ArchiveAboutContact

Category: འཛམ་གླིང་གནས་ཚུལ།

World News

པེ་ལིཛ་ཊིན་གྱི་ཁྲོམ་ ག་ཟའི་སྨན་ཁང་ཚུ་ལུ་ ཨིཛ་རེལ་གྱིས་ གནོད་འཚུབ་བཀལ་ཡོདཔ་ལས་ ནདཔ་ལེ་ཤ་ཅིག་ལུ་དཀའ་ངལ།

རོའི་ཊརཛ། སྤྱི་ཟླ་ ༡༡ པའི་ཚེས་ ༡༠ ལུ་ པེ་ལིཛ་ཊིན་གྱི་ཁྲོམ་ ག་ཟའི་འགོ་དཔོན་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཁྲོམ་དེ་ནང་གི་ སྨན་ཁང་ ༣ དེ་ཅིག་ལུ་ ཨིཛ་རེལ་གྱིས་ གནོད་འཚུབ་བཀལ་ཡོདཔ་ལས་ གསོ་བའི་ཞབས་ཏོག་ལུ་ ཐོ་ཕོག་སྟེ་ རྨ་སྐྱོན་བྱུང་མི་ སྟོང་ཕྲག་ལས་བཅད་མི་ཚུ་ལུ་ སྡོད་ས་མེདཔ་ཐལ་ཏེ་ཡོད་ཟེར་ཨིན་པས།ག་ཟ་གསོ་བའི་ལྷན་ཁག་ལས་ མགྲིན་ཚབ་ཨཱལ་ཀི་དར་གྱིས་འབད་བ་ཅིན་ ཨིཛ་རེལ་གྱིས་ སྨན་ཁང་ཚུ་གུ་ གཅིག་ཤུལ་གཉིས་སྦེ་ར་ མཁའ་དབྱིངས་ཐོག་ལས་ གནོད་འཚུབ་བཀལ་ཏེ་ཡོད་ཟེར་ཨིནམ་ད་ དེ་ཡང་ ག་ཟའི་སྨན་ཁང་སྦོམ་ཤོས་ ཨཱལ་ཤི་ཕ་ཟེར་མིའི་ རྡོ་གཅལ་ལུ་དམིགས་ཏེ་ རྫས་བམ་ཚུ་ བཀོག་ཡོདཔ་སྦེ་ཨིན་པས།ཨིཛ་རེལ་གྱིས་ སྤྱི་ཟླ་ ༡༠ པའི་ཚེས་ ༧ ལུ་ གནོད་འཚུབ་བཀལ་མི་ ཧ་མཱཛ་སྡེ་ཚན་གྱི་ གསང་བའི་ཐོག་ལས་ བཀོད་རྒྱ་བཏང་མི་ཚུ་ ཨཱལ་ཤི་ཕ་ སྨན་ཁང་འོག་ལས་ཕར་ ས་དོང་ནང་ཡོདཔ་སྦེ་ བཤདཔ་ཨིན་རུང་ ཧ་མཱཛ་གིས་འབད་བ་ཅིན་ མི་བདེན་ཟེར་ཨིན་པས།ཨིཛ༌རེལ་གྱི་ དམག་མི་ཚུ་གིས་ ཧ་མཱཛ་སྡེ་ཚན་དེ་ རྩ་མེད་གཏང་ཐབས་ལུ་ ཕྱད་མདའ་རྐྱབ་མི་དེ་གིས་ ག་ཟ་ཁྲོམ་གྱི་ སྨན་ཁང་ཚུ་ནང་ སྨན་རྫས་དང་ འཐུང་ཆུ་ […]

World News

རྒྱ་གར་ནིའུ་དིལླི་གིས་ ཉེན་ཁ་ཡོད་པའི་ བཙོག་རླུང་གི་ དཀའ་ངལ་བསལ་ཐབས་ལུ་ ཆརཔ་ཕབ་ནི་གི་འཆར་གཞི།

