ArchiveAboutContact

Category: འཕྲལ་གྱི་གནས་ཚུལ།

National News

གསེར་ནག་ཚོང་འཐབ་མི་ ༣ འཛིན་བཟུང་།

ནོར་བུ་བཟང་མོ། སྤྱི་ཟླ་ ༣ པའི་ཚེས་ ༢༢ ལུ་ རྒྱལ་གཞུང་འབྲུག་གི་འགག་སྡེ་གིས་ སྤ་རོ་ལུ་ གསེར་ནག་ཚོང་འཐབ་ཡོད་པའི་ དོགས་པ་ཡོད་མི་ ཕོ་སྐྱེས་ ༣ འཛིན་བཟུང་འབད་ཡོདཔ་ད་ དོགས་པ་ཅན་ ༣ གྱི་གྲས་ལས་ ༢ ལྷུན་རྩེ་ལས་དང་ ༡ དར་དཀར་ནང་ལས་ཨིན་མས།དེ་ཡང་ རྒྱལ་གཞུང་འགག་སྡེ་ལུ་ གསང་བའི་སྙན་ཞུ་ ཐོབ་པའི་ཤུལ་ལས་ ཁོང་ ༣ བེང་ཀོག་ལས་ སྤ་རོ་ལུ་ ལོག་ལྷོདཔ་ད་ གནམ་ཐང་གི་ཕྱི་ཁར་ སྣུམ་འཁོར་བཞག་ས་ལས་ འཛིན་བཟུང་འབད་ནུག།དེ་བསྒང་ དོགས་པ་ཅན་ཚུ་གིས་ ཁོང་རའི་ལག་ཁུར་ནང་སྦེ་ གསེར་ཀེ་ཇི་ ༧ ལྷགཔ་ཅིག་ འབག་འོང་མི་དེ་ ཅ་དམ་གྱི་ གློག་པར་འཕྲུལ་ཆས་ནང་ བརྟག་ཞིབ་མ་འབད་བས་ཟེར་ཨིན་པས།རྒྱལ་གཞུང་འགག་སྡེ་གིས་ གནད་དོན་དེ་གི་སྐོར་ལས་ ཞིབ་སྤྱོད་འབད་བའི་བསྒང་ཡོདཔ་ད་ རྒྱལ་སྤྱིའི་ས་མཚམས་ སྒོ་ཕྱེ་བའི་ཤུལ་ལུ་ ད་རེས་ གསེར་ནག་ཚོང་འཐབ་མི་དེ་ འགོ་དང་པ་ཨིན་པའི་གནས་ཚུལ།

gyalchi
National News

བཀོད་ཁྱབ་སྡེ་རིམ་གྱི་དོན་ལས་ མི་ངོམ་གདམ་འཐུ་དང་འབྲེལ་བའི་ སྲིད་བྱུས་བསྒྱུར་བཅོས།

པདྨ་དབང་འདུས། སྤྱི་ཟླ་ ༣ པའི་ཚེས་ ༢༤ ལུ་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ གསལ་བསྒྲགས་ཅིག་ནང་ བཀོད་དོ་བཟུམ་འབད་བ་ཅིན་ བཀོད་ཁྱབ་སྡེ་རིམ་གྱི་དོན་ལས་ མི་ངོམ་གདམ་འཐུ་དང་འབྲེལ་བའི་ སྲིད་བྱུས་དེ་ བསྒྱུར་བཅོས་འབད་ཡོདཔ་བཞིན་དུ་ ད་ལས་ཕར་ བཀོད་ཁྱབ་སྡེ་རིམ་གྱི་དོན་ལུ་ ཞི་གཡོག་གི་ ཕྱི་ཁ་ལས་ཡང་ ཞུ་ཚིག་ཚུ་ བཙུགས་ཆོག་ཟེར་ཨིན་པས།དེ་བཟུམ་མའི་ བསྒྱུར་བཅོས་དེ་ཡང་ འགོ་ཁྲིད་ཀྱི་ སྡེ་རིམ་ཚུ་ནང་ རིག་རྩལ་མ་འདྲཝ་ཚུ་ བསྡུ་ཐབས་ལུ་ཨིན་རུང་ བཀོད་ཁྱབ་སྡེ་རིམ་གྱི་དོན་ལུ་ དགོས་མཁོ་ཡོད་པའི་ རིག་རྩལ་དང་ ཉམས་མྱོང་ ཤེས་ཚད་ཚུ་ བརྟག་དཔྱད་ཀྱི་དོན་ལས་ བསམ་དཔྱད་ཆོས་རྒྱུགས་དང་ ངོ་རྐྱང་དང་ སྡེ་ཚན་ཐོག་གི་ དྲི་བ་དྲིས་ལན་ཚུ་དང་ དབྱེ་ཞིབ་མ་འདྲཝ་ཚུ་ ལག་ལེན་འཐབ་ནི་ཨིན་པས།གདམ་འཐུ་བྱ་སྒོའི་ནང་ ལས་སྡེ་ཁག་ལས་ ཆེ་མཐོའི་ངོ་ཚབ་ཚུ་གིས་ གྲལ་གཏོགས་འབད་ནི་ཨིན་པའི་གུ་ རང་དབང་ཅན་གྱི་ འཐུས་མི་དང་ མཁས་མཆོག་འཐུས་མི་ཚུ་ཡང་ བཙུགས་ནི་ཨིན་པས།གསལ་བསྒྲགས་དེ་གིས་ སྤྱི་ལོ་ ༢༠༢༡ དང་ ༢༠༢༢ ་ལུ་ གསལ་བསྒྲགས་འབད་མི་ བཀོད་ཁྱབ་སྡེ་རིམ་གྱི་ གདམ་འཐུའི་ཁྱད་ཚད་ཚུ་ ཆ་མེད་བཏངམ་ཨིན་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
National News

