ArchiveAboutContact

Category: འཕྲལ་གྱི་གནས་ཚུལ།

National News

འབྲུག་ལུ་ འཛམ་གླིང་སྤྱི་ཚོགས་ གོང་འཕེལ་ལས་རིམ་གྱིས་ གློག་ཤུགས་འགྲུལ་འཁོར་ ༡༦ རྩིས་སྤྲོད།

ནོར་བུ་བཟང་མོ། རྒྱ་པཱན་གཞུང་དང་ འཛམ་གླིང་སྤྱི་ཚོགས་ གོང་འཕེལ་ལས་རིམ་གྱིས་ འབྲུག་ལུ་ ཡུ་ཨེཛ་ཌོ་ལར་ ས་ཡ་ ༡.༡ གི་ ཆ་ཤས་ལས་རིམ་ཐོག་ལས་ གློག་ཤུགསའགྲུལ་འཁོར་ ༡༩ ལས་ འགྲུལ་འཁོར་ ༡༦ རྩིས་སྤྲོད་འབད་ནུག།དེ་ཡང་ རྒྱལ་ཁབ་ནང་ དུག་རླུང་ཀླད་ཀོར་ བཟོ་ནི་དང་ གནམ་གཤིས་འགྱུར་བགྲོད་དང་འབྲེལ་བའི་ གདོང་ལེན་གྱི་ གྲ་སྒྲིག་ལུ་ཨིནམ་ད་ གློག་ཤུགས་འགྲུལ་འཁོར་ ༡༦ པོ་དེ་ རྒྱལ་ཁབ་ནང་ སྤྱི་ཟླ་ ༣ པའི་ཚེས་ ༦ ལུ་ ལྷོད་ཡོདཔ་མ་ཚད་ སྣུམ་འཁོར་ལྷག་ལུས་ ༣ པོ་ཡང་ འཕྲལ་མགྱོགས་ར་ ལྷོད་ནི་ཨིན་པས།འགྲུལ་འཁོར་ཚུ་ཡང་ འཛམ་གླིང་སྤྱི་ཚོགས་གོང་འཕེལ་ལས་རིམ་གྱི་ གནས་བཞུགས་སྐུ་ཚབ་ མོ་ཧ་མཱཊ་ ཡོ་ནུཛ་གིས་ ལྷན་རྒྱས་གཞུང་ཚོགས་ཀྱི་དྲུང་ཆེན་ སྐལ་བཟང་བདེ་སྐྱིད་ལུ་ རྩིས་སྤྲོད་འབད་ནུག།འགྲུལ་འཁོར་ཚུ་གིས་ ལོ་བསྟར་བཞིན་དུ་ དུག་རླུང་ཀི་ལོ་ག་རམ་ ༥,༥༠༠ དེ་རེ་ མར་ཕབ་འབད་ཚུགས་པའི་ རེ་བ་ཡོདཔ་ད་ ལས་འགུལ་གྱི་ཐོག་ལས་ འགྲུལ་འཁོར་བསྐྱར་གསོ་ལྟེ་བ་ ༨ རྐྱབ་ནི་གི་ ལས་རིམ་ཡང་ཡོདཔ་ཨིན་པའི་གནས་ཚུལ།

gyalchi
National News

རྡོ་རྗེ་སློབ་དཔོན་མཆོག་གིས་ གཞུང་གྲྭ་ཚང་གི་ བདག་སྐྱོང་འགོ་དཔོན་གཙོ་འཛིན་ གསར་བསྐོས་ཐོག་ལུ་ བཀྲིས་ལེགས་དར།

