ArchiveAboutContact

Category: འཕྲལ་གྱི་གནས་ཚུལ།

National News

ལྷོ་ཀོ་རི་ཡ་གིས་ འབྲུག་ལུ་ གློག་ཤུགས་སྣུམ་འཁོར་ ༤ རྩིས་སྤྲོད།

སྤྱི་ཟླ་ ༨ པའི་ཚེས་ ༤ ལུ་ འབྲུག་གི་དོན་ལས་ ལྷོ་ཀོ་རི་ཡའི་གཞུང་ཚབ་ ལི་ཇང་ཀེ་འུན་གྱིས་ ཕྱི་འབྲེལ་དྲུང་ཆེན་ པདྨ་ཆོས་སྒྲོན་ལུ་ ཧུན་ཌའི་ཀོ་ན་ཟེར་མི་ གློག་ཤུགས་སྣུམ་འཁོར་ ༤ རྩིས་སྤྲོད་འབད་ནུག། སྣུམ་འཁོར་དེ་ཡང་ འབྲུག་ལུ་ ལྷོ་ཀོ་རི་ཡ་གཞུང་གིས་ སྤྱི་ལོ་ ༢༠༢༡ གི་ ལས་འགུལ་ཆུང་བའི་ གྲོགས་རམ་འོག་ལས་ བྱིན་ཡོདཔ་ད་ སྤྱི་ལོ་ ༢༠༡༦ ལས་ཚུར་ ཧུན་ཌའི་ཀོ་ན་རྩིས་ཏེ་ ཀོ་རི་ཡ་གཞུང་ལས་ སྣུམ་འཁོར་ ༢༢ ཐོབ་སྟེ་ཡོདཔ་ཨིན་པས། ཕྱི་འབྲེལ་དྲུང་ཆེན་ པདྨ་ཆོས་སྒྲོན་གྱིས་ གློགས་ཤུགས་སྣུམ་འཁོར་ ༤ ལུ་བརྟེན་ཏེ་ གཞུང་གིས་ ནག་རྫས་མར་ཕབ་ཀྱི་ སྐྱེལ་འདྲེན་ལམ་ལུགས་ ཡར་དྲག་གཏང་ནི་སྦེ་ འབད་རྩོལ་བསྐྱེད་མི་ལུ་ ལྷན་ཐབས་འབྱུང་འོང་ཟེར་བཤད་ནུག། སྣུམ་འཁོར་རྩིས་སྤྲོད་ཀྱི་ རྟེན་འབྲེལ་སྐབས་ལུ་ ཕྱི་འབྲེལ་ལྷན་ཁག་དང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཀྱི་ འགོ་དཔོན་ཚུ་གིས་ གྲལ་གཏོགས་འབད་ཡོད་པའི་གནས་ཚུལ།

gyalchi
National News

རྒྱལ་ཁབ་ནང་ མི་གྲངས་ ༤༠ ལུ་ ནད་གཞི་ཨེཌཛ་གི་རྒྱུ་ ནད་འབུབ་ཨེཆ་ཨའི་ཝི་ ཐོབ་ཡོད་པའི་ངོས་འཛིན།

དུས་ཅི་ སྤྱི་ཟླ་ ༡ པ་ལས་ སྤྱི་ཟླ་ ༦ པ་ཚུན་འབདཝ་ད་ འདས་པའི་ཟླ་ངོ་ ༦ གི་རིང་ལུ་ ང་བཅས་རའི་ འབྲུག་རྒྱལ་ཁབ་ནང་ མི་གྲངས་ ༤༠ ལུ་ ནད་གཞི་ཨེཌཛ་གི་རྒྱུ་ ནད་འབུབ་ཨེཆ་ཨའི་ཝི་ ཐོབ་ཡོད་པའི་ ངོས་འཛིན་བྱུང་ནུག། དེ་ཡང་ སྤྱི་ཟླ་ ༨ པའི་ཚེས་ ༢ ལུ་ གསོ་བའི་ལྷན་ཁག་ལས་ གསལ་སྟོན་འབད་མི་ སྙན་ཞུ་ཅིག་ནང་ བཀོད་ཡོདཔ་ད་ དེ་སྦེ་ ནད་འབུབ་ཐོབ་མི་ཚུ་ཡང་ ཕོ་སྐྱེས་ ༡༩ དང་ ཨམ་སྲུ་ ༢༡ ཨིན་པས། དེ་སྦེ་ ནད་འབུབ་ཐོབ་མི་ཚུ་གི་གྲས་ལས་ སྐྱེས་ལོ་ ༢༥ ལས་ ༤༥ གི་བར་ན་འབད་མི་ བརྒྱ་ཆ་ ༧༠ དང་ སྐྱེས་ལོ་ ༥༠ ཡན་ཆད་འབད་མི་ བརྒྱ་ཆ་ ༥༠ སྐྱེས་ལོ་ ༢༠ ལས་ […]