རོའི་ཊརཛ། འཛམ་གླིང་ནང་ བཙོག་རླུང་གི་ ཚད་གཞི་མཐོ་ཤོས་ཨིན་མི་ རྒྱ་གར་གྱི་རྒྱལ་ས་ ནིའུ་དིལླི་ལུ་ བདུན་ཕྲག་ ༡ གི་རིང་ལུ་ བཙོག་རླུང་གི་ དཀའ་ངལ་སྦོམ་སྦེ་ར་ བྱུང་སྟེ་ཡོདཔ་ལས་ རླུང་མའི་སྤུས་ཚད་ ལེགས་སྒྱུར་གྱི་དོན་ལུ་ ཆརཔ་བཟོ་ནི་གི་ འཆར་གཞི་བརྩམ་དོ་ཡོདཔ་ཨིན་པས།དེ་བཟུམ་མའི་ འཆར་གཞི་བརྩམ་མི་དེ་ འགོ་དང་ཨིནམ་ད་ གནས་སྐབས་ཅིག་ སློབ་གྲྭ་ཚུ་ སྒོ་བསྡམས་པའི་ཁར་ བཟོ་བསྐྲུན་གྱི་ལཱ་ཚུ་ མཚམས་འཇོག་དང་ སྣུམ་འཁོར་བཀོལ་སྤྱོད་དེ་ཡང་ བཀག་དམ་འབད་ནི་ཨིན་པས།ས་གནས་ཀྱི་ མཐའ་འཁོར་གནས་སྟངས་བློན་པོ་ གོ་པཱལ་རའི་གིས་ ཁྲིམས་དོན་གྱི་གནང་བ་དང་ གནམ་གཤིས་གནས་སྟངས་ཚུ་དང་བསྟུན་ཏེ་ ས་གནས་ཀྱི་དབང་འཛིན་ཚུ་གིས་ སྤྱི་ཟླ་ ༡༡ པའི་ཚེས་ ༢༠ ལས་ འགོ་བཟུང་སྟེ་ ཆརཔ་ཕབ་ཐབས་ཚུ་འབད་ནི་ཨིནམ་སྦེ་ བཤད་ཡོདཔ་ཨིན་པས།དེ་ཡང་ ནིའུ་དིལླི་ལུ་ ལོ་བསྟར་བཞིན་དུ་ གནམ་དགུན་ཐོནམ་ད་ ལོ་ཐོག་བསྡུ་ཤུལ་གྱི་ རག་རོ་ཚུ་ མེ་བཏང་མི་དང་ སྣུམ་འཁོར་ དེ་ལས་ བཟོ་གྲྭ་དང་ བཟོ་བསྐྲུན་ཚུ་ལུ་བརྟེན་ཏེ་ རླུང་མའི་སྤུས་ཚད་ཚུ་ ཉམས་འགྱོ་དོ་ཡོདཔ་ཨིན་པས།ཧེ་མར་ རྒྱ་ནག་དང་ ཨིན་ཌོ་ནེ་ཤི་ཡ་ མ་ལེ་ཤི་ཡའི་ རྒྱལ་ཁབ་ཚུ་ནང་ དེ་བཟུམ་མའི་ […]

World News

པ་ཀིཛ་ཏཱན་ལུ་ ཁྲིམས་སྲུང་འགག་སྡེའི་ སྣུམ་འཁོར་ཅིག་གི་ ཉེ་འདབས་ལུ་ རྫས་བམ་གས་རྐྱེན།

