ArchiveAboutContact
National News

སྤྱི་ཚོགས་ ༣ པའི་ རྒྱལ་ཡོངས་ཚོགས་འདུ་ཆེན་མོ་ ཚོགས་ཐེངས་ ༧ པ་ གྲོལ་གནང་ཡོདཔ།

gyalchi · 1 min read

སྤྱི་ཟླ་ ༧ པའི་ཚེས་ ༥ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ སྤྱི་ཚོགས་ ༣ པའི་ རྒྱལ་ཡོངས་ཚོགས་འདུ་ཆེན་མོ་ ཚོགས་ཐེངས་ ༧ པ་ གྲོལ་སྟོན་རྟེན་འབྲེལ་ནང་ དབུ་བཞུགས་མཛད་གནང་ཡོདཔ་ད་ དེ་བསྒང་ སྤྱི་ཚོགས་ཀྱི་ འཐུས་མི་ཚུ་གིས་ མི་དབང་མཆོག་ སྐུ་ཚེ་ཞབས་པད་ བསྐལ་བརྒྱར་བརྟན་པའི་ ཞབས་བརྟན་དང་ བཀྲིས་སྨོན་ལམ་ཚུ་ཕུལ་ཡི།

དེ་གི་ཧེ་མར་ རྒྱལ་ཡོངས་ཚོགས་འདུའི་ཚོགས་དཔོན་ དབང་ཕྱུག་རྣམ་རྒྱལ་གྱིས་ རྒྱལ་ཡོངས་ཚོགས་འདུའི་ གྲོལ་སྟོན་རྟེན་འབྲེལ་འདི་ནང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ཐུགས་བརྩེའི་སྒོ་ལས་ བྱོན་གནང་མི་ལུ་ བཀྲིན་དགའ་ཚོར་ ཞུ་ཡོདཔ་མ་ཚད་ མི་དབང་རྒྱལ་བཙུན་མཆོག་གིས་ དབུ་གཙོས་པའི་ མི་དབང་སྐུ་འཁོར་ལྷན་རྒྱས་དང་ ཞི་དྲག་གི་དཔོན་ཁག་ རྒྱལ་སྤྱིའི་སྐུ་ཚབ་ཚུ་ལུ་ཡང་ བྱོན་ལེགས་ཞུ་ཡི།

དེ་མ་ཚད་ མི་དབང་རྒྱལ་སྲས་ འཇིགས་མེད་རྣམ་རྒྱལ་དབང་ཕྱུག་མཆོག་ སྐུ་ན་ཕྲ་རུང་ གཞུང་གི་མཛད་སྒོའི་རྟེན་འབྲེལ་ཚུ་ནང་ སྐུ་མགྲོན་གཙོ་བོའི་ ཕྱག་འགན་བཞེས་ཏེ་ ཐིམ་ཕུ་བརྡ་དོན་འཕྲུལ་རིག་གླིང་གའི་ནང་ གློག་རིག་ཀམ་པུས་ཊར་གྱི་ འཕྲུལ་རིག་མཐུན་རྐྱེན་ གསར་བཏོན་ དང་ གློག་རིག་ཡོངས་འབྲེལ་ འགོ་འབྱེད་མཛད་གནང་པ་ལུ་བརྟེན་ཏེ་ འབྲུག་མི་ཚུ་གིས་ མི་སྡེའི་བརྡ་བརྒྱུད་ཐོག་ལས་ ལེགས་བསྟོད་ཞུ་མི་ དར་ཁྱབ་འགྱོཝ་ལས་ དབང་ཕྱུག་བརྒྱུད་འཛིན་གྱི་ མི་དབང་རིམ་བྱོན་ཚུ་དང་ མི་དབང་མངའ་ཞབས་མཆོག་གི་ དབུ་ཁྲིད་བཟང་པོའི་འོག་ལུ་ མི་སེར་ཚུ་ དགའ་སྐྱིད་ཀྱི་ངང་ལས་ མི་ཚེ་སྐྱོང་ནི་ལུ་ ཐེ་ཚོམ་རྩ་ལས་ར་ བསྐྱེད་མ་དགོཔ་སྦེ་ མཇལ་ཡི་ཟེར་ཞུ་ཡི།