ནོར་བུ་བཟང་མོ། སྤྱི་ཟླ་ ༣ པའི་ཚེས་ ༨ ལུ་ སྤུང་ཐང་བདེ་བ་ཆེན་པོའི་ ཕོ་བྲང་ནང་སྦེ་ གཞུང་གྲྭ་ཚང་གི་ རྡོ་རྗེ་སློབ་དཔོན་མཆོག་གིས་ བླམ་ཕུར་པ་འཕྲིན་ལས་དེ་ གཞུང་གྲྭ་ཚང་གི་ བདག་སྐྱོང་འགོ་དཔོན་གཙོ་འཛིན་སྦེ་ གསར་བསྐོས་ཐོག་ལུ་ བཀྲིས་ལེགས་དར་གནང་ནུག།སྐྱེས་ལོ་ ༤༤ འབད་མི་ བླམ་ཕུར་པ་དེ་ དབང་འདུས་ཕོ་བྲང་ དགའ་སེང་ཚོ་འོགམ་ལས་ཨིནམ་ད་ བདག་སྐྱོང་འགོ་དཔོན་གཙོ་འཛིན་སྦེ་ བསྐོ་བཞག་མ་གནང་པའི་ཧེ་མར་ ལོ་ངོ་ ༡༠ གྱི་རིང་ལུ་ རྒྱ་གར་རྡོ་རྗེ་གདན་ལུ་ཡོད་མི་ འབྲུག་པའི་ལྷ་ཁང་ནང་ ཕྱག་ཞུ་ཡོདཔ་ཨིན་པས།བླམ་ཕུར་པ་གིས་ སྐྱེས་ལོ་ ༧ ལས་ སྤུངས་ཐིམ་གཞུང་གྲྭ་ཚང་ནང་ དགེ་སློང་སྦེ་ འཛུལ་ཞུགས་འབད་བའི་ཤུལ་ལས་ རྒྱལ་ཁབ་ནང་ཡོད་མི་ བཤད་གྲྭ་དང་ སློབ་གྲྭ་ཁག་ ལེ་ཤ་ཅིག་གི་ནང་ ཤེས་ཡོན་ཚུ་ སྦྱངས་བརྩོན་འབད་ཡོདཔ་མ་ཚད་ ཐིམ་ཕུ་ཧོང་མཚོ་བཀྲ་ཤིས་བསྒང་ སྒྲུབ་སྡེའི་ནང་སྦེ་ ལོ་གསུམ་ཕྱོགས་གསུམ་གྱི་ སྐུ་མཚམས་ཚུ་ཡང་ བཅད་ཡོད་པའི་གནས་ཚུལ།

gyalchi
National News

གནམ་གྲུ་ཧེ་ལི་ཊར་ཅིག་ལུ་ ཐུག་རྐྱེན་བྱུང་མིའི་ནང་ མ་སྨད་ ༢ ལུ་ཤི་རྐྱེན།

པདྨ་དབང་འདུས། སྤྱི་ཟླ་ ༣ པའི་ཚེས་ ༣ ལུ་ ཉིན་ཡོལ་ཆུ་ཚོད་ ༢.༣༠ དེ་ཅིག་ཁར་ ལུང་ནག་ནང་གི་ ས་གནས་ཝ་ཆེ་ཟེར་སར་ འབྲུག་གི་གནམ་གྲུ་ ཧེ་ལི་ཀོབ་ཊར་ཅིག་ལུ་ ཐུག་རྐྱེན་བྱུང་ཡོདཔ་ལས་ བུམོ་ཅིག་དང་ ཨའི་ལུ་ ཤི་རྐྱེན་བྱུང་ཡོདཔ་ཨིན་པས།ཨིན་རུང་ ཨ་ལོའི་ཨ་པ་དང་ བུམོ་གཞན་མི་དེ་ གནམ་གྲུ་ཐུག་རྐྱེན་བྱུང་སའི་ ཉེ་འདབས་ལུ་ཡོད་མི་ ཁོང་རའི་ཁྱིམ་ནང་ བསྐྱལ་ཡོདཔ་བཞིན་དུ་ གནས་སྟངས་ལེགས་ཤོམ་སྦེ་ཡོདཔ་ད་ གནམ་གྲུའི་དེད་དཔོན་དེ་ རྐང་མར་སྨ་སྐྱོན་ཆུང་ཀུ་ཅིག་ བྱུང་ཡོདཔ་ལས་ སྐར་ཆ་ ༥ དེ་ཅིག་གི་ས་ཁར་ ཁྱིམ་ཅིག་ནང་ བཞག་ཡོདཔ་ཨིན་པས།གནས་ཚུལ་འབྱུང་ཁུངས་དང་འཁྲིལ་བ་ཅིན་ གནམ་གྲུ་དེ་ ཆགས་ནི་འབདཝ་ད་ རླུང་མ་ཤུགས་ཅན་ཅིག་འཕུ་སྟེ་ ས་ཁར་འབུད་ཡོདཔ་སྦེ་ཨིནམ་ད་ དེ་ཡང་ གནམ་གྲུའི་ཐང་ལས་ ས་ཐག་ཐུང་སུ་ཅིག་ཁར་ རྐྱེན་ངན་དེ་ བྱུང་ཡོདཔ་ཨིན་པས།དེ་སྦེ་ ཐུག་རྐྱེན་བྱུང་པའི་ཤུལ་ལུ་ མི་རྗེ་བློན་ཆེན་མཆོག་གིས་ རྐྱེན་ངན་དེ་ནང་ ཚེ་ལས་འདས་མི་ བུམོ་དང་ ཨའི་ ༢ ཀྱི་དོན་ལས་ སྨོན་ལམ་ཚུ་ བཏབ་དོ་ཟེར་བཀོད་ཡོདཔ་མ་ཚད་ གནམ་གྲུའི་དེད་དཔོན་དང་ གནམ་གྲུའི་ནང་ འགྲུལ་སྐྱོད་འབད་མི་ བཟའ་ཚང་གཞན་ཚུ་གི་ […]

