ArchiveAboutContact

Category: འཛམ་གླིང་གནས་ཚུལ།

World News

ཕིན་ལེན་གྱིས་ ར་ཤི་ཡ་དང་གཅིག་ཁར་ ས་མཚམས་སྒོ་ར་ ༤ སྒོ་བསྡམས་ཡོདཔ།

བི་བི་སི། སྤྱི་ཟླ་ ༡༡ པའི་ཚེས་ ༡༨ ལུ་ ཕིན་ལེན་གྱིས་འབད་བ་ཅིན་ ཁོང་གི་ས་མཚམས་སྒོ་ར་ཚུ་ནང་ སི་རི་ཡ་དང་ ཡེ་མེན་ ཨི་རག་ཚུ་ལས་ སྐྱབས་བཅོལ་བ་ལྷོད་མི་ཚུ་ ར་ཤི་ཡ་གིས་ རྒྱུད་བསྐུལ་འབད་མི་དང་འཁྲིལ་ཏེ་ཨིནམ་སྦེ་ ཁ་ཉེས་བཀལཝ་ལས་ ཕིན་ལེན་གྱིས་ ར་ཤི་ཡ་དང་གཅིག་ཁར་ མཐུད་སྦྲེལ་ཡོད་མི་ ས་མཚམས་སྒོ་ར་ ༤ སྒོ་བསྡམས་ཡོདཔ་ཨིན་པས།དེ་ཡང་ ཕིན་ལེན་གྱིས་ བྱང་ཨེཊ་ལེན་ཊིག་ ཆིངས་ཡིག་ཚོགས་པའི་ནང་ འཐུས་མི་སྦེ་ འཛུལ་ཞུགས་འབད་ཡོགཔ་ལས་ ར་ཤི་ཡ་དེ་ ངལ་མ་རངས་པར་ ཁ་ཉེས་བཀལཝ་ཨིན་པས་ཟེར་བཀོད་ནུག།ར་ཤི་ཡ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཕིན་ལེན་གྱིས་ ས་མཚམས་སྒོ་ར་ཚུ་ སྒོ་བསྡམས་ནི་དེ་ འཛོལ་བ་སྦོམ་ཅིག་ཨིནམ་ལས་ ཟུང་ཕྱོགས་མཐུན་འབྲེལ་ མེདཔ་གཏང་ནི་གི་ གཞི་ཅིག་ལུ་ འགྱུར་ཡོདཔ་སྦེ་ཨིན་པས།.བདུན་ཕྲག་འདི་ནང་ར་ ཕིན་ལེན་ལུ་ སྐྱབས་བཅོལ་བ་ མི་གྲངས་ ༣༠༠ དེ་ཅིག་ ལྷོད་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

ལྷོ་ཀོ་རི་ཡ་ལུ་ རོ་ཁྱིའི་ཤ་དེ་ ཟས་ཐོའི་ནང་ལས་ གཏོན་གཏང་ནི་ལུ་ ཞལ་འཆམ་བྱུང་ཡོདཔ།

ཨཱལ་ཇ་ཟི་ར། ལྷོ་ཀོ་རི་ཡ་ལུ་ རོ་ཁྱིའི་ཤ་ བཟའ་སྤྱོད་འབད་ནི་དེ་ སྔར་སྲོལ་ལམ་ལུགས་ཅིག་ཨིན་རུང་ ད་རེས་ནངས་པར་ རྒྱལ་ཁབ་ནང་གི་ ན་གཞོན་ཚུ་དང་ རྒྱལ་སྤྱིའི་གནས་ཚད་ཁར་ སེམས་ཅན་སྲོག་སྐྱབས་དང་འབྲེལ་བའི་ རྩོད་རྙོག་ཅན་གྱི་ གནད་དོན་ཅིག་ལུ་ གྱུར་ཡོདཔ་ཨིན་པས།དེ་འབདཝ་ལས་ ལྷོ་ཀོ་རི་ཡ་གཞུང་གིས་ སྤྱི་ཟླ་ ༡༡ པའི་ཚེས་ ༡༧ ལུ་ སྤྱི་ལོ་ ༢༠༢༧ འོག་བཙུགསཔ་དང་འབྲེལ་ཏེ་ རོ་ཁྱིའི་ཤ་ཟ་ནི་གི་ ལམ་ལུགས་དེ་ རྩ་མེད་བཏང་ནིའི་དོན་ལས་ དུས་ཅི་གི་ ལོ་མཇུག་ལུ་ བཅའ་ཁྲིམས་ཅིག་ ཆ་འཇོག་འགྲུབ་ནི་ལུ་ ཁ་འཆམ་བྱུང་ནུག།བཅའ་ཁྲིམས་དེ་གིས་ སེམས་ཅན་སྲོག་གཅོད་ཀྱི་དོན་ལས་ རོ་ཁྱི་ཚུ་ འཚོ་སྐྱོང་འཐབ་ནི་དང་ བཙོང་ནི་ཚུ་ བཀག་དམ་འབད་ནི་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