མི་དབང་མཆོག་གིས་ རྒྱལ་ཁབ་དང་ མི་སེར་གྱི་མཐའ་དོན་ལུ་ ཐུགས་ཀྱི་ཚ་གྱང་བཞེས་ཏེ་ གནམ་བྱར་གྱི་ ཆར་ཆུ་འབོལ་བའི་ དུས་ཚོད་ལུ་ཡང་ ནུབ་ཕྱོགས་དང་ ལྷོ་ཕྱོགས་རྫོང་ཁག་ཚུ་ནང་ ཆིབས་བསྐྱོད་གནང་སྟེ་ བདེ་སྲུང་གི་སྦྱོང་བརྡར་དང་ བདེ་སྲུང་ཞབས་ཏོག་ལས་འགུལ་ནང་ བཅའ་མར་གཏོགས་མི་ ན་གཞོན་ཚུ་དང་གཅིག་ཁར་ མཇལ་ཕྲད་མཛད་གནང་སྟེ་ ཞལ་བཀོད་དང་ ལམ་སྟོན་བཟང་པོ་ཚུ་ གནང་པ་ལུ་བརྟེན་ཏེ་ ད་ལས་ཕར་ ན་གཞོན་ཚུ་གིས་ རྒྱལ་ཁབ་དང་ མི་སྡེའི་ནང་ ཕྱག་ཞུ་ནི་དང་ ཁོང་རའི་མི་ཚེ་ འཚོ་སྐྱོང་འཐབ་ནི་ལུ་ཡང་ སེམས་ཤུགས་སྦོམ་སྦེ་ར་ ཐོབ་སྟེ་ཡོད་ཟེར་ཨིན་པས།

དེ་མ་ཚད་ མི་དབང་ཞབས་ལས་ ལྷོ་ཕྱོགས་རྫོང་ཁག་ རྩི་རང་དང་ གསར་སྤང་གི་ མི་སེར་བསྡོམས་ ༡༡༣,༠༠༠ ལུ་ ས་ཆའི་སྐྱིད་སྡུག་གནང་པའི་ཁར་ རྫོང་ཁག་ ༢༠ དང་ རྒེད་འོག་ ༢༠༥ ག་རའི་ནང་ མི་སེར་ལུ་ སའི་དཀའ་ངལ་ཡོད་མི་ཚུ་ བསལ་གནང་སྟེ་ མི་སེར་ཡོངས་བསྡོམས་ ༡༥༠,༠༠༠ ལུ་ ས་ཆའི་སྐྱིད་སྡུག་དང་ ས་ཐེབས་ཀྱི་ རིན་གོང་ཚུ་ཡང་ དགོངས་ཡངས་གནང་ནི་འདི་གིས་ མི་སེར་ཚུ་གི་ རང་མགོ་རང་འདྲོངས་ལུ་ ཕན་ཐོགས་སྦོམ་སྦེ་ར་ འབྱུང་ནི་ཨིནམ་ལས་ སྤྱི་ཚོགས་ཀྱི་ཧོངས་ལས་ ནམ་ཡང་བརྗེད་པར་ཕངས་པའི་ བཀའ་དྲིན་དགའ་ཚོར་ཚུ་ཡང་ཞུ་ཡི།

མི་དབང་འབྲུག་རྒྱལ་བཞི་པ་མཆོག་གིས་ སྤྱི་ལོ་ ༢༠༢༢ ལོའི་ Blue Planet Prize གི་ གཟེངས་བསྟོད་བཞེས་མི་ལུ་ སྤྱིར་འབྲུག་མི་ཡོངས་དང་ ལྷག་པར་དུ་ སྤྱི་ཚོགས་ཀྱི་ཧོངས་ལས་ བཀྲིས་ལེགས་སྨོན་ ཞུ་ནི་དང་འབྲེལ་ཏེ་ བསྐལ་བརྒྱའི་བར་ན་ སྐུ་ཚེ་ཞབས་པད་ འཚོ་ཞིང་གཞེས་པའི་ སྨོན་འདུན་ཡང་ཞུ་ཡི།