gyalchi
National News

རྒྱལ་ཁབ་ནང་འོང་མི་ ལྟ་བཤལཔ་ཚུ་ལུ་ གསེར་བཙོང་ནི་གི་ལས་འཆར།

ནོར་བུ་བཟང་མོ། སྤྱི་ཟླ་ ༣ པའི་ཚེས་ ༡ ལས་ རྒྱལ་ཁབ་ནང་འོང་མི་ ལྟ་བཤལཔ་ཚུ་གིས་ ཐིམ་ཕུ་དང་ ཕུན་ཚོགས་གླིང་གི་ ཁྲལ་ཡངས་ཚོང་ཁང་ནང་ལས་ གསེར་ཚུ་ ཉོ་ཚུགས་ནི་ཨིན་པས།གསེར་དེ་ཡང་ ཐིམ་ཕུ་ལུ་འབད་བ་ཅིན་ ཆུ་བར་ཆུ་ལུ་ཡོད་མི་ ཁྲལ་ཡངས་ཚོང་ཁང་ནང་ལས་དང་ ཕུན་ཚོགས་གླིང་ལུ་འབད་བ་ཅིན་ གནས་སྐབས་ཅིག་གི་དོན་ལས་ འབྲུག་གི་དངུལ་ཁང་གི་ སྒྲིང་ཁྱིམ་ནང་ཡོད་མི་ ཁྲལ་ཡངས་ཚོང་ཁང་ནང་ལས་ འཐོབ་ཚུགསཔ་ཨིན་པས།དེ་སྦེ་ གསེར་ཉོ་ནིའི་དོན་ལས་ ལྟ་བཤལཔ་དེ་གིས་ ལྟ་བཤལ་དང་འབྲེལ་བའི་ འགྲུལ་བསྐྱོད་ཡིག་ཆ་ ༢ སྟོན་དགོཔ་བཞིན་དུ་ ཡིག་ཆ་ ༡ པོ་དེ་ ཅ་དམ་ལས་ཁུངས་ལུ་ ཡུན་བརྟན་གོང་འཕེལ་གྱི་ འཐུས་སྤྲོད་པའི་ འབྱོར་འཛིན་དང་ ཡིག་ཆ་གཞན་མི་དེ་ ཁྱད་ཚད་ལྡན་པའི་ ལྟ་བཤལ་བཟའ་ཁང་ནང་ ཉིན་ཞག་ ༡ གི་རིང་ལུ་ སྡོད་ཡོད་པའི་ འབྱོར་འཛིན་སྟོན་དགོཔ་ཨིན་པས།གསེར་དེ་ཡང་ ལྟ་བཤལཔ་རེ་ལུ་ ག་རམ་ ༢༠ རེ་ བཙོང་ནི་ཨིནམ་ད་ ཁྲལ་ཡངས་ཚོང་ཁང་ཚུ་ལས་ གསེར་གྱི་རིན་གོང་ཐེད་ཁར་ འཛམ་གླིང་ནང་གི་ གོང་ཚད་དང་འཁྲིལ་ཏེ་ བཙོང་ནི་ཨིནམ་ད་ རིན་དངུལ་དེ་ཡང་ ཡུ་ཨེཛ་ཌོ་ལར་སྦེ་ […]

gyalchi
National News

རྒྱ་གར་གཞུང་གིས་ རྒྱལ་སྲུང་ལས་འགུལ་ལུ་ དངུལ་ཀྲམ་ཐེར་འབུམ་ ༢ གྲོགས་རམ་སྦེ་ བྱིན་ནི་ཨིན་པའི་ཁས་ལེན།

