ArchiveAboutContact

Category: འཕྲལ་གྱི་གནས་ཚུལ།

National News

གསོ་བའི་བློན་པོ་གིས་ ཐིམ་ཕུ་ལུ་ ནད་བརྟག་འཕྲུལ་ཆས་ཚུ་འགོ་འབྱེད། 

སྤྱི་ཟླ་ ༧ པའི་ཚེས་ ༡༩ ལུ་ གསོ་བའི་བློན་པོ་ དྲགོས་བདེ་ཆེན་དབང་མོ་གིས་ ཐིམ་ཕུ་འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ ནད་གཞི་བད་ཀན་དང་ ཕྲ་འབུབ་ལ་སོགས་པའི་ ནད་རིགས་མ་འདྲཝ་ཚུ་ བརྟག་དཔྱད་འབད་མི་ འཕྲུལ་ཆས་གསརཔ་ལེ་ཤ་ཅིག་ གཞི་བཙུགས་འབད་དེ་ཡོད་མི་ཚུ་ འགོ་འབྱེད་མཛད་ནུག། དེ་ཡང་ ཧེ་མའི་འཕྲུལ་ཆས་ཚུ་གིས་ ནད་རིགས་བརྟག་དཔྱད་འབདཝ་ད་ དུས་ཡུན་ཆུ་ཚོད་ ༡༨ དང་ ༢༤ གི་བར་ན་ འགོརཝ་ཨིན་རུང་ ད་རེས་ གཞི་བཙུགས་འབད་མི་ ནད་རིགས་བརྟག་དཔྱད་ འཕྲུལ་ཆས་གསརཔ་ཚུ་གིས་ དུས་ཡུན་ཆུ་ཚོད་ ༥ དང་ ༡༠ གྱི་བར་ན་ གྲུབ་འབྲས་འཐོན་ཚུགསཔ་ཨིན་པའི་ གནས་ཚུལ་མདོར་བསྡུས།

gyalchi
National News

མི་དབང་ཞབས་ལས་ གྲྭ་ཚང་ལྷན་ཚོགས་ཀྱི་ དྲུང་ཆེན་དང་ རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་གསར་བསྐོས།

སྤྱི་ཟླ་ ༧ པའི་ཚེས་ ༡༥ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ གྲྭ་ཚང་ལྷན་ཚོགས་ཀྱི་ དྲུང་ཆེན་དང་ རྒྱལ་ཡོངས་ཚོགས་སྡེའི་ ཁྱད་ལྡན་འཐུས་མི་ཅིག་ གསར་བསྐོས་ཐོག་ལུ་ བཀྲིས་ལེགས་དར་གནང་ཡི།དེ་ཡང་ བཟང་ལ་རྣམ་རྒྱལ་དེ་ གྲྭ་ཚང་ལྷན་ཚོགས་ཀྱི་ དྲུང་ཆེན་གསརཔ་སྦེ་ བསྐོ་བཞག་གནང་ཡོདཔ་ད་ དེ་གི་ཧེ་མར་ མི་དབང་མཆོག་གི་ ཕྱག་སྒརཔ་སྦེ་ ཕྱག་ཞུ་ཡོདཔ་ཨིན་པས།དེ་མ་ཚད་ དྲུང་ཆེན་བཟང་ལ་རྣམ་རྒྱལ་གྱིས་ ཞི་གཡོག་ནང་ ཕྱག་ཞུ་བའི་རིང་ལུ་ རྒྱལ་ཡོངས་ཚོགས་འདུའི་ནང་ མདོ་ཆེན་འོགམ་དང་ ནང་སྲིད་ལྷན་ཁག་ནང་ སྒྲིག་ལམ་རྣམ་གཞག་གི་ འགོ་འཛིན་སྦེ་ཡང་ ཕྱག་ཞུ་ནུག།དེ་ལས་ བཀྲིས་ཆོས་འཛོམས་དེ་ རྒྱལ་ཡོངས་ཚོགས་སྡེའི་ ཁྱད་ལྡན་འཐུས་མི་སྦེ་ བསྐོ་བཞག་གནང་ཡོདཔ་ད་ དེ་གི་ཧེ་མར་ མོ་གིས་ མངོན་མཐོ་ཁྲིམས་འདུན་གྱི་ དྲང་དཔོན་སྦེ་ ཕྱག་ཞུ་ཡོད་པའི་གནས་ཚུལ།