མ་ཡཱན་མར་ལས་ སྐྱབས་འཚོལ་མི་ རོ་ཧིང་གི་ཡ་ཚུ་ ཨིན་ཌོ་ནེ་ཤི་ཡའི་ མཚོ་འགྲམ་ཚུ་ནང་ལྷོད་ཡོདཔ།

ཨཱལ་ཇ་ཟི་ར། མ་ཡཱན་མར་ རྒྱལ་ཁབ་ནང་ དྲག་པོའི་སྲིད་གཞུང་འོག་ལུ་ སྡུག་སྦྱོང་བཏང་མི་ མུཛ་ལིམ་མི་རིགས་ རོ་ཧིང་གི་ཡ་ཟེར་མི་ མི་གྲངས་ ༢༥༠ དེ་ཅིག་ སྤྱི་ཟླ་ ༡༡ པའི་ཚེས་ ༡༧ ལུ་ གྲུ་རོ་ཁོགས་ཅིག་ནང་འཛུལ་ཏེ་ ཨིན་ཌོ་ནེ་ཤི་ཡ་ལུ་ སྐྱབས་འཚོལ་བར་ ལྷོད་ཡོད་རུང་ ཨིན་ཌོ་ནེ་ཤི་ཡ་གིས་ ངོས་ལེན་འབད་མ་བཏུབ་ལས་ གྲུ་དེ་ ཨཱན་ཌ་མཱན་ རྒྱ་མཚོའི་ནང་ར་ ལུས་སོང་ནུག།དེ་བཟུམ་སྦེ་ འདས་པའི་བདུན་ཕྲག་ནང་ཡང་ སྐྱབས་འཚོལ་མི་ མི་གྲངས་ ༣༥༠ འབད་མི་ཅིག་ གྲུ་ ༢ ནང་འཛུལ་ཏེ་ ཨིན་ཌོདོ་ནེ་ཤི་ཡའི་ བྱང་ཕྱོགས་མཚོ་འགྲམ་ལུ་ ལྷོད་ཡོད་མི་ཚུ་ལུ་ཡང་ ཨིན་ཌོ་ནེ་ཤི་ཡ་གིས་ ངོས་ལེན་འབད་མ་བཏུབ་ཨིན་པས།མུཛ་ལིམ་མི་རིགས་ རོ་ཧིང་གི་ཡ་ཚུ་ ཁོང་རའི་རྒྱལ་ཁབ་ནང་ སྡུག་སྦྱོང་བཏང་པ་ལུ་བརྟེན་ཏེ་ ལོ་བསྟར་བཞིན་དུ་ རང་གི་ཚེ་སྲོག་ལུ་ ཉེན་ཁ་ཡོད་རུང་ མུཛ་ལིམ་སྟོང་ཕྲག་ལས་བཅད་དེ་ མ་ལེ་ཤི་ཡ་དང་ ཨིན་ཌོ་ནེ་ཤི་ཡ་ལུ་ སྐྱབས་འཚོལ་བར་ འབྱོག་འགྱོཝ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

