ArchiveAboutContact

Category: འཕྲལ་གྱི་གནས་ཚུལ།

National News

མི་དབང་རྒྱལ་སྲསམོ་ བསོད་ནམས་བདེ་ཆེན་དབང་ཕྱུག་མཆོག་གིས་ རྒྱ་པཱན་གྱི་ བློན་ཆེན་དང་མཇལ་ཕྲད།

རྡོ་རྗེ་དབང་ཕྱུག། སྤྱི་ཟླ་ ༩ པའི་ཚེས་ ༢༨ ལུ་ མི་དབང་རྒྱལ་པོའི་སྲསམོ་ བསོད་ནམས་བདེ་ཆེན་དབང་ཕྱུག་མཆོག་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ སྐུ་ཚབ་སྦེ་ རྒྱ་པཱན་ལུ་ ཆིབས་བསྐྱོད་གནང་ཡོདཔ་བཞིན་དུ་ རྒྱ་པཱན་གྱི་བློན་ཆེན་ ཀི་ཤི་ད་ ཕུ་མེ་ཡོ་དང་གཅིག་ཁར་ ཊོ་ཀི་ཡོ་ལུ་ ཨ་ཀ་ས་ཀ་ ཕོ་བྲང་ནང་སྦེ་ མཇལ་ཕྲད་མཛད་གནང་ནུག།དེ་བསྒང་ མི་དབང་རྒྱལ་སྲསམོ་མཆོག་གིས་ རྒྱ་པཱན་གྱི་ བློན་ཆེན་བགྲེསཔ་ ཚེ་འདས་ཤིན་ཟོ་ཨེ་བི་ལུ་ བློ་འགྱོད་ཅན་གྱི་ རྐྱེན་ངན་བྱུང་མི་ལུ་ མི་དབང་མངའ་བདག་རིན་པོ་ཆེ་དང་ འབྲུག་རྒྱལ་ཁབ་ དེ་ལས་ མི་སེར་ཡོངས་ཀྱི་ ཁ་ཐུག་ལས་ ཐུགས་ཀྱི་གདིང་ལས་ར་ མྱ་ངན་གྱི་ སེམས་གསོ་མཛདཔ་དང་ཅིག་ཁར་ མི་དབང་རྒྱལ་སྲསམོ་མཆོག་གིས་ རྒྱ་པཱན་གྱི་ དབུ་ཁྲིད་བཟང་ཤོས་ཅིག་དང་ འབྲུག་གི་ཆ་རོགས་ མཐུན་ཤོས་ཅིག་ མི་རྟག་སྔ་ལམ་ལུ་ ཐལ་སོང་ནི་དེ་གིས་ ཐུགས་ཕམ་སྦོམ་ བྱུང་ཡི་ཟེར་ཨིན་པས།རྒྱ་པཱན་གྱི་ བློན་ཆེན་གྱིས་ ང་བཅས་ཀྱི་ བློན་ཆེན་བཤགས་མི་ལུ་ འབྲུག་རྒྱལ་ཁབ་ཀྱིས་ དེ་བཟུམ་མའི་ མྱ་ངན་གྱི་ སེམས་གསོ་མཛད་པར་ རྒྱལ་ཁམས་ཀྱི་ པུར་སྦྱང་ནང་ བྱོན་གནང་མི་འདི་ལུ་ བཀྲིན་ཆེ་ཟེར་ ཞུཝ་དང་གཅིག་ཁར་ འབྲུག་གི་མི་དབང་མངའ་ཞབས་མཆོག་གིས་ […]

gyalchi
National News

ཞི་གཡོག་ནང་ཡོད་མི་ རྒྱབ་སྐྱོར་ལས་གཡོགཔ་ཚུ་ལུ་ རིག་རྩལ་ལྕོགས་གྲུབ་ གོང་འཕེལ་ལས་རིམ།