འབྲུག་གི་བཟོ་གྲྭ་ཚོང་འབྲེལ་དང་ ལཱ་གཡོག་བློན་པོ་དང་ བང་ལ་དེཤ་གི་ ཚོང་འབྲེལ་བློན་པོ་ ༢ ཀྱིས་ སྒུལ་བསྐྱོད་ཆིངས་ཡིག་གུ་མཚན་རྟགས།

པདྨ་དབང་འདུས། སྤྱི་ཟླ་ ༢ པའི་ཚེས་ ༢༢ ལུ་ འབྲུག་གི་བཟོ་གྲྭ་ཚོང་འབྲེལ་དང་ ལཱ་གཡོག་བློན་པོ་ ཀརྨ་རྡོ་རྗེ་དང་ བང་ལ་དེཤ་གི་ ཚོང་འབྲེལ་བློན་པོ་ ཏི་པུ་མཱུན་ཤི་ ༢ ཀྱིས་ རྒྱལ་ཁབ་ ༢ ཀྱི་བར་ན་ ཅ་ཆས་སྐྱེལ་འདྲེན་ བྱ་སྟབས་བདེ་ཏོག་ཏོ་ བཟོ་ནིའི་དོན་ལས་ གཞུང་ ༢ ཀྱི་བར་ན་ སྒུལ་བསྐྱོད་ཆིངས་ཡིག་གུ་ མཚན་རྟགས་བཀོད་ནུག།ཆིངས་ཡིག་དེ་ཡང་ རྒྱལ་ཁབ་ ༢ ཀྱི་བར་ན་ ཅ་ཆས་ཕྱིར་ཚོང་དང་ ནང་འདྲེན་ཚུ་ བང་ལ་དེཤ་གི་ས་གནས་ མོང་ལ་དང་ པེ་ར་ དེ་ལས་ ཅ་ཏོ་ག་རམ་ཚུ་གི་ རྒྱ་མཚོའི་གྲུ་ཚུགས་ནང་ལས་ བརྒྱུད་སྤེལ་མཐུན་རྐྱེན་ མ་འདྲ་བའི་སྒོ་ལས་ སྐྱེལ་འདྲེན་འབད་ནི་ལུ་ ཕན་ཐོགས་འབྱུང་ནི་ཨིན་པས།བརྒྱུད་སྤེལ་ཆིངས་ཡིག་དེ་ སྤྱི་ལོ་ ༢༠༡༥ ལུ་ཚོགས་མི་ ཚོང་འབྲེལ་དྲུང་ཆེན་ཚུ་གི་ ཞལ་འཛོམས་སྐབས་ལུ་ འགོ་བརྩམས་ཡོདཔ་ད་ དེའི་ཤུལ་ལས་ འབྲུག་གཞུང་གི་ ཚོང་འབྲེལ་ལས་ཁུངས་དང་ འབྲེལ་ཡོད་ལས་སྡེ་ཚུ་ལས་ འཐུས་མི་ཚུ་དང་ བང་ལ་དེཤ་གི་ ཚོང་འབྲེལ་ལྷན་ཁག་གི་ འཐུས་མི་ཚུ་ཡོད་མི་ མཉམ་འབྲེལ་ལས་བྱེད་ཚོགས་ཆུང་ཅིག་བཙུགས་ཏེ་ […]