ཨེ་བི་སི། སྤྱི་ཟླ་ ༡༠ པའི་ཚེས་ ༣ ལུ་ པ་ཀིཛ་ཏཱན་གྱི་ ནུབ་བྱང་ས་ཁོངས་ཅིག་ནང་ ཁྲིམས་སྲུང་འགག་སྡེའི་ སྣུམ་འཁོར་ཅིག་གི་ ཉེ་འདབས་ལུ་ འཁོར་ལོ་འབད་མི་ སྣུམ་འཁོར་ཅིག་ བཀག་བཞག་མི་ལས་ རྫས་བམ་ཅིག་ གས་ནི་དེ་གིས་ མི་ ༥ ལུ་ ཤི་རྐྱེན་དང་ གཞན་མི་ ༢༠ དེ་ཅིག་ལུ་ རྨ་སྐྱོན་བྱུང་ནུག།ཁྲིམས་སྲུང་འགག་སྡེའི་འགོ་དཔོན་ གུལ་ཤེར་ཁཱན་གྱིས་ རྫས་བམ་གས་སའི་ས་གནས་ དེ་ར་ཨིཛ་མ་ཡེལ་ཁཱན་ཟེར་མི་དེ་ ཨཕ་གྷ་ནིཛ་ཏཱན་ མཐའ་བསྐོར་ཏེ་ཡོད་མི་ ས་མཚམས་ཁར་ཨིན་ཟེར་བཤད་ནུག།འཁོར་ལོ་ ༢ འབད་མི་ སྣུམ་འཁོར་དེ་ཡང་ སྐྱེལ་འདྲེན་འགྲུལ་འཁོར་བཱཛ་བཞག་སར་ བཀག་བཞག་ཡོདཔ་ད་ ཁྲིམས་སྲུང་དམག་མི་ཚུ་ ཏག་ཝ་ར་ ས་ཁོངས་ནང་ སྐྱེལ་བར་འགྱོ་མི་ སྣུམ་འཁོར་ཅིག་ ས་གནས་དེ་ཁར་ལྷོདཔ་ད་ ས་ཐག་རིང་ས་ལས་ རྫས་བམ་གྱི་ ལྡེ་མིག་དཀྲོགས་ཏེ་ གས་བཅུག་ནུག་ཟེར་ཨིན་པས།རྐྱེན་ངན་དེ་གི་སྐོར་ལས་ སྡེ་ཚན་ག་གིས་ཡང་ ཁས་ལེན་འབད་མ་བཏུབ་རུང་ པ་ཀིཛ་ཏཱན་ལུ་ཡོད་མི་ ཏ་ལི་བཱན་གྱི་ སྡེ་ཚན་ཨིན་པའི་ དོགས་པ་ཡོདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

ཨིཛ་རེལ་གྱི་ དམག་མི་ཚུ་གིས་ པེ་ལེཛ་ཊིན་ ག་ཟའི་ཁྲོམ་ཚོགས་ མཐའ་བསྐོར་ཡོདཔ།

རོའི་ཊརཛ། སྤྱི་ཟླ་ ༡༡ པའི་ཚེས་ ༣ ལུ་ ཨིཛ་རེལ་གྱིས་ སླབ་མིའི་ནང་ ཁོང་གིས་ ཧ་མཱཛ་སྡེ་ཚན་ རྩ་མེད་གཏ་ཐབས་ལུ་ གཙོ་བོར་བཏོན་ཏེ་ ག་ཟ་ཁྲོམ་དེ་ ཁོང་གི་དམག་མི་ཚུ་གིས་ མཐའ་བསྐོར་ཏེ་ཡོད་ཟེར་ཨིན་པས།དེ་དང་དུས་མཉམ་སྦེ་ ཡུ་ཨེཛ་གི་ ཁ་ཐུག་ལས་ པེ་ལེཛ་ཊིན་གྱི་ ས་ཁོངས་ནང་ གྲོགས་རམ་ཚུ་ བསྐྱལ་ནིའི་དོན་ལས་ ཕྱད་མདའ་མཚམས་འཇོག་འབད་དགོཔ་སྦེ་ ཨིཛ་རེལ་གྱི་བློན་ཆེན་ བེན་ཇ་མིན་ ནེ་ཏན་ཡ་ཧུ་ལུ་ ནན་སྐུལ་འབད་ནུག།ཨིཛ་རེལ་དང་ ཧ་མཱཛ་གཡིབ་དམག་གི་བར་ན་ ཕྱད་མདའ་འགོ་བཙུགས་ཏེ་ བདུན་ཕྲག་ ༤ མ་ལངམ་ཅིག་ སོང་ཡོདཔ་ད་ ཧ་མཱཛ་གཡིབ་དམག་གི་ དམག་མི་ཚུ་ ས་དོང་ནང་ལས་ཐོན་ཏེ་ གནོད་འཚུབ་བཀལཝ་ཅིག་ འབྱོག་འགྱོ་ནི་གི་ ཐབས་ཤེས་ཚུ་ཡང་ ལག་ལེན་འཐོ་དོ་ཡོདཔ་ཨིན་པས།ནེ་ཏན་ཡ་ཧུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ད་རེས་ དམག་འཁྲུག་ཚབས་ཆེན་སྦེ་ར་ ལང་ཐོག་ལས་ ཨིཛ་རེལ་གྱིས་ ག་ཟ་ཁྲོམ་ལུ་ འཛུལ་ཐབས་འབད་བའི་བསྒང་ཡོད་ཟེར་ཨིན་པས།ཡུ་ཨེཛ་གི་ རྒྱལ་ཁམས་དྲུང་ཆེན་ ཨེན་ཊོ་ནི་ བི་ལིང་ཀེན་གྱིཧ་ འཛམ་གླིང་ཤར་དབུས་ལུ་ ལྟ་སྐོར་འབད་དོ་ཡོདཔ་ད་ ཁོ་གིས་ ག་ཟ་ལུ་ཡོད་མི་ ཞི་བའི་མི་སེར་ཚུ་ལུ་ གནོད་པ་མར་ཕབ་སྐོར་ལས་ […]