gyalchi
National News

སངས་རྒྱས་བཅོམ་ལྡན་འདས་ཀྱིས་ རྒྱ་གར་ཝ་ར་ཎ་སི་ལུ་ ཆོས་འཁོར་དང་པ་ བདེན་བཞིའི་ཆོས་འཁོར་བསྐོར་བའི་དུས་ཆེན།

ལོ་བསྟར་བཞིན་དུ་ རང་ཟླ་ ༦ པའི་ཚེས་ ༤ ལུ་ བདག་ཅག་གི་སྟོན་པ་ སངས་རྒྱས་བཅོམ་ལྡན་འདས་ཀྱིས་ རྒྱ་གར་ཝ་ར་ཎ་སི་ལུ་ ཆོས་འཁོར་དང་པ་ བདེན་བཞིའི་ཆོས་འཁོར་བསྐོར་བའི་ དུས་ཆེན་ཁྱད་པར་ཅན་སྦེ་ བརྩི་སྲུང་ཞུཝ་ཨིན།དེ་འབདཝ་ལས་ དུས་ཅི་ རང་ཟླ་ ༦ པའི་ཚེས་ ༤ འདི་ སྤྱི་ཟླ་ ༨ པའི་ཚེས་ ༡ ལུ་ ཕོག་ཡོདཔ་ལས་ དད་ལྡན་མི་མང་ཡོངས་ཀྱིས་ ཚོགས་འཁོར་བསྐོར་ནི་དང་ རྒྱལ་བའི་གསུང་རབ་ལྷག་ནི་ ཕྱག་མཆོད་སྦྱིན་གཏོང་ལ་སོགས་པའི་ དགེ་བའི་ལཱ་ལུ་ བརྩོན་དགོཔ་འདི་ ག་ནི་བ་ གལ་ཆེ་ཟེར་ཨིན་པས།དེ་ཡང་ བདག་ཅག་གི་སྟོན་པ་ སངས་རྒྱས་བཅོམ་ལྡན་འདས་ རང་ཟླ་ ༤ པའི་ཚེས་ ༡༥ ལུ་ མངོན་པར་རྫོགས་པར་ སངས་རྒྱས་ཏེ་འབད་རུང་ ཞག་བདུན་ཕྲག་ ༧ གྱི་རིང་ལུ། ཟབ་བཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། ། བདུད་རྩི་ལྟ་བུའི་ཆོས་ཤིག་ཁོ་བོས་རྙེད། །སུ་ལ་བསྟན་ཀྱང་གོ་བར་མི་འདུག་པས། །མི་སྨྲ་ནགས་འདབས་ཉིད་དུ་གནས་པར་བྱ། ། ཟེར་གསུང་བཅད་དེ་བཞུགས་ནུག།དེ་བསྒང་ ལྷ་ཚངས་པ་གིས་ ཚེ་སྔོན་གྱི་སྨོན་ལམ་ སེམས་ཁར་དྲན་ཏེ་ […]

gyalchi
National News

འཛམ་གླིང་རྒྱལ་སྤྱིའི་ སྟག་གི་ཉིནམ་དང་འབྲེལ་ཏེ་ རྒེད་འོག་སྟག་ཉམས་སྲུང་ཚོགས་པ་ གཞི་བཙུགས་འབད་ཡོདཔ།