རྡོ་རྗེ་དབང་ཕྱུག། ཞི་གཡོག་ནང་ཡོད་མི་ རྒྱབ་སྐྱོར་ལས་གཡོགཔ་ཚུ་གི་ རིག་རྩལ་ལྕོགས་གྲུབ་ གོང་འཕེལ་ལས་རིམ་ གསར་བཏོད་འབད་མིའི་ ཆ་ཤས་སྦེ་ དམིགས་བསལ་གྱི་ ཚེམས་བཟོའི་སྦྱོང་བརྡར་ གཞི་བཙུགས་གནང་པའི་ཤུལ་ལུ་ མི་དབང་རྒྱལ་པོའི་ དྲུང་ཆེན་ཡིག་ཚང་ལས་ ད་རུང་ཡང་ སྦྱོང་བརྡར་ལས་རིམ་ ཁ་སྐོང་ཁག་ ༢ འགོ་བཙུགས་གནང་ནུག། དེ་ཡང་ སྤྱི་ཟླ་ ༩ པའི་ཚེས་ ༢༦ ལུ་ ཨེན་ཨེལ་ཌི་ སྦྱོང་བརྡར་སྤེལ་ཁང་ནང་སྦེ་ ཁ་ཟས་བཟོ་ནི་དང་ བཞེས་སྒོ་འབད་ཐངས་ཀྱི་ རིག་རྩལ་ཚུ་ ཟླ་ངོ་ ༡ གི་རིང་ལུ་ ལྷབ་སྦྱང་འབད་ནིའི་དོན་ལས་ འགོ་འབྱེད་འབད་མི་དེ་ནང་ བཅའ་མར་གཏོགས་མི་ མི་གྲངས་ ༢༠ ཡོདཔ་ཨིན་པས། སྦྱོང་བརྡར་འགོ་འབྱེད་ཀྱི་ ལས་རིམ་ནང་ གཟིམ་དཔོན་འོགམ་ ཉིམ་ཚེ་རིང་གྱིས་ དེ་བཟུམ་མའི་ ལས་རིམ་འགོ་འདྲེན་འཐབ་དགོ་མི་འདི་ གཙོ་བོ་ར་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ ཐུགས་ལས་འཁྲུངས་པའི་ བཀའ་རྒྱ་ལྟར་དུ་ ཞི་གཡོག་གི་ རྒྱབ་སྐྱོར་ལས་གཡོགཔ་ཚུ་ ཞི་གཡོག་ནང་ སྡོད་པའི་རིང་ལུ་ འོང་འབབ་བཟོ་ཐབས་ཀྱི་ རིག་རྩལ་གསརཔ་ཚུ་ ལྷབ་སྦྱང་འབད་ནི་གི་ གོ་སྐབས་གསར་བཏོད་དང་ […]

gyalchi
National News

ཐིམ་ཕུའི་ལོ་བསྟར་ཚེས་བཅུ།

ལྷག་པ་གྲུབ་པ།དུས་ཅི་ རང་ཟླ་ ༨ པའི་ཚེས་ ༩ སྤྱི་ཟླ་ ༡༠ པའི་ཚེས་ ༤ ལས་ ཉིན་གྲངས་ ༣ གྱི་རིང་ལུ་ ཐིམ་ཕུའི་ལོ་བསྟར་ཚེས་བཅུ་ཨིནམ་ལས་ ཐིམ་ཕུ་རྫོང་ཁག་ནང་འཁོད་ཀྱི་ གཞུང་སྒེར་ལས་སྡེ་ཁག་གི་ ཡིག་ཚང་ཚུ་དང་ སློབ་གྲྭ་ཚུ་ག་ར་ གཞུང་འབྲེལ་ངལ་གསོ་སྦེ་ བཞག་གནངམ་ཨིན་པས།དེ་ཡང་ སྤྱི་ཟླ་ ༡༠ པའི་ཚེས་ ༣ ལུ་ གཤིན་རྗེ་ཡབ་ཡུམ་དང་། ཤ་རྫམ། ཉུལ་ལེ་མ། རྒྱུག་གིང་། གྲི་གིང་། རྔ་གིང་། གཏེར་འཆམ། སྒྲ་སྙན་འཆམ་ཚུ་གི་ མཇལ་ཁ་གནང་ནི་དང་།སྤྱི་ཟླ་ ༡༠ པའི་ཚེས་ ༤ ལུ་ ཞྭ་ནག་ ༢༡ མ་དང་། ཞྭ་ནག་རྔ་འཆམ། སྐྱེལ་འཆམ། ཕོ་ལེགས་མོ་ལེགས། དགྲ་མེད་རྩེའི་རྔ་འཆམ། ཤཝ་མཐའ་ལས་གཏོན་པའི་ གར་འཆམ་ཚུ་ སྟོན་ནི་ཨིན་པས།དེ་ལས་ སྤྱི་ཟླ་ ༡༠ པའི་ཚེས་ ༥ ལུ་ དུར་བདག་དང་། གཏུམ་རྔམ། […]