ང་བཅས་རའི་ འབྲུག་རྒྱལ་ཁབ་ནང་ ཨ་ཎེམ་གི་ གཙུག་སྡེ་ཡོད་རུང་ ད་ཚུན་གྱི་བར་ན་ དགེ་སློང་མའི་ སྡོམ་པ་གནང་སྲོལ་མེད་མི་ལུ་ མི་དབང་ཞབས་དང་ མི་དབང་རྒྱལ་ཡུམ་ ཚེ་རིང་གཡང་སྒྲོན་དབང་ཕྱུག་མཆོག་གི་ བཀའ་དགོངས་ལྟར་དུ་ རྗེ་མཁན་རིན་པོ་ཆེ་མཆོག་གིས་ འབྲུག་དང་ རྒྱ་གར་ལུ་ཡོད་མི་ ཨ་ཎེམ་ཚུ་ལུ་ དགེ་སློང་མའི་སྡོམ་པ་ འགོ་དང་པ་གནང་མི་ལུ་ཡང་ སྤྱི་ཚོགས་ཀྱི་ཧོངས་ལས་ བཀའ་དྲིན་དགའ་ཚོར་ཡོད་ལུགས་ཚུ་ཞུ་ཡི།

ད་རེས་ སྤྱི་ཚོགས་ ༣ པའི་ ཚོགས་ཐེངས་ ༧ པའི་ནང་ རྒྱལ་ཡོངས་ཚོགས་འདུ་དང་ སྤྱི་ཚོགས་ལྷན་བཞུགས་ཐོག་ལས་ གསུང་གྲོས་གནང་སྟེ་ རྒྱལ་ཡོངས་ཚོགས་འདུའི་ བྱ་བའི་གནད་སྤྱོད་ འཕྲི་སྣོན་དང་ འབྲུག་གི་དངུལ་འབྲེལ་ སེམས་ཤུགས་མཐུན་རྐྱེན་ འཕྲི་སྣོན་དཔྱད་ཡིག་ དེ་ལས་ འབྲུག་གི་ཅ་ཆས་དང་ ཞབས་ཏོག་ཁྲལ་གྱི་ འཕྲི་སྣོན་དཔྱད་ཡིག་དང་ འབྲུག་ལྟ་བཤལ་གྱི་ ཁྲལ་བསྡུ་བླང་ འཕྲི་སྣོན་དཔྱད་ཡིག་ཚུ་ ཆ་འཇོག་གྲུབ་ཡོདཔ་བཞིན་དུ་ མི་དབང་ཞབས་ལས་ བཀའ་འགྲོལ་ཞུ་ནིའི་དོན་ལུ་ གྲ་སྒྲིག་ཚུད་དེ་ཡོད་ཟེར་ཨིན་པས།

ང་བཅས་རའི་ རྒྱལ་ཁབ་ནང་ ནད་ཡམས་ལུ་བརྟེན་ཏེ་ དཔལ་འབྱོར་ལུ་ བྱེམ་ཕོག་ཡོད་རུང་ གཞུང་གི་ཁ་ཐུག་ལས་ མི་སྡེ་གོང་འཕེལ་གཏང་ནིའི་དོན་ལུ་ རྩིས་ལོ་ ༢༠༢༢-༢༣ ལུ་ དངུལ་ཀྲམ་ཡོངས་བསྡོམས་ ས་ཡ་ ༨༡,༨༢༧.༣༡༡ དེ་ཅིག་ ཕུལ་མི་དེ་ སྤྱི་ཚོགས་ཀྱིས་ ཆ་འཇོག་གྲུབ་པའི་གུ་ རྩིས་ལོ་ ༢༠༢༡-༢༠༢༢ ལུ་ ཟད་འགྲོ་བཏང་ཡོད་མི་ འཆར་དངུལ་ལྷན་ཐབས་ དངུལ་ཀྲམ་ས་ཡ་ ༣,༨༦༦.༩༣༣ འབད་མི་ཡང་ ཆ་འཇོག་གྲུབ་ནུག།