gyalchi
National News

མི་རྗེ་བློན་ཆེན་གྱིས་ ཡུ་རོ་པི་ཡཱན་ མ་རྩ་གཞི་བཙུགས་ དངུལ་ཁང་ལྟེ་བའི་ སྲིད་འཛིན་འོགམ་དང་ མཇལ་ཕྲད་ཐོག་ལས་གསུང་གྲོས།

པདྨ་དབང་འདུས། སྤྱི་ཟླ་ ༣ པའི་ཚེས་ ༢༡ ལུ་ མི་རྗེ་བློན་ཆེན་ ཌོག་ཊར་བློ་གྲོས་ཚེ་རིང་གིས་ ཡུ་རོ་པི་ཡཱན་ མ་རྩ་གཞི་བཙུགས་ དངུལ་ཁང་ལྟེ་བའི་ནང་ གཟིགས་སྐོར་གནང་སྟེ་ དངུལ་ཁང་དེ་གི་ སྲིད་འཛིན་འོགམ་ ཀི་རིཛ་པི་ཊར་གྱིས་གཙོས་པའི་ འཐུས་མི་སྡེ་ཚན་གཅིག་ཁར་ གསུང་གྲོས་ཚུ་གནང་ནུག། མི་རྗེ་བློན་ཆེན་གྱིས་ གསུངས་དོ་བཟུམ་འབད་བ་ཅིན་ ཡུ་རོ་པི་ཡཱན་ མ་རྩ་གཞི་བཙུགས་ དངུལ་ཁང་དང་ འབྲུག་གི་བར་ན་ སྒྲིག་བཀོད་ཆིངས་ཡིག་དེ་ སྤྱི་ལོ་ ༢༠༢༡ ལོར་ ནད་ཡམས་ཀྱི་ གནས་ཡུན་སྐབས་ལུ་ གལ་གནད་ཆེ་བའི་ དཔྱད་ཡིག་ཅིག་སྦེ་ སྤྱི་ཚོགས་ནང་ བཙུགས་ཅི་ཟེར་ཨིནམ་ད་ དེ་ཡང་ འབྲུག་གི་དཔལ་འབྱོར་དེ་ ནད་ཡམས་ལུ་བརྟེན་ཏེ་ ཉམས་ཆག་ཤོར་ཡོདཔ་ལས་ བསྐྱར་གསོའི་དོན་ལུ་ གལ་གནད་ཅན་སྦེ་ ངོས་འཛིན་འབད་ཡི་ཟེར་ཨིན་པས།. དེ་ལས་ གཞན་ཡང་ འབྲུག་གིས་ རང་བཞིན་གནས་སྟངས་ལུ་ ལོ་ངོ་བཅུ་ཕྲག་ལས་བཅད་དེ་ གཙོ་རིམ་བཀོད་དེ་ཡོད་པའི་སྐོར་ལས་དང་ སླར་བྱུང་ནུས་ཤུགས་ལས་སྡེའི་ནང་ མཐའ་དོན་གྱི་ མདུན་ལམ་ཚུ་གི་སྐོར་ལས་ཡང་ གསལ་བཤད་གནང་ནུག། སྲིད་འཛིའ་འོགམ་གིས་ དྭངས་གསལ་ཅན་གྱི་ སྒྲིག་བཀོད་དེ་གིས་ ཁོང་གི་དངུལ་ཁང་དང་ འབྲུག་གི་བར་ན་ […]

gyalchi
National News

གཙུག་ལག་སློབ་དཔོན་མཆོག་གིས་ བསམ་རྩེ་ཤེས་རིག་མཐོ་རིམ་སློབ་གྲྭའི་ སློབ་ཕྲུག་ཚུ་ལུ་ སྔོན་འགྲོའི་བཀའ་ཁྲིད།