gyalchi
National News

ཐིམ་ཕུ་བཀྲིས་ཆོས་རྫོང་གི་ རྡོ་གཅལ་ནང་ ལྷམོ་གཙོ་འཁོར་གྱི་གར་འཆམ།

ལྷག་པ་གྲུབ་པ།དུས་ཅི་ རང་ཟླ་ ༨ པའི་ཚེས་ ༥ སྤྱི་ཟླ་ ༩ པའི་ཚེས་ ༣༠ ལུ་ ཐིམ་ཕུ་བཀྲིས་ཆོས་རྫོང་གི་ རྡོ་གཅལ་ནང་སྦེ་ དཔལ་ལྡན་ལྷ་མོ་ གཙོ་འཁོར་གྱི་ དངོས་འཆམ་ཚུ་ མི་མང་ལུ་ མཇལ་ཁ་གནང་ནི་ཨིནམ་ལས་ ཐིམ་ཕུ་ཆ་འདུས་ཀྱི་ གཞུང་སྒེར་ཡིག་ཚང་ཚུ་དང་ སློབ་གྲྭ་ཚུ་ག་ར་ གཞུང་འབྲེལ་ངལ་གསོ་སྦེ་ བཞག་གནང་ནི་ཨིན་པས།དེ་ཡང་ ལོ་བསྟར་བཞིན་དུ་ རང་ཟླ་ ༨ པའི་ཚེས་ ༥ ལས་ ༧ ཚུན་ ཉིན་གྲངས་ ༣ གྱི་རིང་ལུ་ ལྷ་མོ་སྒྲོམ་མཆོད་ཀྱི་ སྐུ་འཆམ་སྣ་ཚོགས་དང་ རང་ཟླ་ ༨ པའི་ཚེས་ ༨ ལུ་ ཟོར་འཆམ་རྒྱས་པ་གནང་སྟེ་ ལྷ་མོའི་སྒྲུབ་མཆོད་དེ་ གྲོལ་གནངམ་ཨིན་པས།ང་བཅས་རའི་ འབྲུག་རྒྱལ་ཁབ་ནང་ ག་ནི་བ་ བྱིན་རླབས་ཆེ་བའི་ ལྷ་དབང་སྒྲུབ་ཆེན་འདི་ དཔལ་ཞབས་དྲུང་རིན་པོ་ཆེའི་གདུང་སྲས་ འཇམ་དཔལ་རྡོ་རྗེའི་ ཡང་སྲིད་དང་པ་ མཆོག་སྤྲུལ་ཀུན་དགའ་རྒྱལ་མཚན་ནམ་ རྒྱལ་སྲས་གྷ་ཎ་པ་ཏི་མཆོག་གིས་ རབ་བྱུང་ ༡༢ པའི་ […]

gyalchi
National News

འབྲུག་གིས་ རྒྱལ་སྤྱིའི་ས་མཚམས་སྒོ་ར་ཁ་ཚུ་ སྒོ་ཕྱེ་མི་དང་འབྲེལ་ཏེ་ བཀྲིས་ལེགས་དར་གྱི་བསུ་བ།