རྒྱ་ནག་དང་ རྒྱ་པཱན་གྱི་བར་ན་ ཐབས་བྱུས་ཅན་གྱི་མཐུན་ལམ།

རོའི་ཊརཛ། སྤྱི་ཟླ་ ༡༡ པའི་ཚེས་ ༡༧ ལུ་ རྒྱ་ནག་གི་སྲིད་འཛིན་ ཛི་ཇིན་པིང་དང་ རྒྱ་པཱན་གྱི་བློན་ཆེན་ ཕུ་མི་ཡོ་ཀི་ཤི་ད་ ༢ ཀྱི་བར་ན་ མཇལ་ཕྲད་བྱུང་པའི་ཤུལ་ལུ་ དབུ་ཁྲིད་ ༢ ཀྱིས་ རྒྱལ་ཁབ་ ༢ ཀྱི་བར་ན་ ཕན་ཚུན་ཁེ་ཕན་ཡོད་པའི་ མཐུན་ལམ་གོང་འཕེལ་གཏང་ནི་སྦེ་ གསལ་བཤད་གནང་ནུག།དེ་ཡང་ རྒྱ་ནག་དང་ རྒྱ་པཱན་གྱི་བར་ན་ དོན་གཅོད་ཀྱི་ བྱ་སྟབས་མ་བདེཝ་ ལེ་ཤ་ཅིག་ ཐོན་པའི་ཤུལ་ལས་ མཐུན་ལམ་དེ་ཡང་ དཔལ་འབྱོར་དང་འབྲེལ་བའི་ གནད་དོན་ཚུ་ གོང་འཕེལ་གཏང་ནི་ལུ་ གཙོ་བོར་གཏོན་ནི་ཨིན་པས།ཨེ་ཤི་ཡའི་ གླིང་ཆེན་ནང་ དཔལ་འབྱོར་གྱི་ སྟོབས་ཤུགས་སྦོམ་ཡོད་མི་ རྒྱལ་ཁབ་ ༢ ཀྱི་བར་ན་ མཐུན་ལམ་ལུ་ ཐོ་ཕོག་དགོ་པའི་ གནད་དོན་དེ་ཡང་ རྒྱ་པཱན་གྱི་ རྒྱ་མཚོ་ལས་འཐོན་མི་ བཟའ་ཆས་ཚུ་ རྒྱ་ནག་ལུ་ ལག་ལེན་འཐབ་ནི་མེདཔ་སྦེ་ བཀག་དམ་འབད་མི་དང་ རྒྱ་པཱན་གྱི་ ཚོང་དཔོན་ཅིག་ གསང་ཞིབ་ཀྱི་ དོགས་པ་ལུ་བརྟེན་ཏེ་ རྒྱ་ནག་གིས་ འཛིན་བཟུང་འབད་ནི་དེ་གིས་ཨིན་པས།ཨིན་རུང་ དབུ་ཁྲིད་ […]

World News

རྒྱ་གར་ཨུ་ཏར་ཁཱན་ལུ་ ས་དོང་འཁོར་ལམ་ རྡིབ་ཡར་སོངཔ་ལས་ མི་གྲངས་ ༤༠ དེ་ཅིག་ ས་དོང་ནང་ལུས་ཡོདཔ།

སི་ཨེན་ཨེན། རྒྱ་གར་གྱི་མངའ་སྡེ་ ཨུ་ཏར་ཁཱན་གྱི་ བྱང་ཕྱོགས་ལུ་ ས་དོང་འཁོར་ལམ་ བཟོ་བསྐྲུན་འབད་བའི་བསྒང་ཡོད་མི་དེ་ རྡིབ་ཡར་སོངཔ་ལས་ མི་གྲངས་ ༤༠ དེ་ཅིག་ ས་དོང་ནང་ ལུས་ཏེ་ཡོདཔ་ད་ ཁོང་གི་གྲས་ལས་ ལ་ལོ་ཅིག་ ནདཔ་ཐོན་པ་ལུ་བརྟེན་ཏེ་ སྲོག་སྐྱབས་ཀྱི་ལཱ་ཚུ་ ག་ནི་བ་ཡང་ གལ་གནད་ཆེ་དྲགས་ཅིག་ལུ་ འགྱུར་ཏེ་ཡོདཔ་ཨིན་པས།དེ་ཡང་ སྤྱི་ཟླ་ ༡༡ པའི་ཚེས་ ༡༢ ལུ་ ས་དོང་ནང་ ལཱ་འབད་བའི་བར་ན་ རྡིབ་ཡར་སོངཔ་ད་ སྲོག་སྐྱབས་འབད་ཐབས་སྒྲིག་མི་ རྒྱ་གར་གྱི་ འགོ་དཔོན་ཚུ་གིས་ བརྩོན་ཤུགས་སྦོམ་ བསྐྱེད་དེ་འབད་རུང་ ས་དོང་ནང་གི་མི་ཚུ་ ཕྱི་ཁར་བཏོན་མ་ཚུགས་པའི་ གནད་ལུ་བརྟེན་ཏེ་ རྒྱལ་སྤྱི་ལས་ གྲོགས་རམ་འཚོལ་བའི་ནང་ལས་ཡང་ སྤྱི་ལོ་ ༢༠༡༨ ལུ་ མཚོ་འགྲམ་གྱི་ བྱག་ཕུག་ཅིག་གི་ནང་ལས་ རྐང་རྩེདཔ་སྡེ་ཚན་ཅིག་ སྲོག་སྐྱབས་འབད་མི་ མཐའ་ཡས་སྡེ་ཚན་ལས་ གྲོས་རམ་འཚོལཝ་ཨིན་པས།རྐྱེན་ངན་དེ་བྱུང་སྟེ་ ཉིན་གྲངས་ ༤ གི་རྒྱབ་ལས་ འགོ་དཔོན་ཚུ་གིས་ རྒྱལ་ས་ནིའུ་དིལླི་ལས་ ནུས་སྟོབས་ཅན་གྱི་ ས་དོང་སྤེད་འཕྲུལ་ཅིག་ གནམ་གྲུའི་ནང་སྦེ་བསྐྱལ་ཏེ་ སྤྱི་ཟླ་ […]