རྒྱ་གར་གཞུང་གིས་ རྒྱལ་སྲུང་ལས་འགུལ་ལུ་ དངུལ་ཀྲམ་ཐེར་འབུམ་ ༢ གྲོགས་རམ་སྦེ་ བྱིན་ནི་ཨིན་པའི་ ཁས་ལེན་འབད་ཡོདཔ་ཨིན་པས། དེ་ཡང་ སྤྱི་ཟླ་ ༢ པའི་ཚེས་ ༢༥ ལུ་ རྒྱ་གར་གཞུང་གིས་ རྒྱལ་སྲུང་ལས་འགུལ་ལུ་ རྒྱབ་སྐྱོར་དེ་དང་འབྲེལ་ཏེ་ དམིགས་བསལ་ལས་རིམ་ཅིག་ སེམས་རྟོགས་ཁའི་རྫོང་ནང་ འགོ་འདྲེན་འཐབ་པའི་སྐབས་ལུ་ ཐེངས་དང་པའི་ནང་ དངུལ་ཀྲམ་ཐེར་འབུམ་ ༡ འབྲུག་བཞུགས་རྒྱ་གར་གཞུང་ཚབ་ སུཌ་ད་ཀར་ ཌ་ལི་ལ་གིས་ རྒྱལ་སྲུང་ལས་འགུལ་གྱི་ མདོ་ཆེན་ལུ་ རྩིས་སྤྲོད་འབད་ནུག། མ་དངུལ་དེ་ རྒྱ་འབྲུག་ ༢ ཀྱི་བར་ན་ རྒྱལ་སྲུང་ལས་རིམ་གྱི་དོན་ལུ་ དམིགས་བསལ་གྱི་ ལས་སྣ་ཚུ་ནང་ ལག་ལེན་འཐབ་ནི་ཨིནམ་ད་ བདེ་སྲུངཔ་ ༡༡,༠༠༠ དེ་ཅིག་གིས་ ལོ་ངོ་ ༢ ཀྱི་རིང་ལུ་ རིག་རྩལ་དང་ སྦྱོང་བརྡར་གྱི་ ལས་རིམ་ཐོག་ལས་ རྒྱལ་སྲུང་གི་ གཞི་རྟེན་བཟོ་སྐྲུན་ལས་འགུལ་ཚུ་ རྐྱབ་ནིའི་དོན་ལུ་ ལག་ལེན་འཐབ་ནི་ཨིན་པས། རྒྱལ་སྲུང་དེ་ ལོ་ངོ་ ༡ གི་ གཅིག་སྒྲིལ་སྦྱོང་བརྡར་ལས་རིམ་ཅིག་ཨིནམ་ད་ ལས་རིམ་དེ་ནང་ […]

gyalchi
National News

སྤྱི་ཟླ་ ༤ པའི་ཚེས་ ༢༠ ལུ་ རྒྱལ་ཁབ་ནང་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་འགོ་འདྲེན་འཐབ་ནི།