ཡིག་ཚང་ལས་བྱེདཔ།སྤྱི་ཟླ་ ༩ པའི་ཚེས་ ༢༣ ལུ་ འབྲུག་གིས་ རྒྱལ་སྤྱིའི་ས་མཚམས་སྒོ་ར་ཁ་ཚུ་ ལོ་ངོ་ཕྱེད་དང་ ༣ གྱི་རྒྱབ་ལས་ སྒོ་ཕྱེ་ནི་དེ་གིས་ རྒྱ་འབྲུག་གི་ ས་མཚམས་ཁག་ལུ་སྡོད་མི་ རྒྱལ་ཁབ་ཕྱི་ནང་གི་ མི་སེར་ཚུ་ག་ར་ དགའ་སྤྲོའི་ཐོག་ལས་ ཕན་ཚུན་རྒྱུན་འགྲུལ་འཐབ་ནི་ འགོ་བཙུགས་ནུག།དེ་ཡང་ མི་རྗེ་བློན་ཆེན་ ཌོག་ཊར་བློ་གྲོས་ཚེ་རིང་གིས་ ཕུན་ཚོགས་གླིང་ལུ་ རྐང་ཐང་སྦེ་ འཐོན་འཛུལ་ས་ཁོངས་ སྒོ་འབྱེད་གནང་མི་དང་འབྲེལ་ཏེ་ བསམ་རྩེ་དང་ དགེ་ལེགས་ཕུག་ བསམ་གྲུབ་ལྗོངས་མཁར་ཚུ་གི་ ས་མཚམས་སྒོ་ར་ཁ་ཚུ་ཡང་ སྒོ་ཕྱེ་ཡོདཔ་ཨིན་པས།ཉིནམ་དེ་ཁར་ རྒྱ་གར་ལས་ མི་བརྒྱ་ཕྲག་སྦེ་ རྒྱལ་ཁབ་ནང་ འཛུལ་ཞུགས་འབད་མི་ཚུ་དང་ རྒྱལ་སྤྱིའི་ལྟ་བཤལཔ་ཚུ་ལུ་ བཀྲིས་བདེ་ལེགས་ཀྱི་ ཁ་དར་དང་བཅསཔ་སྦེ་ བསུ་བ་འབད་ཡོདཔ་མ་ཚད་ འབྲུག་མི་ཚུ་ཡང་ རྒྱ་འབྲུག་ས་མཚམས་ཀྱི་ ཉེ་འདབས་ལུ་ཡོད་མི་ ཚོང་ཁྲོམ་ཚུ་ནང་ དགའ་སྤྲོ་དང་བཅས་པའི་སྒོ་ལས་ བཤལ་བར་འགྱོ་ནི་ འགོ་བཙུགས་ནུག།དེ་བཟུམ་སྦེ་ སྤ་རོ་རྒྱལ་སྤྱི་གནམ་ཐང་ནང་ལྷོད་མི་ རྒྱལ་སྤྱིའི་ལྟ་བཤལཔ་ཚུ་ཡང་ འབྲུག་གཞུང་གི་ འགོ་དཔོན་ཚུ་དང་ ལྟ་བཤལ་ལས་སྡེ་ཚུ་གིས་ བཀྲིས་བདེ་ལེགས་ཀྱི་ ཁ་དར་དང་བཅསཔ་སྦེ་ བསུ་བ་འབད་ཡོདཔ་ཨིན་པས།ལྟ་བཤལཔ་ཚུ་ཡང་ ནེ་པཱལ་ལས་ འཕུར་འགྲུལ་འབད་མི་ གནམ་གྲུའི་ནང་ […]

gyalchi
National News

མི་རྗེ་བློན་ཆེན་མཆོག་གིས་ རྒྱལ་ཁབ་ཀྱི་ གཞི་རྩ་གསརཔ་ འབྲུག་ལུ་ཡིད་ཆེས་ཟེར་མི་ བརྗོད་དོན་འགོ་འབྱེད།