World News

ཨིཛ་རེལ་དང་ ཧ་མཱཛ་གི་བར་ན་ ཕྱད་མདའ་རྐྱབ་སའི་ས་གནས་ག་ཟའི་སྨན་ཁང་ནང་ འཐུང་ཆུ་དང་ སྲོག་རླུང་ཚུ་གི་དཀའ་ངལ།

བི་བི་སི། སྤྱི་ཟླ་ ༡༡ པའི་ཚེས་ ༡༧ ལུ་ ཨིཛ་རེལ་དང་ ཧ་མཱཛ་གི་བར་ན་ ཕྱད་མདའ་རྐྱབ་སའི་ ས་གནས་ག་ཟ་ལུ་ཡོད་མི་ སྨན་ཁང་གཙོ་བོའི་ མདོ་ཆེན་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ ཨིཛ་རེལ་དམག་མི་ཚུ་གིས་ གནོད་འཚུབ་བཀལ་ མི་ སྨན་ཁང་དེ་ནང་ སྲོག་རླུང་དང་ འཐུང་ཆུ་གིས་ མ་ལང་པའི་ དཀའ་ངལ་ཐོན་ཡོདཔ་ལས་ ནདཔ་ཚུ་ཁ་སྐོམ་སྟེ་ བྱེལ་སྐད་ཤོར་དོ་ཟེར་ཨིན་པས།དེ་ཡང་ གནས་སྟངས་སྐྱོ་དྲགས་སྦེ་ ཐལ་ཏེ་ཡོད་མི་ ཨཱ་ཤི་ཕ་ སྨན་ཁང་ནང་ སྨན་བཅོས་ལས་གཡོགཔ་ ༥༠༠ དང་ ནདཔ་ ༦༥༠ དེ་ལས་ སྡོད་ས་མེད་མི་ ༥,༠༠༠ ལྷགཔ་ཅིག་ཡོདཔ་ཨིན་པས།མདོ་ཆེན་གྱིས་ བཤད་མིའི་ནང་ ཨིཛ་རེལ་དམག་མི་ཚུ་གིས་ མཚོན་ཆ་སྟོབས་དང་བཅས་པའི་སྒོ་ལས་ ག་ཟ་ཁྲོམ་གྱི་སྨན་ཁང་ མཐའ་བསྐོར་ཏེ་ཡོདཔ་མ་ཚད་ སྨན་ཁང་གུ་ལས་ཕར་ ཕྱད་མདའི་གནམ་གྲུ་ཆུང་བ་ ཌཱོན་ཚུ་ཡང་ བཏང་ཐོག་ལས་ སྨན་ཁང་ནང་ འཚོལ་ཞིབ་འབད་དེ་ ཉིན་གྲངས་ ༢ ཡར་སོང་ཡི་ཟེར་ཨིན་པས།ཨིཛ་རེལ་དམག་སྡེ་གིས་ ཧ་མཱཛ་གི་རྒྱབ་འགལ་ལུ་ གསང་བའི་སྒོ་ལས་ གོ་རིམ་བཞིན་དུ་ ལག་ལེན་འཐབ་དོ་ཟེར་ཨིན་རུང་ སྨན་ཁང་ནང་ […]