སྤྱི་ཟླ་ ༧ པའི་ཚེས་ ༢༩ ལུ་ རྒྱལ་སྤྱི་སྟག་གི་ཉིནམ་ བརྩི་སྲུང་དང་འབྲེལ་ཏེ་ རྒེད་འོག་སྟག་ཉམས་སྲུང་ཚོགས་པ་ འགོ་བཙུགས་ཡོདཔ་ཨིན་པས།རྒྱལ་སྤྱི་སྟག་གི་ཉིནམ་དེ་ ལོ་ལྟར་བཞིན་དུ་ སྤྱི་ཟླ་ ༧ པའི་ཚེས་ ༢༩ ལུ་ བརྩི་སྲུང་འབད་དོ་ཡོདཔ་ད་ རྒྱལ་སྤྱི་སྟག་གི་ཉིནམ་ བརྩི་སྲུང་འབད་ནི་དེ་ གཅན་གཟན་སྟག་ཡོད་མི་ རྒྱལ་ཁབ་ ༡༣ གྱིས་ སྤྱི་ལོ་ ༢༠༡༠ ལུ་ འཛམ་གླིང་ནང་ སེམས་ཅན་སྟག་གི་ གྱངས་ཁ་དེ་ ལོག་བལྟབ་ཀྱིས་ ཡར་སེང་རྐྱབ་ནི་གི་ དམིགས་གཏད་བསྐྱེད་དེ་ འགོ་བཙུགས་ནུག།འབྲུག་རྒྱལ་ཁབ་ནང་ འཛམ་གླིང་རྒྱལ་སྤྱི་ སྟག་གི་ཉིནམ་ ཐེངས་ ༡༢ པ་དེ་ ཀྲོང་གསར་ལུ་ བརྩི་སྲུང་འབད་མི་དང་འབྲེལ་ཏེ་ ཀྲོང་གསར་རྫོང་ཁག་ ནུབ་སྦྱིས་དང་ སྟང་སི་སྦྱིས་ གླང་མཐིལ་ སྐོར་ཕུག་ དེ་ལས་ བུམ་ཐང་ཆུ་སྨད་བརྩིས་ཏེ་ རྒེད་འོག་ ༥ གི་ནང་ གཞུང་འབྲེལ་ཐོག་ལས་ རྒེད་འོག་སྟག་ཉམས་སྲུང་ཚོགས་པ་ གཞི་བཙུགས་འབད་ཡོདཔ་ཨིན་པས།སྟག་གི་ཉིནམ་ བརྩི་སྲུང་སྐབས་ལུ་ མི་དབང་རྒྱལ་བཙུན་མཆོག་གིས་ གློག་རིག་ཡོངས་འབྲེལ་ཐོག་ལས་ […]

gyalchi
National News

འབྲུག་དང་ རྒྱ་པཱན་གྱི་བར་ན་ དཔལ་འབྱོར་མཉམ་འབྲེལ་གྱི་ ལོ་བསྟར་གྲོས་འཛོམས།

ཡིག་ཚང་ལས་བྱེདཔ། སྤྱི་ཟླ་ ༧ པའི་ཚེས་ ༢༧ ལུ་ འབྲུག་དང་ རྒྱ་པཱན་གྱི་བར་ན་ དཔལ་འབྱོར་མཉམ་འབྲེལ་གྱི་ ལོ་བསྟར་གྲོས་འཛོམས་ ཐེངས་ ༡༧ པ་ ཐིམ་ཕུ་ལུ་སྦེ་ འཚོགས་ཡོདཔ་ཨིན་པས། དེ་ཡང་ འབྲུག་གི་ཁ་ཐུག་ལས་ ཕྱི་འབྲེལ་ལྷན་ཁག་ ཟུང་ཕྱོགས་ལས་ཁུངས་ཀྱི་མདོ་ཆེན་ མཚོ་སྐྱིད་ཆོས་སྒྲོན་དང་ རྒྱ་པཱན་གྱི་ ཁ་ཐུག་ལས་ རྒྱ་གར་ནིའུ་དྷི་ལིར་ཡོད་མི་ རྒྱ་པཱན་གཞུང་ཚབ་ལས་ཁང་གི་ དྲུང་ཆེན་དང་པ་ ཧི་རོ་ཡུ་ཀི་ ཡ་མ་ཤི་ཏ་ ༢ ཀྱིས་ འགོ་ཁྲིད་ཐོག་ལུ་འཚོགས་ནུག། དེ་བཟུམ་སྦེ་ འབྲུག་ལུ་ཡོད་མི་ རྒྱ་པཱན་ཇའི་ཀ་ཡིག་ཚང་གི་ སྐུ་ཚབ་གཙོ་འཛིན་ ཀོ་ཟོ་ཝ་ཏ་ན་བེ་དང་ འབྲུག་གཞུང་དང་ ཇའི་ཀ་ཡིག་ཚང་གི་ འགོ་དཔོན་ཚུ་གིས་ཡང་ བཅའ་མར་གཏོགས་ཡོདཔ་ཨིན་པས། གྲོས་འཛོམས་དེ་ནང་ འབྲུག་གི་འཐུས་མི་སྡེ་ཚན་གྱི་ ཁ་ཐུག་ལས་ ལོ་ལྔའི་འཆར་གཞི་ ༡༢ པའི་ དུས་མཐུན་སྙན་ཞུ་དང་ འཆར་གཞི་ ༡༣ པའི་ ཟིན་བྲིས་ཚུ་ གསལ་བཤད་འབད་ཡོདཔ་ད་ རྒྱལ་ཁབ་གཉིས་ཆ་རའི་ ཁ་ཐུག་ལས་ ད་རེས་ནངས་པར་ ལག་ལེན་འཐབ་བཞིན་དུ་ཡོད་མི་ […]