རྡོ་རྗེ་དབང་ཕྱུག།སྤྱི་ཟླ་ ༩ པའི་ཚེས་ ༢༢ ལུ་ མི་རྗེ་བློན་ཆེན་ ཌོག་ཊར་བློ་གྲོས་ཚེ་རིང་གིས་ ལྟ་བཤལ་དང་ རྒྱལ་ཁབ་ཀྱི་ གཞི་རྩ་གསརཔ་ འབྲུག་ལུ་ཡིད་ཆེས་ཟེར་མི་ བརྗོད་དོན་འགོ་འབྱེད་མཛད་གནང་ཡི།དེ་བསྒང་ མི་རྗེ་བློན་ཆེན་མཆོག་གིས་ གསུངས་དོ་བཟུམ་འབད་བ་ཅིན་ འབྲུག་ལུ་ཡིད་ཆེས་ཟེར་མི་ བརྗོད་དོན་ལུ་བརྟེན་པའི་ ཡོངས་འབྲེལ་འཆར་སྒོ་འདི་གིས་ འཛམ་གླིང་རྒྱལ་སྤྱིའི་ ལྟ་བཤལ་པ་ཚུ་ ང་བཅས་རའི་ རྒྱལ་ཁབ་ནང་ འཇམ་ཏོང་ཏོ་སྦེ་ འོང་ཚུགས་ཟེར་ཨིན་པས།དེ་ཡང་ བརྗོད་དོན་གསར་པའི་ཐོག་ལུ་ ཡོངས་འབྲེལ་འཆར་སྒོའི་ནང་ ལྟ་བཤལཔ་ཁོང་ར་གིས་ ཐོ་བཀོད་འབད་དེ་ སྐྱོད་ཐམ་འཐོབ་ཚུགས་པའི་ ཁེ་ཕན་ཡོད་པའི་ཁར་ ས་གནས་ག་ཏེ་ལས་ཡང་ ཞབས་ཏོག་ཚུ་ འཐོབ་ཚུགས་ཟེར་གསུངས་ཡི།དེ་ལས་ བརྗོད་དོན་འདི་གིས་ འཕྲལ་མགྱོགས་ར་ འགྱུར་བ་སྦོམ་སྦེ་ འབྱུང་མ་ཚུགས་ཏེ་འབད་རུང་ མ་འོང་པར་ རྒྱལ་ཁབ་ཀྱི་ དཔལ་འབྱོར་ལུ་ ཁྱད་པར་སྦོམ་ བཟོ་ཚུགས་པའི་གུ་ མ་འོངས་ན་གཞོན་ཚུ་གི་དོན་ལུ་ཡང་ གཡོག་གི་གོ་སྐབས་སྦོམ་ བཟོ་ཚུགས་ཟེར་ཨིན་པས།འབྲུག་ལྟ་བཤལ་ཚོགས་སྡེའི་ ཡོངས་ཁྱབ་མདོ་ཆེན་ རྡོ་རྗེ་དགྲ་འདུལ་གྱིས་ དེང་སང་གི་ དུས་ཚོད་འདི་ཁར་ འཛམ་གླིང་རྒྱལ་ཁབ་ ག་ཏེ་ལུ་ཡང་ འགྱུར་བ་སྦོམ་ འགྱོཝ་བཞིན་དུ་ ང་བཅས་རའི་ འབྲུག་རྒྱལ་ཁབ་ནང་ཡང་ འགྱུར་བ་སྦོམ་སྦེ་ར་ […]

gyalchi
National News

འབུ་ནི་ཡོད་མི་ནད་གཞིའི་ རྒྱལ་འཛིན་ལྟེ་བ་ བཟོ་བསྐྲུན་གྱི་དོན་ལས་ ཆིངས་ཡིག་ལུ་མཚན་རྟགས།

ཡིག་ཚང་ལས་བྱེདཔ། སྤྱི་ཟླ་ ༩ པའི་ཚེས་ ༢༢ ལུ་ འབུ་ནི་ཡོད་མི་ནད་གཞིའི་ རྒྱལ་འཛིན་ལྟེ་བ་ བཟོ་བསྐྲུན་ལས་འགུལ་གྱི་དོན་ལས་ རྒྱ་གར་ནིའུ་དྷི་ལི་ལུ་ རྒྱ་པཱན་གྱི་དོན་ལས་ འབྲུག་གི་གཞུང་ཚབ་ ཝི་རྣམ་རྒྱལ་དང་ འབྲུག་གི་དོན་ལས་ རྒྱ་པཱན་གཞུང་ཚབ་ སུ་ཟུ་ཀི་ ས་ཏོ་ཤི་ ༢ ཀྱིས་ གོ་དོན་ཆིངས་ཡིག་གུ་ མཚན་རྟགས་བཀོད་ཡོདཔ་ཨིན་པས། འབྲུག་ལུ་ དེང་དུས་འབུ་ནི་ཡོད་མི་ ནད་གཞིའི་ལྟེ་བ་ཅིག་ བཟོ་བསྐྲུན་འབད་ནིའི་དོན་ལས་ རྒྱ་པཱན་གཞུང་གིས་ འབྲུག་གཞུང་ལུ་ ཡེན་ཐེར་འབུམ་ ༢.༩༩༤ དེ་ཅིག་ གྲོགས་རམ་སྦེ་ བྱིན་ནི་ཨིནམ་སྦེ་ ནིའུ་དྷི་ལིར་ཡོད་མི་ འབྲུག་གི་གཞུང་ཚབ་ ཡིག་ཚང་ལས་ གནས་ཚུལ་གསར་བཏོན་ཅིག་ནང་བཀོད་ནུག། དེ་ཡང་ ནད་ཡམས་ཀོ་ཝིཌ་-༡༩ ལས་ ཧ་གོ་དོ་བཟུམ་སྦེ་ འབུ་ནི་ཡོད་མི་ ནད་གཞི་ཚུ་གིས་ འཛམ་གླིང་ནང་ འགྲོ་བ་མིའི་ཚེ་སྲོག་ལུ་ ཁྱད་རྣམ་མ་འདྲ་བའི་  འཕྲོད་བསྟེན་གྱི་ ཚ་གྱང་དང་ གནོད་སྐྱོན་ཚུ་ འབྱུང་པའི་གུ་ ད་རེས་ ཤེས་རྟོགས་ཡོད་མི་ གློ་ནད་དང་བཟུམ་མའི་ འབུ་ནི་ཡོད་མི་ ནད་གཞི་ཚུ་ ཁྱབ་སྤེལ་དང་ […]