World News

ཡུ་ཨེཛ་དང་ རྒྱ་ནག་གི་ དབུ་ཁྲིད་ཞལ་འཛོམས་ཀྱི་ཤུལ་ལས་ དམག་སྡེའི་བརྒྱུད་འབྲེལ་ ལོག་འགོ་བཙུགས་ནི།

བི་བི་སི། ཡུ་ཨེཛ་དང་ རྒྱ་ནག་གི་བར་ན་ མཐུན་ལམ་མ་ལེགསཔ་ཐལ་བའི་ གནས་སྟངས་བསྐྱར་གསོའི་དོན་ལས་ རྒྱལ་ཁབ་ ༢ ཀྱི་ དམག་སྡེའི་བརྒྱུད་འབྲེལ་དེ་ ལོག་སྟེ་ར་ འགོ་བཙུགས་ནི་སྦེ་ ཞལ་འཆམ་བྱུང་ནུག།དེ་ཡང་ སྤྱི་ཟླ་ ༡༡ པའི་ཚེས་ ༡༥ ལུ་ དབུ་ཁྲིད་ ༢ ཀྱི་བར་ན་ ཀ་ལི་ཕོར་ནི་ཡ་ལུ་སྦེ་ གསུང་གྲོས་གནང་པའི་ཤུལ་ལས་ དྭངས་གསལ་དང་ ཐད་ཀར་ཐོག་ལས་ བརྒྱུད་འབྲེལ་འགོ་བཙུགས་ནི་ལུ་ ཞལ་འཆམ་བྱུང་ཡོདཔ་ད་ ད་རེས་ སྲིད་འཛིན་ ༢ ཀྱི་བར་ན་ ལོ་ ༡ ལྷགཔ་ཅིག་གི་ཤུལ་ལས་ གསུང་གྲོས་གནང་མི་དེ་ འགོ་དང་པ་ཨིན་པས།དབུ་ཁྲིད་ཞལ་འཛོམས་ མཇུག་བསྡུ་བའི་ཤུལ་ལས་ སཱན་ཕ་རན་སིཛ་ཀོའི་ ཉེ་འདབས་ལུ་ གནས་ཚུལ་ཞལ་འཛོམས་ཅིག་ འགོ་འདྲེན་འཐབ་པའི་སྐབས་ལུ་ བཱ་ཡེ་ཌེན་གྱིས་ དེ་སྦེ་ བརྒྱུད་འབྲེལ་མ་འཐབ་པ་ཅིན་ རྐྱེན་ངན་ཚུ་ འབྱུང་སྲིད་ནི་ཨིན་རུང་ ད་ལས་ཕར་ སྲིད་འཛིན་ ༢ ཀྱི་བར་ན་ བརྒྱུད་འཕྲིན་འཐུ་བའི་འཕྲལ་ལས་ ཕན་ཚུན་གོ་ཐོས་ འབྱུང་འོང་ཟེར་གསུངས་ནུག།རྒྱལ་ཁབ་ ༢ ཀྱི་ དམག་སྡེའི་བར་ན་ […]