gyalchi
National News

སྐྱིད་སྡུག་སྦོམ་ཕོག་མི་ མི་ངོམ་དག་པ་ཅིག་ལུ་ འབྲུག་རྒྱལ་པོའི་ རྒུད་གསོའི་སྐྱིད་སྡུག་ ཟླ་ངོ་ ༣ གྱི་རིང་ལུ་ འཕྲོ་མཐུད་དེ་འཐོབ་ནི།

དུས་ཅི་ སྤྱི་ཟླ་ ༦ པའི་ནང་ལས་ འབྲུག་རྒྱལ་པོའི་ རྒུད་གསོའི་སྐྱིད་སྡུག་དེ་ མཇུག་བསྡུ་ཡོད་རུང་ ལྟ་བཤལ་ལས་སྡེ་དང་ ཧེ་མ་ སྒྲ་དབྱངས་ནང་ ལཱ་འབད་མི་ལ་སོགས་པའི་ མི་ངོམ་ཚུ་དང་ གཞན་ཡང་ སྐྱིད་སྡུག་སྦོམ་ཕོག་མི་ མི་ངོམ་དག་པ་ཅིག་ལུ་ སྐྱིད་སྡུག་འཕྲོ་མཐུད་དེ་ར་ འཐོབ་ནི་ཨིན་པས། དེ་ཡང་ སྤྱི་ཟླ་ ༧ པའི་ཚེས་ ༢༦ ལུ་ བློན་ཆེན་གྱི་ ཡིག་ཚང་ལས་ གསལ་སྟོན་འབད་མི་ ཁྱབ་བསྒྲགས་ཅིག་ནང་ བཀོད་དོ་བཟུམ་འབད་བ་ཅིན་ སྐྱིད་སྡུག་འཕྲོ་མཐུད་དེ་ སྤྱི་ཟླ་ ༧ པ་ལས་ ༩ པ་ཚུན་ ཟླ་ངོ་ ༣ གྱི་རིང་ལུ་ གནང་འོང་ཟེར་ཨིན་པས། དེ་བཟུམ་མའི་ སྐྱིད་སྡུག་གནང་མི་དེ་ཡང་ ལྟ་བཤལ་དང་འབྲེལ་བའི་ ལས་སྡེ་ཚུ་ དུས་ཅི་ སྤྱི་ཟླ་ ༩ པའི་ནང་མ་གཏོགས་ འགོ་བཙུགས་མ་ཚུགས་ནི་དེ་གིས་ཨིནམ་ད་ དེ་འབདཝ་ལས་ སྐྱིད་སྡུག་དེ་གི་དོན་ལུ་ ཞུ་ཡིག་ཡང་ ལོགས་སུ་སྦེ་ བཙུགས་མིན་དགོ་ཟེར་ ཁྱབ་བསྒྲགས་ནང་བཀོད་ནུག། རྒྱལ་ཁབ་ནང་ ནད་ཡམས་ཀོ་ཝིཌ་-༡༩ […]