ནོར་བུ་བཟང་མོ། སྤྱི་ཟླ་ ༣ པའི་ཚེས་ ༡༣ ལས་ ཉིན་གྲངས་ ༤ གི་རིང་ལུ་ གཞུང་གྲྭ་ཚང་གི་ གཙུག་ལག་སློབ་དཔོན་མཆོག་གིས་ བསམ་རྩེ་ཤེས་རིག་མཐོ་རིམ་སློབ་གྲྭའི་ སློབ་ཕྲུག་ཚུ་ལུ་ དམ་པའི་ཆོས་ཀྱི་ གོ་བ་བརྡ་སྤྲོད་དང་ ལམ་སྲོལ་ དེ་ལས་ ལམ་སྟོན་ཚུ་ གནང་ཡོདཔ་མ་ཚད་ སྔོན་འགྲོའི་བཀའ་ཁྲིད་དང་ བདེ་བ་ཅན་གྱི་ སྨོན་ལམ་གྱི་ བཀའ་ཁྲིད་ཡང་གནང་ནུག།སྤྱི་ཚེས་ ༡༦ ལུ་ སློབ་ཕྲུག་ཚུ་ག་ར་ མཉམ་གཅིག་འཛོམས་ཏེ་ མགོན་པོ་འོད་དཔག་མེད་ཀྱི་ ཚོགས་འཁོར་བསྐོར་ཡོདཔ་ད་ ལས་རིམ་དེ་ འོད་དཔག་མེད་ཀྱི་ དབང་གནང་སྟེ་ མཇུག་བསྡུ་ཡོདཔ་ཨིན་པས།དེ་ལས་ སྤྱི་ཟླ་ ༣ པའི་ཚེས་ ༡༧ ལུ་ གཙུག་ལག་སློབ་དཔོན་མཆོག་ བསམ་རྩེ་ནོར་བུ་གླིང་ སློབ་གྲྭ་ལྟེ་བའི་ སློབ་ཕྲུག་ཚུ་ལུ་ ཆོས་བཤད་དང་ ལམ་སྟོན་ཚུ་ གནང་ཡོདཔ་མ་ཚད་ བཀའ་བསྒོ་ཡང་ གནང་ཡོད་པའི་ གནས་ཚུལ་མདོར་བསྡུས།

gyalchi
National News

བཀྲིས་གཡང་རྩེའི་ ལོ་བསྟར་སྨོན་ལམ་ཆེན་མོ།

ནོར་བུ་བཟང་མོ། རྒྱལ་སྲས་སྤྲུལ་སྐུ་ འཇིགས་མེད་བསྟན་འཛིན་དབང་པོ་མཆོག་ དབུ་བཞུགས་ཐོག་ལས་ མཆོད་རྟེན་སྐོར་ར་ལུ་སྦེ་ བཀྲ་ཤིས་གཡང་རྩེའི་ ལོ་བསྟར་སྨོན་ལམ་ཆེན་མོ་ གནངམ་ཨིན་པས།དེ་ཡང་ སྤྱི་ཟླ་ ༣ པའི་ཚེས་ ༡༦ ལས་ འགོ་བཙུགས་ཏེ་ བཀྲ་ཤིས་གཡང་རྩེ་རབ་སྡེའི་ བླ་སློབ་དང་ དགེ་སློང་ཞལ་གྲངས་ ༡༣༠ དེ་ཅིག་གིས་ གནང་དོ་ཡོདཔ་མ་ཚད་ དད་ཅན་གྱི་ མི་སེར་ ༡,༠༠༠ དེ་ཅིག་ཡང་ འཛོམས་ཡོདཔ་ཨིན་མས།བཀྲ་ཤིས་གཡང་རྩེ་ རྫོག་ཁག་བདག་སྐྱོང་ལས་ བཤད་དོ་བཟུམ་འབད་བ་ཅིན་ སྨོན་ལམ་ཆེད་མོ་དེ་ ལོ་བསྟར་གྱི་ ལས་རིམ་ཅིག་ཨིནམ་ལས་ འབྲུག་གི་བཙག་འཐུ་ལྷན་ཚོགས་ལས་ གནང་བ་ཞུ་སྟེ་ འགོ་འདྲེན་འཐབ་དོ་ཟེར་ཨིནམ་ད་ ཉིན་གྲངས་ ༦ གི་རིང་ལུ་ གནང་དོ་ཡོད་མི་ སྨོན་ལམ་ཆེན་མོ་དེ་ སྤྱི་ཟླ་ ༣ པའི་ཚེས་ ༢༡ ལུ་ ཁྲོམ་དབང་གནང་ཐོག་ལས་ འགྲོལ་གནང་ནི་ཨིན་པའི་གནས་ཚུལ།