World News

ར་ཤི་ཡའི་ སྲིད་འཛིན་གྱིས་ རྒྱལ་སྤྱིའི་རྡུལ་ཕྲན་ནུས་ཤུགས་ བརྟག་དཔྱད་བཀག་དམ་ཆིངས་ཡིག་ ཆ་མེད་ཀྱི་དོན་ལུ་ དཔྱད་ཡིག་གུ་མཚན་རྟགས།

ཨེ་བི་སི། སྤྱི་ཟླ་ ༡༡ པའི་ཚེས་ ༢ ལུ་ ར་ཤི་ཡའི་སྲིད་འཛིན་ ཝེལ་ཌི་མིར་ པུ་ཊིན་གྱིས་ རྒྱལ་སྤྱིའི་རྡུལ་ཕྲན་ནུས་ཤུགས་ བརྟག་དཔྱད་བཀག་དམ་ཆིངས་ཡིག་ ཆ་སྦྱོར་ཆ་མེད་གཏང་ནིའི་དོན་ལས་ དཔྱད་ཡིག་ཅིག་གུ་ མཚན་རྟགས་བཀོད་ཡོདཔ་ད་ དེ་ཡང་ ཡུ་ཨེཛ་དང་གཅིག་ཁར་ དོ་འགྲན་མཉམ་པའི་ གནས་སྟངས་བཟོ་ནི་ལུ་ དགོས་མཁོ་ཡོད་ནི་དེ་གིས་ཨིན་པས།པུ་ཊིན་གྱིས་ རྡུལ་ཕྲན་ནུས་ཤུགས་ཀྱི་ བཀག་དམ་ཆིངས་ཡིག་ ཆ་མེད་གཏང་དགོ་མི་དེ་ ཡུ་ཨེཛ་གི་ཁ་ཐུག་ལས་ ཆིངས་ཡིག་གུ་ མཚན་རྟགས་བཀོད་དེ་འབད་རུང་ ཆ་སྦྱོར་མ་འབད་བར་ཡོད་ནི་དེ་གིསཨིན་ཟེར་ བཤད་ཡོདཔ་ཨིན་པས།འདས་པའི་ཟླཝ་ནང་ ར་ཤི་ཡའི་ སྤྱི་ཚོགས་ཀྱི་ ཚོགས་ཁང་གོང་འོག་གཉིས་ཆ་ར་གིས་ ཆིངས་ཡིག་དེ་ ཆ་སྦྱོར་ཆ་མེད་བཏང་དགོཔ་སྦེ་ ཚོགས་རྒྱན་བསྐྱུར་ནུག།སྤྱི་ལོ་ ༡༩༩༦ ལོ་ལུ་ ཆ་འཇོག་འབད་མི་ རྡུལ་ཕྲན་ནུས་ཤུགས་ཀྱི་ བཀག་དམ་ཆིངས་ཡིག་དེ་གིས་ འཛམ་གླིང་ག་ཏེ་ཨིན་རུང་ རྡུལ་ཕྲན་ནུས་ཤུགས་ གས་བཅུག་ནི་དེ་ བཀག་དམ་འབདཝ་ཨིན་རུང་ ཆིངས་ཡིག་དེ་ ཡོངས་རྫོགས་སྦེ་ ལག་ལེན་མ་འཐབ་པར་ཡོདཔ་ཨིན་པས།ཆིངས་ཡིག་དེ་ རྒྱ་ནག་དང་ རྒྱ་གར་ པ་ཀིཛ་ཏཱན་ བྱང་ཀོ་རི་ཡ་ ཨིཛ་རེལ་ དེ་ལས་ ཨི་ཇིབ་རྒྱལ་ཁབ་ཚུ་གིས་ཡང་ ཆ་སྦྱོར་མ་འབད་བར་ཡོདཔ་ཨིན་པས།ད་རེས་ ནུབ་ཕྱོགས་རྒྱལ་ཁབ་ཚུ་གིས་ ཡུ་ཀེ་རེན་ལུ་ […]

