ArchiveAboutContact
National News

འབྲུག་དང་ རྒྱ་པཱན་གྱི་བར་ན་ དཔལ་འབྱོར་མཉམ་འབྲེལ་གྱི་ ལོ་བསྟར་གྲོས་འཛོམས།

gyalchi · 1 min read

ཡིག་ཚང་ལས་བྱེདཔ།

སྤྱི་ཟླ་ ༧ པའི་ཚེས་ ༢༧ ལུ་ འབྲུག་དང་ རྒྱ་པཱན་གྱི་བར་ན་ དཔལ་འབྱོར་མཉམ་འབྲེལ་གྱི་ ལོ་བསྟར་གྲོས་འཛོམས་ ཐེངས་ ༡༧ པ་ ཐིམ་ཕུ་ལུ་སྦེ་ འཚོགས་ཡོདཔ་ཨིན་པས།

དེ་ཡང་ འབྲུག་གི་ཁ་ཐུག་ལས་ ཕྱི་འབྲེལ་ལྷན་ཁག་ ཟུང་ཕྱོགས་ལས་ཁུངས་ཀྱི་མདོ་ཆེན་ མཚོ་སྐྱིད་ཆོས་སྒྲོན་དང་ རྒྱ་པཱན་གྱི་ ཁ་ཐུག་ལས་ རྒྱ་གར་ནིའུ་དྷི་ལིར་ཡོད་མི་ རྒྱ་པཱན་གཞུང་ཚབ་ལས་ཁང་གི་ དྲུང་ཆེན་དང་པ་ ཧི་རོ་ཡུ་ཀི་ ཡ་མ་ཤི་ཏ་ ༢ ཀྱིས་ འགོ་ཁྲིད་ཐོག་ལུ་འཚོགས་ནུག།

དེ་བཟུམ་སྦེ་ འབྲུག་ལུ་ཡོད་མི་ རྒྱ་པཱན་ཇའི་ཀ་ཡིག་ཚང་གི་ སྐུ་ཚབ་གཙོ་འཛིན་ ཀོ་ཟོ་ཝ་ཏ་ན་བེ་དང་ འབྲུག་གཞུང་དང་ ཇའི་ཀ་ཡིག་ཚང་གི་ འགོ་དཔོན་ཚུ་གིས་ཡང་ བཅའ་མར་གཏོགས་ཡོདཔ་ཨིན་པས།

གྲོས་འཛོམས་དེ་ནང་ འབྲུག་གི་འཐུས་མི་སྡེ་ཚན་གྱི་ ཁ་ཐུག་ལས་ ལོ་ལྔའི་འཆར་གཞི་ ༡༢ པའི་ དུས་མཐུན་སྙན་ཞུ་དང་ འཆར་གཞི་ ༡༣ པའི་ ཟིན་བྲིས་ཚུ་ གསལ་བཤད་འབད་ཡོདཔ་ད་ རྒྱལ་ཁབ་གཉིས་ཆ་རའི་ ཁ་ཐུག་ལས་ ད་རེས་ནངས་པར་ ལག་ལེན་འཐབ་བཞིན་དུ་ཡོད་མི་ ལས་འགུལ་ཚུ་ལུ་ཡང་ བསྐྱར་ཞིབ་འབད་ནུག།

དེ་མ་ཚད་ ཕྱི་འབྲེལ་ལྷན་ཁག་ལས་ གསར་བཏོན་འབད་མི་ གནས་ཚུལ་ཅིག་ནང་ བཀོད་དོ་བཟུམ་འབད་བ་ཅིན་ འབྲུག་གཞུང་གིས་ རྒྱ་པཱན་གཞུང་ལུ་ ལས་འགུལ་གསརཔ་ཚུ་གི་ གྲོས་འཆར་བཙུགས་མི་ཚུ་ལུ་ཡང་ གྲོས་བསྡུར་འབད་ཡི་ཟེར་ཨིན་པས།