gyalchi
National News

དཱན་ཊག་དང་ གདུང་བསམ་རྩི་ས་ལས་འཛིན་གྱི་བར་ན་ གོ་བརྡའི་ཆིངས་ཡིག།

འབྲུག་ལུ་ ལམ་བཟོ་བསྐྲུན་ནང་ རྩི་ས་བཀྲམ་སྤེལ་གྱི་དོན་ལས་ རྒྱ་གར་ལས་སེལ་ལས་འགུལ་ དཱན་ཊག་དང་ གདུང་བསམ་རྩི་ས་ལས་འཛིན་གྱི་བར་ན་ གོ་བརྡའི་ཆིངས་ཡིག་ཅིག་ལུ་ མིང་རྟགས་བཀོད་ནུག།དེ་ཡང་ སྤྱི་ཟླ་ ༣ པའི་ཚེས་ ༡༦ ལུ་ ཌན་ཊཱག་གི་ བཟོ་རིག་འགོ་དཔོན་གཙོ་འཛིན་ མདོ་འཛིན་ཇའི་ཝིན་ཌར་སིང་དང་ གདུང་བསམ་རྩི་ས་ལས་འཛིན་གྱི་ ཚོང་འབྲེལ་འགོ་འཛིན་ ཚེ་རིང་རྡོ་རྗེ་ ༢ ཀྱིས་ བཀོད་ཡོདཔ་ད་ ད་ལས་ཕར་ ཆིངས་ཡིག་དེ་ལུ་བརྟེན་ཏེ་ འབྲུག་ནང་འཁོད་ཀྱི་ བཟོ་གྲྭ་ཚུ་ གོང་འཕེལ་གཏང་ནི་དང་ འབྲུག་གི་དཔལ་འབྱོར་དང་ གོང་འཕེལ་ལུ་ཡང་ ཕན་ཐོགས་སྦོམ་སྦེ་ར་ འབྱུང་ནི་ཨིན་པས།དེ་བཟུམ་སྦེ་ རྒྱ་གར་ལས་ རྩི་ས་ནང་འདྲེན་འབད་ནི་ཚུ་ཡང་ མར་ཕབ་འབད་ཚུགས་ནི་ཨིནམ་ད་ འབྲུག་ལུ་ དཱན་ཊག་ལས་འགུལ་གྱིས་ འཁོར་ལམ་བཟོ་བསྐྲུན་དང་ རྒྱུན་སྐྱོན་འཐབ་སྟེ་ མི་ལོ་བཅུ་ཕྲག་ ༦ དེ་ཅིག་ སོང་ཡོདཔ་ཨིན་པའི་གནས་ཚུལ།