World News

ར་ཤི་ཡ་གིས་ ཉིནམ་གཅིག་གི་ནང་ གཞིས་ཆགས་ཀྱི་ ས་གོ་ཚུ་ནང་གནོད་འཚུབ།

བི་བི་སི། སྤྱི་ཟླ་ ༡༡ པའི་ཚེས་ ༢ ལུ་ ར་ཤི་ཡ་གིས་ འདས་པའི་དུས་ཡུན་ ཆུ་ཚོད་ ༢༤ གི་ ནང་འཁོད་ལུ་ ཡུ་ཀེ་རེན་གྱི་ ཁྲོམ་ཚོགས་ ༡༡༨ ཀྱི་ནང་ རྫས་བམ་ཚུ་བཀོག་སྟེ་ གནོད་འཚུབ་བཀལཝ་ལས་ ཡུ་ཀེ་རེན་གྱི་ ནང་སྲིད་བློན་པོ་ ཨི་ཧོར་ཀི་ལི་མེན་ཀོ་གིས་ དུས་ཅི་ ཉིནམ་གཅིག་གི་ནང་ དེ་བཟུམ་མའི་ གནོདཔ་བཀལ་བཀལཝ་ རྩ་ལས་ར་མེད་ཟེར་ བཤད་ཡོདཔ་ཨིན་པས།ཁོ་གིས་འབད་བ་ཅིན་ ཡུ་ཀེ་རེན་གྱི་ ལུང་ཕྱོགས་ ༢༧ ལས་ ལུང་ཕྱོགས་ ༡༠ གྱི་ནང་ གནོད་འཚུབ་བཀལ་ཏེ་ ཤི་རྐྱེན་དང་ རྨ་སྐྱོན་མང་རབས་ཅིག་ བྱུང་ནུག་ཟེར་ཨིནམ་ད་ དེ་ཡང་ རྫས་བམ་གྱིས་ གནོད་སྐྱོན་བྱུང་མི་ མི་སྡེ་མང་ཤོས་ཅིག་ རྒྱལ་ཁབ་ཀྱི་ ཤར་ཕྱོགས་དང་ ལྷོ་ཕྱོགས་ལུ་ རྒྱལ་ཁབ་ ༢ ཀྱི་ དམག་མི་ཚུ་ གདོང་ཐུག་རྐྱབ་སའི་ ཉེ་འདབས་ལུ་ཡོད་ཟེར་ཨིན་པས།ཌོ་ནེཛ་ལུང་ཕྱོགས་ཀྱི་ ཤར་ཁ་ཐུག་ལུ་ ཐབས་བྱུས་ཅན་གྱི་ ཁྲོམ་ཨབ་ནིབ་ཀ་ཟེར་སར་ ར་ཤི་ཡའི་ […]