དེ་བཟུམ་སྦེ་ སྤྱི་ཚོགས་ལྷན་བཞུགས་ནང་ལས་ སྤྱི་ལོ་ ༢༠༢༠-༢༠༢༡ ལོའི་ རྒྱལ་གཞུང་རྩིས་ཞིབ་ཀྱི་ ལོ་བསྟར་སྙན་ཞུ་དང་ ཚོགས་ཁང་ ༢ ཀྱི་བར་ན ཞལ་འཆམ་མ་བྱུང་མི་ འབྲུག་གི་མི་སྡེ་ལས་ཚོགས་ཀྱི་ འཕྲི་སྣོན་དཔྱད་ཡིག་ ༢༠༢༡ ཅན་མ་དང་ འབྲུག་གི་ངན་ལྷད་བཀག་སྡོམ་ འཕྲི་སྣོན་དཔྱད་ཡིག་ ༢༠༢༡ ཅན་མ་ དེ་ལས་ ངན་ལྷད་ཀྱི་གདོང་ལན་ལུ་ འཛམ་གླིང་སྤྱི་ཚོགས་ཀྱི་ མཐུན་གྲོས་འཕྲི་སྣོན་ཚུ་ཡང་ ཆ་འཇོག་གྲུབ་ཡོད་པའི་གནས་ཚུལ།

Comments are closed.

Related

National News

འབྲུག་དང་ རྒྱ་གར་བྱང་ཤར་གྱི་བར་ན་ ཚོང་འབྲེལ་དང་ མཐུད་སྦྲེལ་བཙན་ཐབས་ཀྱི་ གོ་བསྡུར་ཞལ་འཛོམས།

པདྨ་དབང་འདུས། འབྲུག་ལུ་ རྒྱ་གར་གཞུང་ཚབ་ཡིག་ཚང་དང་ འབྲུག་དང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཞིབ་འཇུག་ལྟེ་བ་ ཨེ་ཤི་ཡ་ མཉམ་བསྡོམས་བཅས་ཀྱིས་ ཐིམ་ཕུ་ལུ་སྦེ་ “རྒྱ་འབྲུག་གི་མཐུན་འབྲེལ་: ཚོང་འབྲེལ་དང་ མཐུད་སྦྲེལ་ ཤེས་རིག་ བལྟ་བཤལ་ གསོ་བ་ མཉམ་འབྲེལ་གྱི་མཐོང་ཚུལ་”ཟེར་བའི་ གོ་བསྡུར་ཞལ་འཛོམས་ཅིག་ ཉིནམ་ ༡ གི་རིང་ལུ་ འགོ་འདྲེན་འཐབ་ནུག། གོ་བསྡུར་ཞལ་འཛོམས་དེ་ནང་ ཚོང་འབྲེལ་བཙན་ཐབས་དང་ ལུང་ཕྱོགས་མཐུད་སྦྲེལ་ཡར་དྲག་གཏང་ནི་ ཤེས་རིག་དང་ བལྟ་བཤལ་ གསོ་བ་དང་ འཕྲུལ་རིག་ཚུ་ནང་ མཉམ་འབྲེལ་རྒྱ་སྐྱེད་ཚུ་གི་སྐོར་ལས་ གྲོས་གླེང་ཚུ་འབད་ཡོད་པའི་ནང་གསལ་ དམིགས་བསལ་གྱིས་ འབྲུག་དང་ རྒྱ་གར་བྱང་ཤར་དང་ འབྲུག་གི་བར་ན་ དངོས་གཟུགས་ཅན་གྱི་ མཐུད་སྦྲེལ་དང་ ཚོང་འབྲེལ་ལུ་ལྷན་ཐབས་ དེ་ལས་ ས་མཚམས་ཀྱི་བར་ན་ མཉམ་འབྲེལ་ཚུ་གི་སྒོ་ལས་ དཔལ་འབྱོར་གྱི་འབྲེལ་བ་ གཏིང་གཟབ་བཟོ་ནི་གི་ གོ་སྐབས་ཚུ་ལུ་ གཙོ་བོར་བཟུང་ཡོདཔ་ཨིན་པས། དེ་བསྒང་ ནུབ་བེང་གཱལ་གྱི་ ཚོང་དང་བཟོ་གྲྭ་ཚོགས་སྡེའི་ གཙོ་འཛིན་བགྲེསཔ་ ཨམ་བ་རིཤ་ དཱཛ་གུབ་ཏ་གིས་ འབྲུག་དང་ རྒྱ་གར་གྱི་བར་ན་ ཚོང་འབྲེལ་གྱི་ གོ་སྐབས་དེ་ ཧྲིལ་བུར་སྦེ་ གོང་འཕེལ་མ་འགྱོ་བར་ཡོདཔ་ལས་ […]