gyalchi
National News

མི་རྗེ་བློན་ཆེན་གྱིས་ ཇར་མ་ནིའི་ དབུ་ཁྲིད་དང་མཇལ་ཕྲད།

སྤྱི་ཟླ་ ༣ པའི་ཚེས་ ༡༣ ལུ་ མི་རྗེ་བློན་ཆེན་ ཌོག་ཊར་བློ་གྲོས་ཚེ་རིང་གིས་ བར་ལིན་ལུ་ ཇར་མ་ནིའི་དབུ་ཁྲིད་ ཨོ་ལཱཕ་ཤི་ཀཱོལཛ་དང་ མཇལ་ཕྲད་གནང་ཡོདཔ་ད་ དེ་གི་ཧེ་མར་ དམག་མི་ཚུ་གིས་ སྟི་སྭ་ཞུ་ཐོག་ལས་ ཕེབས་བསུ་ཞུ་བའི་ཤུལ་ལུ་ དབུ་ཁྲིད་ ༢ ཀྱི་བར་ན་ ཕན་ཚུན་ལུ་ཕན་པའི་ གནད་དོན་ཚུ་གི་སྐོར་ལས་ གསུང་གྲོས་གནང་ཡོདཔ་ཨིན་པས།དེ་གི་དྲོ་པར་ ཇར་མ་ནིའི་ སྲིད་འཛིན་དང་ མཇལ་ཕྲད་ཞུ་ཡོདཔ་ད་ འབྲུག་དང་ ཇར་མ་ནི་ རྒྱལ་ཁབ་ ༢ ཀྱི་བར་ན་ སྤྱི་ལོ་ ༢༠༢༠ སྤྱི་ཟླ་ ༡༡ པའི་ནང་ གཞི་བཙུགས་འབད་མི་ མཐུན་འབྲེལ་འདི་ ལྷག་པར་དུ་ རྩ་བརྟན་བཟོ་ནི་དང་ ད་ལས་ཕར་ མཉམ་འབྲེལ་འབད་ནིའི་ ལས་དོན་ཚུ་གི་སྐོར་ལས་ཡང་ གསུང་གྲོས་གནང་ནུག།འབྲུག་རྒྱལ་ཁབ་ཀྱིས་ ནད་ཡམས་ཐོན་པའི་སྐབས་ལུ་ འཛིན་སྐྱོང་ལེགས་ཤོམ་སྦེ་ འཐབ་ཐོག་ལས་ སྨན་ཁབ་ཚུ་ ཁྱབ་ཆེར་བཙུགས་ཚུགས་མི་ལུ་ ཇར་མ་ནིའི་ དབུ་ཁྲིད་ཀྱིས་ བསྟོད་བསྔགས་མཛད་ཡོདཔ་ད་ མི་རྗེ་བློན་ཆེན་གྱིས་ མི་དབང་མངའ་ཞབས་མཆོག་གི་ དབུ་ཁྲིད་བཟང་པོའི་འོག་ལུ་ ནད་ཡམས་བཀག་ཐབས་དང་ ད་རེས་ནངས་པར་ […]

gyalchi
National News

དཱན་ཏག་གི་ བཟོ་གྲྭའི་ཞབས་ཏོག་རྒྱ་སྐྱེད།

འབྲུག་གི་བཟོ་གྲྭ་ཁང་ཚུ་གིས་ དཱན་ཏག་ལུ་ བཟོ་བསྐྲུན་ཅ་ཆས་དང་ ཅ་ཆས་གཞན་ཚུ་ མཁོ་སྤྲོད་ཐོག་ལས་ རྒྱལ་ཁབ་གོང་འཕེལ་ནང་ གྲལ་གཏོགས་འབད་དགོ་པའི་ བསྐུལ་མ་འབདཝ་ལས་ དཱན་ཏག་ལས་འགུལ་གྱིས་ ཕུན་ཚོགས་གླིང་ལུ་ བཟོ་གྲྭའི་ཞབས་ཏོག་ རྒྱ་སྐྱེད་ལས་རིམ་གྱི་ ཞལ་འཛོམས་ཅིག་ འགོ་འདྲེན་འཐབ་ནུག།ཞལ་འཛོམས་དེ་ དཱན་ཏག་ལས་འགུལ་གྱི་ བཟོ་རིག་འགོ་དཔོན་གཙོ་འཛིན་ མདོ་འཛིན་ཇཱཛ་ཝིན་དར་སིང་དང་ འབྲུག་བཟོ་གྲྭ་ཚོགས་པའི་གཙོ་འཛིན་ དྲག་ཤོས་ཨྱོན་ཚེ་སྐྱོབ་ ༢ ཀྱིས་ ཁྲི་འཛིན་ཐོག་ལུ་ ཚོགས་ཡོདཔ་ཨིན་པས།དེ་ཡང་ ས་གནས་ཀྱི་ འཐོན་སྐྱེད་ཚུ་ འབྲུག་ནང་འཁོད་ལུ་ར་ སྤྱོད་ནི་གི་ འོས་འབབ་ཡར་དྲག་གཏང་ཐབས་ལུ་ཨིནམ་ད་ ཅ་ཆས་ཚུ་ དཱན་ཏག་ལས་འགུལ་ལུ་ མཁོ་སྤྲོད་འབད་བ་ཅིན་ ས་གནས་ཀྱི་ བཟོ་གྲྭ་ཁང་ཚུ་གིས་ རྒྱལ་ཁབ་གོང་འཕེལ་ནང་ འགན་ཁུར་འབག་ཚུགས་ནི་ཨིནམ་མ་ཚད་ བཟོ་བསྐྲུན་གྱི་ གནས་གོང་མར་ཕབ་ལུ་ཡང་ ཕན་ཐོགས་འབྱུང་ནི་ཨིན་པས།དེ་བསྒང་ མདོ་འཛིན་ཇཱཛ་ཝིན་དར་སིང་གིས་ འབྲུག་གི་གོང་འཕེལ་ནང་ ས་གནས་ཀྱི་ བཟོ་གྲྭ་ཁང་ཚུ་ གལ་ཆེ་བའི་སྐོར་ལས་དང་ བཟོ་གྲྭ་ཁང་ཚུ་གིས་ བཟོ་བསྐྲུན་ཅ་ཆས་ཚུ་ མཁོ་སྤྲོད་ནི་ལུ་ གྲལ་གཏོགས་ཡར་དྲག་གཏང་དགོཔ་ གལ་ཆེ་བའི་སྐོར་ལས་ གསལ་བཤད་འབད་ཡོད་པའི་གནས་ཚུལ།