World News

ཡུ་ཀེ་རེན་ལུ་ གནམ་དགུན་གྱི་ ནུས་ཤུགས་གྲ་སྒྲིག།

སི་ཨེན་ཨེན།ཡུ་ཀེ་རེན་ལུ་ གནམ་དགུན་འཐོནམ་ད་ ད་རུང་ཡང་ བཟའ་ཚང་ཚུ་ ན་ཧིང་བཟུམ་སྦེ་ ག་ནི་བ་ཡང་ གྱང་ཤུགས་ཆེ་བའི་ གནས་སྟངས་ནང་ དཀའཝ་སྤྱད་འོང་མནོ་སྟེ་ ཡུ་ཀེ་རེན་གྱི་ ཁ་ཐུག་ལས་ ནུས་ཤུགས་ཀྱི་ གཞི་རྟེན་མཁོ་ཆས་ཚུ་ ག་དེ་མགྱོགས་མགྱོགས་ བསྐྱར་བསྐྲུན་དང་ སྲུང་སྐྱོབ་འབད་ནི་ལུ་ བརྩོན་ཤུགས་བསྐྱེདཔ་ཨིན་པས།དེ་ཡང་ དུས་ཅི་ ར་ཤི་ཡ་གིས་ བེ་ལེག་སི་ རྒྱ་མཚོ་དང་ ཌེ་ནུབ་གཙང་ཆུ་ཚུ་བདའ་སྟེ་ འབྲུ་སྣ་ཕྱིར་ཚོང་གི་ ས་སྒོ་དང་ དམག་སྒར་ཚུ་ནང་ གནོད་འཚུབ་བཀལ་ནི་ལུ་ གཙོ་བོར་བཏོནམ་ལས་ ན་ཧིང་ ར་ཤི་ཡ་གིས་ མེདཔ་བཏང་མི་ ནུས་ཤུགས་མཐུན་རྐྱེན་ཚུ་ བསྐྱར་བསྐྲུན་དང་ ཉམས་གསོ་འབད་ནི་ལུ་ གོ་སྐབས་ཐོབ་ནུག།དེ་མ་ཚད་ ན་ཧིང་ ཡུ་ཀེ་རེན་ལུ་ མཁའ་ཐོག་ཉེན་སྲུང་གི་ རིམ་ལུགས་ཚུ་ཡང་ ཚད་གཅིག་ལས་ མེད་པ་ལུ་བརྟེན་ཏེ་ ར་ཤི་ཡ་གིས་ ནུས་ཤུགས་མཐུན་རྐྱེན་ཚུ་ འཇམ་ཏོང་ཏོ་སྦེ་ མེདཔ་བཏང་ཡོད་རུང་ དུས་ཅི་ དུམ་གྲ་ཅིག་ ལཱ་ཁག་གཏང་འོང་ཟེར་ ཡུ་ཀེ་རེན་གྱི་ སྲུང་སྐྱོབ་གསང་ཞིབ་ལས་སྡེ་གིས་ བཤདཔ་ཨིན་པས་ཟེར་ བཀོད་དུག་པའི་གནས་ཚུལ།

World News

ཡུ་ཀེ་རེན་དང་ པོ་ལེན་གྱི་ ས་མཚམས་ཁར་ སྣུམ་འཁོར་ཀྲག་ ༢༠,༠༠༠ དེ་ཅིག་བཀག་དམ།

སི་ཨེན་ཨེན།སྤྱི་ཟླ་ ༡༡ པའི་ཚེས་ ༡༠ ལུ་ ཡུ་ཀེ་རེན་དང་ པོ་ལེན་གྱི་ སྣུམ་འཁོར་ཀྲག་ ༢༠,༠༠༠ ལྷགཔ་ཅིག་ ས་མཚམས་སྒོ་ར་ཁག་ ༣ གྱི་ནང་ པོ་ལེན་གྱི་ དེད་གཡོགཔ་ཚུ་གིས་ ངོ་རྒོལ་འབད་དེ་ བཀག་བཞག་ཡོདཔ་ཨིན་པས།དེ་ཡང་ ར་ཤི་ཡ་དང་ ཡུ་ཀེ་རེན་གྱི་བར་ན་ ཕྱད་མདའ་ལུ་བརྟེན་ཏེ་ ཡུ་ཀེ་རེན་གྱིས་ འབྲུ་སྣ་ཕྱིར་ཚོང་འཐབ་སའི་ ས་ཁོངས་དེ་ ར་ཤི་ཡ་གིས་ དབང་སྟེ་ཡོདཔ་ལས་ ཁོང་གི་རིན་གོང་ཆུང་བའི་ འབྲུ་སྣ་ཚུ་ ཕྱིར་ཚོང་འཐབ་ནིའི་དོན་ལས་ ཡུ་རོབ་རྒྱལ་ཁབ་ཚོགས་པ་གིས་ འཐུས་མི་རྒྱལ་ཁབ་ཚུ་ནང་ ཡུ་ཀེ་རེན་གྱི་ སྣུམ་འཁོར་ཚུ་ ཆོག་ཐམ་ཞུ་མ་དགོ་པར་ ཐོགས་ཆགས་མེདཔ་སྦེ་ འགྲུལ་བསྐྱོད་འབད་ཆོགཔ་ བཟོ་ནི་དེ་གིས་ཨིན་པས།ཡུ་རོབ་རྒྱལ་ཁབ་ཚོགས་པའི་ གྲོས་ཆོད་དང་བསྟུན་ཏེ་ ཡུ་ཀེ་རེན་གྱི་ སྣུམ་འཁོར་ཚུ་ པོ་ལེན་བརྒྱུད་དེ་ འབྲུ་སྣ་ཚོང་སྒྱུར་འཐབ་ནི་དེ་གིས་ པོ་ལེན་གྱི་ འབྲུ་སྣ་ཚོང་སྒྱུར་ལུ་ ཐོ་ཕོགཔ་ལས་ པོ་ལེན་གྱི་ དེད་གཡོགཔ་ཚུ་གིས་ ས་མཚམས་སྒོ་ར་ གཙོ་བོ་ ༣ བརྒྱུད་དེ་ སྣུམ་འཁོར་ཚུ་ འགྱོ་མ་བཅུག་པར་ བཀག་བཞག་འབད་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