World News

བང་ལ་དེཤ་ལུ་ རྒྱལ་ཡོངས་བཙག་འཐུའི་ དུས་ཚོད་རན་མི་དང་བསྟུན་ཏེ་ སྲིད་དོན་དང་འབྲེལ་བའི་འཛིང་འཁྲུག།

བི་བི་སི། སང་ཕོད་ སྤྱི་ཟླ་ ༡ པའི་ནང་ བང་ལ་དེཤ་ལུ་ རྒྱལ་ཡོངས་བཙག་འཐུ་ འགོ་འདྲེནའཐབ་ནི་ཨིནམ་ལས་ ད་རེས་ སྲིདདོན་ཐོག་ལུ་ མ་མཐུན་པའི་ གནས་སྟངས་ལུ་བརྟེན་ཏེ་ ངོ་རྒོལ་འགྲེམ་སྟོན་དང་ རྨ་བཏོན་ཁྲག་བཏོན་ཚུ་འབདཝ་ལས་ བྱ་སྟབས་མ་བདེ་བའི་ གཞི་ཅིག་ལུ་ གྱུར་ཡོདཔ་ཨིན་པས།དེ་ཡང་ གཞུང་གི་རྒྱབ་འགལ་ལུ་ འགྲེམ་སྟོན་ཅིག་ འགོ་འདྲེན་འཐབ་མིའི་ནང་ འཛིང་འཁྲུག་ལངམ་ལས་ ལྡོག་ཕྱོགས་ལུ་ རྒྱབ་སྐྱོར་འབད་མི་ མི་ངོམ་ ༢ དེ་ཅིག་ལུ་ ཤི་རྐྱེན་བྱུང་པའི་ཤུལ་ལས་ ལྡོག་ཕྱོགས་ཀྱི་ ཆེ་མཐོའི་འགོ་དཔོན་ དག་པ་ཅིག་ར་ འཛིན་བཟུང་འབད་ནུག།བང་ལ་དེཤ་ལུ་ ལྡོག་ཕྱོགས་གཙོ་བོ་ བང་ལ་དེཤ་ ནེ་ཤ་ན་ལིཛ་ སྲིད་ཚོགས་ཀྱིས་ བློན་ཆེན་ཤེག་ཧ་སི་ན་དེ་ དགོངས་ཞུ་འབད་དགོཔ་སྦེ་ ངོ་རྒོལ་འགྲེམ་སྟོན་ཚུ་ རྒྱ་སྦོམ་སྦེ་ར་ འགོ་འདྲེན་འཐབ་ཨིན་པས།བང་ལ་དེཤ་ ནེ་ཤ་ན་ལིཛ་ སྲིད་ཚོགས་དང་ སྲིད་ཚོགས་དེ་དང་ མཐུན་ལམ་ཡོད་མི་ཚུ་གིས་ ཨམ་ཧ་སི་ན་དེ་ བློན་ཆེན་གྱི་ གོ་གནས་ཐོག་ལུ་ར་ བཙག་འཐུ་འབད་བ་ཅིན་ དྲང་བདེན་དང་ འདྲ་མཉམ་མི་འོང་ནི་ཨིནམ་ལས་ དགོངས་ཞུ་འབད་དེ་ གནས་སྐབས་ཀྱི་ གཞུང་སྐྱོང་ཅིག་ གཞི་བཙུགས་འབད་དགོཔ་སྦེ་ སླབ་ཨིན་རུང་ […]

World News

ཨིན་ཌོ་ནེ་ཤི་ཡ་ལུ་ གློ་སྨན་ཁུ་བ་བཟོ་མི་ལས་སྡེའི་ འགོ་འཛིན་ལུ་ ཨ་ལོ་ཤི་རྐྱེན་དང་འབྲེལ་བའི་བཙོན་ཁྲིམས།