gyalchi
National News

སྤ་རོ་སྨན་ཁང་ནང་ མཁལ་རྡོག་ཁྲག་སེལ་གྱི་ འཕྲུལ་ཆས་གསརཔ་ཅིག་གཞི་བཙུགས།

སྒྲོལ་མ་ཡེ་ཤེས།སྤྱི་ཟླ་ ༧ པའི་ཚེས་ ༡༤ ལུ་ སྤ་རོ་སྨན་ཁང་ནང་ མཁལ་རྡོག་ཁྲག་སེལ་ཟེར་ མཁལ་རྡོག་ལཱ་མ་འབད་མ་བཏུབ་མི་ཚུ་གི་ ཁྲག་ནང་ལས་ ཆུ་བཏོན་གཏང་ནི་གི་ འཕྲུལ་ཆས་གསརཔ་ཅིག་ གཞི་བཙུགས་འབད་མི་འདི་ གསོ་བའི་བློན་པོ་གིས་ འགོ་འབྱེད་མཛད་ནུག།རྟེན་འབྲེལ་དེ་ནང་ རྒྱལ་པོའི་གཟིམ་དཔོན་ཡིག་ཚང་ལས་ འགོ་དཔོན་ཚུ་གིས་ཡང་ བཅའ་མར་གཏོགས་ཡོདཔ་ད་ མཁལ་རྡོག་གི་ ཁྲག་སེལ་ཞབས་ཏོག་འདི་ གསོ་བའི་ལྷན་ཁག་གིས་ འབྲུག་མི་ཡོངས་ལུ་ སྤུས་ཚད་ཅན་དང་ འཇོན་ཐངས་ཅན་གྱི་ གསོ་བའི་ཞབས་ཏོག་ བྱིན་ནི་དང་ རྫོང་ཁག་སོ་སོའི་ སྨན་ཁང་ཚུ་གི་ནང་ཡང་ ཞབས་ཏོག་འདི་ ཐོབ་ཚུགསཔ་བཟོ་ནི་ལུ་ བརྩོན་ཤུགས་བསྐྱེདཔ་ཨིན་པས།སྤྱི་ལོ་ ༢༠༢༢ སྤྱི་ཟླ་ ༦ པ་ཚུན་ལུ་ རྒྱལ་ཁབ་ནང་ མཁལ་རྡོག་གི་ ནད་གཞི་ཐོབ་མི་ ནདཔ་ ༢༩༢ ཡོདཔ་ད་ འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ ནདཔ་ ༡༨༩ ལུ་ མཁལ་རྡོག་ཁྲག་སེལ་གྱི་ ཞབས་ཏོག་བྱིན་ནུག།དེ་ཡང་ འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ མཁལ་རྡོག་ཁྲག་སེལ་གྱི་ ཞབས་ཏོག་བྱིན་མི་ ནདཔ་ ༡༨༩ ལས་ ༢༡ […]