gyalchi
National News

ཕོ་སྐྱེས་ཅིག་གིས་ ན་ཆུང་བུམོ་ཅུང་ཅིག་ལུ་ དབང་བཙོང་འདོད་སྤྱོད།

བདེ་སྐྱིད་ཆོས་སྒྲོན།སྤྱི་ཟླ་ ༧ པའི་ཚེས་ ༢༠ ལུ་ དབང་འདུས་རྫོང་ཁག་ རུས་སྦིས་ས་ལུ་ སྐྱེས་ལོ་ ༢༢ འབད་མི་ ཕོ་སྐྱེས་ཅིག་གིས་ སྐྱེས་ལོ་ ༨ འབད་མི་ སློབ་རིམ་ ༢ པའི་ སློབ་ཕྲུག་བུམོ་ཅུང་ཅིག་ལུ་ དབང་བཙོང་གི་སྒོ་ལས་ ལུས་འབྲེལ་འབད་ནུག།དེ་ཡང་ ཉིན་མའི་ཆུ་ཚོད་ཕྱེད་དང་ ༣ དེ་ཅིག་ཁར་ བུམོ་ཅུང་དེ་ སློབ་གྲྭའི་ནང་ལས་ ཁྱིམ་ནང་ལོག་པའི་ལམ་ཁར་ ཉེས་འཛུགས་ཅན་དེ་གིས་ བཟུང་ཞིནམ་ལས་ ལམ་འོག་ལུ་ཁྱིད་དེ་ ལུས་འབྲེལ་འབད་ནུག་ཟེར་ དབང་འདུས་ཕོ་བྲང་ རྒྱལ་གཞུང་འབྲུག་གི་འགག་སྡེ་གིས་ བཤདཔ་ཨིན་པས།དེ་བསྒང་ ཕོ་སྐྱེས་དེ་གིས་ ཆང་ཅིག་ཡང་ འཐུང་ཡོདཔ་ད་ དེ་སྦེ་ འདོད་སྤྱོད་འབད་བའི་ཤུལ་ལུ་ བུམོ་ཅུང་དེ་ ས་གནས་དེ་ཁ་ར་ བཀོག་བཞག་ནུག་ཟེར་ཨིན་པས།དེ་བསྒང་ ཉེ་འདབས་ཀྱི་ཞིང་ཁར་ ལཱ་འབད་མི་ཚུ་གིས་ བུམོ་ཅུང་དེ་གིས་ ན་ཟུག་གི་ སྐད་རྐྱབ་ས་ གོ་བའི་ཤུལ་ལས་ སློབ་གྲྭའི་དབུ་འཛིན་ལུ་ སྙན་ཞུ་འབད་ཡོདཔ་བཞིན་དུ་ དབུ་འཛིན་གྱིས་ རྒྱལ་གཞུང་འགག་སྡེ་ལུ་ སྙན་ཞུ་འབད་ནུག།ཕོ་སྐྱེས་དེ་ ས་གནས་དེ་ཁ་ལས་ར་ འཛིན་བཟུང་འབད་བའི་ཤུལ་ལུ་ ཁོ་གིས་ཡང་ […]