བི་བི་སི། ཨིན་ཌོ་ནེ་ཤི་ཡའི་ ཚོང་ལས་ཅིག་ གློ་སྨན་ཁུ་བ་ལུ་བརྟེན་ཏེ་ ཨ་ལོ་ ༢༠༠ ལྷགཔ་ཅིག་ལུ་ ཤི་རྐྱེན་བྱུང་མི་དང་ འབྲེལ་བ་ཡོདཔ་ལས་ ཁྲིམས་འདུན་གྱིས་ ཚོང་ལས་དེ་གི་ འགོ་འཛིན་དང་ འགོ་དཔོན་ ༣ ལུ་ ལོ་ངོ་ ༢ རེའི་ བཙོན་ཁྲིམས་བཀལ་བའི་ཁར་ ཨིན་ཌོ་ནེ་ཤི་ཡའི་ རུ་པི་ཡ་ ཐེར་འབུམ་ ༡ འབདཝ་ད་ ཌོ་ལར་ ༦༣,༠༢༩ དེ་ཅིག་གི་ ཉེས་ཆད་ཡང་བཀལ་ནུག།དེ་ཡང་ ཨ་ཕི་ཕར་མ་ཟེར་མི་ ཚོང་ལས་དེ་ལུ་ ཚད་ལས་བརྒལ་བའི་ གནོད་རྫས་བླུགས་ཐོག་ལས་ གློ་སྨན་ཁུ་བ་ བཟོ་ཡོད་པའི་ ཉེས་འཛུགས་བཀལ་ཡོདཔ་ད་ ཚོང་ལས་དེ་གི་ རྒྱབ་མི་གིས་འབད་བ་ཅིན་ དེ་སྦེ་ གནོད་རྫས་བླུགས་མི་དེ་ སྣང་མེད་ཐོག་ལུ་མིནམ་ལས་ མཐོ་གཏུགས་འབད་ནི་གི་ མནོ་བསམ་གཏང་དོ་ཟེར་ཨིན་པས།ཁྲིམས་སར་བཀལ་མི་གིས་ སྤྱི་ལོ་ ༢༠༢༡ སྤྱི་ཟླ་ ༡༠ པ་ལས་ སྤྱི་ལོ་ ༢༠༢༢ སྤྱི་ཟླ་ ༢ པ་ཚུན་ལུ་ ཚོང་ལས་དེ་གིས་ གློ་སྨན་ཁུ་བའི་ནང་ རྫས་སྦྱོར་གྱི་དོན་ལས་ […]

World News

སྲིད་འཛིན་བགྲེས་པའི་ ཨ་ལོ་ཚུ་གིས་ ཁྲིམས་རྩོད་ནང་ བདེན་ཁུངས་བཀལ་ནི།

བི་བི་སི། ཡུ་ཨེཛ་གི་ སྲིད་འཛིན་བགྲེསཔ་ ཊམ་གྱི་བུམོ་དང་ བུ་ ༢ ཀྱིས་ ཤུལ་མའི་བདུན་ཕྲག་ནང་ ཊམདང་ བུ་ ༢ ཀྱི་ ཚོང་འབྲེལ་གཡོ་ཟོལ་སྐོར་ལས་ ཁྲིམས་འདུན་ལུ་ བདེན་ཁུངས་བཀལ་ནི་ཨིན་པས།དེ་ཡང་ ཧེ་མ་ བུ་ ༢ མ་གཏོགས་ བུམོ་དེ་ རྩོད་ཟླའི་གྲལ་ལས་ ཡངས་ཆག་བཏང་ཡོད་རུང་ ད་རེས་ རྩོད་དཔོན་ཡོངས་ཁྱབ་ ཡིག་ཚང་ནང་ལས་ སྲིད་འཛིན་བགྲེསཔ་དང་གཅིག་ཁར་ ཨ་ལོ་ ༣ གྱིས་ཡང་ སྤྱི་ཟླ་ ༡༡ པའི་ཚེས་ ༦ ལས་ འགོ་བཟུང་སྟེ་ ཉིན་གྲངས་ ༣ དེ་ཅིག་གི་རིང་ལུ་ བདེན་ཁུངས་བཀལ་དགོ་པའི་ མཁོ་འདོད་བཀོད་ནུག།སྲིད་འཛིན་བགྲེསཔ་ལུ་ ཡིག་ཆ་རྫུན་བཟོ་དང་ ཉེན་བཅོལ་གཡོ་ཟོལ་ དེ་ལས་ གསང་བྱའི་ཉེས་འཛུགས་ཚུ་ བཀལ་ཏེ་ཡོདཔ་ད་ བུམོ་ཨའི་བང་ཀའི་ཐེད་ཁར་ སྤྱི་ལོ་ ༢༠༡༧ ལས་ཚུར་ ཊམ་གྱི་ལས་ཚོགས་དང་ འབྲེལ་བ་མེདཔ་སྦེ་ བཤད་ཡོད་རུང་ དྲང་དཔོན་གིས་འབད་བ་ཅིན་ མོ་གིས་ ད་རེས་ཡང་ […]