སྤྱི་ལོ་ ༢༠༠༦ ལུ་ འབྲུག་དང་ རྒྱ་པཱན་གྱི་བར་ན་ ལོ་བསྟར་གྲོས་འཛོམས་དེ་ འགོ་བཙུགས་ཞིནམ་ལས་ཚུར་ རྒྱལ་ཁབ་ ༢ ཀྱི་བར་ན་ དཔལ་འབྱོར་མཉམ་འབྲེལ་ བསྐྱར་ཞིབ་དང་ བསམ་འཆར་བརྗེ་སོར་གྱི་ གྲོས་གནས་ཅིག་ལུ་ གྱུར་ཡོདཔ་མ་ཚད་ གནད་དོན་གཞན་ཚུ་ གྲོས་བསྡུར་འབད་སའི་ གོ་སྐབས་ཅིག་ལུ་ཡང་ འགྱུར་ཡོདཔ་ཨིན་པས།

དེ་བསྒང་ ཟུང་ཕྱོགས་ལས་ཁུངས་ཀྱི་མདོ་ཆེན་ མཚོ་སྐྱིད་ཆོས་སྒྲོན་གྱིས་ རྒྱ་པཱན་ལས་ འབྲུག་གི་མི་སྡེའི་དཔལ་འབྱོར་ གོང་འཕེལ་ལུ་ རྒྱབ་སྐྱོར་འཕྲོ་མཐུད་དེ་འབད་བའི་ཁར་ འབྲུག་གཞུང་གིས་ ནད་ཡམས་ཀོ་ཝིཌ་-༡༩ ལུ་ གདོང་ལན་དང་ བཀག་ཐབས་ནང་ཡང་ རྒྱ་པཱན་གྱིས་ ལྷན་ཐབས་འབད་ཡོདཔ་ལས་ རྒྱ་པཱན་གཞུང་དང་ མི་སེར་ཚུ་ལུ་ ཧིང་ལས་ར་ བཀྲིན་དགའ་ཚོར་ཡོད་ཟེར་བཤད་ནུག།

དྲུང་ཆེན་དང་པ་ ཧི་རོ་ཡུ་ཀི་ ཡ་མ་ཤི་ཏ་གིས་ཡང་ འབྲུག་རྒྱལ་ཁབ་འདི་ སྤྱི་ལོ་ ༢༠༢༣ སྤྱི་ཟླ་ ༡༢ པའི་ནང་ གོང་འཕེལ་དུམ་གྲ་ཅིག་ལས་ མ་འགྱོ་མི་ རྒྱལ་ཁབ་ཚུ་གི་གྲས་ལས་ ཕྱིར་འཐོན་འབད་བའི་ཤུལ་ལས་ཡང་ རྒྱ་པཱན་གཞུང་གིས་ འབྲུག་གཞུང་ལུ་ རྒྱབ་སྐྱོར་འཕྲོ་མཐུད་འབད་ནི་གི་ ཁས་བླངས་ཡོད་ཟེར་ བཤད་འདུག་པའི་གནས་ཚུལ།

Comments are closed.

Related

National News

འབྲུག་དང་ རྒྱ་གར་བྱང་ཤར་གྱི་བར་ན་ ཚོང་འབྲེལ་དང་ མཐུད་སྦྲེལ་བཙན་ཐབས་ཀྱི་ གོ་བསྡུར་ཞལ་འཛོམས།