gyalchi
National News

སྐྱབས་རྗེ་རིན་པོ་ཆེ་མཆོག་གིས་ བླམ་ ༢ གསར་བསྐོས་ཐོག་ལུ་ བཀྲིས་ལེགས་དར།

བདེ་སྐྱིད་ཆོས་སྒྲོན། རང་ཟླ་ལྔ་པའི་ཚེས་ ༡༤ སྤྱི་ཟླ་ ༧ པའི་ཚེས་ ༡༢ ལུ་ སྐྱབས་རྗེ་རིན་པོ་ཆེ་མཆོག་གིས་ ཚོགས་སྐོར་ནང་དང་ དགའ་སེང་ཤ་རི་སྤངས་ཁའི་ བླམ་ ༢ གསར་བསྐོས་ཐོག་ལུ་ བཀྲིས་ལེགས་དར་གནང་ནུག། དེ་ཡང་ སྤུ་ན་ཁ་རྫོང་ཁག་ གཡུས་ལག་ཁུག་ལས་ སྐྱེས་ལོ་ ༣༩ འབད་མི་ བླམ་དཔལ་འབྱོར་གྱིས་ སྐྱེས་ལོ་ ༡༡ ལས་ སྤུངས་ཐིམ་གཞུང་གྲྭ་ཚང་གི་ ཆོས་སྒོར་བཞུགས་ཏེ་ དཀྱིལ་འཁོར་གྱི་རིམ་པ་དང་ ཆོ་ག་ཕྱག་ལེན་ རིག་གཞུང་ལ་སོགས་པ་ཚུ་ལུ་ སྦྱང་བརྩོན་འབད་ཡོདཔ་ཨིན་པས། སྤྱི་ལོ་ ༢༠༠༨ ལས་ ལྷུང་མཚོ་བཀྲ་ཤིས་སྒང་དགོན་པར་ གྲུབ་དབང་དཀར་མདོག་གི་ སྐུ་མདུན་ལུ་བཅར་ཏེ་ ཕྱག་ཆེན་སྔོན་འགྲོ་དང་ ཟབ་ལམ་བླ་སྒྲུབ་ ཕྱག་ཆེན་ཆོས་དྲུག་ལ་སོགས་པ་ཚུ་དང་ དབང་ལུང་མན་ངག་ཚུ་ མང་རབས་ཅིག་ཞུ་སྟེ་ ལོ་གསུམ་ཕྱོགས་གསུམ་ གནང་པའི་ཤུལ་ལུ་ ཁ་ཐུན་གནང་སྟེ་ བཞུགས་བཞིན་དུ་ ཚོགས་སྐོར་ནང་གི་བླམ་སྦེ་ གསར་བསྐོས་གནང་ནུག།  དེ་ལས་ རྫོང་ཁ་དབང་འདུས་ཕོ་བྲང་ གཡུས་དབུ་མ་ཁ་སྟོད་ལས་ བླམ་ཀུན་དགའ་འཕྲིན་ལས་ཀྱིས་ དགུང་ལོ་ ༩ ལས་ […]

gyalchi
National News

ཕྱི་འབྲེལ་དོན་གཅོད་ཀྱི་ ཨིང་རྫོང་མིང་ཚིག་ ༣༣༦ འབད་མི་ཅིག་ དཔེ་བསྐྲུན་ཐེངས་ ༢ པ་གསར་བཏོན་

སྤྱི་ཟླ་ ༧ པའི་ཚེས་ ༡༡ ལུ་ ཕྱི་འབྲེལ་བློན་པོ་ ཌོག་ཊར་རྟ་མགྲིན་རྡོ་རྗེ་གིས་ ཕྱི་འབྲེལ་དོན་གཅོད་ཀྱི་ ཨིང་རྫོང་མིང་ཚིག་ ༣༣༦ འབད་མི་ཅིག་ གློག་རིག་ཡོངས་འབྲེལ་འཆར་སྒོ་ཐོག་ལུ་ དཔེ་བསྐྲུན་ཐེངས་ ༢ པ་ གསར་བཏོན་མཛད་ཡོདཔ་ཨིན་པས། ཕྱི་འབྲེལ་ལྷན་ཁག་གིས་ དེ་བཟུམ་མའི་ མིང་ཚིག་དཔེ་བསྐྲུན་འབད་མི་དེ་ཡང་ ཕྱི་འབྲེལ་དོན་གཅོད་ཀྱི་ མིང་ཚིག་ཚུ་གི་ གོ་བ་ལུ་ འཛོལ་བ་མེད་པར་ གཅིགས་མཚུངས་སྦེ་ ལག་ལེན་འཐབ་ཐབས་ལུ་ཨིན་ཟེར་ ཕྱི་འབྲེལ་ལྷན་ཁག་ལས་ གསར་བཏོན་འབད་མི་ གནས་ཚུལ་ཅིག་ནང་བཀོད་ནུག། ཕྱི་འབྲེལ་དོན་གཅོད་ཀྱི་ ཨིང་རྫོང་མིང་ཚིག་ཚུ་ ཕྱི་འབྲེལ་ལྷན་ཁག་གི་ ཡོངས་འབྲེལ་འཆར་སྒོ་ www.mfa.gov.bt ནང་ལས་ ཕབ་ལེན་འབད་ཚུགས་ནི་དང་ དེ་སྦེ་ གསར་བཏོན་འབད་མི་དེ་གིས་ རྒྱལ་ཡོངས་སྐད་ཡིག་ རྫོང་ཁ་འདི་ གོང་འཕེལ་གཏང་ནིའི་དོན་ལས་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ལུ་ཡང་ ལྷན་ཐབས་འབྱུང་ནི་ཨིན་པས། དེ་བཟུམ་མའི་ ཕྱི་འབྲེལ་དོན་གཅོད་ཀྱི་ མིང་ཚིག་ཚུ་ གསར་གཏོད་ཀྱི་དོན་ལུ་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ལས་ རྫོང་ཁའི་མཁས་རིག་དང་ མ་དངུལ་གྱི་ རྒྱབ་སྐྱོར་ཚུ་ བྱིན་ཡོདཔ་ད་ དཔེ་བསྐྲུན་ཐེངས་དང་པ་དེ་ སྤྱི་ལོ་ ༢༠༡༨ ལུ་ […]

