ArchiveAboutContact
National News

འབུ་ནི་ཡོད་མི་ནད་གཞིའི་ རྒྱལ་འཛིན་ལྟེ་བ་ བཟོ་བསྐྲུན་གྱི་དོན་ལས་ ཆིངས་ཡིག་ལུ་མཚན་རྟགས།

gyalchi · 1 min read

ཡིག་ཚང་ལས་བྱེདཔ།

སྤྱི་ཟླ་ ༩ པའི་ཚེས་ ༢༢ ལུ་ འབུ་ནི་ཡོད་མི་ནད་གཞིའི་ རྒྱལ་འཛིན་ལྟེ་བ་ བཟོ་བསྐྲུན་ལས་འགུལ་གྱི་དོན་ལས་ རྒྱ་གར་ནིའུ་དྷི་ལི་ལུ་ རྒྱ་པཱན་གྱི་དོན་ལས་ འབྲུག་གི་གཞུང་ཚབ་ ཝི་རྣམ་རྒྱལ་དང་ འབྲུག་གི་དོན་ལས་ རྒྱ་པཱན་གཞུང་ཚབ་ སུ་ཟུ་ཀི་ ས་ཏོ་ཤི་ ༢ ཀྱིས་ གོ་དོན་ཆིངས་ཡིག་གུ་ མཚན་རྟགས་བཀོད་ཡོདཔ་ཨིན་པས།

འབྲུག་ལུ་ དེང་དུས་འབུ་ནི་ཡོད་མི་ ནད་གཞིའི་ལྟེ་བ་ཅིག་ བཟོ་བསྐྲུན་འབད་ནིའི་དོན་ལས་ རྒྱ་པཱན་གཞུང་གིས་ འབྲུག་གཞུང་ལུ་ ཡེན་ཐེར་འབུམ་ ༢.༩༩༤ དེ་ཅིག་ གྲོགས་རམ་སྦེ་ བྱིན་ནི་ཨིནམ་སྦེ་ ནིའུ་དྷི་ལིར་ཡོད་མི་ འབྲུག་གི་གཞུང་ཚབ་ ཡིག་ཚང་ལས་ གནས་ཚུལ་གསར་བཏོན་ཅིག་ནང་བཀོད་ནུག།

དེ་ཡང་ ནད་ཡམས་ཀོ་ཝིཌ་-༡༩ ལས་ ཧ་གོ་དོ་བཟུམ་སྦེ་ འབུ་ནི་ཡོད་མི་ ནད་གཞི་ཚུ་གིས་ འཛམ་གླིང་ནང་ འགྲོ་བ་མིའི་ཚེ་སྲོག་ལུ་ ཁྱད་རྣམ་མ་འདྲ་བའི་  འཕྲོད་བསྟེན་གྱི་ ཚ་གྱང་དང་ གནོད་སྐྱོན་ཚུ་ འབྱུང་པའི་གུ་ ད་རེས་ ཤེས་རྟོགས་ཡོད་མི་ གློ་ནད་དང་བཟུམ་མའི་ འབུ་ནི་ཡོད་མི་ ནད་གཞི་ཚུ་ ཁྱབ་སྤེལ་དང་ འཐོན་རིམ་ཅན་གྱི་ ནད་གཞི་ཚབས་ཆེན་གསརཔ་ཚུ་ཡང་ སྔོན་འགོག་འབད་ནིའི་དོན་ལུ་ དོན་སྨིན་ཅན་གྱི་ ཐབས་ལམ་ཚུ་ སྟོན་དགོཔ་ཡོདཔ་ཨིན་པས།

འབུ་ནི་ཡོད་མི་ནད་གཞིའི་ རྒྱལ་འཛིན་ལྟེ་བ་དེ་གིས་ དེ་བཟུམ་མའི་ ནད་གཞི་ཚུ་ལུ་ གདོང་ལེན་འབད་ནིའི་ནང་ འགན་ཁུར་སྣ་མང་ འབག་ནི་ཨིནམ་ད་ རྒྱལ་ཁབ་ནང་ འབུ་ནི་ཡོད་མི་ ནད་གཞི་ཚུ་ སྔོན་འགོག་དང་ བཅོ་ཐབས་ དེ་ལས་ ཚད་འཛིན་ཚུ་གི་ ལཱ་ཚུ་འབད་འོང་ཟེར་ གནས་ཚུལ་གསར་བཏོན་ནང་བཀོད་ནུག།