པདྨ་དབང་འདུས། འབྲུག་ལུ་ རྒྱ་གར་གཞུང་ཚབ་ཡིག་ཚང་དང་ འབྲུག་དང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཞིབ་འཇུག་ལྟེ་བ་ ཨེ་ཤི་ཡ་ མཉམ་བསྡོམས་བཅས་ཀྱིས་ ཐིམ་ཕུ་ལུ་སྦེ་ “རྒྱ་འབྲུག་གི་མཐུན་འབྲེལ་: ཚོང་འབྲེལ་དང་ མཐུད་སྦྲེལ་ ཤེས་རིག་ བལྟ་བཤལ་ གསོ་བ་ མཉམ་འབྲེལ་གྱི་མཐོང་ཚུལ་”ཟེར་བའི་ གོ་བསྡུར་ཞལ་འཛོམས་ཅིག་ ཉིནམ་ ༡ གི་རིང་ལུ་ འགོ་འདྲེན་འཐབ་ནུག། གོ་བསྡུར་ཞལ་འཛོམས་དེ་ནང་ ཚོང་འབྲེལ་བཙན་ཐབས་དང་ ལུང་ཕྱོགས་མཐུད་སྦྲེལ་ཡར་དྲག་གཏང་ནི་ ཤེས་རིག་དང་ བལྟ་བཤལ་ གསོ་བ་དང་ འཕྲུལ་རིག་ཚུ་ནང་ མཉམ་འབྲེལ་རྒྱ་སྐྱེད་ཚུ་གི་སྐོར་ལས་ གྲོས་གླེང་ཚུ་འབད་ཡོད་པའི་ནང་གསལ་ དམིགས་བསལ་གྱིས་ འབྲུག་དང་ རྒྱ་གར་བྱང་ཤར་དང་ འབྲུག་གི་བར་ན་ དངོས་གཟུགས་ཅན་གྱི་ མཐུད་སྦྲེལ་དང་ ཚོང་འབྲེལ་ལུ་ལྷན་ཐབས་ དེ་ལས་ ས་མཚམས་ཀྱི་བར་ན་ མཉམ་འབྲེལ་ཚུ་གི་སྒོ་ལས་ དཔལ་འབྱོར་གྱི་འབྲེལ་བ་ གཏིང་གཟབ་བཟོ་ནི་གི་ གོ་སྐབས་ཚུ་ལུ་ གཙོ་བོར་བཟུང་ཡོདཔ་ཨིན་པས། དེ་བསྒང་ ནུབ་བེང་གཱལ་གྱི་ ཚོང་དང་བཟོ་གྲྭ་ཚོགས་སྡེའི་ གཙོ་འཛིན་བགྲེསཔ་ ཨམ་བ་རིཤ་ དཱཛ་གུབ་ཏ་གིས་ འབྲུག་དང་ རྒྱ་གར་གྱི་བར་ན་ ཚོང་འབྲེལ་གྱི་ གོ་སྐབས་དེ་ ཧྲིལ་བུར་སྦེ་ གོང་འཕེལ་མ་འགྱོ་བར་ཡོདཔ་ལས་ […]

gyalchi
National News

འགྲུལ་འཕྲིན་སྤྱོད་གླ་ བརྒྱ་ཆ་ ༥༠ མར་ཕབ་ཀྱི་སྐོར་ལས་ རྒྱབ་སྣོན་གྲོས་དོན་ཅིག་ ལྷན་རྒྱས་གཞུང་ཚོགས་ལུ་ཕུལ་ནི།

པདྨ་དབང་འདུས། སྤྱི་ཟླ་ ༡༠ པའི་ཚེས་ ༩ ལུ་ གནས་ཚུལ་ཞལ་འཛོམས་ཐེངས་ ༣༢ པ་ ཚོགས་པའི་སྐབས་ལུ་ བཟོ་གྲྭ་ཚོང་འབྲེལ་དང་ ལཱ་གཡོག་ལྷན་ཁག་གི་བློན་པོ་ རྣམ་རྒྱལ་རྡོ་རྗེ་གིས་ གསུངས་དོ་བཟུམ་འབད་བ་ཅིན་ གཞུང་གི་བཀའ་རྒྱ་ལྟར་དུ་ འགྲུལ་འཕྲིན་སྤྱོད་གླ་ བརྒྱ་ཆ་ ༥༠ མར་ཕབ་ཀྱི་དོན་ལུ་ ལྷན་ཁག་གི་ཁ་ཐུག་ལས་ འབྲུག་བརྡ་དོན་བརྒྱུད་འབྲེལ་དང་ བརྡ་བརྒྱུད་དབང་འཛིན་ལུ་ དུས་ཅི་ སྤྱི་ཟླ་ ༥ པའི་ནང་ བཀོད་རྒྱ་གནང་ཡི་ཟེར་ཨིན་པས། དེ་མ་ཚད་ འགྲུལ་འཕྲིན་ཞབས་ཏོག་གི་ སྤྱོད་གླ་ཚུ་དང་འབྲེལ་ཏེ་ འཕྲུལ་རིག་དང་ དངུལ་འབྲེལ་གནད་དོན་ཚུ་ཡང་ ཡོངས་རྫོགས་སྦེ་ར་ བསྐྱར་ཞིབ་འབད་དགོ་པའི་ བཀོད་རྒྱ་ཡང་གནང་ནུག། བློན་པོ་གིས་འབད་བ་ཅིན་ བསྐྱར་ཞིབ་དེ་ནང་ ཞབས་ཏོག་གི་ སྤུས་ཚད་དང་ ཉེས་སྤྱོད་འབད་མི་ཚུ་གིས་ སྤྱོད་གླ་བཏབ་ཚུགས་པའི་ཚད་གཞི་ དེ་ལས་ མ་རྩ་གཞི་བཙུགས་ཀྱི་ དགོས་མཁོ་དང་ འགྲུལ་འཕྲིན་ལས་སྡེ་ཚུ་གི་ ཡུན་བརྟན་ཚུ་ཡང་ ཚུད་དེ་ཡོད་ཟེར་ཨིན་པས། གནད་དོན་དེ་གི་སྐོར་ལས་ མཐའ་བཅད་སྙན་ཞུ་དང་ རྒྱབ་སྣོན་གྲོས་འཆར་ཚུ་ སྤྱི་ལོ་ ༢༠༢༦ སྤྱི་ཟླ་ ༡༠ པའི་ཚེས་ […]