gyalchi
National News

འགྲུལ་འཕྲིན་སྤྱོད་གླ་ བརྒྱ་ཆ་ ༥༠ མར་ཕབ་ཀྱི་སྐོར་ལས་ རྒྱབ་སྣོན་གྲོས་དོན་ཅིག་ ལྷན་རྒྱས་གཞུང་ཚོགས་ལུ་ཕུལ་ནི།

པདྨ་དབང་འདུས། སྤྱི་ཟླ་ ༡༠ པའི་ཚེས་ ༩ ལུ་ གནས་ཚུལ་ཞལ་འཛོམས་ཐེངས་ ༣༢ པ་ ཚོགས་པའི་སྐབས་ལུ་ བཟོ་གྲྭ་ཚོང་འབྲེལ་དང་ ལཱ་གཡོག་ལྷན་ཁག་གི་བློན་པོ་ རྣམ་རྒྱལ་རྡོ་རྗེ་གིས་ གསུངས་དོ་བཟུམ་འབད་བ་ཅིན་ གཞུང་གི་བཀའ་རྒྱ་ལྟར་དུ་ འགྲུལ་འཕྲིན་སྤྱོད་གླ་ བརྒྱ་ཆ་ ༥༠ མར་ཕབ་ཀྱི་དོན་ལུ་ ལྷན་ཁག་གི་ཁ་ཐུག་ལས་ འབྲུག་བརྡ་དོན་བརྒྱུད་འབྲེལ་དང་ བརྡ་བརྒྱུད་དབང་འཛིན་ལུ་ དུས་ཅི་ སྤྱི་ཟླ་ ༥ པའི་ནང་ བཀོད་རྒྱ་གནང་ཡི་ཟེར་ཨིན་པས། དེ་མ་ཚད་ འགྲུལ་འཕྲིན་ཞབས་ཏོག་གི་ སྤྱོད་གླ་ཚུ་དང་འབྲེལ་ཏེ་ འཕྲུལ་རིག་དང་ དངུལ་འབྲེལ་གནད་དོན་ཚུ་ཡང་ ཡོངས་རྫོགས་སྦེ་ར་ བསྐྱར་ཞིབ་འབད་དགོ་པའི་ བཀོད་རྒྱ་ཡང་གནང་ནུག། བློན་པོ་གིས་འབད་བ་ཅིན་ བསྐྱར་ཞིབ་དེ་ནང་ ཞབས་ཏོག་གི་ སྤུས་ཚད་དང་ ཉེས་སྤྱོད་འབད་མི་ཚུ་གིས་ སྤྱོད་གླ་བཏབ་ཚུགས་པའི་ཚད་གཞི་ དེ་ལས་ མ་རྩ་གཞི་བཙུགས་ཀྱི་ དགོས་མཁོ་དང་ འགྲུལ་འཕྲིན་ལས་སྡེ་ཚུ་གི་ ཡུན་བརྟན་ཚུ་ཡང་ ཚུད་དེ་ཡོད་ཟེར་ཨིན་པས། གནད་དོན་དེ་གི་སྐོར་ལས་ མཐའ་བཅད་སྙན་ཞུ་དང་ རྒྱབ་སྣོན་གྲོས་འཆར་ཚུ་ སྤྱི་ལོ་ ༢༠༢༦ སྤྱི་ཟླ་ ༡༠ པའི་ཚེས་ […]