ལྟེ་བ་དེ་ འབུ་ནི་ཡོད་མི་ ནད་གཞི་ཚུ་ འཛིན་སྐྱོང་འཐབ་ནིའི་དོན་ལུ་ རྒྱལ་ཡོངས་གཙོ་བསྟེན་ལྟེ་བ་སྦེ་ ལག་ལེན་འཐབ་ནི་ཨིན་པའི་ཁར་ འབུ་ནི་ཡོད་མི་ ནད་གཞི་ཚུ་དང་འབྲེལ་བའི་ ཁྱད་ལཱ་འབད་མི་སྡེ་ཚན་ གོང་འཕེལ་གཏང་ཐབས་ལུ་ཡང་ སློབ་སྟོན་སྨན་ཁང་སྦེ་ ལག་ལེན་འཐབ་ནི་ཨིན་པས།

དེ་མ་ཚད་ ལྟེ་བ་དེ་གིས་ ཕྲ་གཟུགས་ཅན་གྱི་ སྐྱེ་ལྡན་རིག་པ་དང་ རྡུལ་ཕྲན་སྐྱེ་ལྡན་རིག་པ་ ནད་ཐུབ་རིག་པ་ཚུ་ནང་ སྨན་བཅོས་ཞིབ་འཚོལ་ལུ་ རྒྱབ་སྐྱོར་འབད་དེ་ དོན་སྨིན་ཅན་གྱི་ སྲིད་བྱུས་ཀྱི་ བར་འཛུལ་ཚུ་གི་དོན་ལུ་ཡང་ ཚན་རིག་གི་ མངོན་རྟགས་ཚུ་ སྟོན་ཐབས་འབད་འོང་ཟེར་ གནས་ཚུལ་གསར་བཏོན་ནང་བཀོད་ནུག། 

ཆིངས་ཡིག་གུ་ མཚན་རྟགས་བཀོད་པའི་སྐབས་ལུ་ འབྲུག་གི་གཞུང་ཚབ་ ཝི་རྣམ་རྒྱལ་གྱིས་ ལས་འགུལ་དེ་ལུ་ རྒྱ་པཱན་གཞུང་གིས་ རྒྱབ་སྐྱོར་མཛད་མི་ལུ་ བཀྲིན་དགའ་ཚོར་ཡོད་ལུགས་ བཤད་པའི་ཁར་ འབུ་ནི་ཡོད་མི་ ནད་གཞི་ཚུ་གིས་ མི་མང་ལུ་ ཉེན་ཁ་ཆེཝ་ལས་ དེ་བཟུམ་མའི་ ལྟེ་བ་གཞི་བཙུགས་འབད་ནི་དེ་  འབྲུག་གི་གཙོ་དོན་ཅིག་ཡང་ཨིན་ཟེར་ བཤད་ཡོདཔ་ཨིན་པས།

རྒྱ་པཱན་གཞུང་ཚབ་ སུ་ཟུ་ཀི་ ས་ཏོ་ཤི་གིས་ འབྲུག་ལུ་ ཡེན་ཐེར་འབུམ་ ༣ དེ་ཅིག་ གྲོགས་རམ་སྦེ་ བྱིན་ནི་དེ་ འཕྲལ་ཁམས་ཀྱི་ ལོ་ཚུ་ནང་ རྒྱ་པཱན་གཞུང་གིས་ རྒྱབ་སྐྱོར་འབད་མི་ ལས་འགུལ་ཚུ་གི་གྲས་ལས་ སྦོམ་ཤོས་ཅིག་ཨིནམ་ལས་ ལྟེ་བ་དེ་ མཇུག་བསྡུ་བའི་ཤུལ་ལུ་ འབུ་ནི་ཡོད་མི་ ནད་གཞི་དང་འབྲེལ་བའི་ འབྲུག་གི་སྨན་བཅོས་གོང་འཕེལ་ གཙོ་བོ་ཅིག་སྦེ་ མ་འོངས་པར་ ལོ་ངོ་ལེ་ཤ་ཅིག་གི་བར་ན་ འབྲུག་མི་ཚུ་ལུ་ ཁེ་ཕན་འབྱུང་སྟེ་ སྨན་བཅོས་ཞབས་ཏོག་གི་ གནས་སྟངས་ལེགས་ཤོམ་འགྱོ་བའི་ རེ་བ་ཡོད་ཟེར་བཤད་ནུག།