gyalchi
National News

ལྷུན་རྩེ་ཡུང་གི་ཆུ་ གློག་མེ་ལས་འགུལ་གྱི་ ས་བསླང་རྟེན་འབྲེལ།

ཨྱོན་ཚེ་རིང་།སྤྱི་ཟླ་ ༧ པའི་ཚེས་ ༨ ལུ་ མི་རྗེ་བློན་ཆེན་ ཌོག་ཊར་བློ་གྲོས་ཚེ་རིང་གིས་ ལྷུན་རྩེ་རྫོང་ཁག་ སྨད་འཚོ་རྒེད་འོག་ ཡུང་གི་ཆུ་ གློག་མེ་ལས་འགུལ་གྱི་ ས་བསླང་རྟེན་འབྲེལ་ མཛད་ཡོདཔ་ད་ གློག་ཤུགས་མེ་ག་ཝཱཊ་ ༣༢ འབད་མི་ ལས་འགུལ་དེ་ཁར་ དངུལ་ཀྲམ་ས་ཡ་ ༣,༥༦༥ གནས་ནི་ཨིན་པའི་ ཚོད་རྩིས་ཐོག་ལུ་ དུས་ཡུན་ཟླ་ངོ་ ༣༦ གི་ནང་ མཇུག་བསྡུ་ཚུགས་པའི་ རེ་བ་ཨིན་པས།དེ་བཟུམ་མའི་ གློག་མེ་ལས་འགུལ་ཆུང་བ་ གོ་རིམ་དང་པའི་ནང་ གཞལམ་སྒང་རྫོང་ཁག་ ནང་སྐོར་རྒེད་འོག་ བུར་སྒང་ཆུ་ལུ་ གློག་ཤུགས་མེ་ག་ཝཱཊ་ ༥༤ འབད་མི་དང་ ཧཱ་རྫོང་ཁག་ གསང་སྦས་ཁ་རྒེད་འོག་ སུ་ཆུ་ལུ་ གློག་ཤུགས་མེ་ག་ཝཱཊ་ ༡༨ འབད་མི་ བཟོ་བསྐྲུན་འབད་ནི་ཨིནམ་བཞིན་དུ་ ས་ཁོངས་དེ་ ༢ ཀྱི་ནང་ འཁོར་ལམ་སེལ་དོ་ཡོད་པའི་གུ་ ཅ་ཆས་ཚུ་ཡང་ ནང་འདྲེན་འབད་དོ་ཟེར་ བློན་ཆེན་གྱི་ ཡིག་ཚང་ལས་ གསར་བཏོན་འབད་མི་ གནས་ཚུལ་ཅིག་ནང་བཀོད་ནུག།རྒྱལ་ཁབ་ནང་ གློག་མེ་ལས་འགུལ་ཆུང་བ་ ལེ་ཤ་ཅིག་ བཟོ་བསྐྲུན་འབད་ནི་གི་ གནས་སྐབས་དེ་ཡང་ […]