gyalchi
National News

འབྲུག་པའི་འཁྲབ་རྩེདཔ་ པདྨ་མཁའ་འགྲོ་དབང་ཕྱུག་ལུ་ མ་བདེན་པའི་ཁ་ཉེས།

བདེ་སྐྱིད་ཆོས་སྒྲོན།སྤྱི་ཟླ་ ༧ པའི་ཚེས་ ༡༩ ལུ་ མཐའ་ཡས་ལེན་ རྒྱལ་ཡོངས་མིཛ་ཊར་ཡུ་ནི་ཝརཛ་ལས་སྡེ་གིས་ འབྲུག་གི་འཁྲབ་རྩེདཔ་ པདྨ་མཁའ་འགྲོ་དབང་ཕྱུག་ལུ་ མིཛ་ཊར་ཡུ་ནི་ཝརཛ་གི་ མིང་གནས་བྱིན་མི་དེ་ ཆ་མེད་བཏང་ཡོདཔ་ཨིན་པས།དེ་ཡང་ རྒྱལ་ཡོངས་མིཛ་ཊར་ ཡུ་ནི་ཝརཛ་ལས་སྡེ་གིས་ གསར་བཏོན་འབད་མི་ གནས་ཚུལ་ཅིག་ནང་ པདྨ་མཁའ་འགྲོ་དབང་ཕྱུག་གིས་ ཨོ་ཊོ་ཨེ་རོ་ཊིག་ ཨེཛ་ཕའི་སི་ཡ་དང་ བི་དི་ཨེཛ་ཨེམ་ དཔར་བཏབ་ནི་དེ་ ལས་སྡེ་གིས་ གནང་བ་བྱིན་མ་ཚུགས་མི་ཅིག་ཨིནམ་ལས་ ལས་སྡེའི་རྣམ་གཞག་ལས་ འགལ་བ་ཨིན་ཟེར་བཀོད་ནུག།གནད་དོན་དེ་ལུ་བརྟེན་ཏེ་ ལས་སྡེ་གིས་ པདྨ་མཁའ་འགྲོ་དབང་ཕྱུག་ལུ་ མིཛ་ཊར་ཡུ་ནི་ཝརཛ་གི་ མིང་གནས་བྱིན་མི་དེ་ ཆ་མེད་བཏང་ཡོདཔ་ལས་ ད་ལས་ཕར་ མིང་གནས་དེ་ ལག་ལེན་འཐབ་མི་ཆོག་ཟེར་ བཀོད་ཡོདཔ་མ་ཚད་ ལས་རིམ་དོ་འགྲན་སྐབས་ལུ་ དཔར་བཏབ་ཡོད་མི་ཚུ་ཡང་ ལག་ལེན་འཐབ་མི་ཆོག་ཟེར་ཨིན་པས།ག་དེམ་ཅིག་སྦེ་ པདྨ་མཁའ་འགྲོ་དབང་ཕྱུག་གིས་ དཔར་བཏབ་མི་ཚུ་ ལག་ལེན་འཐབ་པ་ཅིན་ ཁྲིམས་མཐུན་ཐོག་ལས་ ངོས་ལེན་འབད་ནི་ཨིན་ཟེར་ བཀོད་པའི་ཁར་ གཉའ་རས་དང་ རྒྱལ་རྟགས་ དེ་ལས་ རྟགས་མ་ཚུ་ཡང་ག་ར་ ལོག་སྤྲོད་དགོ་ཟེར་ཨིན་པས།སྤྱི་ཟླ་ ༧ པའི་ཚེས་ ༢༠ ལུ་ འབྲུག་གློག་བརྙན་ཚོགས་པ་གིས་ ལས་སྡེ་དེ་གིས་ དེ་བཟུམ་མའི་ […]

gyalchi
National News

སྤུ་ན་ཁ་རྫོང་ཁག་ བརཔ་རྒེད་འོག་ནང་ འཐུང་ཆུ་དང་ ཞིང་ཆུའི་དཀའ་ངལ།

བདེ་སྐྱིད་ཆོས་སྒྲོན།སྤུ་ན་ཁ་རྫོང་ཁག་ བརཔ་རྒེད་འོག་གི་ མི་སེར་ཚུ་ འཚོ་བ་གཙོ་བོ་ བྱཱ་དང་ ཀར་ལུ་བརྟེན་ཏེ་ སྡོད་དོ་ཡོདཔ་མ་ཚད་ ཤིང་འབྲས་དང་ ཚོད་བསྲེའི་ རིགས་ཚུ་ཡང་ གསོ་སྐྱོང་འཐབ་དོ་ཡོདཔ་ཨིན་པས།རྒེད་འོག་དེ་ནང་ གློག་རིག་ཡོངས་འབྲེལ་དང་ བརྒྱུད་འཕྲིན་ཚུ་ ལེགས་ཤོམ་སྦེ་ཡོད་རུང་ གཡུས་ཚན་ཚུ་ནང་ དཀའ་ངལ་སྦོམ་ཤོས་ར་ འཐུང་ཆུ་དང་ ཞིང་ཆུ་མ་ལང་པའི་ དཀའ་ངལ་ཡོད་ཟེར་ཨིན་པས།དེ་ཡང་ སྐྱེས་ལོ་ ༤༢ འབད་མི་ བརཔ་རྒཔོ་ པ་སངས་རྡོ་རྗེ་གིས་ བཤད་ཡོདཔ་ད་ མ་གཞི་ འཐུངཆུའི་དཀའ་ངལ་དེ་ སྦོམ་སྦེ་ར་ཡོདཔ་ལས་ སྤྱི་ལོ་ ༢༠༡༦ གི་ལོར་ ཁོ་རྒཔོ་སྦེ་ བཙག་འཐུ་གྲུབ་པའི་ཤུལ་ལུ་ འཐུང་ཆུའི་དཀའ་ངལ་དེ་ འཕྲལ་མགྱོགས་ར་བསལ་ཏེ་ མི་སེར་ཚུ་ལུ་ མ་ལང་ལངམ་སྦེ་ར་ བྱིན་ནི་གི་ དམིགས་གཏད་བསྐྱེད་རུང་ ཧེ་མ་ལས་ ཆུ་དུང་བཙུགས་ཚར་མི་ཚུ་གིས་ ས་ཁོངས་ག་རའི་ནང་ ཁྱབ་མ་ཚུགས་ནི་དེ་གིས་ འཐུང་ཆུ་མ་ལང་པའི་ དཀའ་ངལ་ཡོད་ཟེར་ཨིན་པས།སྤྱི་ལོ་ ༢༠༡༨ ལས་ འཐུང་ཆུའི་དོན་ལུ་ གྲོས་འཆར་ཅིག་བཙུགས་ཏེ་ རྒྱལ་སྤྱི་འཐུང་ཆུའི་ གྲོགས་རམ་ཐོག་ལས་ མ་དངུལ་གྱི་ རྒྱབ་སྐྱོར་ཅིག་ཡང་ གནང་ཡོདཔ་ལས་ སྤྱི་ལོ་ […]