སྤྱི་ཟླ་ ༢ པའི་ཚེས་ ༡༦ ལུ་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་ཐེངས་ ༤ པ་དེ་ སྤྱི་ཟླ་ ༤ པའི་ཚེས་ ༢༠ ལུ་ འགོ་འདྲེན་འཐབ་ནི་ཨིན་པའི་ གསལ་བསྒྲགས་འབད་ནུག།དེ་ཡང་ རྒེད་འོག་དང་ རྫོང་ཁག་ ཁྲོམ་སྡེ་ཚུ་ནང་ སྤྱི་ཟླ་ ༢ པའི་ཚེས་ ༢༥ ལས་ གདམ་ངོ་གདམ་འཐུའི་ བྱ་སྒོ་ཚུ་ འགོ་བཙུགས་ནི་ཨིནམ་ད་ འགྲེམ་ཐོག་ཚོགས་རྒྱན་གྱི་དོན་ལས་ སྤྱི་ཟླ་ ༣ པའི་ཚེས་ ༡༥ གི་ ནང་འཁོད་ལུ་ ཐོ་བཀོད་འབད་དགོཔ་ཨིན་པས།འདེམས་ངོའི་ཡིག་ཆ་ཚུ་ སྤྱི་ཟླ་ ༣ པའི་ཚེས་ ༡༣ གྱི་ ནང་འཁོད་ལུ་ བཙུགས་དགོཔ་ད་ སྤྱི་ཐླ་ ༣ པའི་ཚེས་ ༡༤ ལས་ ངོས་ལེན་འགོ་དཔོན་ཚུ་གིས་ ཡིག་ཆ་ཚུ་ དབྱེ་ཞིབ་འབད་ནི་དང་འབྲེལ་ཏེ་ བསྐུལ་བསྒྲགས་ཚུ་ཡང་ འགོ་བཙུགས་ནི་ཨིན་པས།སྤྱི་ཟླ་ ༣ པའི་ཚེས་ […]

gyalchi
National News

རྒྱལ་ཁབ་ནང་ བདེ་སྲུང་ལས་རིམ་ གཞི་བཙུགས་འབད་དེ་ མི་ལོ་ ༡༢ འཁོར་བའི་ དུས་སྟོན་བརྩི་སྲུང་།

སྤྱི་ཟླ་ ༢ པའི་ཚེས་ ༡༤ ལུ་ ཐིམ་ཕུ་ཅང་གླིང་མའི་ཐང་ནང་སྦེ་ བདེ་སྲུང་ལས་རིམ་ གཞི་བཙུགས་འབད་དེ་ མི་ལོ་ ༡༢ འཁོར་བའི་ དུས་སྟོན་བརྩི་སྲུང་ནང་ རྒྱལ་ཁབ་ནང་འཁོད་ལས་ བདེ་སྲུངཔ་ ༨,༠༠༠ དེ་ཅིག་གིས་ གྲལ་གཏོགས་འབད་ནུག། སྤྱི་ལོ་ ༢༠༡༡ ལུ་ བཀའ་ཁྲིམས་ཐོག་ལས་ གཞི་བཙུགས་འབད་མི་ བདེ་སྲུང་ལས་རིམ་དེ་ སྦྱོང་བརྡར་ཅན་གྱི་ ཁས་བླངས་པ་ཚུ་གིས་ རྒྱལ་ཁབ་ལུ་ ཞབས་ཏོག་ཞུ་ཐབས་ལུ་ཨིནམ་ལས་ བདེ་སྲུང་ཤོ་ཐེངས་ ༥༤ ཚུན་ལུ་ ཁས་བླངས་པ་ ༣༤,༩༣༩ གིས་ སྦྱོང་བརྡར་འབད་ཡོདཔ་ད་ ད་རེས་ ཤོ་ཐེངས་ ༥༥ པའི་ནང་ སྦྱོང་བརྡར་འབད་བའི་བསྒང་ཡོད་མི་ཚུ་རྩིས་ཏེ་ བདེ་སྲུངཔ་བསྡོམས་ ༣༦,༡༣༤ ལུ་ ཡར་སེང་འགྱོ་ནི་ཨིན་པས། བདེ་སྲུང་ལས་རིམ་ གཞི་བཙུགས་ཀྱི་ དུས་སྟོན་ཐེངས་ ༡༢ པ་ བརྩི་སྲུང་སྐབས་ལུ་ བདེ་སྲུངཔ་ཚུ་གིས་ རུ་སྒྲིག་འགྲེམ་སྟོན་དང་ སྤྲོ་སྟོན་ལས་རིམ་ཚུ་ སྤྱན་འབུལ་ཞུ་བའི་ཁར་ བདེ་སྲུངཔ་ཚུ་གིས་ གསར་གཏོད་འབད་མི་ […]

gyalchi
National News

མི་རྗེ་བློན་ཆེན་མཆོག་གིས་ འཛམ་གླིང་དངུལ་ཁང་གི་ གནས་སྡོད་མདོ་ཆེན་ སེག་དང་གཅིག་ཁར་མཇལ་ཕྲད།

