ་ཞིབ་འབད་དོ་ཡོདཔ་ཨིན་པས།གནད་དོན་དེ་གི་སྐོར་ལས་ སྤྱི་ཟླ་ ༡ པའི་ཚེས་ ༣༠ ལུ་ སྙན་ཞུ་འབད་ཡོདཔ་ད་ མཁའ་འགྲུལཔ་དེ་ དེ་གི་ནངས་པ་ར་ ཁོ་ར་འགྱོ་སའི་ ས་གནས་ངོ་མ་ལུ་བཏང་ནུག།ཨཕ་སར་ཧུ་སེན་གྱིས་ ཨིན་ཌི་གོ་ གནམ་གྲུའི་ནང་སྦེ་ པཱད་ན་ལུ་ འཕུར་འགྲུལ་གྱི་དོན་ལས་ འཛུལ་ཤོག་ལེན་ཏེ་ སྤྱི་ཟླ་ ༡ པའི་ཚེས་ ༣༠ ལུ་ དིལླི་ལས་ གནམ་གྲུའི་ནང་འཛུལ་ཏེ་ ཨུ་དའི་པུར་ལུ་ ལྷོདཔ་ད་མ་གཏོགས་ གནམ་གྲུ་གཞན་ཅིག་ནང་ འཛོལ་ཏེ་འོངམ་ཨིནམ་ མ་ཤེསཔ་ཨིན་པས།དེ་ལས་ ཨུ་དའི་པུར་ གནམ་གྲུ་ཐང་གི་ འགོ་དཔོན་ཚུ་ལུ་ སྙན་ཞུ་འབད་ཡོདཔ་བཞིན་དུ་ མཁའ་འགྲུལ་ལས་སྡེ་དེ་གིས་ དེ་ཚེ་ར་ མཁའ་འགྲུལཔ་དེ་ […]

gyalchi
World News

ཡུ་ཀེ་རེན་ལུ་ ཡུ་རོབ་ཀྱི་ འགོ་ཁྲིདཔ་ཚུ་ བལྟ་སྐོར་ལུ་ ལྷོད་དེ་ཡོད་པའི་བར་ན་ གནམ་ཁ་ལས་ གནོད་འཚུབས་ཀྱི་བརྡ་སྐད།

རོའི་ཊརཛ།སྤྱི་ཟླ་ ༢ པའི་ཚེས་ ༣ ལུ་ ཡུ་རོབ་རྒྱལ་ཚོགས་ཀྱི་ འགོ་ཁྲིདཔ་ཚུ་ ཡུ་ཀེ་རེན་གྱི་རྒྱལ་ས་ ཀི་ཡེབ་ལུ་ སྲིད་འཛིན་ཝོ་ལོ་ཌི་མིར་ ཟེ་ལེནཛ་ཀི་དང་གཅིག་ཁར་ ར་ཤི་ཡའི་ རྒྱབ་འགལ་ལུ་ བཀག་ཆ་ཁ་སྐོང་དང་ ཡུ་ཀེ་རེན་ རྒྱལ་ཁབ་དེ་ ཡུ་རོབ་རྒྱལ་ཚོགས་ནང་ འཛུལ་ཞུགས་ཀྱི་སྐོར་ལས་ བསྟུན་གྲོས་འབད་བར་ ལྷོད་དེ་ཡོད་མི་དང་འབྲེལ་ཏེ་ ཡུ་ཀེ་རེན་གྱི་ རྒྱལ་ཁབ་མཐའ་དབུས་མེད་པར་ གནམ་ཁ་ལས་ གནོད་འཚུབས་ཀྱི་ བརྡ་སྐད་ཚུ་ བཏང་ཡོདཔ་ཨིན་པས།དེ་ཡང་ ཡུ་རོབ་རྒྱལ་ཚོགས་ བཀོད་ཁྱབ་ལྷན་ཚོགས་ཀྱི་ ཁྲི་འཛིན་དང་ འགོ་ཁྲིདཔ་ ༢༧ སྤྱི་ལོ་ ༢༠༢༢ སྤྱི་ཟླ་ ༢ པའི་ཚེས་ ༢༤ ལུ་ ར་ཤི་ཡ་གིས་ ཡུ་ཀེ་རེན་དང་གཅིག་ཁར་ དམག་འཁྲུག་འགོ་བཙུགས་ཏེ་ ལོ་གཅིག་འཁོར་བའི་ དུས་དྲན་དང་འྦརེལ་ཏེ་ ཡུ་ཀེ་རེན་ལུ་ རྒྱབ་སྐྱོར་ཡོད་པའི་ བརྡ་མཚོན་གྱི་དོན་ལས་ འོང་ཡོདཔ་ཨིན་པས།ཡུ་རོབ་རྒྱལ་ཚོགས་ཀྱི་ཁྲི་འཛིན་ ཅར་ལིཛ་མའི་ཀཱལ་གྱིས་ མི་སྡེ་བརྡ་བརྒྱུད་ ཊུ་ཡེ་ཊར་ནང་ ང་བཅས་ཀྱིས་ སེམས་ཐག་བཅད་མི་དེ་ལུ་ འགྱུར་ལྡོག་མེད་ལུགས་དང་ ཡུ་རོབ་རྒྱལ་ཚོགས་ནང་ འཛུལ་ཞུགས་ཀྱི་ […]