gyalchi
National News

མོང་སྒར་རྫོང་ཁག་ སྐྱེངས་མཁར་རྒེད་འོག་ནང་ རི་དྭགས་སེམས་ཅན་དང་ ཞིང་ལམ་གྱི་དཀའ་ངལ།

བདེ་སྐྱིད་ཆོས་སྒྲོན།མོང་སྒར་རྫོང་ཁག་ སྐྱེངས་མཁར་རྒེད་འོག་གི་ མི་སེར་ཚུ་གིས་ ཞིང་ཁར་གློག་མེ་ར་བ་ བསྒོར་ཡོད་རུང་ རི་དྭགས་སེམས་ཅན་གྱི་ དཀའ་ངལ་ཐོན་པའི་ནང་ལས་ཡང་ སྤྱ་ཚུ་གིས་ གེ་ཟ་ལུ་ གནོདཔ་སྦོམ་སྦེ་ར་ བཀལཝ་མས་ཟེར་ཨིན་པས།དེ་ཡང་ སྐྱེས་ལོ་ ༣༤ འབད༌མི༌ སྐྱེངས་མཁར་རྒཔོ་ པདྨ་ཆོས་གྲུབ་ཀྱིས་ བཤད་ཡོདཔ་ད་ ཁོ་གིས་འབད་བ་ཅིན་ རྒེད་འོག་དེ་ནང་གི་ མི་སེར་ཚུ་ འཚོ་བ་གཙོ་བོ་ གེ་ཟ་ལུ་བརྟེན་ཏེ་ སྡོདཔ་ཨིན་རུང་ འོང་འབབ་ཀྱི་དོན་ལུ་ ཇཱན་དུམ་དང་ མཆོད་བཤམས་ དེ་ལས་ འབགཔ་དང་ ནང་ཆས་ལ་སོགས་པ་ཚུ་ཡང་བཟོ་སྟེ་ ཚོང་འབྲེལ་འཐབ་དོ་ཟེར་ཨིན་པས།སོ་ནམ་ཞིང་ལམ་དེ་ གུང་གྲངས་བརྒྱ་ཆ་ ༩༠ དེ་ཅིག་གི་ སྒོ་ཁར་ལྷོད་ཡོདཔ་ད་ ཞིང་ལམ་ཚུ་བསལ་ཏེ་ ལོ་ངོ་ ༢ དང་ ༣ དེ་ཅིག་ ཡར་སོང་རུང་ ས་ཆ་ཚུ་ སྒྲིང་སྒྲིང་མེད་ནི་དེ་གིས་ ལོ་བསྟར་བཞིན་དུ་ གནམ་བྱཱར་གྱི་ དུས་ཚོད་ཁར་ ཆུ་རུད་དང་ ས་རུད་ཚུ་གིས་ འཕྱག་འབག་པའི་ དཀའ་ངལ་སྦོ་ཡོད་ཟེར་ བཤདཔ་ཨིན་པས།རྒཔོ་པདྨ་ཆོས་གྲུབ་ཀྱིས་ རྗོང་ཁའི་སྐད་ཡིག་དང་ ལམ་སྲོལ་སློབ་གྲྭ་ལས་ སློབ་རིམ་ ༡༢ […]

gyalchi
National News

རྒྱལ་ཁབ་ནང་ སྤྲེལ་ཟླ་ཚེས་བཅུ་ཟེར་ ཨྱོན་གུ་རུ་རིན་པོ་ཆེའི་ འཁྲུངས་སྐར་དུས་ཆེན་བརྩི་སྲུང་།