གཞུང་ཚབ་ཝི་རྣམ་རྒྱལ་གྱིས་ རྒྱ་པཱན་གཞུང་དང་ མི་སེར་གྱི་ཁ་ཐུག་ལས་ འབྲུག་གི་མི་སྡེ་དཔལ་འབྱོར་ གོང་འཕེལ་ལུ་ གཏོང་ཕོད་ཅན་གྱི་ རྒྱབ་སྐྱོར་ཚུ་ འཕྲོ་མཐུད་དེ་ར་ བྱིན་པའི་གུ་ ད་ལས་ཕར་ཡང་ དེ་བཟུམ་མའི་ རྒྱབ་སྐྱོར་གྱི་ ཁས་ལེན་འབད་མི་ལུ་ཡང་ འབྲུག་གཞུང་དང་ འབྲུགཔའི་མི་སེར་ཚུ་གི་ ཁ་ཐུག་ལས་ བཀྲིན་དགའ་ཚོར་ཡོད་ཟེར་ཨིན་པས།

རྒྱ་པཱན་གཞུང་གིས་ འབྲུག་ལུ་ སོ་ནམ་དང་ བརྒྱུད་འབྲེལ་ གྲོང་གཡུས་གློག་མེ་བཀྲམ་སྤེལ་ ཟམ་བཟོ་བསྐྲུན་ སློབ་གྲྭའི་སྒྲིང་ཁྱིམ་བཟོ་བསྐྲུན་ མེ་རྐྱེན་ཉེན་སྲུང་སྣུམ་འཁོར་ འགག་སྡེའི་སྣུམ་འཁོར་ སྣུམ་འཁོར་ཊག་ ནདཔ་སྐྱེལ་འདྲེན་སྣུམ་འཁོར་ སྨན་བཅོས་འཕྲུལ་ཆས་ སོ་ནམ་འཕྲུལ་ཆས་ལ་སོགས་པའི་ གནད་དོན་མ་འདྲཝ་ཚུ་ནང་ རྒྱབ་སྐྱོར་འབད་ཡོདཔ་ཨིན་པའི་གནས་ཚུལ།

Comments are closed.

Related

National News

འབྲུག་དང་ རྒྱ་གར་བྱང་ཤར་གྱི་བར་ན་ ཚོང་འབྲེལ་དང་ མཐུད་སྦྲེལ་བཙན་ཐབས་ཀྱི་ གོ་བསྡུར་ཞལ་འཛོམས།