gyalchi
National News

རྒྱལ་ཁབ་ནང་ ལོ་བསྟར་ཁྲུས་འབབ།

དུས་ཅི་ རང་ཟླ་ ༧ པའི་ཚེས་ ༢༨ སྤྱི་ཟླ་ ༩ པའི་ཚེས་ ༢༣ ལུ་ ཉིན་མའི་ཆུ་ཚོད་ ༡༢ དང་ སྐར་མ་ ༢༥ ལས་ ལོ་བསྟར་ཁྲུས་འབབ་དེ་ འགོ་བཙུགས་ནི་ཨིནམ་བཞིན་དུ་ བདུན་ཕྲག་ ༡ གི་རིང་ལུ་ ཆུ་ཆེ་འབྲིང་ཆུང་ ༣ ག་ར་ བདུད་རྩིའི་རང་བཞིན་ལུ་ འགྱུརཝ་ཨིན་པས།དེ་འབདཝ་ལས་ ཁྲུས་འབབ་ཀྱི་ཉིན་མར་ ཆུ་འཁྱུ་བ་ཅིན་ ལུས་ངག་ཡིད་ ༣ གྱི་ སྡིག་སྒྲིབ་ཚུ་དག་སྟེ་ བསམ་དོན་ག་ར་འགྲུབ་པའི་ རྟེན་འབྲེལ་ཡོདཔ་ད་ དེ་ཡང་ ཁྲུས་སྐར་དེ་ བྱང་ཁ་ཐུག་ལས་ ཤར་ནི་དེ་གིས་ ཆུ་འཁྱུ་བའི་སྐབས་ལུ་ ང་བཅས་རའི་ གདོང་ཕྱོགས་འདི་ བྱང་ཁ་ཐུག་ལུ་སྟོན་ཏེ་ ཆུ་འཁྱུ་བ་ཅིན་ ལེགས་ཤོམ་འོང་ནི་ཨིན་པས།ཁྲུས་འབབ་ཀྱི་སྐོར་ལས་ ལོ་རྒྱུས་ཚུ་དང་འཁྲིལ་བ་ཅིན་ སྔོན་གྱི་དུས་ལུ་ འཇིག་རྟེན་གྱི་ཁམས་འདི་ རིམ་པ་བཞིན་དུ་ ཆགས་ཚར་བའི་ཤུལ་ལས་ སེམས་ཅན་སྤྱི་མཐུན་གྱི་ ལས་དབང་དང་ བསོད་ནམས་ལུ་བརྟེན་ཏེ་ ཉི་ཟླ་སྐར་ ༣ ཡང་ […]

gyalchi
National News

མི་དབང་རྒྱལ་བཙུན་མཆོག་དང་ མི་དབང་རྒྱལ་སྲས་མཆོག་ རྒྱ་གར་ནིའུ་དྷི་ལི་ལུ་འཕུར་འགྲུལ།