སྒྲོལ་མ་ཡེ་ཤེས། ལོ་བསྟར་བཞིན་དུ་ རང་ཟླ་ ༥ པའི་ཚེས་ ༡༠ ལུ་ སྤྲེལ་ཟླ་ཚེས་བཅུ་ཟེར་ ཨྱོན་གུ་རུ་རིན་པོ་ཆེ་ སྐུ་འཁྲུངས་པའི་ དུས་ཆེན་ཁྱད་པར་ཅན་སྦེ་ བརྩི་སྲུང་ཞུ་སྲོལ་ཡོདཔ་ད་ དེ་ཡང་ རང་ལུགས་བསྟན་རྩིས་ཀྱི་ དགོངས་དོན་དང་མཐུནམ་སྦེ་ཨིན་པས། གུ་རུ་རིན་པོ་ཆེ་དེ་ སྤྱིར་བཏང་ལུ་ དེ་བཞིན་གཤེགས་པ་ག་ར་གི་ གསུང་གི་བདག་ཉིད་ཨིན་པའི་ཁར་ ལྷག་པར་དུ་ ནུབ་ཕྱོགས་བདེ་བ་ཅན་ཞིང་ཁམས་ཀྱི་ མགོན་པོ་འོད་དཔག་མེད་ཀྱི་ཐུགས་ལས་ གསེར་གྱི་རྡོ་རྗེ་ཧྲཱྃ༔ གིས་མཚན་མི་ཅིག་ མེ་ཏོག་པདྨའི་སྦུག་ལུ་ ཕོག་མི་ལས་ སྐུ་འཁྲུངས་ནུག། དེ་ཡང་ གནས་ཕུན་སུམ་ཚོགས་པ་ དབུས་གྱུར་རྡོ་རྗེ་གདན་གྱི་ ནུབ་ཕྱོགས་དང་ ཨྱོན་ཡུལ་གྱི་ལྷོ་ནུབ་ དེ་ལས་ སྲིན་པོའི་ཡུལ་གྱི་ ཐག་ཉེ་ལུ་ཡོད་མི་ དྷ་ན་ཀོ་ཤའི་མཚོའམ་ སྲིན་དྷུའི་མཚོ་གླིང་ལས་ སྐུ་འཁྲུངས་ཡོདཔ་ད་ མཁས་པ་ལ་ལོ་ཅིག་གིས་ དྷ་ན་ཀོ་ཤའི་མཚོ་དེ་ པ་ཀིཛ་ཏཱན་གྱི་ས་གནས་ སོ་ཝཱཌ་དང་ ལ་ལོ་ཅིག་གིས་ རྒྱ་གར་ཨོ་ཌི་ས་ཨིནམ་སྦེ་ བཤད་སྲོལ་ཡོདཔ་ཨིན་པས། དུས་ཕུན་སུམ་ཚོགས་པ་ རང་ལུགས་ཆུ་ལུག་ལོར་ སངས་རྒྱས་སྐུ་མྱ་ངན་ལས་འདས་ཏེ་ རྗེས་ལོ་ཤིང་སྤྲེལ་ལས་བགྲངས་པའི་ ལོ་ངོ་བཅུ་གཉིས་འདས་པའི་ངོ་ཐོག་བཅུ་གསུམ་པ་ མེ་ཕོ་སྤྲེལ་ལོ་ཟླཝ་ ༥ པའི་ཚེས་ ༡༠ ལུ་ […]

gyalchi
National News

སྤྱི་ཚོགས་ ༣ པའི་ རྒྱལ་ཡོངས་ཚོགས་འདུ་ཆེན་མོ་ ཚོགས་ཐེངས་ ༧ པ་ གྲོལ་གནང་ཡོདཔ།

སྤྱི་ཟླ་ ༧ པའི་ཚེས་ ༥ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ སྤྱི་ཚོགས་ ༣ པའི་ རྒྱལ་ཡོངས་ཚོགས་འདུ་ཆེན་མོ་ ཚོགས་ཐེངས་ ༧ པ་ གྲོལ་སྟོན་རྟེན་འབྲེལ་ནང་ དབུ་བཞུགས་མཛད་གནང་ཡོདཔ་ད་ དེ་བསྒང་ སྤྱི་ཚོགས་ཀྱི་ འཐུས་མི་ཚུ་གིས་ མི་དབང་མཆོག་ སྐུ་ཚེ་ཞབས་པད་ བསྐལ་བརྒྱར་བརྟན་པའི་ ཞབས་བརྟན་དང་ བཀྲིས་སྨོན་ལམ་ཚུ་ཕུལ་ཡི། དེ་གི་ཧེ་མར་ རྒྱལ་ཡོངས་ཚོགས་འདུའི་ཚོགས་དཔོན་ དབང་ཕྱུག་རྣམ་རྒྱལ་གྱིས་ རྒྱལ་ཡོངས་ཚོགས་འདུའི་ གྲོལ་སྟོན་རྟེན་འབྲེལ་འདི་ནང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ཐུགས་བརྩེའི་སྒོ་ལས་ བྱོན་གནང་མི་ལུ་ བཀྲིན་དགའ་ཚོར་ ཞུ་ཡོདཔ་མ་ཚད་ མི་དབང་རྒྱལ་བཙུན་མཆོག་གིས་ དབུ་གཙོས་པའི་ མི་དབང་སྐུ་འཁོར་ལྷན་རྒྱས་དང་ ཞི་དྲག་གི་དཔོན་ཁག་ རྒྱལ་སྤྱིའི་སྐུ་ཚབ་ཚུ་ལུ་ཡང་ བྱོན་ལེགས་ཞུ་ཡི། དེ་མ་ཚད་ མི་དབང་རྒྱལ་སྲས་ འཇིགས་མེད་རྣམ་རྒྱལ་དབང་ཕྱུག་མཆོག་ སྐུ་ན་ཕྲ་རུང་ གཞུང་གི་མཛད་སྒོའི་རྟེན་འབྲེལ་ཚུ་ནང་ སྐུ་མགྲོན་གཙོ་བོའི་ ཕྱག་འགན་བཞེས་ཏེ་ ཐིམ་ཕུ་བརྡ་དོན་འཕྲུལ་རིག་གླིང་གའི་ནང་ གློག་རིག་ཀམ་པུས་ཊར་གྱི་ འཕྲུལ་རིག་མཐུན་རྐྱེན་ གསར་བཏོན་ དང་ གློག་རིག་ཡོངས་འབྲེལ་ འགོ་འབྱེད་མཛད་གནང་པ་ལུ་བརྟེན་ཏེ་ འབྲུག་མི་ཚུ་གིས་ མི་སྡེའི་བརྡ་བརྒྱུད་ཐོག་ལས་ […]