སྤྱི་ཟླ་ ༢ པའི་ཚེས་ ༡༣ ལུ་ མི་རྗེ་བློན་ཆེན་ ཌོག་ཊར་བློ་གྲོས་ཚེ་རིང་གིས་ འཛམ་གླིང་དངུལ་ཁང་གི་ གནས་སྡོད་མདོ་ཆེན་ སེག་དང་གཅིག་ཁར་ མཇལ་ཕྲད་ཐོག་ལས་ རྒྱལ་ཁབ་ཀྱི་ དཔལ་འབྱོར་གནས་སྟངས་དང་ གཞི་སྒྱུར་ འཆར་གཞི་ ༡༣ པ་ཚུ་གི་སྐོར་ལས་ གསུངས་ཡོདཔ་མ་ཚད་ གྲོས་འཆར་དང་ མ་དངུལ་གྱི་ རྒྱབ་སྐྱོར་ཚུ་ཡང་ དུས་ཚོད་ཁར་ བྱོན་ནི་ཨིན་མི་དེ་ལུ་ དགའ་ཚོར་ཡོད་ལུགས་ཚུ་ གསུངས་ཡོདཔ་ཨིན་པས། དེ་ལས་ འབྲུག་དང་ འཛམ་གླིང་དངུལ་ཁང་གིས་ ལས་སྣ་གཞན་ ལེ་ཤ་ཅིག་ཡོད་མིའི་གྲས་ལས་ ལུང་ཕྱོགས་མཉམ་འབྲེལ་དང་ གསོ་བ་ ནུས་ཤུགས་ཚུ་ལུ་ དམ་ཟབ་ཐོག་ལས་ ལཱ་འབད་ནི་ཨིན་པའི་ གནས་ཚུལ་མདོར་བསྡུས།

gyalchi
National News

སྤུངས་ཐིམ་གཞུང་གྲྭ་ཚང་གི་ རྡོ་རྗེ་སློབ་དཔོན་མཆོག་གིས་ བླམ་གསར་བསྐོས་ཐོག་ལུ་ བཀྲ་ཤིས་ལེགས་དར།

ནོར་བུ་བཟང་མོ། སྤྱི་ཟླ་ ༢ པའི་ཚེས་ ༨ ལུ་ སྤུངས་ཐིམ་གཞུང་གྲྭ་ཚང་གི་ རྡོ་རྗེ་སློབ་དཔོན་མཆོག་གིས་ སྤུ་ན་རྫོང་ནང་སྦེ་ སློབ་དཔོན་རྡོ་རྗེ་ཕུན་ཚོགས་དེ་ སྤུ་ན་ཁ་རྫོང་ཁག་ དཀར་སྦིས་ས་རྒེད་འོག་ སྟོང་རྫོགས་ནང་ ལྷ་ཁང་གི་བླམ་སྦེ་ གསར་བསྐོས་ཐོག་ལུ་ བཀྲིས་ལེགས་དར་གནང་ནུག།མོང་སྒར་ཆ་འདུས་ གཏོར་མ་གཞོང་ལས་ སྐྱེས་ལོ་ ༤༠ འབད་མི་ བླམ་རྡོ་རྗེ་ཕུན་ཚོགས་ཀྱིས་ ད་རེས་ཀྱི་ གོ་གནས་འདི་ མ་བཞེས་པའི་ཧེ་མར་ ཐིམ་ཕུ་བདེ་ཆེན་ཕོ་བྲང་ དགེ་འདུན་སློབ་གྲྭའི་ནང་ ལོ་ངོ་བཅུ་ཕྲག་མ་ལངམ་ཅིག་ སློབ་དཔོན་སྦེ་ ཕྱག་ཞུ་ཡོདཔ་ཨིན་མས།བླམ་རྡོ་རྗེ་ཕུན་ཚོགས་དེ་ སྐྱེས་ལོ་ ༡༢ ལུ་ དགེ་སློང་ནང་ འཛུལ་བའི་ཤུལ་ལས་ ཐིམ་ཕུ་མདོ་སྡེ་བྲག་བཤད་གྲྭ་དང་ རྟ་མགོ་ནང་པའི་ གཙུག་ལག་སློབ་སྡེ་ལས་ ཤེས་ཡོན་ཚུ་ སྦྱངས་བརྩོན་འབད་ཡོདཔ་ད་ ལོ་གསུམ་ཕྱོགས་གསུམ་ཡང་ ཐིམ་ཕུ་རྟ་མགོ་གནས་ལྡན་དགའ་ཚལ་སྒྲུབ་ཁང་ནང་ བཅད་ཡོདཔ་ཨིན་པའི་གནས་ཚུལ།