སྤྱི་ཟླ་ ༩ པའི་ཚེས་ ༡༦ ལུ་ མི་དབང་རྒྱལ་བཙུན་མཆོག་དང་ མི་དབང་རྒྱལ་སྲས་ འཇིགས་མེད་རྣམ་རྒྱལ་མཆོག་ སྤ་རོ་གནམ་ཐང་ལས་ རྒྱ་གར་ནིའུ་དྷི་ལི་ལུ་ འཕུར་འགྲུལ་མཛད་ཡོདཔ་ད་ ནིའུ་དྷི་ལི་ལས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ ཕྱག་ཞུ་སྟེ་ ཡུ་ནའི་ཊེཊ་ ཀིང་ཌོམ་ལུ་ ཆིབས་བསྐྱོད་གནང་ནི་ཨིན་པས།ལཱོན་ཌཱོན་ལུ་ དེ་སྦེ་ ཆིབས་སྐྱོད་གནང་མི་དེ་ཡང་ སྤྱི་ཟླ་ ༩ པའི་ཚེས་ ༡༩ ལུ་ ཡུ་ནའི་ཊེཊ་ ཀིང་ཌོམ་གྱི་ མི་དབང་རྒྱལམོ་ ཨེ་ལི་ཟ་བེཐ་ ༢ པ་གཤགས་མིའི་ རྒྱལ་ཁམས་སྤུར་སྦྱང་ནང་ གྲལ་གཏོགས་མཛད་གནང་ནིའི་དོན་ལུ་ཨིན་པའི་ གནས་ཚུལ་མདོར་བསྡུས།

gyalchi
National News

ཐིམ་ཕུ་བཀྲས་ཤིས་ཆོས་རྫོང་ནང་ ལོ་བསྟར་ལྷ་དབང་སྒྲུབ་མཆོད།

ལྷག་པ་གྲུབ་པ།ད་རིས་ རང་ཟླ་ ༧ པའི་ཚེས་ ༢༣ སྤྱི་ཟླ་ ༩ པའི་ཚེས་ ༡༧ ལས་ འགོ་བཙུགས་ཏེ་ ཉིན་གྲངས་ ༡༦ གི་རིང་ལུ་ བཀྲིས་ཆོས་རྫོང་གི་ འདུ་ཁང་ནང་སྦེ་ ལོ་བསྟར་གནང་སྲོལ་ཡོད་མི་ དཔལ་ལྡན་ལྷ་མོའི་ སྒྲུབ་ཆེན་འདི་ གཞུང་གྲྭ་ཚང་གི་ ཡོན་ཏན་སློབ་དཔོན་ སྤྲུལ་སྐུ་རྣམ་རྒྱལ་མཆོག་ དབུ་བཞུགས་ཐོག་ལུ་ དགེ་སློང་ཞལ་གྲངས་ ༢༠༠ ལྷགཔ་ཅིག་གིས་ གནང་དོ་ཡོདཔ་ཨིན་པས།དེ་ཡང་ རྒྱལ་ཁབ་ནང་ ག་ནི་བ་ བྱིན་རླབས་ཆེ་བའི་ ལྷ་དབང་སྒྲུབ་མཆོད་འདི་ དཔལ་ཞབས་དྲུང་ངག་དབང་རྣམ་རྒྱལ་གྱི་སྲས་ འཇམ་དཔལ་རྡོ་རྗེའི་སྤྲུལ་སྐུ་ རྒྱལ་སྲས་ཀུན་དགའ་རྒྱལ་མཚན་ནམ་ རྒྱལ་སྲས་གྷ་ཎ་པ་ཏི་མཆོག་གིས་ རབ་བྱུང་ ༡༢ པའི་ གནམ་ལོ་ལྕགས་སྟག་ཟླཝ་ ༨ པའི་ནང་དང་ སྤྱི་ལོ་ ༡༧༡༠ ལུ་ འགོ་བཙུགས་གནང་ནུག་ཟེར་ གཞུང་གྲྭ་ཚང་གི་ དུང་སློབ་སངས་རྒྱས་མཁའ་འགྲོ་གིས་ བཤདཔ་ཨིན་པས།དེ་སྦེ་ བཙུགས་གནང་དགོ་པའི་ རྒྱུ་མཚན་ཡང་ རྒྱལ་སྲས་རིན་པོ་ཆེ་མཆོག་ གདན་ས་ལྕགས་རི་ལུ་ དཔལ་ལྡན་ལྷ་མོའི་ བསྙེན་སྒྲུབ་གནང་སྟེ་ བཞུགས་པའི་སྐབས་ལུ་ […]

gyalchi
Online now: 6 Today: 2604 Total visitors: 12634