gyalchi
National News

འབྲུག་དང་ རྒྱ་གར་བྱང་ཤར་གྱི་བར་ན་ ཚོང་འབྲེལ་དང་ མཐུད་སྦྲེལ་བཙན་ཐབས་ཀྱི་ གོ་བསྡུར་ཞལ་འཛོམས།

པདྨ་དབང་འདུས། འབྲུག་ལུ་ རྒྱ་གར་གཞུང་ཚབ་ཡིག་ཚང་དང་ འབྲུག་དང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཞིབ་འཇུག་ལྟེ་བ་ ཨེ་ཤི་ཡ་ མཉམ་བསྡོམས་བཅས་ཀྱིས་ ཐིམ་ཕུ་ལུ་སྦེ་ “རྒྱ་འབྲུག་གི་མཐུན་འབྲེལ་: ཚོང་འབྲེལ་དང་ མཐུད་སྦྲེལ་ ཤེས་རིག་ བལྟ་བཤལ་ གསོ་བ་ མཉམ་འབྲེལ་གྱི་མཐོང་ཚུལ་”ཟེར་བའི་ གོ་བསྡུར་ཞལ་འཛོམས་ཅིག་ ཉིནམ་ ༡ གི་རིང་ལུ་ འགོ་འདྲེན་འཐབ་ནུག། གོ་བསྡུར་ཞལ་འཛོམས་དེ་ནང་ ཚོང་འབྲེལ་བཙན་ཐབས་དང་ ལུང་ཕྱོགས་མཐུད་སྦྲེལ་ཡར་དྲག་གཏང་ནི་ ཤེས་རིག་དང་ བལྟ་བཤལ་ གསོ་བ་དང་ འཕྲུལ་རིག་ཚུ་ནང་ མཉམ་འབྲེལ་རྒྱ་སྐྱེད་ཚུ་གི་སྐོར་ལས་ གྲོས་གླེང་ཚུ་འབད་ཡོད་པའི་ནང་གསལ་ དམིགས་བསལ་གྱིས་ འབྲུག་དང་ རྒྱ་གར་བྱང་ཤར་དང་ འབྲུག་གི་བར་ན་ དངོས་གཟུགས་ཅན་གྱི་ མཐུད་སྦྲེལ་དང་ ཚོང་འབྲེལ་ལུ་ལྷན་ཐབས་ དེ་ལས་ ས་མཚམས་ཀྱི་བར་ན་ མཉམ་འབྲེལ་ཚུ་གི་སྒོ་ལས་ དཔལ་འབྱོར་གྱི་འབྲེལ་བ་ གཏིང་གཟབ་བཟོ་ནི་གི་ གོ་སྐབས་ཚུ་ལུ་ གཙོ་བོར་བཟུང་ཡོདཔ་ཨིན་པས། དེ་བསྒང་ ནུབ་བེང་གཱལ་གྱི་ ཚོང་དང་བཟོ་གྲྭ་ཚོགས་སྡེའི་ གཙོ་འཛིན་བགྲེསཔ་ ཨམ་བ་རིཤ་ དཱཛ་གུབ་ཏ་གིས་ འབྲུག་དང་ རྒྱ་གར་གྱི་བར་ན་ ཚོང་འབྲེལ་གྱི་ གོ་སྐབས་དེ་ ཧྲིལ་བུར་སྦེ་ གོང་འཕེལ་མ་འགྱོ་བར་ཡོདཔ་ལས་ […]

gyalchi
Online now: 35 Today: 2928 Total visitors: 5605