gyalchi
National News

མི་དབང་མངའ་བདག་རིན་པོ་ཆེའི་ཞབས་ལས་ གཞུང་ཚབ་དང་ རྫོང་བདག་ཚུ་ བསྐོ་བཞག་དང་ དམག་སྡེའི་འགོ་དཔོན་ཚུ་ལུ་ གོ་གནས་ཡར་སེང་།

ནོར་བུ་བཟང་མོ། སྤྱི་ཟླ་ ༢ པའི་ཚེས་ ༨ ལུ་ མི་དབང་མངའ་བདག་རིན་པོ་ཆེའི་ཞབས་ལས་ ནིའུ་ཡོག་དང་ བ་ར་སེལཛ་གི་ གཞུང་ཚབ་ ༢ དང་ ཧཱ་དང་ ལྷུན་རྩེ་ གཞལམ་སྒང་རྫོང་ཁག་ཚུ་གི་ རྫོང་བདག་ཚུ་ གསར་བསྐོས་ཐོག་ལུ་ བཀྲིས་ཁ་དར་ གནང་ཡོདཔ་མ་ཚད་ རྒྱལ་གཞུང་འབྲུག་གི་དམག་སྡེ་དང་ རྒྱལ་པོའི་སྐུ་སྲུང་དམག་སྡེ་ རྒྱལ་གཞུང་འབྲུག་གི་འགག་སྡེ་ཚུ་གི་ འགོ་དཔོན་ ༢༧ ལུ་ཡང་ གོ་གནས་ཡར་སེང་གནང་ནུག།དེ་ཡང་ ཕྱི་མི་ནང་བསྐྱོད་ལས་ཁུངས་ཀྱི་ ཡོངས་ཁྱབ་མདོ་ཆེན་ པདྨ་ཨེལ་རྡོ་རྗེ་དེ་ ནིའུ་ཡོག་ལུ་ འཛམ་གླིང་སྤྱི་ཚོགས་ནང་ འབྲུག་གི་གཏན་འཇགས་སྐུ་ཚབ་དང་ ཕྱི་འབྲེལ་ལྷན་ཁག་ ཟུང་ཕྱོགས་ལས་ཁུངས་ཀྱི་མདོ་ཆེན་ མཚོ་སྐྱེས་ཆོས་སྒྲོན་དེ་ བ་ར་སེལཛ་ལུ་ འབྲུག་གི་གཞུང་ཚབ་གསརཔ་སྦེ་ བསྐོ་བཞག་གནང་ཡོདཔ་ཨིན་པས།དེ་བཟུམ་སྦེ་ ཧཱ་གི་རྫོང་བདག་ངོ་ཚབ་ སྨོན་ལམ་བཟང་པོ་དེ་ ཧཱ་རྫོང་བདག་དང་ ཤེས་རིག་དང་ རིག་རྩལ་གོང་འཕེལ་ལྷན་ཁག་ སྲིད་བྱུས་དང་ འཆར་གཞི་ལས་ཚན་གྱི་གཙོ་འཛིན་ སྐལ་བཟང་འཇིགས་མེད་དེ་ གཞལམ་སྒང་རྫོང་བདག་སྦེ་ གསར་བསྐོས་གནང་ཡོདཔ་ད་ དེ་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ རྒྱུ་དངོས་གསལ་སྟོན་ འཛིན་སྐྱོང་སྡེ་ཚན་གྱི་ ཆིག་སྒྲིལ་གཙོ་འཛིན་ འཇིགས་མེད་ཆོས་སྒྲོན་དེ་ ལྷུན་རྩེ་རྫོང་བདག་གསརཔ་སྦེ་ […]

gyalchi
Online now: 11 Today: 64 Total visitors: 13427