gyalchi
National News

ལུང་བསྟན་ཕུག་ལུ་ མེ་རྐྱེན་བྱུང༌སྟེ་ དམག༌སྡེའི༌བཟའ་ཚང་ ༩༡ ལུ༌ སྡོད་ཁྱིམ་མེདཔ༌བཟོ་ཡོདཔ།

སྤྱི་ཟླ་ ༣ པའི་ཚེས་ ༩ ལུ་ ཐིམ་ཕུ་ལུང་བསྟན་ཕུག་གི་ གནམ་གྲུ་ཧེ་ལི་ཀོབ་ཊར་ ཆགས་ཐང་གི་ ལྟག་ལུ་ཡོད་མི་ རྒྱལ་གཞུང་འབྲུག་གི་དམག་སྡེའི་ སྡོད་ཁྱིམ་ས་ཁོངས་ནང་ མེ་རྐྱེན་བྱུང་སྟེ་ ཁང་ཚན་ ༩༡ དེ༌ཅིག༌ ཚིགས་ཡོད་མིའི་ནང་ལས་ ཅ་ཆས་ཚུ་ ག་ནི་ཡང་ མ་ཐོབ་སྟེ་འབད་རུང་ མི་ལུ་ གནོད་སྐྱོན་ཚུ་ མ་བྱུངམ་ཨིན་པས། .དེ་བསྒང་ ས་གནས་དེ་ཁའི་མི་ཚུ་ ལུང་བསྟན་ཕུག་ རྐང་རིལ་རྩེད་ཐང་ནང་ ལྟདམོ་བལྟ་བར་ འགྱོ་སྡོད་པའི་བར་ན་ ཁང་ཚན་ཅིག་གི་ནང་ལས་ མེ་འབར་མི་དེ་གིས་ སྐར་ཆ་དག་པ་ཅིག་གི་ནང་ར་ ཁང་ཚན་གཞན་ཚུ་ནང་ དར་ཁྱབ་སོང་ནུག།གནས༌སྐབས༌ཀྱི༌ སྡོད་ཁྱིམ་ཚུ་ཡང་ ཤིང་སྲབ་ལེབ་ཀྱིས་ བཟོ་སྟེ་ཡོདཔ་ལས་ མེ་དེ་འཇམ་ཏོང་ཏོ་སྦེ་ འཕྱེལ་སོང་ཡོདཔ་ད་ མེ་རྐྱེན་དེ་ཡང་ གློག་མེའི་བརྒྱུད་ཐག་ལུ་ སྐྱོན་ཞུགས་ཏེ་ བྱུང་ཡོད་པའི་ དོགས་པ་ཡོད་ཟེར་ཨིན་པས།མེ་རྐྱེན་བྱུང་སར་ མཐོང་མི་ཅིག་གིས་ བཤད་དོ་བཟུམ་འབད་བ་ཅིན་ མེ་རྐྱེན་དེ་ ཐབ་རླུང་རྒྱ་རྫི་ཅིག་ གས་ཐོག་ལས་ སྡོད་ཁྱིམ་གཞན་ཚུ་ལུ་ ཁྱབ་སྤེལ་སོང་ཡི་ཟེར་ཨིནམ་ད་ དེ་བསྒང་ རླུང་མ་ཤུགས་སྦེ་ འཕུ་ནི་དེ་གིས་ མེ་བསད་ནི་ལུ་ བར་ཆད་རྐྱབ་ཅི་ཟེར་ཨིན༌པས།དེ༌མ༌ཚད༌ […]

gyalchi
Online now: 14 Today: 168 Total visitors: 13531