gyalchi
National News

མི་རྗེ་བློན་ཆེན་མཆོག་གིས་ བུམ་ཐང་དབང་འདུས་ཆོས་གླིང་ སྨན་ཁང་ནང་ ནདཔ་ ༨ གཤག་བཅོས།

སྤྱི་ཟླ་ ༧ པའི་ཚེས་ ༢༠ ལུ་ མི་རྗེ་བློན་ཆེན་ ཌོག་ཊར་བློ་གྲོས་ཚེ་རིང་གིས་ བུམ་ཐང་དབང་འདུས་ཆོས་གླིང་ སྨན་ཁང་ནང་ གཤག་བཅོས་སྡེ་ཚན་ཅིག་གི་ རྒྱབ་སྐྱོར་ཐོག་ལུ་ ནད་གཞི་མ་འདྲཝ་ཡོད་མི་ ནདཔ་ ༨ གཤག་བཅོས་མཛད་ནུག། དེ་ཡང་ མི་རྗེ་བློན་ཆེན་མཆོག་གིས་ བུམ་ཐང་རྫོང་ཁག་གི་ རྒེད་འོག་ཚུ་ནང་ གཟིགས་སྐོར་གནང་མི་དང་བསྟུན་ཏེ་ཨིནམ་ད་ དེ་བསྒང་ མི་སེར་ཚུ་ལུ་ མི་རྗེ་བློན་ཆེན་མཆོག་གིས་ རྒྱལ་ཁབ་ལུ་ ནད་ཡམས་ཀོ་ཝིཌ་-༡༩ གིས་ གནོད་པ་བྱུང་ཡོད་པའི་སྐོར་ལས་དང་ མི་སེར་ཚུ་གིས་ འགན་ཁུར་ཚུལ་མཐུན་ འབག་དགོ་པའི་སྐོར་ལས་གསུངས་ནུག། དེ་མ་ཚད་ སྤྱི་ཟླ་ ༧ པའི་ཚེས་ ༢༠ ལུ་ ཕྱི་རོ་ཁམས་ཅིག་ཁར་ མི་རྗེ་བློན་ཆེན་མཆོག་གིས་ སྨན་ཁང་གི་ ལས་བྱེདཔ་ཚུ་དང་ཡང་ མཇལ་ཕྲད་མཛད་ཡོདཔ་ད་ དེ་བསྒང་ གསོ་བའི་ལས་བྱེདཔ་ཚུ་གིས་ ནདཔ་ཚུ་དང་ འབྲེལ་བ་འཐབ་མི་དེ་ ཁྱད་རིག་གཞན་ཚུ་དང་ མ་འདྲ་མི་དེ་ཡང་ ནདཔ་ཚུ་ལུ་ བྱམས་བརྩེ་དང་ སྙིང་རྗེའི་སྒོ་ལས་ སྨན་བཅོས་འབད་བ་ཅིན་ ནདཔ་ཚུ་གིས་ གུས་ཞབས་དང་ བརྩི་མཐོང་སྦོམ་སྦེ་ར་ བསྐྱེད་འོང་ཟེར་གསུངས་ནུག། […]

gyalchi
Online now: 13 Today: 1459 Total visitors: 8679