gyalchi
World News

རྒྱ་གར་ཨ་སམ་ལུ་ ལོ་ན་མ་སྨིན་པར་ གཉེན་སྦྱོར་འབད་མི་ལུ་ ཞིབ་དཔྱད་ཐོག་ལས་ ཕོ་སྐྱེས་ ༡,༨༠༠ འཛིན་བཟུང་།

རོའི་ཊརཛ། རྒྱ་གར་གྱི་མངའ་སྡེ་ ཨ་སམ་ལུ་ ལོ་ན་མ་སྨིན་པའི་ བུམོ་ཚུ་དང་ གཉེན་སྦྱོར་དང་ ཡང་ཅིན་ འགྲིགས་ཆའི་ཐོག་ལས་ གཉེན་སྦྱོར་འབད་མི་ལུ་ ཧང་སྟོང་མར་ ཞིབ་དཔྱད་འབད་དེ་ ཕོ་སྐྱེས་ ༡,༨༠༠ འཛིན་བཟུང་འབད་ནུག།སྤྱི་ཟླ་ ༢ པའི་ཚེས་ ༣ ལུ་ རྒྱ་གར་ཨ་སམ་མངའ་སྡེའི་ གཙོ་འཛིན་བློན་པོ་གིས་ དེ་བཟུམ་མའི་ ཞིབ་དཔྱད་འབད་མི་དེ་ ལོ་ན་མ་སྨིན་པའི་ གཉེན་སྦྱོར་གྱི་ ལམ་ལུགས་དེ་ ཡུན་བརྟན་ཅན་སྦེ་ བཀག་ཆ་འབད་ཐབས་ལུ་ཨིན་ཟེར་ བཤད་ཡོདཔ་ཨིན་པས།སྤྱི་ཟླ་ ༢ པའི་ཚེས་ ༢ ཀྱི་ ནུབ་མོ་ལས་ འགོ་བཙུགས་ཏེ་ ཁྲིམས་སྲུང་འགག་པ་ཚུ་གིས་ འཛིན་བཟུང་འབད་མིའི་གྲས་ཁར་ གཉེན་སྦྱོར་གྱི་དོན་ལས་ ཧིན་དྷུ་དང་ མུཛ་ལིམ་གི་ ལྷ་ཁང་ཚུ་ནང་ ཐོ་བཀོད་འབད་ནི་ལུ་ གྲོགས་རམ་འབད་མི་ཚུ་ཡང་ ཚུད་དེ་ཡོད་ཟེར་བཤད་ནུག།.དེ་སྦེ་ གཉེན་སྦྱོར་འབད་བའི་ཤུལ་ལུ་ ལོ་ན་མ་སྨིནམ་ལས་ ཨ་ལོ་སྐྱེ་ནི་དང་ སྐྱེས་མ་དང་ ཨ་ལོ་གསར་སྐྱེས་ཚུ་ལུ་ ཤི་རྐྱེན་བྱུང་མི་དེ་ གནད་དོན་གཙོ་བོ་ཅིག་ལུ་ འགྱུར་ཏེ་ཡོད་ཟེར་ཨིན་པས།རྒྱ་གར་རྒྱལ་ཁབ་ནང་ སྐྱེས་ལོ་ ༡༨ མན་ཆད་ཀྱིས་ གཉེན་སྦྱོར་འབད་ནི་དེ་ […]