gyalchi
National News

འབྲུག་དང་ རྒྱ་གར་བྱང་ཤར་གྱི་བར་ན་ ཚོང་འབྲེལ་དང་ མཐུད་སྦྲེལ་བཙན་ཐབས་ཀྱི་ གོ་བསྡུར་ཞལ་འཛོམས།

པདྨ་དབང་འདུས། འབྲུག་ལུ་ རྒྱ་གར་གཞུང་ཚབ་ཡིག་ཚང་དང་ འབྲུག་དང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཞིབ་འཇུག་ལྟེ་བ་ ཨེ་ཤི་ཡ་ མཉམ་བསྡོམས་བཅས་ཀྱིས་ ཐིམ་ཕུ་ལུ་སྦེ་ “རྒྱ་འབྲུག་གི་མཐུན་འབྲེལ་: ཚོང་འབྲེལ་དང་ མཐུད་སྦྲེལ་ ཤེས་རིག་ བལྟ་བཤལ་ གསོ་བ་ མཉམ་འབྲེལ་གྱི་མཐོང་ཚུལ་”ཟེར་བའི་ གོ་བསྡུར་ཞལ་འཛོམས་ཅིག་ ཉིནམ་ ༡ གི་རིང་ལུ་ འགོ་འདྲེན་འཐབ་ནུག། གོ་བསྡུར་ཞལ་འཛོམས་དེ་ནང་ ཚོང་འབྲེལ་བཙན་ཐབས་དང་ ལུང་ཕྱོགས་མཐུད་སྦྲེལ་ཡར་དྲག་གཏང་ནི་ ཤེས་རིག་དང་ བལྟ་བཤལ་ གསོ་བ་དང་ འཕྲུལ་རིག་ཚུ་ནང་ མཉམ་འབྲེལ་རྒྱ་སྐྱེད་ཚུ་གི་སྐོར་ལས་ གྲོས་གླེང་ཚུ་འབད་ཡོད་པའི་ནང་གསལ་ དམིགས་བསལ་གྱིས་ འབྲུག་དང་ རྒྱ་གར་བྱང་ཤར་དང་ འབྲུག་གི་བར་ན་ དངོས་གཟུགས་ཅན་གྱི་ མཐུད་སྦྲེལ་དང་ ཚོང་འབྲེལ་ལུ་ལྷན་ཐབས་ དེ་ལས་ ས་མཚམས་ཀྱི་བར་ན་ མཉམ་འབྲེལ་ཚུ་གི་སྒོ་ལས་ དཔལ་འབྱོར་གྱི་འབྲེལ་བ་ གཏིང་གཟབ་བཟོ་ནི་གི་ གོ་སྐབས་ཚུ་ལུ་ གཙོ་བོར་བཟུང་ཡོདཔ་ཨིན་པས། དེ་བསྒང་ ནུབ་བེང་གཱལ་གྱི་ ཚོང་དང་བཟོ་གྲྭ་ཚོགས་སྡེའི་ གཙོ་འཛིན་བགྲེསཔ་ ཨམ་བ་རིཤ་ དཱཛ་གུབ་ཏ་གིས་ འབྲུག་དང་ རྒྱ་གར་གྱི་བར་ན་ ཚོང་འབྲེལ་གྱི་ གོ་སྐབས་དེ་ ཧྲིལ་བུར་སྦེ་ གོང་འཕེལ་མ་འགྱོ་བར་ཡོདཔ་ལས་ […]

gyalchi
Online now: 11 Today: 4382 Total visitors: 7059