བང་ལ་དེཤ་གི་ ཁྲིམས་སྲུང་འགག་སྡེ་དང་ ཐགས་རིགས་འཕྲུལ་ཁང་གི་ ལས་བྱེདཔ་ཚུ་གི་བར་ན་གདོང་ཐུག།

ཨཱལ་ཇ་ཟི་ར། བང་ལ་དེཤ་ལུ་ ཐགས་རིགས་འཕྲུལ་ཁང་ནང་ ལཱ་འབད་མི་ ༢༥,༠༠༠ དེ་ཅིག་གིས་ གཞུང་གིས་ དངུལ་ཕོགས་བསྐྱར་བཟོ་འབད་མི་ལུ་ མ་བཏུབ་སྦེ་ ངོ་རྒོལ་འགྲེམ་སྟོན་འབདཝ་ལས་ ཁྲིམས་སྲུང་འགག་སྡེ་དང་ གདོང་ཐུག་བྱུང་པ་ལུ་བརྟེན་ཏེ་ ཌ་ཀའི་ཕྱི་ཁར་ ཐགས་རིགས་འཕྲུལ་ཁང་ ༡༠༠ དེ་ཅིག་ སྒོ་བསྡམས་དགོཔ་བྱུང་ནུག།དེ་ཡང་ གཞུང་གིས་བསྐོ་བཞག་འབད་མི་ དངུལ་ཕོགས་བསྐྱར་བཟོ་སྡེ་ཚན་གྱིས་ ཐགས་རིགས་འཕྲུལ་ཁང་ཚུ་གི་ ལས་བྱེདཔ་ཚུ་གི་གླ་ཆ་ བརྒྱ་ཆ་ ༥༦.༢༥ རེ་ ཡར་སེང་འབད་ཡོད་རུང་ ལས་བྱེདཔ་ཚུ་གིས་འབད་བ་ཅིན་ ཁོང་གི་གླ་ཆ་ཚུ་ གསུམ་བལྟབ་ཀྱིས་ ཡར་སེང་འབད་དགོ་པའི་ ཐོབ་བརྗོད་བཀོདཔ་ཨིན་པས།བང་ལ་དེཤ་ལུ་ ཐགས་རིགས་འཕྲུལ་ཁང་ ༣,༥༠༠ ཡོད་མི་ཚུ་གིས་ འཛམ་གླིང་ནང་ ཡོངས་གྲགས་ཅན་འབད་མི་ གྱོན་ཆས་སྡེ་ཚན་ ལི་བའིཛ་དང་ ཛ་ར་ ཨེཆ་ཨེན་ཨེམ་ཟེར་མི་ཚུ་ལུ་ ཐགས་རིགས་ཀྱི་ གྱོན་ཆས་ཚུ་ ཕྱིར་ཚོང་འཐབ་སྟེ་ ལོ་བསྟར་བཞིན་དུ་ ཌོ་ལར་ཐེར་འབུམ་ ༥༥ དེ་རེ་ འོང་འབབ་བཟོ་དོ་ཡོདཔ་ད་ དེ་ཡང་ ཕྱིར་ཚོང་ཡོངས་བསྡོམས་ལས་ བརྒྱ་ཆ་ ༨༥ གི་རྩིས་ཨིན་རུང་ ཐགས་རིགས་འཕྲུལ་ཁང་ཚུ་ནང་ ལཱ་འབད་མི་ཚུ་གིས་ ཟླ་རིམ་གླ་ཆ་དེ་ […]

Online now: 17 Today: 1258 Total visitors: 16694