gyalchi
World News

ཡུ་ཀེའི་བློན་ཆེན་ སུ་ནག་གིས་ གཞུང་སྐྱོང་སྟེ་ ཉིན་གྲངས་ ༡༠༠ འཁོར་བའི་ དུས་ཚོད་ཁར་ དཀའ་ངལ་ཚུ་ཡང་ཡར་སེང་།

ཨེ་བི་སི། ཡུ་ཀེའི་བློན་ཆེན་ རི་ཤི་སུ་ནག་ལུ་ ལོགས་གཅིག་ལས་ ཁོང་ཁྲོ་ཅན་གྱི་ ཚོགས་སྡེ་ཚུ་དང་ ལོགས་གཅིག་ལས་ ཀཱན་སར་ཝེ་ཊིབ་ སྲིད་ཚོགས་ཀྱི་ ཁྲིམས་ལུགས་བཟོ་མི་ཚུ་ དེ་ལས་ བར་ན་སྐོར་མར་ བཙག་འཐུ་ལས་ རྒྱལ་ཁ་འཐོབ་ཐབས་ལུ་ ཁོ་རའི་ཁ་ཐུག་ལས་ ཚོགས་རྒྱན་བསྐྱུར་མི་ ས་ཡ་ལས་བཅད་དེ་ ཕྱོགས་བསྒྱུར་འབད་དགོཔ་ཡོདཔ་ཨིན་པས།དེ་འབདཝ་ལས་ སྤྱི་ཟླ་ ༡༢ པའི་ཚེས་ ༢ ལུ་ བློན་ཆེན་གྱི་ གོ་གནས་ཁར་ ཉིན་གྲངས་ ༡༠༠ ལང་མི་ སུ་ནག་ལུ་ ཁོ་གི་ཧེ་མའི་བློན་ཆེན་ ལིཟ་ཌཛ་ལུ་མྱོང་མི་ དོ་འགྲན་ཚུ་ལས་ ལོག་བལྟབ་ཀྱིས་ དོ་འགྲན་འབད་དགོཔ་བྱུང་ནུག།དེ་ཡང་ ལིཟ་ཌཛ་གིས་ ཁྲལ་དེ་ཚུ་ རྒྱ་ཆེ་ཏོག་ཏོ་སྦེ་ར་ ཕབ་ཆག་འབད་ནི་གི་ འཆར་གཞི་ལུ་བརྟེན་ཏེ་ མི་སེར་ཚུ་ རྣམ་རྟོག་ལང་པའི་ གཞི་ཅིག་ལུ་ གྱུར་སོངཔ་ལས་ སྐྱེས་ལོ་ ༤༢ འབད་མི་ སུ་ནག་དེ་ ཀཱན་སར་ཝེ་ཊིབ་ སྲིད་ཚོགས་ཀྱི་ འགོ་ཁྲིད་སྦེ་ བསྐོ་བཞག་འབད་བའི་ཤུལ་ལས་ སྤྱི་ཟླ་ ༡༠ པའི་ཚེས་ ༢༥ […]

gyalchi
Online now: 13 Today: 2062 Total visitors: 12092