World News

མཱལ་དིབཛ་གི་ སྲིད་འཛིན་གསརཔ་གིས་ རྒྱ་གར་གྱི་ དམག་མི་ཚུ་ཕྱིར་གཏོན།

ཨེན་ཌི་ཊི་ཝི། མཱལ་དིབཛ་གི་ སྲིད་འཛིན་གསརཔ་སྦེ་ བཙག་འཐུ་གྲུབ་མི་ མོ་ཧཱ་མཱད་ མུའི་ཟུ་གིས་ ཁོང་རའི་རྒྱལ་ཁབ་ཀྱི་ རང་དབང་ཧྲིལ་བུའི་དོན་ལས་ ཁོང་གི་མཚོ་གླིང་ནང་ཡོད་མི་ རྒྱ་གར་གྱི་ དམག་མི་ཚུ་ ཕྱིར་བཏོན་འབད་དགོཔ་སྦེ་ བཤད་ཡོདཔ་ཨིན་པས།བཙག་འཐུའི་སྐབས་ལུ་ མུའི་ཟུ་གིས་ སྲིད་འཛིན་ཨི་བར་ཧིམ་ སོ་ལིལ་གྱིས་ ཞིབ་དཔྱད་ག་ནི་ཡང་མེད་པར་ རྒྱ་གར་གྱི་ དམག་མི་ཚུ་ བཙུགས་ཏེ་ མཱལ་དིབཛ་གི་ ལས་དོན་ཚུ་ནང་ རྒྱ་གར་གྱིས་ ལགཔ་རྐྱབ་བཅུག་ཐོག་ལས་ རྒྱལ་ཁབ་ཀྱི་ རང་དབང་རྒྱབ་ཁར་བསྐྱུར་ཡོདཔ་སྦེ་ཨིན་པས།དེ་ཡང་ མཱལ་དིབཛ་ལུ་ ནིའུ་དིལླི་གིས་ མངོན་གསལ་འཕྲུལ་ཆས་དང་ གསང་ཞིབ་གནམ་གྲུ་ཚུ་བཙུགས་ཏེ་ རྒྱ་གར་གྱི་དམག་མི་ ༧༠ དེ་ཅིག་གིས་ མཱལ་དིབཛ་གི་ དཔལ་འབྱོར་ས་ཁོངས་ཚུ་ནང་ བལྟ་རྟོག་གི་ རྒྱབ་སྐྱོར་ཚུ་ བྱིན་ཏེ་ཡོདཔ་སྦེ་བཤད་ནུག།ག་དེ་སྦེ་ཨིན་རུང་ མའི་ཟུ་གིས་ རྒྱ་གར་གཞུང་དང་ འགྲིགས་ཆ་བཟོ་ནི་གི་ ལཱ་འགོ་བཙུགས་ཏེ་ཡོདཔ་བཞིན་དུ་ ད་ཚུན་གྱི་བར་ན་ གསུང་གྲོས་ཚུ་ ལེགས་ཤོམ་སོང་ཡོདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

Online now: 18 Today: 1188 Total visitors: 16624