པདྨ་དབང་འདུས། འབྲུག་ལུ་ རྒྱ་གར་གཞུང་ཚབ་ཡིག་ཚང་དང་ འབྲུག་དང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཞིབ་འཇུག་ལྟེ་བ་ ཨེ་ཤི་ཡ་ མཉམ་བསྡོམས་བཅས་ཀྱིས་ ཐིམ་ཕུ་ལུ་སྦེ་ “རྒྱ་འབྲུག་གི་མཐུན་འབྲེལ་: ཚོང་འབྲེལ་དང་ མཐུད་སྦྲེལ་ ཤེས་རིག་ བལྟ་བཤལ་ གསོ་བ་ མཉམ་འབྲེལ་གྱི་མཐོང་ཚུལ་”ཟེར་བའི་ གོ་བསྡུར་ཞལ་འཛོམས་ཅིག་ ཉིནམ་ ༡ གི་རིང་ལུ་ འགོ་འདྲེན་འཐབ་ནུག། གོ་བསྡུར་ཞལ་འཛོམས་དེ་ནང་ ཚོང་འབྲེལ་བཙན་ཐབས་དང་ ལུང་ཕྱོགས་མཐུད་སྦྲེལ་ཡར་དྲག་གཏང་ནི་ ཤེས་རིག་དང་ བལྟ་བཤལ་ གསོ་བ་དང་ འཕྲུལ་རིག་ཚུ་ནང་ མཉམ་འབྲེལ་རྒྱ་སྐྱེད་ཚུ་གི་སྐོར་ལས་ གྲོས་གླེང་ཚུ་འབད་ཡོད་པའི་ནང་གསལ་ དམིགས་བསལ་གྱིས་ འབྲུག་དང་ རྒྱ་གར་བྱང་ཤར་དང་ འབྲུག་གི་བར་ན་ དངོས་གཟུགས་ཅན་གྱི་ མཐུད་སྦྲེལ་དང་ ཚོང་འབྲེལ་ལུ་ལྷན་ཐབས་ དེ་ལས་ ས་མཚམས་ཀྱི་བར་ན་ མཉམ་འབྲེལ་ཚུ་གི་སྒོ་ལས་ དཔལ་འབྱོར་གྱི་འབྲེལ་བ་ གཏིང་གཟབ་བཟོ་ནི་གི་ གོ་སྐབས་ཚུ་ལུ་ གཙོ་བོར་བཟུང་ཡོདཔ་ཨིན་པས། དེ་བསྒང་ ནུབ་བེང་གཱལ་གྱི་ ཚོང་དང་བཟོ་གྲྭ་ཚོགས་སྡེའི་ གཙོ་འཛིན་བགྲེསཔ་ ཨམ་བ་རིཤ་ དཱཛ་གུབ་ཏ་གིས་ འབྲུག་དང་ རྒྱ་གར་གྱི་བར་ན་ ཚོང་འབྲེལ་གྱི་ གོ་སྐབས་དེ་ ཧྲིལ་བུར་སྦེ་ གོང་འཕེལ་མ་འགྱོ་བར་ཡོདཔ་ལས་ […]

gyalchi
National News

འགྲུལ་འཕྲིན་སྤྱོད་གླ་ བརྒྱ་ཆ་ ༥༠ མར་ཕབ་ཀྱི་སྐོར་ལས་ རྒྱབ་སྣོན་གྲོས་དོན་ཅིག་ ལྷན་རྒྱས་གཞུང་ཚོགས་ལུ་ཕུལ་ནི།

པདྨ་དབང་འདུས། སྤྱི་ཟླ་ ༡༠ པའི་ཚེས་ ༩ ལུ་ གནས་ཚུལ་ཞལ་འཛོམས་ཐེངས་ ༣༢ པ་ ཚོགས་པའི་སྐབས་ལུ་ བཟོ་གྲྭ་ཚོང་འབྲེལ་དང་ ལཱ་གཡོག་ལྷན་ཁག་གི་བློན་པོ་ རྣམ་རྒྱལ་རྡོ་རྗེ་གིས་ གསུངས་དོ་བཟུམ་འབད་བ་ཅིན་ གཞུང་གི་བཀའ་རྒྱ་ལྟར་དུ་ འགྲུལ་འཕྲིན་སྤྱོད་གླ་ བརྒྱ་ཆ་ ༥༠ མར་ཕབ་ཀྱི་དོན་ལུ་ ལྷན་ཁག་གི་ཁ་ཐུག་ལས་ འབྲུག་བརྡ་དོན་བརྒྱུད་འབྲེལ་དང་ བརྡ་བརྒྱུད་དབང་འཛིན་ལུ་ དུས་ཅི་ སྤྱི་ཟླ་ ༥ པའི་ནང་ བཀོད་རྒྱ་གནང་ཡི་ཟེར་ཨིན་པས། དེ་མ་ཚད་ འགྲུལ་འཕྲིན་ཞབས་ཏོག་གི་ སྤྱོད་གླ་ཚུ་དང་འབྲེལ་ཏེ་ འཕྲུལ་རིག་དང་ དངུལ་འབྲེལ་གནད་དོན་ཚུ་ཡང་ ཡོངས་རྫོགས་སྦེ་ར་ བསྐྱར་ཞིབ་འབད་དགོ་པའི་ བཀོད་རྒྱ་ཡང་གནང་ནུག། བློན་པོ་གིས་འབད་བ་ཅིན་ བསྐྱར་ཞིབ་དེ་ནང་ ཞབས་ཏོག་གི་ སྤུས་ཚད་དང་ ཉེས་སྤྱོད་འབད་མི་ཚུ་གིས་ སྤྱོད་གླ་བཏབ་ཚུགས་པའི་ཚད་གཞི་ དེ་ལས་ མ་རྩ་གཞི་བཙུགས་ཀྱི་ དགོས་མཁོ་དང་ འགྲུལ་འཕྲིན་ལས་སྡེ་ཚུ་གི་ ཡུན་བརྟན་ཚུ་ཡང་ ཚུད་དེ་ཡོད་ཟེར་ཨིན་པས། གནད་དོན་དེ་གི་སྐོར་ལས་ མཐའ་བཅད་སྙན་ཞུ་དང་ རྒྱབ་སྣོན་གྲོས་འཆར་ཚུ་ སྤྱི་ལོ་ ༢༠༢༦ སྤྱི་ཟླ་ ༡༠ པའི་ཚེས་ […]