gyalchi
National News

རྩིས་ལོ ༢༠༢༢-༢༣ གྱི་ རྒྱལ་ཡོངས་འཆར་དངུལ།

དཔལ་འབྱོར་གྱི་མཐོང་སྣང་།སྤྱི་ལོ་ ༢༠༢༠ ལུ་ ནད་ཡམས་ཀོ་ཝིཌ་ལུ་བརྟེན་ཏེ་ དཔལ་འབྱོར་ཡར་འཕར་དེ་ ཚབས་ཆེན་སྦེ་ བརྒྱ་ཆ་ ༡༠.༡ གིས་ ཉམས་ཆག་བྱུང་ཡི་ཟེར་ཨིནམ་ད་ དེ་ཡང་ དཔལ་འབྱོར་ཡར་འཕར་གྱི་ཚད་དེ་ སྤྱི་ལོ་ ༢༠༢༡ ལུ་ བསྐྱར་ལོག་བརྒྱ་ཆ་ ༣.༧ དང་ སྤྱི་ལོ་ ༢༠༢༢ ལུ་ བརྒྱ་ཆ་ ༤.༥ གུ་ གནས་ནི་གི་ ཚོད་རྩིས་བཏོན་ནུག།རྩིས་ལོ་ ༢༠༢༢-༢༣ ལུ་ དཔལ་འབྱོར་ཡར་འཕར་དེ་ བརྒྱ་ཆ་ ༤.༥ གུ་ གནས་ནི་གི་ ཚོད་རྩིས་ཡོདཔ་ཨིན་པས།སྤྱི་ལོ་ ༢༠༢༡ སྤྱི་ཟླ་ ༧ པ་ལས་ འགོ་བཟུང་སྟེ་ བྱེམ་ཕོག་ཡོད་མི་ཚུ་ལུ་ འབབ་ཁུངས་ཀྱི་ རྒྱབ་སྐྱོར་དང་ སྐྱེད་ཀྱི་རྒྱབ་སྐྱོར་ཡོངས་རྫོགས་ འབྲུག་རྒྱལ་པོའི་ མགོན་སྐྱབས་སྐྱིད་སྡུག་དང་ སྲུང་སྐྱོབ་མ་དངུལ་ཐོག་ལས་གནང་ཡོདཔ་ཨིན་པས།རྩིས་ལོ་ ༢༠༢༢-༢༣ གྱི་ འཆར་དངུལ་གྱི་ དམིགས་དོན་འདི་ བཟའ་འཐུང་རང་གོ་རང་འདྲོངས་དང་ མི་སྟོབས་གོང་འཕེལ་ ཡུན་བརྟན་ཅན་གྱི་ གཞི་རྟེན་མཁོ་ཆས་གོང་འཕེལ་ མི་སྡེའི་ཉེན་སྲུང་ […]

gyalchi
Online now: 13 Today: 1294 Total visitors: 8514