gyalchi
National News

འབྲུག་དང་ རྒྱ་གར་བྱང་ཤར་གྱི་བར་ན་ ཚོང་འབྲེལ་དང་ མཐུད་སྦྲེལ་བཙན་ཐབས་ཀྱི་ གོ་བསྡུར་ཞལ་འཛོམས།

པདྨ་དབང་འདུས། འབྲུག་ལུ་ རྒྱ་གར་གཞུང་ཚབ་ཡིག་ཚང་དང་ འབྲུག་དང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཞིབ་འཇུག་ལྟེ་བ་ ཨེ་ཤི་ཡ་ མཉམ་བསྡོམས་བཅས་ཀྱིས་ ཐིམ་ཕུ་ལུ་སྦེ་ “རྒྱ་འབྲུག་གི་མཐུན་འབྲེལ་: ཚོང་འབྲེལ་དང་ མཐུད་སྦྲེལ་ ཤེས་རིག་ བལྟ་བཤལ་ གསོ་བ་ མཉམ་འབྲེལ་གྱི་མཐོང་ཚུལ་”ཟེར་བའི་ གོ་བསྡུར་ཞལ་འཛོམས་ཅིག་ ཉིནམ་ ༡ གི་རིང་ལུ་ འགོ་འདྲེན་འཐབ་ནུག། གོ་བསྡུར་ཞལ་འཛོམས་དེ་ནང་ ཚོང་འབྲེལ་བཙན་ཐབས་དང་ ལུང་ཕྱོགས་མཐུད་སྦྲེལ་ཡར་དྲག་གཏང་ནི་ ཤེས་རིག་དང་ བལྟ་བཤལ་ གསོ་བ་དང་ འཕྲུལ་རིག་ཚུ་ནང་ མཉམ་འབྲེལ་རྒྱ་སྐྱེད་ཚུ་གི་སྐོར་ལས་ གྲོས་གླེང་ཚུ་འབད་ཡོད་པའི་ནང་གསལ་ དམིགས་བསལ་གྱིས་ འབྲུག་དང་ རྒྱ་གར་བྱང་ཤར་དང་ འབྲུག་གི་བར་ན་ དངོས་གཟུགས་ཅན་གྱི་ མཐུད་སྦྲེལ་དང་ ཚོང་འབྲེལ་ལུ་ལྷན་ཐབས་ དེ་ལས་ ས་མཚམས་ཀྱི་བར་ན་ མཉམ་འབྲེལ་ཚུ་གི་སྒོ་ལས་ དཔལ་འབྱོར་གྱི་འབྲེལ་བ་ གཏིང་གཟབ་བཟོ་ནི་གི་ གོ་སྐབས་ཚུ་ལུ་ གཙོ་བོར་བཟུང་ཡོདཔ་ཨིན་པས། དེ་བསྒང་ ནུབ་བེང་གཱལ་གྱི་ ཚོང་དང་བཟོ་གྲྭ་ཚོགས་སྡེའི་ གཙོ་འཛིན་བགྲེསཔ་ ཨམ་བ་རིཤ་ དཱཛ་གུབ་ཏ་གིས་ འབྲུག་དང་ རྒྱ་གར་གྱི་བར་ན་ ཚོང་འབྲེལ་གྱི་ གོ་སྐབས་དེ་ ཧྲིལ་བུར་སྦེ་ གོང་འཕེལ་མ་འགྱོ་བར་ཡོདཔ་ལས་ […]

gyalchi
Online now: 3 Today: 4222 Total visitors: 6899